CLOSE WINDOW

GT1685: de bzhin gshegs pa 'jig rten dbang phyug lha lnga'i sgrub thabs
Wyliee-texts produced with BDRC’s OCR application

ཏུ་ཤོས་པར་བྱ།། ཐུགས་རྗེ་ཆེན་པོ་ཁ་སརྦཎའི་སྒྲུབ་ཐབས། གྲུབ་པའི་བརྙེས་པའི་སྐྱེས་བུ་ཆེན་པོ་ཤྲཱྀ་ཤནྱ་ཀ་རས་མཛད་པ་རྫོགས་ས།། ཟོད་ཀྱི་ལོ་ཙ་བ་གནིབས་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །། རྒྱ་གར་སད་དུ། @། ་དེ་ཝ་ཏ་ཐཱ་ག་ཏོ་ལོ་ཏཾ་ཤོ་ར་སཱ་དྷ་ནཱཾ། བོད་སྐད་དུ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་ལྷ་ལྔའི་སྒྲུབ་ཐབས། རྒྱལ་བ་ལྔ་ལ་ཕྱག་འཚལ་ལོ།། ཤིན་ཏུ་རྣམ་དག་ངང་བའི་མཚོར།། རབ་མཛེས་སྡོང་བུ་ལྔ་ལྡན་སྟེང་།། རྣམ་སྣང་རྡོརྗེ ་སེམས་དཔའ་དང་།། རིན་འབྱུང་འོད་དཔག་མེད་དོན་གྲུབ།། ས་རིགས་རྣམ་དག་སྣ་ཚོགས་གཟུགས།། དངོས་གཅིག་རྒྱལ་བ་ལྔ་ལ་འདུད།། བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་ལ་གནས་པས།། སྙིང་རྗེ་ཆེན་པོ་མདུན་དུ་བྱས་ལ།། ཐོག་མ་ཁོ་ནར་ཆོས་ཐམས ་ཅད་སྟོང་པ་ཉིད་དུ་རབ་ཏུ་བསྒྲིམ་པར་བྱའོ།། གདོད་ནས་མ་སྐྱེས་འོད་གསལ་བ།། གང་ཤར་ཉིད་ན་ངོ་བོ་མེད།། ཆོས་རྣམས་ཀུན་གྱི་མཚན་ཉིད་དེ།། བླ་མའི་དྲིན་གྱིས་རྟོགས་པར་འགྱུར།། གང་འདི་ལྟར་ངོ་བོ་ཉིད་མེད་པའི་ཆོས་འདི་དག་ནི་ཟབ་པའི་ཕྱིར་རྟོགས ་པར་དཀའ་བས་མི་ཤེས་པའི་འགྲོ་བ་ལྔ་པོ་ནི་ངེས་པར་སྡུག་བསྔལ་བའོ་ཞེས་བརྟགས་ནས། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་རླུང་གི་དཀྱིལ་འཁོར་མངོན་པར་བསྐོད་གྱུར་པས།། སྐྱེ་བོ་ཉོན་མོངས་སྒྲིབ་ཚོགས་སྤྲིན་གྱི་ཕུང་པོ་ཤིན་ཏུ་མཐུག་པོ་གཏུམས ་གྱུར་ལ།། ཚམ་ཆོམ་མེད་པར་དྲག་པོའི་ཤུགས་ཀྱིས་ཀུན་ཏུ་དྲལ་ཞིང་ཡོངས་སུ་གཏོར།། དེ་ཡི་ཐབས་གྱུར་ཐུགས་རྗེའི་དབྱིངས་སྐྱེས་སྣ་ཚོགས་མཛད་པ་དབྱེར་མེད་ཅིག་ཆར་སྒྲུབ་པ་ཡི།། མགོན་པོ་དམ་པར་རིགས་ཀྱི་ལྷ་ལྔ་དྲི་མ་ལྔ་སྤྱོད་ལས་ལྔ་བསྒྲུབ་ཅིང ་སྟོབས་ལ་སོགས།། དེ་ལ་དབུས་སོགས་སྡོང་འདབ་བཅས།། ཟླ་བའི་འཁོར་ལོ་གསལ་བ་ལ།། མེ་ལོང་གཟུགས་ལྟར་འབྲུ་ལྔ་བསམ།། འཕྲིན་ལས་ལོ་སྦྱར་སྐུར་བསྐྱེད་དོ།། རྣམ་པར་སྣང་མཛད་ནི་ཁ་བའི་མདོག་ཅན།། ཇི་སྐད་པོ་བྱུང་བའི་ཕྱག་རྒྱ་ཅན།། ་ཧྲཱིའི་སྙིང་པོ་ཅན་འཁོར་ལོས་མཚན་པའོ།། རྡོ་རྗེ་སེམས་དཔའ་ནི་ན་མཁའི་མདོག་ཅན།། ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན།། ཧཱུཾཿགི་སྙིང་པོ་ཅན་རྡོ་རྗེས་མཚན་པའོ།། རིན་ཆེན་འབྱུང་ལྡན་ནི་གསེར་བཙོཅོ་མའི་མདོག་ཅན།། ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན།། ཏཱཾ་གེ། ་སྙིང་པོ་ཅན་རིན་པོ་ཆེས་མཚན་པའོ།། འོད་དཔག་མེད་ནི་མེ་ལྕེ་འབར་བའི་མདོག་ཅན།། ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན།། ཧྲཱིཿའི་སྙིང་པོ་ཅན་པདྨས་མཚན་པའོ།། དོན་ཡོད་གྲུབ་པ་ནི་སཱ་ལུ་ལྡང་བའི་མདོག་ཅན།། ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན།། ཨའི་སྙིང་པོ་ཅན ་རལ་གྲིས་མཚན་པའོ།། འདི་དག་དབུས་བཅས་ཕྱོགས་རྣམས་སུ།། རིམ་བཞིན་ལས་ལྔ་མཛད་པ་ལ།། བརྩོན་པས་ཏིང་ངེ་འཛིན་བཞུགས་པ།། བདག་སྤང་བ་དང་གཞན་སྦྲང་གཉིས།། ཨོཾ་ཨ་ས་པ་ར་ཛྙཱ་ན་བི་ཤུདྡྷ་ཀཱ་ས་ཧཱུཾ། འཁོར་ལོ་ལྟ་བུའི་སྔགསོ།། ཐུགས་རྗེ་ཆེན ་པོ་ལྷ་ལྔའི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་ཚོན་པོ་ཤྲཱི་མི་ཏྲ་ཨ་ནན་ཏའི་གདམས་པ་རྫོགས་སོ།། ། གནུབས་ལོ་ཙ་བས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སིང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག ་