| Wylie | e-texts produced with BDRC’s OCR application |
ཐུན་མོང་ཁྱང་པར་གསང་སྔགས་བསམ།། སོར་མོ་ཧཱུཾ་ལས་བདེ་གཤེགས་སྐུ།། མཚན་རྣམས་ངག་དང་ཡང་དག་ལྡན།། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས།། མེ་ཡི་མཁའ་ལ་རྣམ་པར་བཞུགས།། མེ་དཔུང་ཆེན་པོའི་ཏིང་འཛིན་གྱིས།། ་ནང་དང་གདོན་དང་དུག་སོགས་ལ།། ལྕགས་ཀྱུའི་ཏིང་འཛིན་སྦྱོར་བ་ཡིས།། དབྱུང་བའི་ཚུལ་དུ་ཕྱུང་ནས་ཀྱང་།། ཞི་བའི་གཟུགས་བརྙན་དག་ལ་བསྟིམ།། དཀར་གསུམ་ཀླུ་སྨན་ངག་དང་བཅས།། གང་གནོད་ཕྱོགསུ་བསྐུལ་བར་བྱ།། མངོན་སྤྱོད་དྲག་པོའི་འཕྲིན ་ལས་ནི།། རྫུས་སྐྱེས་ཚུལ་དུ་བསྐྱེད་བྱས་ལ།། གང་དམིགས་གཟུགས་དང་རྟེན་དུ་བཅས།། ཕྱུང་སྟེ་ཁྱང་པར་གསང་སྔགས་བཟླས།། བསྲེག་དང་སྦྱང་བའི་བརྡུང་བྱས་ལ།། ལོག་པ་བརྡབས་པས་སྒྲས་འཇིགས་འགྱུར།། རྡོ་རྗེ་གྲུབ་པའི་ལས་ཚོགས། རྗེ་བཙུན ་ཀླུ་སྒྲུབ་ཀྱིས་མཛོད་པ་རྫོགས།། ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དེ་ཡོངསུ་བསྦྱིན་པར་འདོང་བའི་རིག་པོ་འཛིན་པ་ས།། བསམ་གཏན་གྱི་ཁང་པར་མཎྜལ་སྔོན་པོ་བྱ་སྟེ། མཆོད་རྟེན་སྔོན་པོ་དང་། རྟ་གཏོར་དང་། ་མཆིད་རྫས་དང་། རྟེན་ཁྱད་པར་ཅན་བཞག་ལ། དང་པོ་ཁྲུས་བྱས་ལ། དེ་ནས་སྐྱབསུ་འགྲོ།། རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རྐྱེན་བྱམས་པ་དང་སྙིང་རྗེ་བསྒོམ།། ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པ་དེ་ནི་ཐབས་ཀྱི་བསྲུང་བའོ།། ཤེས་རབ་ཀྱིས ་བསྲུང་བ་ནི་སྟོང་པ་རང་གསལ་བར་བསྒོམ་པའོ།། དེ་གཉིསུ་མེད་པའི་བསྲུང་བ་ནི་རྒྱང་རྒྱང་ལོམ་དུ་ཁྱེར་ལ་ཉམ་སུ་བླངས་པོའི་མན་ངག་ནི། ཡང་ཤེས་ལྔ་ལྡན་ལོག་འབྲུ་ལས།། ཁ་དོག་ལྔ་ཡི་འོད་ཟེར་འཕྲོ།། ཉོན་མོངས་ལྔ་དང་ཀླུ་དུག་ལྔ།། རྣམ་སྨིན ་ལུས་ཀྱི་ནད་ལྔ་བསྲེགས། དེ་ཡི་དེ་དགྲ་བསྲེགས་ནས་ཀྱང་།། ལྷག་མ་ལུས་པར་གྱུར་པ་རྣམས།། སྤོབས་པ་ཡི་སྦྱོར་བས་བསྲེག། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི།། གསང་སྔགས་སྐྱོན་སྤངས་བཟླས་པར་བྱ།། དེ་ལ་མན་ངག་རྣམ་གསུམ་སྟེ།། བསམ ་གཏན་ཏི་ངེ་འཛིན་རྩེ་གཅིག་ལ།། གཉིད་ཀྱི་བར་ཆད་རབ་ཏུ་སྤང་།། གཞན་གྱི་གཏམ་གྱིས་བར་མི་གཙང་།། བདུད་དང་རྡོ་རྗེ་འཛིན་པའི་ལམ།། བླ་མའི་ཞལ་ལས་ཤེས་པར་བྱ།། རྒྱུན་དུ་འམོ་ཐུན་བཞིའི་རྣལ་འབྱོར་བྱ།། དེ་ནས་སྤྱོད་ལམ་དུས་དག་ཏུ།། བསྐྱེད ་བསྡུ་མི་དམིགས་རྒྱས་བཏབ་ལ།། བརྒྱ་པས་བཤགས་ཤིང་དག་པར་བསྔོ།། རྟགས་རྣམས་སྒྱུ་མ་ལྟ་བུར་གཟུང་།། དང་ལྡན་བརྩོན་བྱས་ཡིད་ཆེས་ན།། གདོན་མི་ཟ་བར་འགྲུབ་འགྱུར་ཏེ།། དེ་བས་ཐེ་ཚོམ་མེད་པ་རོ་ནི།། ཤིན་ཏུ་དད་པས་འབད་དྲི་བསྒྲུབ།། ཟླ ་དྲུག་བསྙེན་པ་དེ་ལྡན་ན།། ཐུན་མོངས་མཆོག་གི་དངོས་གྲུབ་འགྲུབ།། དེས་ན་བསྒྲུབ་བྱ་འདྲེན་པའི་ལྷ།། དགེ་སློང་དཔལ་དང་ལྡན་པ་ཡི།། ཀླུ་ཞེས་བྱ་བས་དེ་སྐད་གསུངས།། སྐྱབས་འགྲོ་སེམས་བསྐྱེད་བྱམས་སྙིང་རྗེ།། བསྒོམས་ཏེ་ཕ་རོལ་ཕྱིན་དུ་ག་ལམ།། ་དེ་དག་ཐབས་ཀྱི་བསྲུང་བའོ།། ཤེས་རབ་ཟུང་འཇུག་ལམ་བསྒོམས་ཏེ།། སྐྱོན་སྤང་ས་སྔགས་བཟླས་དགེ་པ་བསྔོ།། ཡན་ལག་བདུན་ལྡན་སྒྲུབ་ཐབས་འདི།། འབད་པས་ཚོགས་གཉིས་བསགས་ནཱ་སོ་ནཱི།། དངོས་གྲུབ་རྣམ་གཉིས་ཐོབ་ནས་ཀྱང་།། གདུག ་བའི་ནང་ལས་གྲོལ་བ་ར་ཤོག། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་ས་ནཱི་པ་ཏ་ཡེ་བཛྲ་པཱ་ཎི་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི ་