| Wylie | e-texts produced with BDRC’s OCR application |
གཏད་དེ་སྔགས་ཀྱི་ཕྲེང་བས་བསྐོར།། བདག་དང་ལས་ཀྱི་སེམས་དཔའ་ལ།། སྤྲོ་དང་བསྡུ་བའི་རིམ་པ་རྣམས།། ཇི་ལྟ་བར་ནི་གསལ་བར་བསྒོམ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི།། གསང་སྔགས་སྐྱོན ་སྤངས་བཟླས་པར་བྱ།། བསྙེན་དུས་ལྷ་ལ་གཏང་དེ་བཟླས།། སྒྲུབ་པའི་དུས་སུ་སྔགས་ལ་གཏང་།། བཟླས་དུས་གཟས་པ་པོ་རྣམས་ལ།། གཏད་དེ་སྔགས་ཀྱི་འཕྲོ་འདྲ་བྱ།། དེ་ནས་བདག་དང་རྒྱན་ཆ་ཡིས།། སྦྲུལ་གྱི་ཁ་ནས་སྔགས་བཟླས་སྔགས་པས ་མ་ཡི་ཚུབ་མ་དམར་ནག་དང་།། ཁྲོ་བོ་གྲངས་མེད་འབྲོས་པ་ལས།། དེ་ཡིས་དེ་དགེ་བསྲེགས་ནས་ཀྱང་།། ལྷག་མ་ལས་པར་གྱུར་པ་རྣམས།། སྤོགས་པ་ཡི་ནི་སྦྱོར་བས་བསྲེག། དེ་ལྟར་བྱས་ནས་བསྒོམི་ཞིང་བཟླས།། དེ་ནས་དང་པོའི་ཐུན་ཐོན ་ནས། སྐྱོ་འམ་དུ་བན་མཆོད་བྱས་ཏེ།། གཏོར་མ་བྱིན་གྱིས་བརླབས་དེ་དབུལ།། བསྟོད་དང་ཕྲིན་ལས་བཅོལ་བར་བྱ།། ཇི་ལྟར་ཉེ་བར་མ་གྱུར་པར།། ཡེ་ཤེས་སེམས་དཔའ་གཤེགས་མི་གསོལ།། མཆོད་རྟེན་སྔོན་པོ་དག་ལའོ།། ཐུན་ན་གཉིས ་དང་གསུམ་པ་ལ།། ཡེ་ཤེས་སེམས་དཔའ་མཆོད་པ་དང་།། ཐུན་ནི་ཐ་མ་བསྒོམ་པའི་ཚེ།། དང་པོའི་ཐུན་ནི་མཐུན་པར་གསུངས།། ཡི་གེ་བརྒྱ་པས་བརྟན་པར་བྱ།། དེ་ནས་ལྡང་བའི་དུས་དག་ཏུ།། རིག་སྔགས་ལས་ཀྱི་ལྷ་ལ་བཏང་།། དེ་ལྟར ་མ་ནོར་བསྒོམ་བྱས་ནས།། དངོས་གྲུབ་དམ་པ་ཅི་འདོད་པ།། གང་ལ་དམིགས་དེ་འགྲུབ་པར་འགྱུར།། བསྙེན་རྫོགས་མཚན་མ་བཟང་བ་དང་།། ཡེ་ཤེས་སེམས་དཔའ་གཤེགས་མི་གསོལ།། གཤེགས་ན་དངོས་གྲུབ་ཡལ་འགྱུར ་བས།། ལྷ་ནི་རྒྱུན་དུ་འཁོར་བ་ཡི།། མན་ངག་ཞལ་ལས་ཤེས་པར་བྱ།། གཏོར་མ་བཀའ་ལས་ཕབ་ནས་ནི།། གཏའ་ཡི་བདག་པོ་མཆོད་བྱས་ནས།། གཏའ་གཏོར་བསྐུལ་ཚིག་བཅས་ལ་གཏང་།། བསྒྲུབ་པའི་ཕྱོགསུ་དམར་ལམ་བརྟན། ་གཏའ་ཡི་བདག་པོ་གཤེགས་སུ་གསོལ།། ལས་ཀྱི་སེམས་དཔའ་བདོག་ལ་བསྡུ།། ཧཱུཾ་ཧཱུཾ་ཞེས་བསྔ་མི་དམིགས་བསྒོམ།། སྐད་གཅིག་མ་ཡི་ང་རྒྱལ་གྱིས།། སྤོད་ལམ་ཅི་བདར་གནས་པར་བྱ།། བསྙེན་རྫོགས་མཚན་མ་བཟང་གྱུར་ནས།། དྲག ་པོ་ལས་ལ་སྦྱར་བྱས་ཏེ།། མཆོད་རྟེན་སྔོན་པོ་སྐུ་གདུང་ལྡན།། མེ་ཏོག་སྔོན་པོ་དྲི་ར་བསྙིགས་ཀྱིས།། ཉི་ཤུ་རྩ་གཅིག་ཏུ་མཆོད་ཅིང་།། བདག་ཉིད་གོ་སྒོ་ཆ་སོ་གོན་ལ།། རཀྵ་རུས་པའི་ཕྲེང་བ་བགྲང་།། སྔགས་ནི་བརྒྱ་དང་བརྒྱ་ལྔ་བཅུས།། ་ཐུན་འདུན་གྱི་ནི་རྣལ་འབྱོར་བྱ།། རྡོ་རྗེ་བེམེ་སིང་ལྡེང་ཕུར་བ་ལ།། གཟུང་ས་སྔགས་སྟོང་རྩ་བརྒྱད་བཟླས་ཏེ།། བསམ་གཏན་རྡོ་རྗེ་ཐོགས་པ་ཡི།། དྲག་སྔགས་ལྔ་བཅུ་རྩ་གཅིག་བཟླས།། གཟས་པ་པོ་ལས་བསྣུན་གྱུར་ན།། དེས་ནི ་ལས་རྣམ་ས་ཐམས་ཅད་འགྲུབ།། བདག་གིས་འདི་བྱས་དགེ་བ་ཡིས།། བློ་ཆུང་རྣམས་ཀྱིས་དོན་རྟོགས་ཏེ།། འབད་པས་ཚོགས་གཉིས་བསགས་ནས་ནི།། ཕྱག་ནི་རྡོ་རྗེ་ཐོབ་པར་ཤོག། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་མ་ནི་ངག་སློབ་དཔོན་སུ ་བྱཱ་གཱི་ཤྭ་ར་ཀཱིརྟྟིས་གཟུངས་ཀྱིའི་གྲེལ་པ་ལྟར་མཛད་པོ་འགྲེལ་པ་ལས་གཟུངས་སྒྲུབ་ཐབས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་པིཏླྀ་ཏ་དཱི་བ~ཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙ་བརྒྱ་བརྩོན་འགྲུས་སེང་གིས་བསྒྱུར་བའོ།། ་རྒྱ་གར་གྱི་བཎྜི་ཏ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བརྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གྲཝར་སྐད་དུ། བཛྲ་པཱ་ཎི་ནོ་བཱི་ཀ་སཱ་དྷ་ནཱཾ་ན་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་བསྒྲུབ་པའི ་