CLOSE WINDOW

GT1687: 'jig rten dbang phyug seng+ge sgra zhes bya ba'i bstod pa
Wyliee-texts produced with BDRC’s OCR application

ཟིན་ཀྱང་གྲུབ་པར་མ་གྱུར་ན་ངས་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ།། རྗེ་བཙུན་དགེ་སྒྲའི་སྒྲུབ་ཐོབས། སློབ་དཔོ་ནི་ཙནྡྲ་གོ་མཾས་མཛད་པ་རྫོགས་སོ།། ། དཔལ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ལོ་ཀ་ཤ ་ར་སི་ཧ་ནད་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་སདྡྷི་སྒྲ་ཞེས་བྱ་བའི་བསྟོད་པ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ།། བདག་གིས་འཇིག་རྟེན་ཉེས་པ་མ་ལུས་དབང་གྱུར་ཇི་སྲིད་ལེགས་པའི་ལམ་ལ་ཚོ་བཀོད་པ།། དེ་སྲིད་ཡང་དག་འདོན་ཕྱིར ་བདག་ནི་བྱང་ཆུབ་མཆོག་ཏུ་བགྲོད་པར་བྱེད་མ་གྱུར།། ཡང་གིས་ཁམས་གསུམ་འདི་དག་སེང་གེ་སྒྲ་ཆེན་མཆོག་གིས་གསོལ་བར་གང་གྱུར་པས།། སྡུག་བསྔལ་ཅན་དག་བསྒྲུབ་ཕྱིར་ཐུགས་རྗེའི་སྤྱན་དང་སེང་གེ་སྒྲ་ལྡན་ཁྱོད་ལ་བསྟོད།། རལ་པ་རྒྱ་ཆེའི་དབྱིབས ་ཅན་དྲི་མོང་ཟླ་འདྲ་ཤིན་ཏུ་དཀར་བའི་ཞལ་མངའ་བ།། བསྐལ་པ་དུ་མར་ཚེགས་བསགས་བརྟུལ་ཞུགས་ཆེན་པོ་ཤིན་ཏུ་ད་དེ་དང་ལྡན་པ།། འགྲོ་བ་མ་ལུས་པན་མཛད་ལྷ་དང་ལྷ་མིན་གྲུབ་པ་རྣམས་ཀྱིས་རབ་བཏུང་པ།། ཤིན་ཏུ་རྒྱ་ཆེ་བ་ཡི་སྐུ་མངའ་ཁྱོད་ལོ་རྟག་ཏུ ་གུས་པས་ཕྱག་འཚལ་ལོ།། པདྨ་དམར་པོ་རྒྱས་པ་ཟླ་བའི་གཟུགས་དང་ལྡན་པ་ལྔ་ཡི་གད་ན།། སངྒེའི་གདན་གྱི་སྟེང་ན་རྒྱལ་པོའི་རོལ་པས་རྣམ་པར་མཛེས།། ཆོས་ཀྱི་མངའ་བདག་འབྱིར་བས་དྲི་མེད་གསུང་ནི་བཀའ་སྩལ་པས།། འཇིག་རྟེན་མགོན་པོ་འོད ་དཔག་མེད་པོའི་དཔལ་གྱི་སྐུ་ལ་འདུད།། གཡས་ཀྱི་ཕྱག་ནི་པདྨ་གསལ་བ་ལྟ་བུར་འཇམ་པ་ཡིས།། ཁམས་གསུམ་ཉེས་པ་གསུམ་པོ་ཞི་བར་བྱ་ཕྱིར་རྩེ་གསུམ་པ།། འོད་ཟེར་འབར་འཁྲིགས་སྦྲུལ་དང་ལྡན་པས་རྟག་ཏུ་གང་འཛིན་པ།། བདག་གི་ཐུབ་པ་སིརྦྦ ་སྒྲ་དེ་ལ་ནི་རྟག་ཏུ་བགྱིའོ།། ཁམས་གསུམ་པོ་ལ་ཐུགས་རྗེ་ཆེན་པོ་གནས་ཀྱང་སྐྱོན་གྱིས་ནི།། ཁྱོད་ལ་གོས་པ་མེད་ཀྱང་དེ་དག་སྤང་ཕྱིར་ཁྱེད་ཀྱིས་ནི།། གཡོན་པའི་ཕྱག་གིས་རལ་གྲི་ངམ་རྫས་པང་བཅས་པདྨ་བསྣམས།། རྒྱལ་བའི་སྲས་པོ་ཁྱོད་ལ་རྟག་ཏུ ་བདག་ཉིད་སྐྱབ་སུ་མཆི།། ང་རྒྱལ་ལ་སོགས་ཚོགས་ཀྱིས་གཡེངས་པའི་སེམས་ཅན་རྣམས་ལ་ནི།། དམིགས་ནས་རྒྱལ་བ་ལྔ་པོ་ཡང་དག་སྤྲོས་ནས་དེ་རྣམས་ལ།། ཇི་ལྟ་ཇི་ལྟར་དག་པའི་ཐབས་ལ་མཁས་པ་བདག་གིས་མཛད ་པ་ནི།། གང་ལ་དགོངས་པ་དེ་མངའ་ཕྱག་ན་པདྨ་དེ་ལ་ཕྱག་འཚལ་ལོ།། མཁས་པ་རྣམས་ཀྱིས་གང་ལ་ཚིག་གི་གོ་སྐབས་མེད་པ་ནི།། ཐོད་པ་ལ་སོགས་བྲལ་བས་ཁྱོད་ལ་མོས་དང་གུས་པ་མེད།། དེ་དག་རྣམས་ཀྱིས་མཁས་པའི་མཆོག་ཉིད་དག་ནི་ཐོབ། ་པ་ཡི།། མཉམ་མེད་དཔལ་ལྡན་སེངྒེ་སྒྲ་ལ་བདག་ནི་སྐྱབསུ་འཆི།། སྐྱེ་བ་གཞན་གྱི་མི་དགེ་མཛེ་ཡི་རྣམ་པར་གྱུར་པ་རུས་པ་དང་།། སྣ་ནས་རྐང་ལག་སྲིན་བུས་སྐད་འགགས་ལྡན་པ་དག། ཁྱོད་བསྟོད་པས་ནི་སྐད་ཅིག་གིས་ནི་གསེར་མདོག་ལྟ་བུའི་ལུས་སུ ་གྱུར།། ཐུབ་པ་སེངྒེ་སྠ་ཁྱོད་ལ་ནི་དེ་ཉིད་སྒྲུབསུ་མཆི།། ཀླུ་ཡི་དབང་དུ་གྱུར་པ་ཆུ་ལྷ་དབང་དུ་མཛད་ནས་ནི།། དུས་མིན་ཆར་དང་ཆར་མེད་མཛོ་དང་སྐྱོན་དང་ནི་དོན་དང་།། འགྲོ་བའི་དོན་དང་དོན་མེད་ཚོགས་དག་རབ་ཏུ་སེལ་བར་མཛད་པ་ཡི།། བརྩོན་འགྲུས་བརྟན་པས ་རབ་བརྩམས་ཁྱོད་ལ་ཀུན་ནས་འདུང་།། མིང་བརྗོད་ཙམ་ཞིག་ཁྱོད་ཀྱི་མཚན་དང་སྐུ་དག་དང་།། གང་ཞིག་ལ་ལ་གུས་པས་འཛིན་པ་དང་ནི་སེམས་དགའ་དང་།། སྐྱེ་བོ་དེ་ནི་ལོངས་སྤྱོད་རྒྱ་ཆེ་བ་དག་ཐོབ་པར་གྱུར་ནས་ཀྱང་།། སྲིད་པའི་རྒྱ་མཚོ་བརྒལ་དཀའ་བརྒལ ་ནས་མྱ་ངན་འདས་པ་ཐོབ་པར་འགྱུར།། ངག་གི་དབང་ཕྱུག་ལ་སོགས་གང་གིས་ཀྱང་ནི་རྗེ་བཙུན་གྱི།། ཡོན་ཏན་ཕྱོགས་གཅིག་ཆ་ཙམ་བསྐལ་པ་དུ་མ་རུ།། འབད་པས་ཀྱང་ནི་བརྗོད་པར་ནུས་པ་མ་ཡིན་ན།། ཇི་ལྟར་བདག་འདྲས་འཁྲུལ་ཀྱང་གུས་བྱས་འདི ་དག་བཟོད་པར་གསོལ།། འཇིག་རྟེན་གསུམ་པོའི་སྡུག་བསྔལ་སྲོག་བྱེད་མཆོག་གི་དྭགས་བྱེད་ཅན།། དཔལ་ལྡན་སེང་གེ་སྒྲ་ཡི་བསྟོད་པ་ལས་ཐོབ་བསོད་ནམས་གང་།། དཔག་མེད་ཀུན་ཏུ་དོ་ལ་ཤལ་རྒོད་པ་དཀར་པོ་དང་འདྲ་བ།། དེ་ཡིས་སྐྱེ་བོ་བྱང་ཆུབ་འགྱུར་མེད། ་གོ་འཕངས་མྱུར་ཐོབ་ཤོག། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་བསྟོང་པ།། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཏི་ལ་ཀས་མཛད་པ་རྫོགསོ།། ། པཎྜི་ཏ་དེ་ཉིད་དང་ལོ་ཙ་བ་མལ་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ་