| Wylie | e-texts produced with BDRC’s OCR application |
སིདྡྷ་ཀུ་རུ་ཡེ་སྭཱ་ཧཱ།། བསྲེག་རྫས་ཐམས་ཅད་ཀྱི་མགོ་འམ་མཇུག་དུ་དགང་བླུགས་དབུལ་བའོ།། གཞན་ཡང་མཆོད་པ་ཐམས་ཅད་ཀྱང་།། ཅི་རིགས་མཁས་པས་ཤེས་བྱས་ཏེ།། དགང་དང་བླུག་པའི་ཕྱག་རྒྱ་ཡིས།། མཉེས་བྱས་ཁྲུས་དང་བཅས ་པས་མཆོད།། མཐར་བཟོད་པར་གསོལ་བ་དངོས་གྲུབ་བླངས་ལ་གཤེགས་སུ་གསོལ་ནས་བདེ་བ་ལ་རེག་པར་གནས་པར་བྱའོ།། སྦྱིན་སྲེག་གི་ཆོ་ག་རྫོག་སོ།། ། ཐུགས་རྗེ་ཆེན་པོ་བཀྲ་ཤིས་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ།། དེ་ནས་ཀུན་ཏུ་སྣང་བ ་བཀྲ་ཤིས་བྱེད་ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ།། སློབ་དཔོན་གང་ཞིག་གདུལ་བྱའི་དོན་མཐོང་བས་བློ་རབ་ཏུ་ཕྱོགས་ཏེ། བསིལ་ཁང་གི་རྔ་ཡབ་ལྟ་བུར་གཞན་གྱི་དབང་གིས་གཡོ་ཞིང་མི་བརྟན་པ་ཐོབ་པ་ནི། དེས་བདག་ལ་དད་ཅིང་ལྟོས་པ་པོར ་བ་རྣམས་ཀྱི་དོན་དུ་འཕགས་པ་ཟླ་བའི་ཁ་དོག་ཅན་ཡིད་ལོ་བྱས་ལ།། དཀར་པོའི་ཚེས་བརྒྱད་དང་བཅུ་དང་བཅོ་ལྔ་ལ་ཇི་སྙེད་འབྱོར་པའི་ཡོ་བྱད་དང་ལྡན་པས་ཡིད་དང་མཐུན་པའི་གནས་བྱིན་གྱིས་བརླབས་པར་བྱའོ།། བཀྲ་ཤིས་བཟང་དང་བཀྲ་ཤཱིས་ནོར་འབྲུ་སྨན།། ་བཀྲ་ཤིས་མཆོད་རྫས་དང་ནི་བཀྲ་ཤིས་རྒྱན།། དཔལ་ལྡན་བཀྲ་ཤིས་དཀྱིལ་འཁོར་ཆེར་བྲིས་ལ།། བཀྲ་ཤིས་རྒྱལ་པོ་སྤྱན་རས་གཟིགས་དབང་དགུག། གང་དག་གང་གིས་ཕྱིར་དང་གང་དུ་ཇི་ལྟར་བྱ་བའི་རང་བཞིན་ཐམས་ཅད་ལ་བཀྲ་ཤིས་ཅེས་སྦྱར་རོ།། ་ཤྲཱིས་པ་བརྗོད་པའི་དབྱངས་དང་སེམས་དང་རྗེས་མཐུན་པའི་རོལ་མོ་དང་གླུས་མཆོད་དོ།། མེ་ཏོག་དཀར་དམད་ཙན་དན་དཀར་དམར་དང་ནི་རྒྱན་དང་དྲིའི་ཁྱད་པར་ངེས་པའོ།། ཡོ་བྱད་གློ་བུར་བ་དང་གསེར་དུ་སྐྱེས་པ་མཐའ་དག་ལ་རྒྱལ་བར་གྱུར་པའི་ཆོག་སྔོན ་སོང་བས་སོ།། སྦྱིན་བདག་གམ་སློབ་མའི་ལུས་བཀྲུས་ལ་བཀྲ་ཤིས་ཀུན་ཏུ་སྣང་བའི་རྒྱས་གདབ་བོ།། དགེ་བའི་དཀྱིལ་འཁོར་ཟླུམ་པོ་དཀར།། ཀུན་ཏུ་འོད་མཛད་ཐུགས་རྗེ་ཆེ།། བཀྲ་ཤིས་བརྒྱད་ལྡན་པདྨོ་འཛིན།། ས་གནོན་ཏིང་འཛིན་མཆོག་གིས་བརྗིད།། དེ་ནས ་ཁོར་ལོའི་རྩིབས་བརྒྱད་ལ་གདུགས་ལ་སོགས་པ་བརྒྱད་དོ།། མུ་ཁྱུད་ལི་གྲུབ་པ་ཉི་ཤུའོ།། སྟེང་ནས་བཀྲ་ཤིས་ཀྱིས་རྫས་སྣ་ཚོགས་པོའི་ཆར་འབེབས་པའི་ལྷའི་སྐུ་བརྒྱ་སྟོང་ཕྲག་མང་པོའོ།། མཆོད་པའི་སྤྲིན་རུམ་ལས་འབྲུག་སྒྲ་དལ་བུས་སྒྲོགས་པ་དང ་གློག་འབྱིན་པ་ཡང་དགོད་པར་བྱའོ།། འོག་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པས་བུམ་པ་ནོར་བུས་གང་བ་འབུལ་བའི་ཚུལ་ལོ།། རྡོ་རྗེ་སློབ་དཔོན་ཀུན་ཏུ་སྣང་།། བཀྲ་ཤིས་རྣམ་པར་སྣང་མཛད་ཀྱི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ།། སྔགས་བརྗོད་བུམ་པ་དགུ་གང ་བྱ།། བུམ་པ་གང་བ་དགུ་ལ་སྔགས་ཀྱི་ཕྲེང་བ་དགུ་དགུ་བཞུ་བས་བྱིན་གྱིས་བརླབ་པ། རྫས་སྣོད་དང་བཅུད་མ་ལུས་པ་ལ་ནི་ལྷ་རྫས་ཀྱི་ནོར་བུ་རྡོ་རྗེ་མཚན་བྱ་རེ་རེས་བརྒྱན་པར་རོ།། ཕྱག་དང་བསྐོར་བ་བྱས་ནས་བགེགས་བསོལ་ཏེ།། བཀྲ་ཤིས་སྦྱིན་པར་བྱའོ།། རྡོ་རྗེ ་དྲིལ་བུ་དཔའ་ཐོགས་ལ།། སྙིང་རྗེས་ཀུན་ཏུ་བསྐོར་ཞིང་བརྒྱུག། གནས་དང་གང་ཟག་རྣལ་འབྱོར་རྣམས།། མ་ལུས་བསྲུང་བས་བཀྲ་ཤིས་གསོལ།། ཨོཾ་ཨཱཿཧྲཱིཿ་ཨི་ཨུ་ཨཽ་ཨོ་ཨོཾ་ཨཤྲཱི་ཨོཾརྱལ་ལོ་ཀི་ཏི་ཤྭ་ར་མ་ག་ལ་སིདྡྷི་ཨ་དྷིཥྛཱ་ན་ནི་དཱ་ན་པ་ཏི་ཚི་ག་མི ་སརྦ་པ་རི་གྲ་ཧཱ་སཱ་སཱི་ར་མིགས་སུ་མཾ་ག་ལ་ཕྲ་མག་སཙདྡྷི་སིདྡྷི་ཧཱུ~ཾ་ཧཱུ~ཾ་སྭཱཧཱ། བཀྲ་ཤིས་ཀྱི་ཆོ་ག་རྫོགས།། ། དཔལ་སྤྱན་རས་གཟིགས་སྐུ་གདུང་རྣམ་པར་སྣང་བ་ལ་ཕྱག་འཚལ་ལོ།། དེ་ནས་གཞན་ཡང་བཤད་བྱ་བ།། མཆོད་རྟེན་གྱི་ནི་ཆོ་ག་བརྗོད།། ་