CLOSE WINDOW

GT168: dbyid kyi thig le zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བྷཱུ་སྱཱནྣ་ཏི་ལ་ཀནཱ་མ། བོད་སྐད་དུ། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ། བཅོམ་ལྡན་འདས་བདྨ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ།། མཉམ་དང ་མི་མཉམ་བདེ་ཆེན་སུམ་ཅུ་རྩ་བདུན་བྱང་ཆུབ་ཆེན་པོའི་ཕྱོགས་བཞུགས་ཕུང་པོ་ཆོས་ཀྱི་རང་བཞིན་གནས་པ་རང་ལུས་རྩ་ཡི་འཁོར་ལོ་གཙོ་བོ་བཞི།། དབྱངས་ཡིག་ལྔར་བཅས་བཅུ་གཉིས་དབྱངས་ཡིག ་དོན་གྱི་ཕྱི་མོ་གསལ་བྱེད་སུམ་ཅུ་རྩ་བཞིས་བརྒྱན་ཅིང་སྐུ་གསུང་ཐུགས་ཀྱི་དབྱེ་བས་གནས་པའི་གནས་ལ་སོགས།། ས་བཅུའི་དབང་ཕྱུག་ཀུན་འགྲོ་འགྲོ་ཀུན་རང་སྙིང་དབུས་གནས་ན་མཁྱེའི་ངོ་བོ་མཆོག་ཞི་ཧེ་རུ་ཀ ་དཔལ་དམ་པའི་དེ་ཉིད་མྱ་ངན་འདས་རང་བཞིན།། རབ་གསལ་དཔྱིད་ཀྱི་ཐིགྲཱྀ་ལེ་འོད་འཕྲོས་འབར་བ་སྐུ་གསུམ་རྒྱས་པ་ལེགས་རྟོགས་འགྲོ་བའི་རང་བཞིན་དོན་བདེ་རྩོལ་བ་རྩའི་འཁོར་ལོའི་མགོན་ལ་རབ་བཏུང་ནས། ་སྦྱོར་བའི་གདན་ལས་རྣམ་ཕྱུང་བ།། ཕྱི་དང་བཅས་པའི་ཚུལ་གྱིས་ནི།། འཁོར་ལོ་བདེ་མཆོག་དཔལ་རིམ་ལས།། དཔྱིད་ཀྱི་ཐིག་ལེ་བཤད་བྱ་སྟེ།། རྡོ་རྗེ་མཁའ་འགྲོ་མ་དཔལ་གྲུབ།། རང་གི་ལུས་ལ་རྣམ་གནས་། ་ཤིན་ཏུ་ཉུང་བར་འདོད་རྣམས་ལ།། གསལ་བར་བྱ་ཡི་ཕྱིར་རོ།། བཅོས་མའི་དཀྱིལ་འཁོར་སྤང་བྱ་ནས།། བཅོས་མའི་སྦྱིན་སྲེག་ལས་ངག་དང་།། བཅོས་མའི་བསྒོམ་པའི་ལས་ངག་དང་།། བཅོས་པའི་བཟླས་པ་ཉིདུ་ནི།། ་དེ་ལ་སོགས་པའི་བཅོས་མ་ཀུན།། རང་བཞིན་རྣལ་འབྱོར་ཚུལ་གྱིས་སྤང་།། ཕྱི་རོལ་བཅོས་མ་རབ་བྱ་བ།། རང་བཞིན་རྟོགས་པར་བྱ་ཕྱིར་ཏེ།། རང་བཞིན་རྟོགས་པར་གྱུར་པ་ནི།། རབ་ཏུ ་བྱ་བ་བྱེད་མིན་ཉིད།། ཇི་ལྟར་ཕ་རོལ་དོན་གཉེར་འགས།། གཟིངས་ལ་ལེགས་པར་སྦྱོར་འགྱུར་བ།། ཕ་རོལ་སོན་ནས་འདོར་བར་འགྱུར།། རབ་ཏུ་བྱ་བའང་དེ་བཞིན་ནོ།། དཀྱིལ་འཁོར་ལ་སོགས་པས་གང་ཞིག། བཅོས ་མོའི་བསམ་པས་བྱེད་པ་དག། ཐམས་ཅད་ལེགས་ཏེ་མི་ལེགས་མིན།། དེར་བ་སྦྱར་བ་གསོལ་བ་ཡིན།། དེ་རུ་ལས་ནི་རབ་འབད་དེ།། དངོས་མཆོག་རིག་པའི་རྒྱལ་བ་ཡིས།། སྒྲ་ཤེས་བྱ་ཕྱིར་བསྟན་བཅོས་གང་།། ་དྲུང་སྲོང་གི་བྱེད་ཇི་ལྟ་བུའོ།། དེ་ལྟར་ལས་ཀྱི་རྗེས་འབྲངས་པས།། མི་རྣམས་རབ་བྱ་བྱེད་པ་ནི།། འབད་པས་ཉོན་མོངས་བླང་བ་ཡིས།། རང་གི་སེམས་ནི་རྣམ་པར་འཇོམས།། དེ་ནས་དཀྱིལ་འཁོར་ལ་སོགས་པའི།། ་ཆོ་གའི་བྱ་བའི་ཡན་ལག་ལཱ།། འབད་ཀུན་རྣམ་པར་འདྲེན་མིན་ཉིད།། དྲལ་བར་བྱེད་པོ་འབའ་ཞིག་ཡིན།། རྣམ་མིན་རྟོག་ལ་སངས་རྒྱུས་མིན།། རྣམ་རྟོག་བཅས་པས་མིན་དེ་བཞིན།། ཤིན་ཏུ་རྣམ་དག་ཡོངས་ཤེས ་པས།། མཁས་པ་རྣམས་ནི་འགྱུར་བ་ཉིད། བྱ་བ་རང་བཞིན་ཉིད་དུ་ཡོད།། བྱེ་བོ་རང་བཞིན་ཉིད་དུ་ཡོང་། བྱེད་པ་པོ་ཡང་རང་བཞིན་ཉིད།། བྱ་བ་དང་བྱེད་པའི་དངོས་པོ་ཡིས།། རང་བཞིན་ཉིད་ཀྱི་དངོས་པོ་སྤངས།། ་དབྱེ་བ་ཀུན་གྱི་རང་བཞིན་ནི།། ཨ་ཡིག་ཡང་དག་རྣམ་པར་གནས།། ཐོག་མཐའ་མེད་པའི་ངོ་བོ་ཡིས།། རཱིན་ཆེན་རྣམས་ཀྱི་རྒྱ་མཚོ་བཞིན།། རྟག་ཏུ་འཇིག་རྟེན་ཐ་སྙད་ཉིད།། དེ་འགལ་འཇིག་རྟེན་པ་མིན་པ།། ཡོད ་པ་འམ་ནཱི་མེད་ཉིད་ཀྱི།། རང་བཞིན་ལས་ནི་རྟོགས་མིན་ཉིད།། འདི་ཉིད་ཀྱིས་ནི་སངས་རྒྱས་ཉིད།། འདི་ཉིད་ཀྱིས་ནི་གྲོལ་བར་འགྱུར།། རང་བཞིན་ལམ་ལ་བརྟེན་ནས་ནི།། ཐམས་ཅད་བྱེད་ཅིང་རྣམ་པར་གྲོལ།། ་དཔྱིད་ཀྱི་ཐིག་ལེར་བཅོས་མའི་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་བཟླས་པོ་དང་བསྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་གཟུང་བ་དང་། འཛིན་པའི་དངོས་པོ་རྣམས་པར་གཅོད་པ་མཚོན་པ་སྔོན་དུ ་འགྲོ་བའི་རང་བཞིན་བཤད་པ་རྒྱས་པར་བསྟན་པ་སྟེ། དྲང་པོའོ།། །། དེ་ནས་མདོར་བསྟན་པ་དང་རྒྱས་པར་བསྟན་པའི་ངོ་བོ་ལ་སོགས་རྒྱུད་ཀྱི་བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད ་ཀྱི་རང་བཞིན་ལུས་ཅན་གང་ཡང་རུང་བ་རྣམས་ཀྱིས་ལུས་ཀྱི་རང་གི་ལྷའི་དྲོ་བོ་ཇི་ལྟ་བར་བརྗོད་པར་བྱའོ།། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད།། རྡོ་རྗེ་ཉི་མ་ཚོར་བ་སྟེ།། འདུ་ཤེས་པདྨ་གར་དབང་ཕྱུག ་དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ།། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ།། ཀུན་གྱི་ངོ་བོ་ཧེ་རུ་ཀ། མིག་ནི་གཏི་མུག་རྡོ་རྗེར་བརྗོད།། ཞེ་སྡང་རྡོ་རྗེ་མཐོང་ཐོས་པ།། དེ་བཞིན་ཕྲག་དོག་རྡོ་རྗེ་སྣ།། ཁ་ནི་འདོད་ཆགས་རྡོ་རྗེར ་བརྗོད།། རེག་ལ་སར་སྣ་རྡོ་རྗེ་སྟེ།། ལྔ་པོ་དེ་དག་སྦོམ་པོའི་ལྷ།། སྐྱེ་མཆེད་ཁམས་རྣམས་ཐམས་ཅད་ནི།། དམཱ་པའི་དབང་ཕྱུག་ཧེ་རུ་ཀ། ལྷུལྟུང་བྱེད་མ་ནི་ས་ཡི་ཁམས།། ཆུ་ཁམ? ་གསོད་པར་བྱེད་པར་བརྗོད།། འགུགས་བྱེད་མ་ནི་མ་ཡི་ཁམས།། རླུང་ནི་གར་དབྱུང་ཕྱུག་མར་བརྗོད།། ན་མཁའ་ཁམས་ཞེས་བརྗོད་པ་ནི།། པདྨའི་དྲོ་བ་མ་འཁྲུགས་མེ།། དེ་ལྟར་ལུས་ཅན་རྣམས་ཀྱི་ལུས།། ་ཕུང་པོ་ལ་སོགས་ལྷ་བདག་ཉིད།། བདེ་དང་སྡུག་བསྔལ་དེ་བཞིན་ལས།། ཉོན་མོངས་ལ་སོགས་ཉེར་ལྡན་པ།། སྐྱེ་དང་འཇིག་པ་ལ་གནས་ཏེ།། སྲིད་དང་མྱ་ངན་འདས་པ་ཐོབ།། དཔྱིད་ཀྱི་ཐིག་ལེར་ཕུང་པོ་དང ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་དེ་བཞིན་གི་ཤེགས་པའི་སྐུ་ཇི་ལྟ་བར་གནས་པ་རྣམ་པར་སྣང་མཛད་ལ་སོགས་པོ་ལྷའི་ངོ་བོར་བཤད་པ་རྒྱས་པར་བསྟན་པ་སྟེ། གཉིས་པའོ།། །། དེ་ནས་དེ ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་སྐུ་དང་གསུང་དང་ཐུགས་སུ་སོན་པ་ཐམས་ཅད་འབྷྲིང་དང་མཆོག་གི་དབྱེ་བས་སྒོའི་དབྱེ་བ་བརྗོད་པར་བྱའོ།། ཀ་བ་གཅིག་པ་སྒོ་དགུ་པཱ།། སྦོམ་པ་ལྔ་ཡི་ལྷག་པའི་ལྷ། ་བུ་གུ་དགུ་རུ་གྱུར་པའི་སྒོ།། རྣམ་པ་དགུ་རུ་ཡོངས་སུ་གྲོགས།། ཐ་མ་སྐུ་དང་ལྡན་པའི་སྒོ།། སྦོམ་པོ་ལྷ་ཡི་སྤྲུལ་པའོ།། གཞན་པའི་སྒོ་ནི་རྣམ་པ་བཞི།། གསུང་དང་ལྡན་པ་འབྲིང་དུ་བརྗོད།། མེ་ཉིད་དང་ནི་རླུང་ཉིད ་དང་། དབང་ཆེན་དང་ནི་དེ་བཞིན་ཆུ།། འཁོར་ལོ་སེམས་ཀྱི་ཀུན་སྤྱོད་ལས།། ང་ཡི་ཟང་ཀ་ག་ཏུགན།། གསུམ་ཡིནན་ཡི་ང་65།། ཟླ་བ་ཉི་མ་རབ་དབྱེ་བས།། གཞུག་དང་འབྱུང་བ་ཉིད་ལ་ནི།། སྒོ་ནི་དམྦུ་པ་ཉིད་ཡིན་ཏཱ།། གརྩ་བལ ་མཆོག་གི་སྒྲོ་མོ་ནི།། འོག་དང་སྟེང་དུ་རབ་ཏུ་གྲགས།། འོག་གཽ་སྒོ་ནུས་རྣམ་པར་ཤུས།། སྟེང་གི་སྒོ་ནས་ཁམས་ཡིན་ཏེ།། རྣམ་སྣང་ལ་སོགས་སངས་རྒྱས་རྣམས།། སྟེང་གི་སྒོ་ནི་གཡོ་ཞིང་གནས།། དེ ་རྣམས་འོག་ཏུ་རྣམ་པར་གནས།། སྟེང་གི་སྒོ་ནས་གཤེགསུ་གསོལ།། སྤྱན་འདྲན་གཤེགསུ་གསོལ་ཚུལ་དང་།། འགྲོ་འོང་རབ་ཏུ་གནས་རྣམས་ཀྱིས།། དུས་གསུམ་རྫོགས་པའི་སངས་རྒྱས་དང་།། མཁ ་འགྲོ་རྣལ་འབྱོར་མེ་མོ་རྣམས།། འཇུག་པ་དང་ནི་ལྡོག་པ་དང་།། ཡོན་ཏན་སྐྱོན་གྱི་རང་བཞིན་དང་།། བདེ་དང་སྡུག་བསྔལ་རང་བཞིན་གྱི།། ལྷན་ཅིག་སྐྱེས་པའི་ཚུལ་ལས་གྲུབ།། དཔྱིད་ཀྱི་ཐིག་ལེ་ཕུང་པོ་དང་།། ། ་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་དེ་བཞིན་གི་ཤེགས་པའི་སྐུའི་དབྱེ་བྱས་བཤད་པ་རྒྱས་པར་བསྟན་པ་སྟེ་གསུམ་པའོ།། ། དེ་བཞིན་གཤེགས་པ་ཡང་རུང་བའི་སྐུའི་གནས་ལ་སོགས་པ ་ས་བཅུའི་གནས་བསྟན་པར་བྱའོ།། རྩ་རྣམས་གང་ཞིག་བུ་ག་དགུའོ།། སྒོ་རྣམས་དགུ་ལ་ཡང་དག་གནས།། བྷ་གའོ་ནང་གི་བཅུ་པ་ནི།། དེ་དག་རྣམས་ཀྱི་ཚེ་མཆོག་གཞན།། དཔྲལ་བའི་གནས་ནས་བརྩམ། ་ནུས་ནི།། ཧཾ་ཡིག་འཁོར་ལོ་གཏན་པ་དབུབ།། སུམ་ཅུ་རྩ་གཉིས་ཉིན་མཚན་དུ།། བྱང་ཆུབ་སེམས་རྣམས་འཛག་པའོ།། གནས་ལ་སོགས་པའི་ངོ་བོར་བརྗོད།། ཕྱི་དང ་མཐུན་པར་ནང་ན་གནས།། མཁའ་སྤྱོད་རྣལ་འབྱོར་མ་རྣམས་བརྒྱད།། ས་སྤྱོད་མ་ཡང་དྲི་བཞིན་གཞན།། གང་ཞིག་ས་འོག་གནས་མ་སྐྱེ།། དེ་དག་ཐམས་ཅད་ལེགས་པར་ནི།། གས་གཞན་རབ་ཏུ་དབྱེ་བ ་ཡིསོ།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་གནས།། གནས་ལ་སོགས་པའི་སོ་བཅུ་དག། ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས།། ཇི་ལྟར་གནས་པའི་རང་བཞིན་གྱིས།། ལྷན་ཅིག་སྐྱེས་ལ་གནས་པ་དབྱེ།། དགའ་བ་ལ ་སོགས་ས་རྣམསུ།། འདི་དག་ཉིད་ལས་ཡང་དག་བཤད།། དབང་པོ་ལ་སོགས་གཟུགས་ཅན་གྱི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས།། ཕུང་པོ་ལ་སོགས་ཁྱད་པར་གྱི།། སངས་རྒྱས་ཐམས ་ཀྱི་ནི་གནས།། སངས་རྒྱས་ཉིད་ནི་རབ་ཏུ་འབྲའ།། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི།། བྱུང་སེམས་སུམ་ཅུ་གཉིས་རྣམས་ཀྱི།། གང་ཚེ་འདི་ལ་གང་གྱུར་པ།། དེ་ཚེ་སངས་རྒྱས་སྲས་བཅས་པའོ།། ་སངས་རྒྱས་ཉིད་ནི་ངེས་པར་ཐོབ།། རང་ལུས་ཉིད་ལས་སངས་རྒྱས་གནས།། གཞན་ནི་གང་ཡང་ཡོད་མ་ཡིན།། ལུས་ལས་གཞན་དུ་སངས་རྒྱས་ཉིད།། མི་ཤེས་པ་ཡིས་གཡོག་པའི་ལུས།། ་གནས་དང་བློའི་གནས་དང་ནི།། ཞིང་དང་ངའི་སྟོང་ཉིད་དང་།། ནཱནྟ་དང་ནི་དེ་བཞིན་གཞན།། དེ་ཡང་ཉེ་བ་ཆནྡ་ཧཱ།། དེ་བཞིན་འདྲ་བྱ་ཅན་ཉིད་དང་།། ཉེ་བའི་འདུ་བནྡན་དེ་བཞིན།། དུར་ཁྲོད་ཉེ་བའི་དུར་ཁྲོད་དོ།། ་གནས་ལ་སོགས་ནི་བཅུ་རྣམས་སོ།། དཔྱིད་ཀྱི་ཐིག་ལེར་དེ་བཞིན་གཤེགས་པའི་སྒྲའི་བུ་ག་དགུ་དང་། བྷཱ་གཱའི་དབུས་སུ་སོན་པའིཿབཱི་གནྡྷ་བཅུ་ལ་སོགས་པའི་ས་བཅུའི་དབང་ཕྱུག་གི་བཤད་པ་ཡུལ་གྱི ་དབྱེ་བ་རྒྱས་པར་བསྟན་པོ་སྟེ་བཞི་པའོ།། ། དེ་ནས་དེ་བཞིན་གཤེགས་པ་གང་བའི་སྐྱེའི་བུག་དགུའི་ནང་དུ་སོན་པོའི་རྩའི་རང་བཞིན་གནས་ལ་སོགས་པས་བཅུ་དང་། སྐུ་དང་གསུང་དང་ཐུགས ་འབྱིན་པོ་གནས་གཞན་གྱི་དབྱེ་བས་བཤད་པར་བྱའོ།། སྤྱི་བོ་མཱ་ལ་ཡ་ཡི་ཡུལ།། དེ་བཞིན་སྤྱི་གཙུག་ཛཱ་ལཱནྣ་རཱ། དེ་བཞིན་ཨོ་ཊ་ཡཱ་ན་ཉིད།། རྣ་བ་གཡས་པ་ཉིད་དུ་བརྗོད།། རྒྱབ་ཀྱི་ལོགས་ནི་ཨེརཱུད ་བཞི་པོ་གནས་ཀྱི་མང་ཡིན་ནོ།། རཱུ་བ་ཡོནྟ་བི་རང་བཞིན་ཅནྟེ།། དེ་བཞིན་གྷ་དྷཱ་བ་ཞེས་བྱ།། རཱ་མེ་རྀ་ཞེས་གླགྶ་སྟ་པས།། སྦྱིན་དབུས་དེ་དག་མྱིག་དག་ལ།། དེ་ལ་བཞིན་དེ་བ~ཾ་ཀོ་ཊ་གཞན།། ་བ་མཱ་ལ་ཝ།། དེ་ལྟའི་ཉི་བའི་གནས་ཉིད་ནི།། ཐུགས་ཀྱི་འཁོར་ལོ་རྣམ་པར་གནས།། གནས་ཀྱི་ཁྱད་པར་ངོ་བ་ཡིས།། མཁའ་སྤྱོད་རྣམས་ཀྱི་ཡང་དག་བཤད།། མཚན་ཁུང་ཀཱ་མ་རཱུ་པཾ་བརྗོད ་ནུ་མཱ་ཨོ་དྲེར་རབ་ཏུ་གྲགས།། འདི་དག་ཞིང་དུ་ཡང་དག་བརྗོད།། ལྟེ་བ་ཏྲི་ཤ་ཀུ་ནེ་ར་འདོད།། སྱཱ་ཡི་ཎྱེ་མོ་ཀོ་ས་ལར།། དེ་དག་ཉེ་བའི་ཞིང་དུ་བརྗོད།། ཁ་ནི་ཀ་ལིངྒི་རུ་སྨྲས།། ལཾ་པཱ ་ཀ་ནི་མགྲིན་པའི་དབུས།། ཙནྡོ་ཧ་ཞེས་རྣམ་པར་བཤད།། སྙིང་གར་ཀཱཉྩིར་བརྗོད་པ་སྟེ།། ཆུ་སོ་ཧི་མ་ལ་ཡ་ཉིད།། དེ་ཡང་ཉེ་བའི་ཚེནྡོ་ཧཱའོ།། དེ་ལྟར་ལུས་གནས་ཐམས་ཅད་ནི།། གསུང་གི་འཁོར་ལོ་རྣམ་པར ་གནས།། གནས་ཀྱི་ཁྱད་པར་ངོ་བོ་ཡིས།། ས་སྤྱོད་རྣམས་ཀྱི་ཡང་དག་བཤད།། ཡི་དགས་ལྷ་གནས་རྟགས་ལ་སྟེ།། བཤད་ལམ་གྲྀ་ཧ་དེ་བ་ཏཱ།། འདི་དག་འདུ་བར་བརྗོད་པའོ།། བཱཪྻ་ནི་སཽ་རཱཥྚ་རུ་བརྗོད།། གསེར ་གྷྲི་གླིང་ནི་མང་ཅན་དུ།། རྗེ་དར་གཉིས་ནི་རྣམ་པོར་བཤད།། ཉེ་བ་ཡང་ནི་འདུ་བ་ཉིད།། སེནུ་མོ་ན་ག་ར་རུ་དྲན།། སིནྣི་ངེས་པ་རྐང་པའི་རྒྱུ་བ།། དུར་ཁྲོད་དུ་ནི་ཡོད་དགུ་བརྗོད།། མཐེ་བོ་མྱ་ངམྦི་དུ་རབ་སྨྲས།། པུས ་མོ་ཀུ་ལུ་ཏཱ་རུ་བརྗོད།། དེ་དག་ཉེ་བའི་དུར་ཁྲོད་ཉིད།། གནས་ལ་སོགས་པས་བཅུ་རྣམས།། འདི་རྣམས་རང་ལུས་སྐྱེས་པ་ཀུན།། གནས་ཀྱི་དབྱེ་བས་འབྱེད་པའོ།། ཕྱི་རོལ་དང་མཐུན་ནང་ནས་ནི།། སངས་རྒྱས ་རྣམས་ཀྱི་ས་བཅུ་རྣམས།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ།། ཉི་ཤུ་རྩ་བཞི་དབྱེ་བ་ཡིས།། རྩ་རྣམས་ཀུན་གྱི་གནས་དག་ནི།། ཀུན་ནས་ཡང་དག་བཤད་པ་ཡིས།། གནས་འདི་རྣམསུ་མཁའ་འགྲོ་རྣམས།། ་རྩའི་གཟུགས་སུ་ཡང་དག་གནས།། དཔྱིད་ཀྱི་ཐིག་ལེར་གནས་པ་ལ་སོགས་པ་ས་བཅུ་རྒྱས་པར་བསྟན་པའི་དབྱེ་བ་སྟེ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་གནས ་ཇི་ལྟར་སོན་པ་རྩའི་འཁོར་ལོ་མདོར་བསྟན་པ་མཚོན་པར་བྱའོ།། སྙིང་གི་ནང་སོན་པདྨ་ནི།། འདབ་མ་བརྒྱད་པ་སྙིང་པོར་བཅས།། དེ་ཡི་ནང་དུ་སོན་པའི་རྩ།། རང་གི་ངོ་བོ་འབར་བའི་མེ།། ཆུ་ཤིང་གི་ནཱ་མེ་ཏོག ་བཞིན།། འཕྱང་བཞིན་པ་ནི་ཁ་འོག་ཏུའོ།། དེ་ཡི་ནང་གནས་དཔའ་བོ་ནི།། ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ།། གཞོམ་མེང?་ཧཱཾ་ཡིག་སྲ་བོན་ནོ།། བ་མོ་ཙམ་དུ་འཛག་པ་ཉིད།། ལུས་ཅན་རྣམས་ཀྱི་སྙིང ་དགའ་བ།། འདི་ནི་དཔྱིད་ཅེས་བྱ་བར་བཤད།། རྒོད་དང་མར་མེའི་ངོ་བོ་ནི།། ཕྲག་མོ་ཐིག་ལེར་བརྗོད་པ་སྟེ།། ལས་ཀྱི་རླུང་གིས་བསྐུལ་བ་ཡིས།། ལྟེ་བའི་དཀྱིལ་འཁོར་དུ་ནི་འབར།། དྲིཔྱིད་ཐོབ ་པས་ནི་ཆོ་ག་ཤེས་པོ།། སྙོམས་པར་འཇུག་པར་རྣམ་པཱར་གནས།། འདི་ནི་ཧེ་རུ་ཀ་དཔྲལ་དཔའ།། དཔྱིད་ཀྱི་ཐིག་ལེར་བརྗོད་པ་སྟེ།། རྣལ་འབྱོར་མ་ཡཽ་གཟུགས་བླངས་ནཱས།། རྒྱུ་དང་མི་རྒྱུ་ཡང ་དག་གནས།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། སྒོ་ནི་རྣམ་པ་གསུམ་བྱུང་བ།། དེ་ནི་འགྲོ་དང་འོང་བྱེད་པ།། འདི་ནི་ཀུན་གྱི་ལུས་ལ་གནས།། ལྟེ་བར་ཨ་ཡིག་གཟུགས་ཀྱིས་ཏེ།། ཐུང་ངུ་རུ་ནི ་ཡོངས་སྤུ་གྲགས།། སྙིང་ལ་ཡང་ནི་ཡཱི་གྲེ་དྷཱ།། རིང་པོ་ཆེ་ནི་གཉིས་དང་བཅས།། མགྲིན་པར་ཨ་ཡིག་གཟུགས་ཀྱི་ནི།། ཆ་གསུམ་སྤོར་བ་ཞེསུ་བརྗོད།། དཔྲལ་བ་རུ ་ནི་ཧཾ་ཡིག་འདི།། སྒྲ་དང་ཐིག་ལེ་མི་ཤིགས་པའོ།། འཁོར་ལོ་བཞི་ཡིས་རབ་དབྱེ་བས།། ས་སོགས་འབྱུང་བ་ཆེན་པོ་དང་།། ཐུན་བཞིར་བྱིན་གྱིས་བརླབས་ནས་ནཱི།། སྐད་ཅིག་བཞིར་ནི་ཡང་དག ་འབྱུང་།། དགའ་བ་བཞི་ཡི་ངོ་བོ་དང་།། རྣལ་འབྱོར་བཞི་རུ་གཞོལ་བའོ།། མཆོག་ཏུ་དགའ་བའི་ངོ་བོ་ཡིས།། བྱ་དང་བྱེད་པའི་དངོས་པོ་ལོས།། རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི།། འདི་ནི་ཇི་ལྟར ་བདེ་བར་རོལ།། འདབ་མ་རྣམས་ནི་བཞི་པོ་ཡང་།། ཕྱོགས་བཞིར་རྣམ་པས་གནས་པ་སྟེ།། འབྱུང་བ་བཞི་ཡིས་རྩི་རྣམས་ནི།། ཐུགས་ཀྱི་རྡོ་རྗེའི་གནས་སུ་གནས།། མཁའ་འགྲོ་དྲི་བཞིན་ལྔ ་མ་དཔ།། དུམ་སྐྱེས་མ་དང་གཟུགས་ཅན་མ།། མཚོམས་ན་གནས་བྱིས་པའི་སྣབས་ནི་འབབ་པའོ།། མཁའ་འགྲོ་རྣལ་འབྱོར་མ་མི་དག། ཉེ་བའི་དུར་ཁྲོད་དེ་ཡང་དག་གནས།། སྐུའི་འཁོར ་ལོར་མཁའ་འགྲོ་མོ།། ཕྱི་རོལ་ས་འོག་གནས་པའོ།། གོང་གི་ངག་ལྡན་སྒོ་ལ་ནི།། མཁའ་འགྲོ་མ་ནི་རྣམ་པ་བཞི།། དེ་ཡི་གྲཱ་ཡི་ཆར་གནས་པ།། གཞན་མ་དེ་བཞིན་རྣམ་པར་གནས།། རྩི་ཡི་སྒོ ་རུ་བྱ་གདོང་མ།། གཉིས་པ་ལཱ་ནི་འུག་གདོང་མ།། གསུམ་པཱ་ལ་ནི་ཁྱི་གདོང་མ།། བཞི་པ་ལ་ནི་པགྣ་གདོང་མ།། གྲཱ་རུ་ག་ཤིན་རྗེ་བརྟན་མ་དང་།། དེ་བཞིན་གྲཝ་ཤིན་རྗེ་ཕོ་ཉམ།། དེ་མ་ཐག་ཏུ་འཇིགས ་ཆེན་མ།། གཤིན་རྗེ་མ་བུ་གཙིགས་མར་བཤད།། གཤིན་རྗེ་འཇོམས་མ་འཇིགས་བྱེད་མ།། བཞི་པར་ཡང་ནི་ཡང་དག་བཤང་།། རྡོ་རྗེ་མཁའ་འགྲོ་མ་འདི་རྣམས།། རྩཝ་ཡི་གཟུགས་ཀྱིས་ཡང ་དག་བ་ཤདྲ།། ཐུགས་ཀྱི་རྡོ་རྗེ་རྣལ་འབྱོར་མ།། སུམ་ཅུ་རྩ་བདུན་དུ་ནི་བརྗོད།། འདི་རྣམས་ཤེས་རབ་ཕ་རོལ་ཕྱིན།། ལུས་ལ་ཡང་དག་རྣམ་པར་གནས།། དཔྱིད་ཀྱི་ཐིག་ལེར་དེ་བྱི་ཞན་གཤེགས་པའི ་སྐུར་སོན་པའི་རྩཝ་སུམ་ཅུ་རྩ་བདུན་གྱི་འཁོར་ལོ་རྣམ་པར་བཞག་པ་རྒྱས་པར་བསྟན་པ་སྟེ་དྲུག་པའོ།། ། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་རྩིའི་འཁོར་ལོ།། བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པ་བཤད་པར་བྱའོ།། ལུས་དྲན་པ་ཉེ་བར་གཞག་པ་མཁའ་འགྲོ་མའོ།། ཚོར་བ་དྲན་པ་ལྟེ་བར་གཞག་པ་ལཱ་མའོ།། ཆོས་དྲན་པ་ཉེ་བར་གཞག་པ་དུམ་སྐྱེས ་མའོ།། སེམས་དྲན་པ་ཉེ་བར་གཞག་པ་གཟུགས་ཅན་མའོ།། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་རབ་གཏུམ་མའོ།། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་གཏུམ་མིག་མའོ།། སྤྱོད་པའི་རྫུ་འཕྲུལ་གྱི་རྐ ་པ་འོད་ལྡན་མའོ།། སེམས་ཀྱི་རྫུ་འཕྲུལ་གྱི་རྐ་པ་སྨྲ་ཆེན་མའོ།། དད་པའི་དབང་པོ་དཔའ་བོའི་བློ་གྲོས་མའོ།། བརྩོན་འགྲུས་ཀྱི་དབང་པོ་ནི་མཱིའུ་ཐུང་མའོ།། དྲན་པའི་དབང ་བོ་ལང་ཀའི་དབང་ཕྱུག་མའོ།། ཏིང་ངེ་འཛིན་གྱི་དབང་པོ་ཤིང་གྲིབ་མའོ།། ཤེས་རབ་ཀྱི་དབང་པོས་སྲུང་མའོ།། དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ།། བརྩོན་འགྲུས་ཀྱི་སྟོབས་ནི་རླུང་ཤུགས་མའོ།། ་དྲན་པའི་སྟོབས་ནི་ཆང་འཐུང་མའོ།། ཏིང་ངེ་འཛིན་གྱི་སྟོབས་ནི་ལྗང་ལྷ་མའོ།། ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ།། ཏིང་ངེ་འཛིན་ཡོད་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ།། བརྩོན་འགྲུས ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མཁའ་འགྲོ་གདོང་མའོ།། དགེའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོ་སྒྱུར་མའོ།། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ།། ་ཆོས་རྣམ་པོར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོ་གོ་ཚོའོ།། བཏང་སྙོམས་ཡང་དགེ་བྱང་ཆུབ་ཀྱི་ཡན་ལྷག་ནི་ཤིན་ཏུ ་དཔའ་མོའོ།། ཡང་དག་པའི་ལྟ་བ་སྟོབས་ཆེན་མའོ།། ཡང་དག་པའི་རྟོག་པ་འཁོར་ལོ་སྒྱུར་བའོ།། ཡང་དག་པའི་ངག་བརྩོན་ཆེན་མའོ།། ཡང་དག་པའི་ལས་ཀྱི་མཐའ་བྱ་གདོང་མའོ།། ཡང་དག་པའི་འཚོ་བ ་འུག་གདོང་མའོ།། ཡང་དག་པའི་རྩོལ་བ་ཁྱི་གདོང་མའོ།། ཡང་དག་པའི་དྲན་པ་ཕྲག་གདོང་མའོ།། ཡང་དག་པའི་ཏིང་ངེ་འཛིན་དཔལྔ་ཧེ་རུ་ཀའོ།། དགེ་བའི་ཆོས་མ་སྐྱེས་མི་བསྐྱེད་པ་ཡ་མཱུ་དཱུ་དྷིའོ།། དགེ་བའི་ཆོས ་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་ཡཽ་མ་དུ་ཏཱིའོ།། མི་དག་པའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་ཡ་མ་དཥྚ་ནིའོ།། མིག་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ཡཽ་མ་མཱ་ཐཱི་ན་ཡིན་ནོ།། དེ་དག་བྱང་ཆུབ། ་ཧཱུ~ཾ་ཕྱོགས་ཀྱིས་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ལས་སུ་སོན་པའི་རྩ་ཐམས་ཅད་ལྷའི་ཁ་དོག་དང་ཕྱག་མཚན་དང་དབྱིབས་ལ་བརྟན་ཏེ་རྣམ་པོར་གནས་པའོ།། དཔྱིད་ཀྱི་ཐིག་ལེར་རྩའི་འཁོར་ལོ་དང་བཅས ་བོའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པར་བཤད་པ་རྒྱུས་པར་བསྟན་པ་སྟེ་བདུན་པའོ།། །། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་དཀྱིལ་འཁོར་དང་། སྦྱིན ་སྲེག་དང་། མཆོད་སྦྱིན་དང་། བཟླས་པ་དང་། བསྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་ཕྱི་རོལ་དང་། མཐུན་པར་ནང་གི་ངོ་བོས་ཡང་དག་པར་རབ་ཏུ་བཤད་པར་བྱའོ།། བྱང་ཆུབ་ཆེན་པོའི་ཕྱོགས་ཆོས་ནི།། སུམ ་ཅུ་རྩ་བདུན་གནས་མཚན་ཉིད།། ཧེ་རུ་ཀ་སོགས་ལྷ་རྣམས་ནི།། རྩ་ཡི་གཟུགས་སུ་ཡང་དག་གནས།། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི།། སྒོ་བཞི་ཇི་ལྟར་བརྗོད་པའོ།། རང་གི་ཡན་ལག་ལས་བྱུང ་བརྒྱད།། དགའ་བ་དེ་དག་འཛིན་ཅིང་གནས།། དངོས་པོ་ཀུན་གྱིས་ཀུན་ནཱས་ནི།། གྲུ་བཞི་རུ་ནི་རབ་ཏུ་བརྗོད།། སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས།། འཁོར་ལོ་གསུམ་གྱི་བདག་ཉིད་བརྗོད།། ་རི་བོ་མགོ་ཡི་ཟེའུ་འབྲུ་ལ།། བྷཻ་རཾ་བ་སོགས་རིམ་ཇི་ལྟར།། བླ་མའི་དུས་ཚིགས་རིམ་ཉིད་ཀྱིས།། དེ་ལ་དཀྱིལ་འཁོར་རྫོགས་པ་སྟེ།། རྐང་པའི་འོག་ཏུ་གནས་པའི་རླུང་།། བྷཻ་རཾ་བ་གཞུའི་རྣམ་པར ་གནས།། སུམ་མདོའི་ཕྱོགསུ་གནསཱ་པ་ནཱི།། གྲུ་གསུམ་འབྲར་བ་དེ་བཞིན་ནོ།། ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི།། ཆུ་ནི་ལྟོ་བ་རུ་ནི་གནས།། སྙིང་ག་རུ་ནི་ས་ཉིད་ནི།། ཀུན་ནས་གྲུ་བཞི་ཡིན་ནོ།། ་ཀེང?་རུས་དབྱུག་པའི་གཟུགས་ཅན་ནི།། རི་རབྱ་རི་རྒྱལ་དེ་བཞིན་དུ།། མགོ་དེའི་ཆ་ལི་ཡང་དག་གནས།། འདམ་སྐྱེས་འདབ་མ་སུམ་ཅུ་གཉིས།། དབྱིངས་དང་གསལ་བྱེད་ཡན་ལག་དྲུག། སུམ་ཅུ་རྩ ་གཉིས་བྱང་ཆུབ་སེམས།། པདྨའི་དབུས་སུ་སོན་པོ་གང་།། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བར།། མགོ་ཡི་ནང་དུ་ཀླད་པ་ནི།། གནས་པ་གང་ནི་དེ་ལ་བརྗོད།། དེའི་ནང་དུ་ཧིཾ་ཡིག་ནི།། ཐིག་ལེའི་གཟུགས ་ཏེ་མི་ཤིགས་པ།། འཇིག་རྟེན་ཀུན་གྱི་རྩ་བ་དེ།། བརྟན་དང་གཡོ་བའི་བདག་ཉིད་ནི།། གསལ་དང་མི་གསལ་གཟུགས་ཀྱིས་ནི།། དེ་ནི་ས་བོན་ངོ་བོར་གནས།། ལུས་ཅན་ཐམས་ཅད་རྣམས་ཀྱི་གཟུགས།། དེ ་ལས་དང་པོ་ནས་བསྐྱེད་པའོ།། བདུད་རྩིའི་གཟུགས་ཀྱིས་འཇོག་པ་ནཱཾ།། ཉིན་དང་མཚན་དུ་རྣམ་པར་གནས།། ཉིད་ཀྱིས་ནི་སྒྲུང་འབྱུད་ཅིང་།། མེ་ནཱི་དགའ་བར་བྱེད་པ་སྟེ།། དེའི་དཀྱིལ་འཁར་རྫོགས་པར ་ནི། འགྱུར་པ་ཉིད་དུ་ཐེ་ཚོམ་མེད།། དངོས་པོ་རྣམས་ཀྱི་སྙིང་པོ་མཆོག། དེ་ཉིད་སྙིང་ཁུང་ཞེས་བརྗོད་དོ།། དེ་ནི་འཛིན་ཅིང་ལེན་པ་སྱ་ནཱ།། ལུས་ཅན་དཀྱིལ་འཁོར་དུ་ནི་འདོད།། རྩ་ཆེན་སུམ་ཅུ་རྩ་བདུན་གྱི། ་འཁོར་ལོའི་དཀྱིལ་འཁོར་དུ་འདོད་དོ།། བྱང་ཆུབ་སེམས་མྱི་རིན་པོ་ཆེ།། སྙིང་པོ་དེ་ཉིད་ཀྱང་དཀྱིལ་འཁོར།། ཕྱི་རོལ་ནང་གི་ངོ་བོར་ནི།། སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས།། ཕྱི་རོལ་གཟུགས་དང་སྒྲ་ལ ་སོགས།། དབང་པོ་དྲུག་པོ་འཇུག་པའོ།། ནོང་གི་ཁུ་བ་ལ་སོགས་པ།། གྲུབ་པའི་རྫས་ནི་རྣམ་པར་གནས།། ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས།། རྡོ་རྗེ་ཅན་གྱི་བྱང་ཆུབ་སེམས།། སྦོམ་དང་ཕྲ་བའི་རང་བཞིན་གྱིས ་འགྲོ་བའི་གཉེན་གྱི་རང་བཞིན་ཅན།། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས།། དམ་ཚིག་དོན་ནི་སྐྱེས་པ་ཡིན།། སྐྱེ་བ་འདི་ལ་སངས་རྒྱས་ཉིད།། དཀྱིལ་འཁོར་འདི་ལས་ཐོབ་པར་འགྱུར།། ཉན་ཐོས ་རྣམས་དང་སངས་རྒྱས་དང་།། རང་རྒྱལ་རྣམས་དང་དེ་བཞིན་དེ།། ཚངས་ལ་སོགས་པའི་ལྷ་རྣམས་ནི།། དཀྱིལ་འཁོར་འདི་ལས་བསྐྱེད་པ་ཡིན།། ཤེས་རབ་མ་ནི་ཆེར་འབར་བ།། ནང་གི་ཁུ་བ་ལ་སོགས་དང་།། དེ་བཞིན ་ཕྱི་ཡི་གཟུགས་སོགས་པའི།། བསྲགཱ་རྫསྣ་རྣམས་ཀྱིས་སྦྱིན་སྲེག་བྱ།། སྐྱེ་མཆེད་དྲུག་དང་ཁམས་རྣམས་དང་།། ཕུང་པོ་རྣམས་ཀྱི་ཁྱད་པར་ལས།། དེ་རྣམས་ལྷ་ཡི་གཟུགས ་ཅན་ཏེ།། མཁའ་འགྲོ་མ་རྣམ་སོ་དེ་བཞིན་དུ།། དེ་རྣམས་དེར་ནི་མཆོད་པའི་ཕྱིར།། མཆོད་སྦྱིན་མཆོད་པར་ཡང་དག་བཤད།། སྤྱི་བོ་ཡང་ནི་ཐོད་པ་ཉིད།། བསྲེག་རྫ་སུ་སྣོད་དུ་བཤད་པ་སྟེ།། བླུག་གཟར་རོ་མ ་ཉིད་བཤད། སྙིང་གི་འཁོར་ལོ་རྐྱང་མའི་བདག། དཱི་ནི་དགང་གཟར་ཡང་དག་བརྗོད།། ཐབ་ཁྲོང་ལྟེ་བའི་དཀྱིལ་འཁོར་ནི།། ལས་ཀྱི་རླུང་གིས་བསྐྱེད་པའོ།། ཚངས་པའི་མོ་ནི་སུམ་མདོར་གནས།། སྒྲ་ནི་སྔགས་ཞེས ་རྗིད་པ་སྟེ།། བཟླས་པ་བསྐོར་བ་གྱུར་པ་ཡིན།། དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་གྱིས།། སོ་སོར་སྣང་བ་བསྒོམ་པ་ཡིན།། ལྷན་ཅིག་སྐྱེས་པའི་ངོ་བོ་འདི།། རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་སོགས། ་དཀྱིལ་འཁོར་བདག་པོའི་གཟུགས་ཀྱི་ནི།། སེམས་ཀྱི་རྒྱལ་པོ་སློབ་དབེན་གྱི།། དེ་ལ་སེམས་པ་ཇི་སྐད་གིསུངས།། ཐམས་ཅད་འདིར་ནི་རྟོགས་པར་བྱ།། དཔྱིད་ཀྱི་ཐིག་ལེར་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད ་བ་རང་བཟླས་པ་དང་། བསྒོམ་ལ་སོགས་པའི་ཆོ་གའི་བྱ་བ་གཏན་ལ་དབབ་པ་རྒྱས་པར་བསྟན་པ་སྟེ། བརྒྱད་པའོ།། །། དེ་ནས་དེ་བཞིན་གཤེགས་པའི་སྐུའི་གསང་སྔགས་ཐམས་ཅད་བཏུ ་བའི་འཁོར་ལོ་བརྗོད་པར་བྱའོ།། དཀྱིལ་འཁོར་གྲུ་གསུམ་ཉམས་དགའ་བར།། རྡོ་རྗེ་ཨ་ར་ལླི་ཞེས་གསུངས།། ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད།། བཙུན་མོའི་བྷ་ག་ཞེས་བྱ་སྟེ།། དེ་ཡཾ་ནང་སོན་པདྨ ་ནི།། འདབ་བརྒྱད་སྙིང་པོ་དང་བཅས་པ།། དེ་ལ་ཨཱ་ལྀ་ཀཱ་ལི་འདྲེས།། སྡེ་ཚན་བརྒྱད་པོ་རྣམ་པར་གནས།། སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་གྱིས།། ལས་ཀྱི་ཚོགས་ནི་བྱེད་པ་ཡིན།། ཡི་གེ་རྣམས་ནི ་ལྔ་བཅུ་ཉིད།། རིག་བྱེད་གཡོགས་པས་གང་དག་གནས།། སྔགས་རྣམས་ཉིད་དང་རྒྱུད་རྣམས་དང་།། ཕྱི་རོལ་ཚུལ་གྱིས་བསྟན་བཅོས་འདི།། དེ་དག་ཉིད་ཀྱི་རང་བཞིན་ཏེ།། འདི་ལས་གཞན་དུ་ཅུང་ཟད་མེད།། ་ཨེ་ཀ་ཙ་ཊ་ཏ་པ་ཡ་ཤ་སྡེ་དགའ་བ།། ལྔ་བཅུ་རྣམས་ནི་ཡང་དག་པར་ནི་བསྟེན་པ་སྟེ།། རྡོ་རྗེ་ཨ་ར་ལླིའི་པདྨར་གནས་པ་རྣམས།། འདབ་མ་བརྒྱད་པ་སོ་སོར་ཕྱོགས་དང་མཚམ་སུ་གནས།། དྭེ་ཡི་དབུས ་ཀྱི་ཟེ་འབྲུ་ལ།། དམ་པའི་དབང་ཕྱུག་ཡོད་པ་སྟེ།། སྡེ་ཚན་བརྒྱད་པོ་ཉིད་ཀྱིས་ཀྱང་།། ཡི་གེ་དམ་པར་བསྐོར་བའོ།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་སྟེ།། ལུས་ཅན་རྣམས་ཀྱི་སྔགས ་ཀུན་ནི།། དེ་ཉིད་ལས་ནི་བྱུང་བའོ།། གང་ཞིག་རལ་གྲི་དང་ནི་མིག་སྨན་རྐང་པ་བྱུག་པ་རི་ལུས་འོག་གནོད་སྦྱིན་མའོ།། འཇིག་རྟེན་གྱི་ཁོངསུ་གཏོགས་པའི་མདོ་རྒྱུད་རྟོགས་གནས་ལས་ཀྱི་རྗེས་འགྲོ་དངོས ་གྲུབ་དང་།། གང་ཞིག་ཐམས་ཅད་དུ་ནི་རྫུ་འཕྲུལ་ཆེ་བ་རང་གི་གནས་འདོད་དམ་པ་ལྔ་ལྡན་པ།། དེ་དག་སྡེ་ཚན་བརྒྱད་ཀྱི་ནང་སེན་དབྱངས་མཆོག་སྡེ་ཆེན་བདག་ཉིད་ནས་ནི་འབྱུང ་བར་བྱེད།། ངག་གི་རབ་འབྱམ་གང་གང་ཞིག། སྐྱེ་བོ་རྣམས་ཀྱིས་རྟོགས་བྱེད་པ།། དེ་དག་ཐམས་ཅད་སྔགས་ཀྱི་གཟུགས།། དེ་ཉིད་ལས་ནི་རབ་ཏུ་སྐྱེ།། སྒྲ་ནི་སྒྲ་ནི་སྔགསེ་ཞེས་སྨྲས་པ་སྟེ།། ལུས ་ཅན་རྣམས་ནི་ཐམས་ཅད་ཀྱི།། སྣ་ཚོགས་འདུན་པ་གནས་ཆེན་ལས།། ཆོས་ཀྱི་ར་ལི་རྣམ་པར་འབྱུང་།། དངོས་གྲུབ་དོན་དུ་རྣམ་གནས་པའོ།། སྡིགས་ནི་འགའ་ཡང་ངེས་པ་མེད།། མ་སྐྱེས་པའི་རང ་བཞིན་ནི།། སྔགས་ཀྱི་སྡེ་ཚན་དབང་ཕྱུག་མཆོག། དཔྱིད་ཀྱི་ཐིག་ལྡེར་སྔགས་བཏུ་བ་རྒྱས་པར་བསྟན་པ་སྟེ་དགུ་པའོ།། །། དེ་ནས་དྲི་བཞིན་གཤེགས་པ་གང་ཡང་རུང་བའོ་སྐུའི་ཆོས ་དང་ལོངས་སྤྱོད་རྫོགས་པ་དང་སྦྲུལ་པོའི་སྐུ་གསུམ་གྱི་གཟུགས་ཀྱི་བདེ་བ་ཆེན་པོའི་ཡོ་ཤེས་རབ་ཏུ་བཤད་པར་བྱའོ།། སྤྱི་བོ་ལྟེ་བར་གནས་འཁོར་ལོ།། ཨེ་ཡི་ཆུ་བྱད་ཡང་དག་གནས།། སྙིང་ཁ ་མགྲིན་པ་ལེགོས་གནས་པ།། བཽ་ཡིག་འདྲ་བར་འདོད་པའོ།། ལྟེ་བའི་ནང་གནས་པདྨ་ནི།། འདབ་མ་དྲུག་ཅུ་རྩ་བཞིར་གནས།། པདྨ་འདབ་མ་སུམ་ཅུ་གཉིས།། སྤྱི་བོའི་ནོང་དུ་རྣམ་པར་གནས།། མགྲིན་པ ་ནང་དུ་སྟོན་པ་ཡང་།། པདྨ་འདབ་མ་བཅུ་དྲུག་གོ། དེ་བཞིན་དུ་ནི་སྙིང་ཉིད་དུ།། པདྨ་འདབ་མ་བརྒྱད་དུ་བརྗོད།། འདབ་མ་དྲུག་ཅུ་རྩ་བཞི་འདི།། སྤྲུལ་པ་རུ་ནི་ཡོངས་སུ་གྲུགས།། པདྨ་ཆེན་པོ་འདབ་བརྒྱད་པར ་ཆོས་ཀྱི་སྐུ་ནི་རབ་ཏུ་གྲགས།། བཅུ་དྲུག་འདབ་མ་ལོངས་སྤྱོད་པའོ།། དེ་བཞིན་འདབ་མ་སུམ་ཅུ་གཽཉིས།། བདེ་ཆེན་ཡེ་ཤོས་ཆེན་པོ་རུ།། ཀུན་ནས་རྣམ་པར་གནས་པའོ།། སྦྲུལ་པོ་དེ་ལ་དབུས་ནཱི།། སྡེ་ཚན ་བརྒྱད་པོ་རྣམས་ཀྱིས་བསྐོར།། ཡིག་འབྲུ་རྣམས་ཀྱི་གཟུགས་མཆོག་ནཱི།། ཨ་ནི་ཡི་གེ་དམ་བྱ་ཡིནྡ།། ཆོས་ཀྱི་འཁོར་ལོ་དམ་པར་གྲགས།། ཧཱུཾ་ཡིག་གཞོམ་དུ་མེད་པར་འདོད།། དབྱངས་ཡ་གཱི་ལྔ་དང་ཡང ་དག་ལྡན།། ཡ་ར་ལ་ལྷས་རྣམ་པརླ་བརྒྱ་ན།། ལྗོངས་སྤྱོད་འཁོར་ལོའི་དབུས་གནས་པ།། ཨོཾ་ནི་ཡིག་འབྲུ་གསལ་བར་བྱེད།། ཆ་ནི་བཞི་པོ་རྣམས་ཀྱིས་ཀྱང་།། ཀུན་ནས་ཡོངས་སུ་བསྐོར་བ་ཡིན།། བདེ ་ཆེན་འཁོར་ལོ་ཆེན་པོ་ལཱ།། ཧཾ་ཡིག་ཐིགི་ལིའི་གཟུགས་ཅན་ནོ།། ཟླ་བ་ཉི་མར་རབ་གྲགས་པོའི།། ཡོན་དྲང་གནས་པའི་ངོས་སུ་ནི།། མགྲིན་པ་ནས་བརྩམས་གཡོན་པའི་རྩ།། ལོངས་སྤྱོད་རྫོགས ་པིའི་སྐུ་ཅན་མ།། ལྟེ་བའི་ངོས་སུ་ངལ་བསོ་ཞིང་།། འོག་ཏུ་ཁ་བལྟ་ཆང་འཆབ་མ།། ལྟེ་བ་ནས་ཏེ་རྩ་གང་ཞིག། དེ་བཞིན་སྟེང་པུ་ཁ་བལྟ་འབབ།། མགྲིན་པོའི་ནང་དུ་ངལ་བསོ་ཞིང་།། ཁ་བ་འབབ་པར་རབ་ཏུ ་གྲགས།། ཆང་ནི་ཟླ་བ་ཞེས་བཤད་དོ།། ཁྲག་ནི་ཉི་མ་ཞེས་བརྗོད་དོ།། སྒོ་གཉིས་ཡང་དག་གནས་པ་སྟེ།། འོག་དང་སྟེང་དུ་ཡང་དག་བརྟེན།། འདི་དག་ཟླ་བ་ཉི་མ་སྟེ།། རྩ་གཉིས ་གཉིས་སུ་ཡང་དག་འཇུག། དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི།། འགྲོ་དང་འོང་བ་རྣམས་ཀྱི་རྒྱུན།། ནུབ་པ་དང་ནི་འཆབ་པའི་དོན།། གཉིད་ལོགསད་པ་དག་ཏུ་གནས།། གཡོན་དང་གཡས་པའི་ངོས་སུ་ནི།། ་དབྱངས་ཡིག་བཅུ་གཉིས་ཡང་དག་གནས།། སྟེང་དུ་ཁ་བལྟས་ལེགས་པར་བཤང་།། ཡི་གི་ཨ་ལ་སོགས་པས་བསྐོར།། འོག་ཏུ་ཁ་བལྟས་ལེགས་གནས་པ།། ཀ་ལ་སོགས་པ་ངེས་པར་སྦྱར།། ཡི་གེ ་ཀྵ་དང་ཡང་དག་ལྡན།། འོག་གི་ཆར་ཡང་དཀྲིས་པའོ།། གང་ཚེ་མགྲིན་པར་འདོད་ཆེན་གྱི།། གཟུགས་ནི་ཟླ་བར་གནས་པ་ན།། སངས་རྒྱས་རྣམས་ནི་དམ་པའི་སྐུ།། དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད།། ་གང་ཚེ་རྡོ་རྗེའི་རྩར་གནས་པ།། དེ་རྩེ་དེ་ཡང་སྣ་རྩེ་རུའོ།། གང་ཚེ་ལོངས་སྤྱོད་རྫོགས་པའི་སྐུ།། ནུབ་པར་གྱུར་པ་དེ་ཡི་ཚེ།། བྷ་གའི་ནང་དུ་ཕྱིན་དེ་ཡང་།། ཡུངས་ཀར་ཙམ་དུ་རྣམ་བརྗོད་པ།། ཉི་མའི་གཟུགས ་སུ་ཡང་དག་བཤད།། སྤྲུལ་པའི་སྐུར་ནི་བརྗོད་པ་སྟེ།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། དེ་ཡིས་བསྐྱེད་ཅིང་འཕྲོ་བའོ།། པདྨ་གར་གྱི་དབང་དུ་ཕྱུག་རྒྱལ།། པདྨ་འབྱེད་པའི་འབྱོར་པ་ཅན།། སྦྲུལ ་བ་ཡིས་ནི་སྐུ་ཡི་གཟུགས།། ཉི་མ་དེར་ནི་ནུབ་པ་གང་།། དེ་ཡི་རྫོགས་སངས་སེམས་ཞེས་བྱ།། གོང་བུར་གྱུར་པས་རྙོག་པ་མེད།། འཁོར་བའི་ལམ་དུ་རྣམ་གཅོད་ཅིང་།། སྤྲོས་པ་ཉེར་ཞི་ཞི་བ་སྟེ།། གཉིས ་མེད་མཆོག་ཏུ་དགའ་བའོ།། རྡོ་རྗེ་སེམས་དཔའི་རང་བཞིན་ཉིད།། ཧེ་རུ་ཀ་དཔལ་ཞེས་བཤད་དེ།། རྒྱུད་ནི་ཡོན་ཏན་རང་བཞིན་ཉིད།། བགང་དང་བལྟས་དང་ལག་བཅངས་ཀྱིས།། རྒྱུ་གསུམ་དུ་ནི་རྣམ་པར ་གནས།། འདོད་ཆགས་ཉིད་དང་བྲལ་བ་དག། སྤངས་ནས་ཡོན་ཏན་གནས་པའོ།། རྩ་ནི་ཐམས་ཅད་མཉམ་སྦྱོར་བ།། མཁའ་འགྲོ་མ་ཡི་དྲ་བ་སྡོམ།། གསང་བ་ཞེས་བྱ་ས་ཡི་ཁམས།། མཆོག་ནི་དེ་བཞིན་ཆུ ་ཡིན།། དགྱེས་པ་ལ་ནི་མེ་རུ་བཤད།། རླུང་ནི་ཐམས་ཅད་བདག་ཉིད་གནས།། རྟག་ཏུ་བཞུགས་པ་ཞེས་བརྗོད་པ།། སངས་རྒྱས་ཀུན་བདག་སྡོམ་པའོ།། ཡང་ན་མོ་ལོང་ལྟ་བུའི་ཚུལ།། དེ་བཞིན་དུ་ཡང་མཉམ ་བ་ཉིད།། སོ་སོར་རྟོག་པ་ཤེས་པ་དང་།། དེ་བཞིན་བྱ་བ་ནན་ཏན་དང་།། རྟག་ཏུ་བཞུགས་པ་འདི་རབ་བསྲུངས།། ཤིན་ཏུ་རྣམ་དག་རང་བཞིན་ནོ།། ཡང་ན་རྣམ་སྣང་མཛོད་ཉིད་དང་།། དེ་བཞིན་རིན་ཆེར ་འབྱུང་བ་དང་།། ཡང་ན་འོང་དཔག་མེད་པ་དང་།། ཡོད་ན་དོན་ཡོད་རྟག་བཞུགས་ཏེ།། གོང་བུ་བདུད་རྩི་ལྔ་དངོས་ནི།། ཐེག་ལེའི་གཟུགས་ཏེ་ཡི་རང་བཞིན། ཤི་ནི་ཏུ་རྣམ་དག་ཡེ་ཤེས་ཏེ།། ལྷ་མོ་ཀུན ་གྱི་རང་བཞིན་ཉིད།། རྡོ་རྗེ་སེམས་དཔའ་ཞེས་བཤད་ཅིང་།། བདེ་བ་མཆོག་ཅེས་བརྗོད་པ་ཡིན།། རང་འབྱུང་གི་ནི་ངོ་བོ་ཉིད།། ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས།། འདི་ཡེ་ཤེས ་རབ་ལྷན་ཅིག་སྐྱེས།། དེར་བརྟེན་གཟུགས་འཆང་མི་གནས་པ།། ལས་ཀྱི་རླུང་གིས་སྦར་བ་ཡིས།། ལྟེ་བའི་དཀྱིལ་འཁོར་དུ་ནི་འབར།། དེ་ལ་ཕག་མོར་རྣམ་པར་བཤད།། དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད།། སྐུ ་ཡི་རྩེ་མོ་བརྒྱ་དོ་སྟོང་ཆེ།། གློག་འགྱུར་དང་མཚུངས་པའི་འོད།། ལྷའི་རྣ་ལ་འབྱོར་དུས་སུ་ནི།། བ་སྤུའི་ཁུང་བུའི་རྩེ་མཚུངས་ནས།། ཕྱུང་སྟེ་ཕྱོགས་རྣམས་ཐམས་ཅད་དུ།། ལྷ་དང་ལྷ་མིན་སྔོག་མཛུབ ་བྱེད།། སྙིང་གི་ཆོས་ཀྱི་འཁོར་ལོ་དང་།། ལོངས་སྤྱོད་འཁོར་ལོ་བསྲེགས་ནས་ནི།། སྣེའི་བུ་ག་གཡས་པ་ནས།། ཀུན་ནས་ངེས་པར་གྱུར་ནས་ནི།། མཛོད་སྥུ་རུ་ནི་གནས་པ་ཡཾ།། བུ་ག་ནས་ནཱི་ཕྱོགས་བཅུ་ཡི།། ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།། ཤངས་ཀྱི་བུ་ག་གཡོན་པ་ནས།། སྤྱི་བོར་ཞུགས་ནས་འཁོར་ལོ་ནི།། ཡང་དག་བསྲེགས་ནས་རྣམས་བྱུང་སྟེ།། སྔོན་སྒྲས་ཉིད་ཀྱི་བུ་ག་ནས།། སྤྱི་བོ་ནས་ནི་ཡང ་ཞུགས་པས།། སངས་རྒྱས་རྣམས་ནི་བསྲེགས་པ་ལས།། སླར་ཡང་དགའ་བ་བསྐྱེད་བྱ་སྟེ།། ལྟེ་བའི་དཀྱིལ་འཁོར་དུ་འོངས་ནས།། སྔོན་བཞིན་དུ་ནི་གནས་པར་གྱུར།། དཔྱིད་ཀྱི་ཐིག་ལེར་ཆོས་དང་ལོང་སློང་དང ་སྤྲུལ་པ་དང་སྐུ་གསུམ་མཚོན་པ་སྔོན་དུ་འགྲོ་བ་དཔལ་ཧེ་རུ་ཀ་ནི།། དཔྱིད་ཀྱི་རྡོ་རྗེ་ཕགྣ་མོ་ཐིག་ལེརུ་བརྗོད་པ་དང་། འགྲོ་བ་དང་འོད་བ་དང་རྒྱུ་དང་སྔགས་དང་ཡེ་ཤེས་དང་གསང་བའི་རིམ་པ་དང་། སྤྲུལ་པ་དང་ལོངས ་སྤྱོད་རྫོགས་པ་དང་ཆོས་དང་བདེ་བ་ཆེན་པོའི་འཁོར་ལོ་པདྨ་བཞི་པོ་དང་།། དབྱངས་ཡི་གེ་བཅུ་གཉིས་དང་།། ཡི་གེ་སུམ་ཅུ་རྩ་བཞིའི་རང་བཞིན་དུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྒྱས་པར ་པར་བསྟན་པ་བཅུ་པའོ།། །། གང་ཞིག་རལ་གྲི་དང་ནི་མིག་སྨན་རྐང་པ་བྱུག་པ་རི་ལུ་ས་འོག་གནོད་སྦྱིན་མོ།། འཇིག་རྟེན་གསུམ་གྱི་ཁོངས་ན་སྤྱོད་པའི་མདོ་རྒྱུད་རྟོགས་གནས་ལས་ཀྱིས་རྗེས ་འགྲོ་དངོས་གྲུབ་རྣམས།། གང་ཞིག་ཐམས་ཅད་དུ་ནི་རྫུ་འཕྲུལ་ཆེ་བཱ་རང་གནས་འདོད་པ་མ་དམ་པ་ལྔ་ལྡན་པ།། དེ་དག་ཐམས་ཅད་དཔྱིད་ཀྱི་ཐིག་ལེའི་རྣལ་འབྱོར་མཐུ་སྟོབས་ལས་ནི་བྱུང་བར་བསྟན།། སྤྱོད ་པའི་བརྟུལ་ཞུགས་པ་དཔལ་ནག་པོ་པཱ་ཞེས་བརྗོད་པས།། བླ་མའི་མན་ངག་བཤེས་ནས་རྗེ་བཙུན་དཔལ་ཧེ་རུ་ཀའི་བཀའ་ཡང་མིག་ལྀ་དུ་གྱུར་པ་རྟོགས་ཏཱཾ།། དཔལ་འཁོར་ལོ་སྦོམ་པའི་མན་ངག་ལས་ཕྱི་རོལ ་དང་མཐུན་པ་ནང་གི་ཚུལ་ལས་རང་བཞིན་བསམ་གཏན་གྱིས་གསལ་བར་བྱ་སྟེ་བློ་གྲོས་དམན་པས་གོ་བར་བྱ་བའི་ཕྱིར།། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་མཚོན་པ་སྟེ། རྡོ་རྗེ་ཕག་མོ་དང་དཔྱིད་དཔལ་ཏེ ་རུ་ཀའི་བཀའ་ལུང་གིས་བསྟན་པ་ལུས་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་དེ་བརྗོད་པའི་གཞུང་རྫོགས་སྷོ།། ། མཁས་པ་དམ་པ ་བྷྱོ་གྲོས་བཟང་།། གྲགས་པའི་ཞལ་སྔ་ནས་དང་ནི།། སྒྲ་བསྒྱུར་མར་པོ་ཡིད་གཞུངས་བློ།། ཆོས་ཀྱི་དབང་ཕྱུག་ཅེས་བྱས་བྲིསྒྱུར།། རྒྱུད་རྒྱལ་བང་མཆོག་སྒྲུབ་ཐབས་ཀྱི།། གཙུག་གི ་ནོར་བུ་བ་དནྟ།། ཟས་གཙང་སྲས་པོའི་རིགས་བྱུང་ལ།། གྲགསམཆོག་ཤེས་རབ་ཅེས་བྱ་ཡི།། སྦྱིན་བྱའི་ཆོས་ཡིན་དེ་དགྱེས་ན།། འགྲོ་ཀུན་རབ་རིབ་སད་པར་རི་ཤོག། མྱ་ངན་གྱིས་གདུངས ་རིམས་བཏབ་འཁྲུལ་པ་ཡུལ་ལ་མངོན་ཕྱོགས་རྣམ་པརརྱ་ཉམ་ང་གནས།། བསྒོམ་པ་མེད་ཙཱི་སྲུང་མ་མེད་དང་ཕྲ་མ་ཞུགས་དང་སྒྲུབ་པ་མེད་པ་ཡི།། རྒྱལ་པོ་ལ་ནི་ཡུལ་དུ་ཤེས་པ་ཇི་ལྟར་རང ་དོན་བརྗོད་པ་མི་འདི་སེམས་ཀྱི་རྒྱལ་པོ་མི་ཁོམ་བརྒྱད་དང་འབྲལ་པོ་ཚུལ་ནི་འདི་ཉིད་།། སམམ ་