CLOSE WINDOW

GT1701: 'khor lo'i man ngag ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཙཀྲ་ཨཱ་པ་དྭེ་ཤ་ནཱ་མ། བོད་སྐད་དུ། འཁོར་ལོའི་མན་ངག་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་སྔོན་དུ་བསྙེན་བྱས་པས།། དྲག་པོའི་ལས་ལ་སྦྱར་བྱ་སྟེ།། ལས་སྦྱོར་ཅིས་ཀྱང ་མ་ཐུལ་ན།། འཁོར་ལོའི་ལས་ལ་འཇུག་པར་བྱ།། སྦྱོར་བ་འདི་ལ་ཞུགས་གྱུར་ན།། བརླག་པར་འགྱུར་ཏེ་ཐེ་ཚོམ་མེད།། དྲག་པོ་ལས་ཀྱི་འཁྲུལ་འཁོར་འདི།། ཏིང་འཛིན་གྱི་མཚོན་ཡིན་ཏེ།། རྩཝ་གཅིག་བསྒོམས་པས་འགྲུབ་པ་ལས།། ཀུན་གྱིས ་འགྲུབ་པར་མི་ནུས་སོ།། འདི་ནི་ཞེ་སྡང་འཁོར་ལོ་སྟེ།། དྲག་པོ་འཁྲུགས་པོའི་རྫུ་འཕྲུལ་གྱིས།། དམིགས་ན་ལྷ་འང་བརླག་པར་འགྱུར།། འདས་དང་མ་བྱོན་ད་ལྟར་གྱི།། སངས་རྒྱས་རྣམས་ཀྱི་ཐུགས་བརྟོལ་ནས།། གཟུང་སྔགས་དྲག་པོའི་འཁྲུལ ་འཁོར་འདིས།། མྱུར་དུ་བསྒྲིམས་ཏེ་བསྒྲལ་བཱ་ན།། ནམ་མཁའ་ཉིད་ཀྱང་འཇིག་འགྱུར་ནི།། བསྒྲུབ་བྱའི་རྣམ་ཤེས་སྨོས་ཅི་དགོས།། འདི་ནི་དགུག་པའི་འཁོར་ལོ་སྟེ། སྒ་ཚ་ཐལ་ཚན་གྲོག་མོའི་ཞིང་།། བོང་བུའི་སྤངས་དང་ས་གཉེན་ལ།། ཀླུ་རིགས ་རྣམས་ཀྱི་གཟུགས་བྱ་སྟེ།། སྙིང་པོ་ཏྲྀ་དང་མྱིང་བཅུག་ལ།། དགུག་པའི་དགོས་པ་འདི་ལྟར་བྱོ།། ཐ་མའི་ཕ་ཊཾ་ལས་ཛཿའབྲོས་ཏེ།། ཛཿལས་ལྕགས་ཀྱུའི་དབྱིབས་བྱུང་ནས།། བསྒྲུབ་བྱའི་རྣམ་ཤེས་བཀུག་པར་བསམ།། ཁུགས་ནས་སྒྲུབ ་བིའི་ལས་ལ་འཇུག། དེ་ནས་གསང་བའི་འཁོར་ལོ་བརྩམ།། སྟོ་བོ་ཉིད་ངང་ལས་ཨེ་ལས་ནི།། མཐིང་ག་གུ་གསུམ་ཆོས་འབྱུང་དབུས།། ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ།། རཾ་ལས་མོ་རོ་ལྔ་ཡི་དབུས།། འབར་བའི་འཁོར་ལོ་བསྐྱེད་པར་བྱ། པྲ ་བཛྲ་ཙཀྲ་རཱཀྵ་རཀྵ་ཧཱུཾ། བྲུཾ་ལས་སྲིད་པའི་འཁོར་ལོ་ནི།། སྤུ་གྲི་གཅོད་པའི་འཁོར་ལོ་བསྐྱེད།། བཛྲ་རྡོ་རྗེའི་འཁོར་ལོ་ནི།། མེ་འབར་དཔལ་དང་བཅས་པར་བསམ།། ཙཀྲ་ཕྱོགས་མཚམས་འཁོར་ལོ་ནི།། རྡོ་རྗེ་ར་བའི་འཁོར་ལོ ་བསྒོམ།། རཀྵ་ཞེས་པས་སྟེང་བསྲུང་བའི།། བྱིན་གྱིས་བརླབ་པའི་འཁོར་ལོ་བསྐྱེད།། ཧཱུ~ཾ་རྣམས་ལས་ནི་བདེ་གཤེགྲོས་སྐུ།། ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད།། ཐུགས་ཀར་ཡེ་ཤེས་འཁོར་ལོ་བསྒོམ།། ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ།། ཉི་སྟེང་དཔ ་བོཔོ་འབྲུ་ལྔ་དགོད།། མུ་ཁྱུད་རྟ་བཱའི་སྔགས་ཀྱིས་བསྐོར།། བདེ་གཤེགས་བཀའ་དོང་དམ་ཚིག་ལས།། མི་འདབ་པ་ཡི་འཁོར་ལོ་ལ།། ཟིལ་གྱིས་མནན་པའི་སྔགས་རྣམས་དགོད།། ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་ལ།། གནང་ལ་དབབ་པའི ་སྔགས་རྣམས་དགོད།། རྡོ་རྗེ་སྲིད་པའི་འཁོར་ལོ་ལ།། ཚར་བཅད་པ་ཡི་སྔགས་རྣམས་བསམ།། བྱིན་བརླབས་སྲུང་བའི་འཁོར་ལོའི་དབུས།། མི་བསྐྱོད་ཞེ་སྡང་རྡོ་རྗེ་སྟེ།། མཐིང་ནག་སྡིགས་མཛུབ་རྡོ་རྗེ་བཅས།། སེམས་དཔའི་སྐྱིལ་དཀྲུང་ཉི་ཟླའི ་གདན།། འཁོར་ལོ་ཡི་ནི་རྩིབས་དག་ལ།། བཅོམ་ལྡན་གཏུམ་པོ་ཁྲོས་པའི་སྐུ།། རྡོ་རྗེ་དང་ནི་སྡིགས་མཛུབ་བཅས།། ཞལ་ནས་སྔགས་ཀྱི་སྒྲ་སྐྱུགས་པས།། ལོག་འདྲེན་ཚོགས་རྣམས་འཇོམས་པར་བྱེད།། དེ་ལྟར་འཁོར་ལོ་ཆེན་པོ་བསྒོམ།། ཡེ་ཤེས ་འཁོར་ལོ་སྤྱན་དྲངས་ཏེ།། མཆོད་བསྟོད་སྡིག་བཤགས་ལ་སོགས་བྱ།། ཕྱ་ག་རྒྱ་བཞི་ཡིས་དེ་ལ་བསྟིམ།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ།། རྗེ་སུ་གནང་བ་སུམ་ལྡན་གྱི།། ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཏེ།། དེ་ནས་འཁོར་ལོ་བསྐོར ་ད་ན།། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས།། ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐལ།། དེ་ལས་འོད་འཕྲོས་སྔགས་ལ་ཕོག། སྔགས་ལས་འོད་འཕྲོས་འཁོར་ལོ་བསྐལ།། འཁོར་ལོ་འོད་ཟེར་འབར་བ་ཡིས།། སྟེང་འོག་ཕྱོགས་མཚམས་འཁོ ་ལོ་བསྐོར།། ཐུབ་ཅིང་རབ་ཏུ་བསྲེག་པར་བསམ།། བདག་ཉིད་ཀྱིས་ནི་སྔགས་བཟླས་པས།། སྔགས་ཀྱིས་འཁོར་ལོ་རིམ་པར་བསྐོར།། གཟས་པ་པོ་ཡི་སྙིང་ག་རུ།། ཡི་ཡིས་བསྐྱོད་དེ་ཧཱུཾ་གིས་བསྡུ།། ཕཊ་ཀྱིས་རྣམ་པར་འཐོར་ཞིང་བསྲེག། སྲིད་པ ་རྡོ་རྗེའི་འཁོར་ལོས་གཏུབས།། ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་ཡིས།། ཕོག་ན་ཐམས་ཅད་བརླག་པར་འགྱུར།། ཙིཏྟ་ཐུགས་ཀྱི་སྒྲུབ་པ་སྟེ།། ཤིན་ཏུ་གནོད་ན་རྟེན་ལ་བསྐོར།། སྐབས་སུ་གནོད་ན་དགུག་ཅིང་བསྐོར།། བསྐོར་ནས་བརླག་པར ་གདོན་མི་ཟ།། འཁྲུལ་འཁོར་འདོ་ཡི་སྦྱོར་བ་ཡིས།། གཞན་གྱིས་བྱས་པའི་རིག་སྔགས་དང་།། བྱང་དང་བཀའ་ཉིན་པོ་ཉ་དང་།། འཁོར་ལོའི་ཏིང་འཛིན་ལ་སོགས་རྣམས།། གནོད་སྦྱོར་ཐམས་ཅད་འཇིག་བྱེད་ཅིང་།། གཞན་གྱིས་བྱས་པའི་རིག་སྔགས ་གཅོད།། རིག་སྔགས་དྲག་པོའི་གཟུངས་སྔགས་ཀྱི་འཁྲུལ་འཁོར་ཞེས་བྱ་བ། སློབ་དཔོན་སུ་བྷོ་གཱི་ཤྭ་ར་ཀིརྟིས་མཛད་པ་རྫོགསོ།། ། རྒྱ་བོང་གཉིས་ལ་གྲགས་པར་གྱུར་པ་ཡིས།། མདོ་སྔགས་དོན་ལ་མཁས་པའི་དི་པཾ་ཀ་ར་ལ། ་སྒྲ་སྦྱར་བོད་ན་མཁས་པའི་རྒྱལ་པོ་བརྩོན་སེང་གིས་བཀའ་བས་ཉམ་སུ་བླངས་ནས་རིན་ཆེན་གསེར་གྱིས་ཞུས།། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་ཀ་ལཱཾ་བ་ལིཾ་ཏ་བ~ཾ་དྷ་ནཱ་མ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ ་