| Wylie | e-texts produced with BDRC’s OCR application |
ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི་སྒྲུབ་ཐབས་བཞུག་སོ།། ་རྒྱ་གར་སྐད་དུ། ཥ་ཌ་ཨཀྵ་ར་ཏཱནྟ་ཀྲ་མ་མཎྜ་ལ་ཙ་ཀྲ་ཨུ་པཱ་དེ་ཤཱ་སཱ་དྷ་ནཾ། བོད་སྐད་དུ། ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི་སྒྲུབ་པའི་ཐབས། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཞི ་དབང་ཕྱུག་ལ་ཕྱག་འཚལ་ལོ།། རེ་ཤིག་དང་པོར་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ཞུགས་ནས། ཐལ་མོ་སྦྱར་ལོ་སྤྱི་བོར་གཞག་ནས་ཤར་ཕྱོགས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཱཾ་ཀཱ་རོ་མི་ཞེས་ཕྱག་བྱའོ།། དེ་བཞིན་དུ་ལྷོ་ཕྱོགས་ནས། ་ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་བནྡྷ་ནཾ་ཀཱ་རོ་མི། ཞེས་བྱ་བ་དང་། དེ་བཞིན་དུ་ནུབ་ཕྱོག། སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བནྡ་ནཾ་ཀཱ་རོ་མི། ཞེས་བྱ་བ་དང་། དེ་བཞིན་དུ་བྱང་ཕྱོགས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་བནྡ་ནཾ་ཀཱ་རོ་མེ། ཞེས་བྱ་བས་ཕྱག་བཞི་བྱས་ལ། གཡས་པའི་ཁུ་ཚུར ་སྤྱི་བོར་གཞག་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་བྷ་བ་ཡ་སྭཱ་ཧཱ། ཞེས་བྱ་བས་ལུས་དང་ངག་དང་སེམས་བྱིན་གྱིས་བརླབ་པར་བྱའོ།། ཁུ་ཚུར་དེ་ཉིད་ཀྱི་སྭཱ་ཁཾ་ལོ། ཨོཾ་པདྨོདྦྷདྷཱ་པཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ངག་བྱིན་གྱིས་བརླབ་པར་བྱའོ།། གཡོན་པའི་ཁུ་ཚུར་སྙིང་གར ་གོར་གཞག་ནས། ཨོཾ་བཛྲོདྦྷ་བཱ་ཡ་སྭཱ་ཧཱ། ཞེས་བྱ་བས་སེམས་བྱིན་གྱིས་བརླབ་པར་བྱའོ།། དེའི་རྗེས་ལ་ཆོ་ག་འདིས་བགེགས་བསོལ་བར་བྱ་སྟེ། ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་སརྦ་བ~ཾགྷྣ་ད་ཧ་ད་ཧཱུཾ། སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་ལ་ཐལོ་མོ་སྦྱར་ནས། མཐེ་བོ་བར་དུ་གཞག ་པ་དེ་ལ་བཛྲ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་འབར་བའི་རྣམ་པར་བཀོད་ལཾ། ཐལ་མོ་དེ་ལས་ཕྱོགས་བཅུར་འགྱུར་བའི་རྡོ་རྗེ་འཕྲོ་བར་བསམས་ནས། ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་སརྦ་བྷིགྷྣཱཾ་ད་ཧ་ད་ཧ། སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བྱ་བ་འདི་ལན་བདུན་བརྗོད་ལ་ཐལ་མོ་ལན ་གསུམ་བརྡབས་ནས་སེ་གོལ་ཡང་ལན་གསུམ་བརྡབ་པར་བྱའོ།། དེའི་རྗེས་ལ་སྔར་བཤད་པའི་འབར་བའི་རྡོ་རྗེ་དྲ་བས་བགེགས་ཐམས་ཅད་བསལ་བར་བྱའོ།། དེའི་རྗེས་ལ་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་རེ་ཕ་ལས་མེ ་འབར་བའི་རྣམ་པ་བསམས་ལ། རྡོ་རྗེའི་ཕྱག་རྒྱ་བཅིངས་ནས། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། ཨོཾ་པདྨ་ས་ཏ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་སཏྭཱ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷཱ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མཾ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་པདྨ་མཱ་མེ་མུཉྩ་པདྨ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་ལན་བདུན་བརྗོད་དོ།། སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་པ་བདུད་རྩིབ་བདག་ཉིད་ལ་ཡི་གེ་ཨོཾ་གྱོས་བརླབས་ལ་བསྒོམ ་པར་བྱའོ།། སྔགས་བརྗོད་པའི་རྗེས་ཉིད་ལ་སྙིང་གའི་གནས་སུ་རེ་ཕ་ལས་མེ་སྥ་རྀ་ལ་ལུས་ཐམས་ཅད་བསྲེགས་ལ་ཡང་སྤྱི་བོའི་ཟླ་བའི་བདུད་རྩི་འབབ་པར་བསམ་མོ།། དེའི་རྗེས་ལ་རྡོ་རྗེ་ཐལ་མོ་བཅིངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛེ་པསྠ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡ ་མི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཤ་མ་ས་ཏ་སརྦ་སཏ་ནཾ་སརྦ་སིདྡྷ་ཡ་སཾ་པརྱནྟཾ། སརྦ་ཏ་ཐཱ་ག་པརྠ་ཨཱ་དྷི་ཏིཥྛ་ཏཾ། ཞེས་བྱ་བ་འདི་ཉིད་ལན་གསུམ་བརྗོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་ཡོངས་གང་བར་ལྷག་པར ་མོས་ལ་དེ་རྣམས་ཡིད་ཀྱིས་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པར་བྱའོ།། ཨོཾ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་བསོད་ནམས་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང་། ཞེས་བྱ ་བས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱའོ་ངའི་རྗེས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤདྡྷོ་ཧ~ཾ། ཞེས་བརྗོད་ལ། བྱང་ཆུབ་ཀྱི་སེམས་ཙམ་ལ་ལྷག་པར་གནས་པ་སེམས་ཀྱིས ་མཐོང་ནས། ཨོཾ་དྷརྨ་དྷཱ་ཏུ་སྭབྷ་བ་ཨཱཏྨ་ཀོ་ཧཾ། ཞེས་མངོན་པར་བརྗོད་ནས། བྱང་ཆུབ་ཀྱི་སེམས་དེ་ཡི་གེ་པཾ་གྱི་རྣམ་པར་ཡོངས་སུ་གྱུར་པར་མ་ཐོང་ནས། དེ་ལས་སྣ་ཚོགས་པད་མ་ཆེན་པོར་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་ཨ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང ་དུ་ཡང་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བྷྲཱུཾ་དཀར་པོ། དེ་ལས་མཆོད་རྟེན་དཀར་པོ། དེ་ལས་ཡང་། རྣམ་པ་གསུམ་དུ་སྤྲོས་པ་ཉིད་ཀྱིས་བུམ་པ་དང་། ཁ་ཁྱེར་ཐམས་ཅད་ཀྱི་སྟེང་དུ་ཡང་ཡི་གེ་ཧཱུ~ཾ་བསམས་ལ། བུམ་པ་དེའི་ནང་དུ་ཡང་ཨ་ལས ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཡང་། ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་ལ་ཡི་གེ་དྲུག་ལས་འདབ་མ་བརྒྱད་པའི་པདྨ་དམར་པོ། མཚམས་ཀྱི་འདབ་མ་དང་བཅུ་གཉིས་པ། དེའི་སྟེང་དུ་ཡི་གེ་ཧྲཱིཿལས་འདབ་མ་དྲུག་པའི་པདྨ་དཀ་རཾ་པོ། དེའི ་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བྱ་བ་ཡི་གེ་དྲུག་པ་གོང་ནས་གོང་དུ་ནང་དུ་ཞུགས་པར་རྣམ་པར་བསྒོམ་ལ། དེ་གྱུར་པ་ལས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་འཕགས་པ་སྤྱན་རས་གཟིགས་དང ་ཕྱུག་ཞལ་གཅིག་པ་ཕྱག་དྲུག་པ་སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན་བསྒོམ་མོ། བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་དང་པོ་ནི་པ་དན་གསུམ་པའི་ཕྱག་རྒྱ་དེའི་རྩེ་མོ་ལ་ཆུང་ཟད་དབུ་འདུད་པའོ།། གཉིས་པ་ལ་ཕྲེང་བ། གསུམ་པའི་ཕག་སྐྱབས་སྦྱིན ་ལ་རིན་པོ་ཆེ་ཟུར་དྲུག་པ་བསྣམས་པའོ།། ཕྱག་གཡོན་གྱི་དང་པོས་པདྨའི་སྟེང་དུ་རིན་པོ་ཆེ་ནུར་དྲུག་པ་གནས་པ་ལ་པདྨ་འདབ་མ་དྲུག་པའོ།། གཉིས་པ་ལ་དབྱུག་པ། གསུམ་པ་ལ་རིལ་བ་སྤྱི་བླུགས་བསྣམས་པའོ།། དེའི ་གཡོན་གྱི་པདྨ་ལ་བཅོམ་ལྡན་འདས་པདྨ་སྒྲོལ་མ་ཨོཾ་པདྨ་ཏི་རི་ཧཱུཾ་ཞེས་བྱ་བ་འདིས་དེའི་རྣམ་པར་བསམ་མོ།། ཁྱང་པར་ནི་པདྨ་དོར་ལ་ཨུཏྤ་ལའི་སྟོང་དུ་རིན་པོ་ཆེ་ཟུར་དུག་པའི་སྟེང་དུ་པདྨ་འདབ་མ་དྲུག་པ་བསྣམས་པའོ།། ཤར་དུ་ཨོཾ་བཛྲ་པདྨ་ཧཱུཾ། ལྷོར ་ཨོཾ་རཏྣ་པདྨ་ཧཱུཾ། ནུབ་ཏུ་ཨོཾ་མུ་ནེ་པདྨ་ཧཱུཾ། བྱང་དུ་ཨོཾ་ཀརྨ་བཛྲཱི་ཧཱུ~ཾ། ཞེས་བྱ་བའི་སྔགས་ཀྱི་རིམ་པ་འདིས། རྡོ་རྗེ་པདྨ་དང་། རིན་ཆེན་པདྨ་དང་། ཐུབ་པའི་པདྨ་དང་། ལས་ཀྱི་པདྨ་རྣམས་བཅོམ་ལྡན་འདས་ཉིད་ཀྱི་རྣམ་པར་བལྟའོ།། ཁྱད་པར་ནི ་པདྨའི་སྟེང་དུ་རིན་པོ་ཆེ་ཟུར་དྲུག་པའི་སྟེང་དུ་རྡོ་རྗེ་དང་། རིན་པོ་ཆེ་དང་། འཁོར་ལོ་དང་། སྣ་ཚོགས་རྡོ་རྗེའོ།། མེའི་ཕྱོགས་སུ་ཨོཾ་བཛྲ་ཏཱ་རེ་ཧཱུཾ། བདེན་བྲལ་གྱི་ཕྱོགས་སུ་ཨོཾ་རཏྣ་ཏཱ་ར་ཧཱུ~ཾ། རླུང་གི་ཕྱོགས་སུ་ཨོཾ་མུ་ནེ་ཏཱ་རེ་ཧཱུཾ། དབང་ལྡན་དུ་ཨོཾ་ཀརྨ་ཏཱ་ར ་ཧཱུཾ། ཞེས་བྱ་བའི་སྔགས་འདིས་པོ། རིམས་བཞིན་དུ་བཅོམ་ལྡན་འདས་ཉིད་ཀྱི་རྣམ་པར་རྡོ་རྗེ་སྒྲོལ་མ་དང་། རིན་ཆེན་སྒྲོལ་ལ་མ་ཤིན་ཀྱི་སྒྲོལ་མི་དག་བཅོམ་ལྡན་འདས་ལེ་མངོན་དུ་བལྟས་པའོ།། ཁྱད་པར་ནི་ཨུཏྤ་ལའི་སྟེང་བཞིན་དུ། རིན་པོ ་ཚི་བུར་དྲུག་པའི་གནས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། འཁོར་ལོ་དང་། སྣ་ཚོགས་རྡོ་རྗེའོ།། བརྒྱད་པོ་འདི་དག་སེམས་དཔའི་སྐྱིལ་ཀྲུང་གིས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ།། ཕྱོགས་མཚམོས་ཀྱི་འདབ་མོ་ལི་ཤརི་ཕྱོགས་སུ་ཨོཾ་མི ་མཱནྟ་ཀ་ཧཱུཾ། ལྷོ་རུ་ཨོཾ་པྲཛྙཱནྟ་ཀཱ་ཧཱུཾ། ནུབ་ཏུ་ཨོཾ་པདྨནཱ་ཀ་ཧཱུཾ། བྱང་དུ་ཨོཾ་བིགྷྣཱནྟ་ཀ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་བཅོམ་ལྡན་འདས་ཉིད་ཀྱི་ངོ་བོར་ཁྲོ་བོ་བཞི་བལྟ་བར་བྱའོ།། ཁྱད་པར་ནི་གཡས་བརྐྱང་བ། མིའུ་ཐུང་གི་རྣམ་པ་ལ་ཞལ་རྣམ་པར་འགྱུར་བ། ་སྣ་གང་ཉག་པ་སྨིན་མ་སེར་སྐྱ་ཉི་མའི་དཀྱིལ་འཁོ་རཾ་ལ་བཞིགས་པ། ཧཱུ~ཾའོདའི་བར་བའི་དབུས་སུ་གནས་པར་བསྒོམ་མོ།། ཐམས་ཅད་ཀྱི་གཡོན་པའི་རྩ་བའི་ཕྱག་དག་ནི་སྡིགས་མཛུབ་མཛད་པའོ།། གཡས་པའི་ཕྱག་དག་ལ་ཐོ་བའོ།། གཉིས ་གཉིས་པ་ལ་རལ་གྲི། གསུམ་པ་ལ་ཞགས་པའོ།། ལྷག་མའི་ཕྱག་གཉིས་ལ་པདྨ་དང་། སྣ་ཚོགས་རྡོ་རྗེའོ།། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ལ་སྙིང་གར་པི་ལས་པང་མ་དཀར་པོ། དེའི་སྟེང་དུ་ཨ་ལྀས་ཟླ་བའི་དཀྱིལ་འཁོར ་དེའི་སྟེང་དུ་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་སྔ་མ་བཞིན་དུ་ཡི་གེ་རྣམས་བསམས་ལ། དེ་ལས་འོད་ཟེར་སྤྲོས་ནས་སེམས་ཅན་ཐམས་ཅད་ཡང་དག་པར་སྦྱངས་ནས། བཅོམ་ལྡན་འདས་ཀྱི་ངོ་བོར་བསྒྲུབས་ནས། ཡང་བསྡུས་ཏེ་དེ་ཉིད ་དུ་བཞུགས་སོ།། ངའི་རྗེས་ལ་སྔགས་ཁ་ནས་བྱུང་ནས་རྡོ་རྗེའི་ལམ་ནས་རྗེས་སུ་ཞུགས་ནས་མུ་ཏིག་གི་ཕྲེང་བ་ལྟར་བསམས་ནས་བཟླས་པ་བྱའོ།། བཟླས་པ་བྱས་ནས་སྙིང་གའི་སྔགས་ལསཾ་ཅིག་ཅར་དཀྱིལ་འཁོར་གྱི་གཁོར ་ལོ་ཕྱི་རོལ་ཏུ་སྤྲོས་ནས་མཆོད་པར་བྱའོ།། འདི་དག་གི་སྔགས་ནི། ཨོཾ་སརྦ་ཏེ་ཐཱ་ག་ཏ་ཨརྒྷཾ་པུ་ཛ་མེ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨརྒའི་སྔགས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ་མཆོག་གི་སྔགས་ས།། ཨོཾསརྦྦ་ཏྐཱ་ཐཱ་ག་རཏྣ་བྷཱུ་སེ་སྨྲས་སྱཱདྷཱ་ད་\ུ0f7fས་མམྦྷ་ཧཱུཾ། མངསའི་སྔགས་སོ།། ཨོཾ་སརྦ་ཏྭ་ཐཱ་ག་ཏུ་གརྦྷ་བྷཱུ་མེ་བྷཱསྟཱ་མཱ་དྲཱ་མྦྷ་པྣ་གྲཱ་དྦྷཛྫ། བྷྱ་སྔགས་སོ།། སྨོང ་ཏ་ཐཱ་ག་ཏ་རཱ་ས། ཨེ་གྲོ་བི་ཏཾ་ན་ཨ་ཧ་རི་ནཱ་སན་ཏ་ར་པ་ས་མེ་པཱུ་ཛ་མེ་བྷི་ས་མུ་དྲྀ་སྥོ་ར་ཎ་ས་མ་ཡོ་ཧཱུ~ཾ། ལྦུབ་ཤོསས་སྔགས་སོ།། ་དེ་ལྟར་མཆོད་པ་བྱས་ནི་སི། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་སྔགས་ཀྱི་མི ་ལ་གཞུག་བྱེར་བྱའོ།། ངོའི་རྗེས་ལ་བསྟོད་པ་ད་། སྨོན་ལམ་ཡང་བཏབ་ནས། སྱཱངས་རང་ཧཱུ~ཾ་མྦྷ་ཧཱུ~ཾ་རྒྱལ་གྱི་སྟེ་གནས་པར་བྱའོ།། ཨོཾ་གི་དྲོ་ག་པའི་རླུང་ཀྱི་རིམ་པའི་དཀྱིལ་འཁོར་གྱི་བསྟོན་པའི་སྒྲུབ ་