CLOSE WINDOW

GT1702: dpal phyag na rdo rje gos sngon po can gyi gzungs kyi gtor ma'i cho ga zhes bya ba
Wyliee-texts produced with BDRC’s OCR application

སྒྲ་སྦྱར་བོད་ན་མཁས་པའི་རྒྱལ་པོ་བརྩོན་སེང་གིས་བཀའ་བས་ཉམ་སུ་བླངས་ནས་རིན་ཆེན་གསེར་གྱིས་ཞུས།། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་ཀ་ལཱཾ་བ་ལིཾ་ཏ་བ~ཾ་དྷ་ནཱ་མ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། སློབ་དཔོན་དང་ནི་སྒྲུབ་པ་པོ།། བསྙེན་པ་དང་ནཱི་སྒྲུབ་པ་དང་།། དཀྱིལ་འཁོར་དང་ནི་སྦྱིན་སྲེག་དང་།། གཞན་ཡང་ལྷ་རྣམས་མཉེས་པ་དང་།། བགེ ་ཞི་བ་དང་ཉམས་པ་བསྐང་།། འཁྲུལ་འཁོར་ཚོགས་ཀྱི་འཁོར་ལོ་དང་།། ཕན་གདོགས་པ་དང་ཚོར་བཅད་དང་།། དགར་དང་གསད་དང་དགུག་པ་དང་།། གཟི་ར་དང་བཅིང་དང་མནན་པ་དང་།། རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས།། ཞི་དང་ལོངས་སྤྱོད ་འཕེལ་བ་དང་།། རྒྱས་དང་དབང་དང་མངོན་སྤྱོད་ཀྱིས།། ལས་རྣམས་ཉེ་བར་འགྲུབ་པ་དང་།། ཐུན་མོང་མཆོག་དང་དངོས་གྲུབ་དང་།། བསོད་ནམས་ཆེན་པོ་ཐོབ་བྱའི་ཕྱིར།། ཡར་ངོ་མར་ངོའི་ཚེས་བཅུ་དང་།། བརྒྱད་དང་བཅུ་བྱ་ཞི་ཉ་སྟོང་ངམ།། ཡ་ན ་རྒྱན་ནམ་དུས་དྲུག་ཏུ།། རྟག་ཏུ་གཏོར་མའི་ལས་རྣམས་བྱ།། རྩ་བ་ལྔ་དང་ཡན་ལག་ལྔ།། འབྲུ་དང་ཤིང་ཏོག་སྨན་རྣམས་དང་།། ཆན་ཐུ་ཁུར་བ་དཀར་གསུམ་མངར།། ཤ་ཁྲག་རུས་པ་སྙིང་སྣ་རྣམས།། དགྲ་འམ་འབྱུང་པོ་བགེགས་ཀྱི་གཟུགས།། ་སྦྲུལ་དང་སྤེལ་ལྡེང་ཉ་ཤ་རྣམས།། དེ་སོགས་དྲག་པོའི་ཐུན་རྫས་སོ།། ཆོ་ག་གསུམ་འམ་སྐད་ཅིག་མས།། འདོད་པའི་ལྷ་རྣམས་བསྐྱེད་བྱས་ལ།། ཚོགས་བསགས་སྔོན་འགྲོ་རྗེས་འཇུག་རྣམས།། བསྙེན་སྒྲུབ་དུས་དང་མཐུན་པར་བྱ།། བདག ་མིཆོད་ལྷ་རྣམས་མཉེས་བྱའི་ཕྱིར།། མཚན་ལྡན་རྡོ་རྗེ་ཀ་བོ་ལི།། རྫས་རྣམས་ཀུན་གྱིས་བཀང་བྱས་ཏེ།། ཡཾ་ལས་རླུང་སྟོང་རོ་མ་སྦ་རོ།། དེ་སྟེང་ཨ་ལས་ཀ་པཱ་ལར།། དེ་འོག་ཡེ་ཤེས་སྔོ་ལྡན་གསུམ།། གོ་ཀུ་དེ་ཏི་ན་ལས་ནི།། ལྕགས་ཀྱུ་ལྔཔོ ་བསྐྱེད་པར་བྱ།། བྲི་མུ་མ་ར་ཤུ་ལས་ནི།། བདུད་རྩི་ལྔ་ཡི་རང་བཞིན་བསྐྱེད།། དཔའ་བོ་ལྔ་ཡིས་རབ་སྤངས་ཏེ།། ཟླ་སྟེང་ཨོཾ་ལས་རྡོ་རྗེ་ཧཱུཾ།། དེ་གྱུར་རྩཝ་ལྔ་དེ་ཉིད་ཅན།། སྔོ་བསྐྱེད་མ་སྔར་རྫས་རྣམས་བསྐོལ།། འོད་ཀྱིས་རི་བོང་རྩེ་ལྔ་ཞུ།། ཐིམ་པས་བདུད་རྩིའི་ངོ་བོར་གནྡྷ།། ་ཡེ་ཤེས་ལཱྀ་ཡི་ཡིག་འབྲུ་ལས།། འོད་ཀྱིས་གང་གཱའི་ཀླུང་སོགས་ཀྱི།། བདུད་རྩི་དྲངས་ཏེ་གཉིས་མོད་བསྟིམ།། འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབས།། ལྷག་པོའི་ལྕེ་དང་བླ་མ་དང་།། དཀོན་མཆོག་གསུམ་དང་ཆོས་སྐོང་རྣམས།། ལྕེ་ཡི་རྡོ་རྗེས་བདུད་རྩི ་ལེན།། ཨོཾ་ནཱི་ལཱཾ་བ་རཱ་བྷ་ར་བཛྲ་ནི་པཱ་ཎི་བ་ལི་ཏ་ཨི་དྲཾ་གྲྀཧྞ་གྲཱྀཧྣ་ཁཱ་ཧི་ཁཱ་ཧི་བྷྱཱཾ་ཛི་ཧོ་བ་ལཱི་ཏ་ཁཱ་ཧི། ཨོཾ་ཨ་ཀཱ་རོ་མ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནཏྤནྣ་ཏོ་ཏ་ཨོཾཿཱཿཧཱུཾ་ཞེས་བསྙེན་པའི་དུས་སུ་དབུལ་ལོ།། དེ་རྗེས་སྒྲུབ་པོའི་དུས་དག་ཏུ།། གཏོར་མ་བྱིན་གྱིས་བརླབས་བཱ ་ནི།། ཨ་ལས་བན་དྷའི་ནང་དག་ཏུ།། མཾ་ལས་ཤ་ཡི་ཕུང་པོ་བསྐྱེད།། ཀཾ་ལས་རུས་པའི་ཕོ་བྲང་ལས།། ར་ལེས་རཀྵའི་རྒྱ་མཚོ་བསྐྱིལ།། ཤྲཱི་ཁྲིག་རུས་པར་བྱིན་བརླབས་ལ།། དུག་གསུམ་དམར་གྱི་མཆོད་རྡི་པ་འདི།། དྲུག་པོའི་སྔགས་འདིས་དབུལ་བར་བྱ།། ཨོཾ ་ནཱཾ་ལཱཾ་བཱ་ར་དྷཱ་ར་བཛྲ་པཱ་ནཱི། མ་མ་སརྦྦ་ཤ་ཏྲཾ་ཨཱ་མུ་ཀཱའི་མཉྫུསཔཱ་ས་མཾ་ས་ཛཱི་བ~ཾ་བྱཱ་གཾ་རཱ་བྷཻ་ར་པྲཱི་ཡ་ཀུ་རུ་དྷ་ཀཱ་ནི་ཨ~ཾ་ད~ཾ་བཱ་ལིཾ་གྲྀཧྞ་གྲྀགྷྲ་བཱ་ཧི་ཁཱ་ཧི་བྷྲྀ་ཛ་ཧོ། རྀཀྵ་པཱི་བཱ་ཏ་ཨ་ཏཾ་ཀྲོ་མ་ས་མ་ཡེ་སྭཱ་ཧཱ་ཞེས་སྒྲུབ་པའི་དུས་སུའོ།། ལས་སྦྱོར་དྲག་པོའི་དུས་དག་ཏོ།། ! ་ཡཾཡི་གཏོར་མ་དབུལ་བ་ནི།། སྦལ་ལྕོང་ཉ་ཤའི་གཏོར་མ་བཤམ།། གཟས་པ་པོ་ཡཾ་ལིང་ག་ལ།། སྔགས་དང་ཕྱག་རྒྱའི་ཏིང་འཛིན་གྱིས།། རྫུས་སྐྱེས་ཚུལ་དུ་བསྐྱེད་བྱ་སྟེ།། བཀུག་སྟེ་གྲུ་གསུམ་ཁ་བཅད་གཟིར།། འཇིག་རྟེན་འདས་དང་མ་འདས་པའི།། ་ལས་ཀྱི་གནོད་སྦྱིན་ཚོགས་ལ་དབུལ།། ཡཀྵ་ནཱཾ་ལཱཾ་བ་ར་དྷཱ་ར་བཛྲ་པྲཱ་ཎྜི་དྡྷཾ། མཧཱ་ཡཱཀྵ་སེ་ན་པ་ཏ་ཡེ་ཆེ་གེ་མོའི་སྲོག་ས་ཤག་ཤགྣ་མ་མ་སརྦ་ཤཏྲཱུཾ་ཨ་མ་ཀ་ཞེས་དབུལ་ལོ།། དེ་ནས་བསྟོད་ཅིང་སྨོན་ལམ་གྷ་བ།། ཐོང་ཆེན་རྔ་བརྡུང ་ཕྲིན་ལས་བཅོལ།། རྡོ་རྗེ་སེམས་དཔའི་སྙིང་པོ་ཡིས།། རང་རང་གནས་སུ་གཤེགས་སུ་གསོལ།། གོ་བགོ་ལུས་བསྲུང་བརྟན་པར་བྱ།། རང་ཉིད་ང་རྒྱལ་ཅི་བདེར་གནས།། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཽཏྭོརྱ་མའི་ཆོ་ག་ཞེས་བྱ་བ། སློབ ་དཔོན་སུ་བཱ་གི་ཤ་ར་ཀཱིརྟིས་མཛད་པ་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་པཱ་ཎཾ་ནོ་པི་ཀ་སཱ་དྷ་ནཱཾ་ན་མ། བོད་སྐད་དུ། ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་མདོར་བསྡུས་པོ་ཞེས་བྱེ་བ། ཁྲོ་བོ་གཏུམ་པོ་ལ་ཕྱག་འཚལ་ལོ།། གཞུག་པ་མ་ལུས་འཇོམས ་