| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ཧེ་མ་བིབྷི། བོད་སྐད་དུ། དཔལ་བདེ་མཆོག་འཁོར་ལའི་སྦྱིན་སྲེག་གི་ཆོ་ག། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱུག་འཚལ། ་སྔོ་སར་དམར་པོ་མརྒ་ཏ་ལྗང་གུའི་སྒྱུ་འཆང་སྦྲནྡ་གྷ་སུ་མ་ཅན།། དབང་ཆེན་ལ་སོགས་ཕྱོགས་བཞིའི་ཞལ་མངའ་ཤེས་རབ་དམར་སྤྱན་གསུམ།། ཕྱག་གཉིས་བགགས་ཀྱི་ལྗགས་འཛིན་རྡོ་རྗེ་དྲིལ་བུ་གཉིས ་ནཱ་འཆང་།། ཕྱག་གཞན་ཕྱག་མཚོན་བརྒྱད་པོ་འཛིན་པ་བདེ་བ་མཆོག་གིས་བསྲུངས།། ཟློག་མཱ་བདེ་མཆོག་འཁོར་ལོ་ཡི།། རྣལ་འབྱོར་མ་ཡི་རྒྱུད་ལས་ནི།། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།། ་སྦྱིན་སྲེག་རིམ་པ་བདག་གིས་བཤད།། དཀྱིལ་འཁོར་དག་ནི་སྒྲུབ་དུས་སུ།། སྦྱིན་སྲེག་གིས་ནི་ཚིམ་པར་བྱས།། གསང་སྔགས་མ་བཟླས་མི་འ་གྲུབ་ལ།། སྦྱིན་སྲེག་མ་བྱས་འབྲས་མི་འབྱུང་།། ལས ་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར།། སྦྱིན་སྲེག་ལས་རྣམས་པ་རྩམ་པར་བྱ།། སྦྱིན་སྲེག་ལས་རྣམས་མེད་པ་ལས།། དངོས་གྲུབ་འབྱུང་བར་མི་འགྱུར་རོ།། དེ་བས་འདིར་ནི་སྔོགས་པ་ཡིས།། བརྩོན་པས ་སྦྱིན་སྲེག་ལས་རྣམས་བྱ།། བླ་མེད་ནང་དང་ཕྱི་ཡི་སྟེ།། སྦྱིན་སྲེག་དག་ནི་གསུམ་དུ་འདོད།། གཞན་དག་ཞི་བ་ལ་སོགས་ལ།། སྦྱིན་སྲེག་དག་ནི་བཞི་རུ་འདོད།། དེ་ལ་བླ་ན་མེད་པ་དང་པོར་བརྗོད་པར་བྱ་སྟེ།། རྣམ ་རྟོག་མེད་པའི་སེམས་ཉིད་ནི།། ཐབས་ཁུང་སྒྲ་ཡི་མཚན་མ་དག། རྣམ་དབེན་མེ་ཡི་དབུས་སུ་ནི།། གཟུགས་ལ་སོགས་པའི་ཕུང་པོ་ལྔ།། སེམས་ལསྲ་བྱུང་བ་མ་ལུས ་བིའོ། ཡུམ་ཤིང་དག་གི་སྲེག་བླུགས་བྱས།། གཟུགས་ལ་སོགས་པའི་འབྱུང་བ་རྣམས།། ཡམ་ཤིང་དུ་ནོ་རབ་གྲགས་ཡིན།། པདྨ་ཐབ་ཁུང་ཡིན་པར་བཤད།། རྡོ་རྗེ་བླུགས་གཟར་ཡིན་པར་གྲགས།། ་རྟག་ཏུ་ས་བོན་སྲེག་བླུགས་ཀྱིས།། བླ་མཽང་གནས་ནི་ཐོབ་པར་འགྱུར།། བླ་མེད་རྗེ་སུ་སྦྱོར་བ་ཡིས།། ཕུང་པོ་པིའི་རྩ་རྣམས་ནི།། བཞི་པི་ཡང་དེ་རུ་སོན་པའོ།། བདུད་རྩི་ལྔ་འབིབ་པ་དེ་ནི།། མཆོད་པའི་ངོ་བར ་གནས་པ་སྟེ།། དེ་ཡི་གཟུགས་ཉིད་དངོས་པོ་ཡིས།། མཆོད་པ་བཞི་ཞེས་རྣམ་པར་བཤད།། ལུས་ཅན་སྙིང་གི་ནང་དུ་ནི།། སྣ་རྣམ་སྔ་ནི་རྣམ་པར་གནས།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ།། ཉི་ཤུ ་རྩ་བཞིར་ཡང་དག་བརྗོད།། གནས་སོགས་བྱེ་བ་ལ་བརྟེན་ཏེ།། གནས་དང་གནས་ལ་རྣམ་པར་གནས།། སྤྱི་བོར་ཡང་དག་འབྱུང་བ་ཡི།། རྩཝ་རྣམས་སྤྱི་བོར་སྐྱེས་ཞེས་དྲན།། དེ་ཡི་ནང་ན་འདྲེན་པ་ནི།། རྡུལ ་དང་སྙིང་སྟོབས་མུན་པའི་ཚུལ།། པུལླཱ་ར་རབ་གཏུམ་མོ་ཞེས་དྲན།། སོ་དང་སེན་མོ་འབེབ་པར་དྲན།། ཏྲཱཾ་ལནྡྷ་རར་གཏུམ་མིག་མ།། དེ་བཞིན་སྒྲ་དང་བཾ་སྤུ་འབབ།། ཨོ་ཌི་ཡ་ན་གནས་ཆེན་པོར།། འོད་ལྡན ་མ་ནི་རྣམ་པར་གནས།། གཡས་པའི་གནས་ལ་བརྡྷནཱ་ནས་ནི།། པགས་པའི་དྲི་མ་འཛིན་ལ་གནས།། ཨརྦུ་དར་ནི་སྣ་ཆེན་མོ།། མཁའ་འགྲོ་མ་ནི་ཤ་ཟན་བསམ།། གནས་ཀྱི་འདྲེན་པ་མཁའ་འགྲོ་མ།། གནས་བཞི ་རུ་ནི་ཡང་དག་བཤད།། གང་ཞིག་ཆུ་རྒྱུས་འབབ་པའི་རྩ།། གོ་དྲུ་བ་རི་རྣམ་དག་གནས།། དེ་མི་སྲ་བའི་ཚུལ་གྱིས་གནས།། དཔའ་བོའི་བློ་གྲོས་མ་ཞེས་བཤད།། རཱ་མེ་ཤྭ་རའི་རྩ་གང་ཞིག། དེ་ནི་མིའུ་ཐུང་མ་ཞེས ་གྲགས།། རུས་པའི་ཕྲེང་བ་རྣམས་ག་ནས་པ།། སྲ་བ་ཡཾ་ནི་དངོས་པོས་གནས།། ལྷ་མོ་མཁར་དུའང་གང་ཞིག་རྩ།། འཛམ་ལུས་ལྗང་ཀའི་དབང་ཕྱུག་མ།། དེ་ནི་རྟག་ཏུ་མཆིན་པ་འབབ།། ཀུན་གྱི་ལུས་ནི། ་རྟག་པར་གནས།། མ་ལ་བར་ནི་ཤིང་གྲིབ་མིག། རྒྱལ་བའི་དབང་ཕྱག་སྙིང་ལ་གནས།། མཁའ་འགྲོ་འཇིག་རྟེན་མ་མོ་རྣམས།། ཉེ་བའི་གནསུ་ཡང་དགེ་བཤད།། ཐུགས་ཀྱི་འཁོར་ལོ་མཁའ་སྤྱོང་མ།། གནས་དང་། ་ཉེ་གནས་ཡང་དག་གནས།། མིག་འབབ་པ་ཡི་རྩཝ་གྲང་ཞིག། འདོད་པའི་གཟུགས་སུ་རྣམ་པར་གནས།། གཟུགས་ནི་མཐོང་བར་འདོད་པ་སྟེ།། ཨོཾ་ར་བྱཱ་ཏི་ཞེས་བྱར་བཤོད།། ཨོཾ་ཊཾ་ར་མཁྲིས་པ་འབབ་པའི་རྩ།། འཇིག ་བྱེད་ཆེན་མོ་རུ་ནཾ་བརྗོད།། མཁའ་འགྲོ་རྣལ་འབྱོར་མ་མོ་དག། འདི་དག་ཞིང་དུ་ཡང་དག་བཤང།། ཏྲི་ཤ་ཀུ་ནེར་ཡང་དག་བྱུང་།། རླུང་གི་ཤུགས་མ་འགྲོ་བར་བཅས།། ཆང་འཐུང་མ་ནི་ཀོ་སི་ལར།། རྒྱུ་མའི་ཕྲེང་བ ་འཁྲུག་ལྷ་རྫས།། མཁའ་འགྲོ་རྣལ་འབྱོར་མ་མོ་དག། ཉེ་བའི་ཞིང་དུ་ཡང་དག་བཤད།། ལྗང་ལྷ་མ་ནི་ཀ་ལངྒིར།། ལོག་སུ་ཡང་དག་གནས་པའོ།། ལྟོར་གནས་ཤིན་ཏུ་བཟང་མོར་ངེས།། ་ལམ་པཱ་ཀར་ནི་ཡོངས་སུ་གྲགས།། མཁའ་འགྲོ་རྣལ་འབྱོར་མ་མོ་དག། མཚན་དོ་ཧ་ར་ནི་རྣམ་བཤད་པའོ།། རྟ་རྣ་མ་ནི་ཀཱཉྩོར་གནས།། བཤང་བ་རྟག་ཏུ་འབབ་པའོ།། ཧི་མཱཿཡར་བྱ་གདོང་མ།། མཚམས་མཐའི ་དབུས་སུ་སོན་པའི་སྟེ།། མཁའ་འགྲོ་རྣལ་འབྱོར་མེ་མོ་དག། ཉེ་བའི་ཚན་དོ་ཧ་ཞེས་བཤད།། གསུང་གི་འཁོར་ལོ་ཡང་དག་བཤད།། ས་སྤྱོད་ཕོ་ཉ་རྣམ་གནས་པའོ།། ཡི་དགས་ལྷག་གནས་ཡང་དག་གནས།། འཁོར ་ལོ་ཤུགས་མ་བང་ཀུན་ཅན།། གང་ཞིང་རྟག་ཏུ་རྣོག་འབབ་པ།། ཁྱིམ་གྱི་ལྟར་ནི་ཡང་དག་གནས།། མཁའ་འགྲོ་དམ་པའི་དབང་ཕྱུག་མ།། དུམ་སྐྱེས་མ་ཞེས་རྣམ་པར་བཤད།། མཁའ་འགྲོ་རྣལ་འབྱོར་མ་མོ་དགྲ། འདུ་བ་ཅན་དུ ་ཡང་དག་བཤད།། སཽ་རཱཥྚ་ནི་དམར་པོས་མནན།། ཆང་འཚོང་མ་ནི་མཁའ་འགྲོར་འདོད།། རྡུལ་ནི་འབབ་པར་འགྱུར་བའི་རྩ།། གསེར་གླིང་དུ་ནི་ཡང་དག་གནས།། ཤིན་ཏུ་བཟང་ལུགས་ཡང་དག་འཁྲུག། དེ་ཡི་འཁོར་ལོ། ་གོ་ཆ་འདོད།། མཁའ་འགྲོ་རྣལ་འབྱོར་མ་མོ་དག། ཉེ་བའི་འདུ་བ་ཅན་རབ་སྨྲས།། ན་གར་ཤིན་ཏུ་དཔའ་མོ་ཞེས།། ཚལ་ཅན་སྦོམ་པོའི་ལུས་ཅན་མོ།། སིནྡྷུར་སྟོབས་ཆེན་མ་ཞེས་བྱ།། མྱ་ངམ་གྱི་ནི་མཆི་མ་འབབ།། མཁའ་འགྲོ ་རྣལ་འབྱོར་མ་མོ་དང་།། འདི་དག་དུར་ཁྲོད་ཡང་དག་འབབ།། མཆིལ་མ་སྐམ་པོ་འབབ་པ་གང་།། མྱ་ངན་འཁོར་ལོས་སྒྱུར་མའོ།། ཀུ་ལཱ་ཏཱ་ནི་བརྩོན་ཆེན་མོ། སྩོལ་སོགས་བུད་མ་ཤིང་བསྲེགས།། ཡེ་ཤེས་མེ་ནི་སྐྱེས་གྱུར་པས ་ཕྱི་རོལ་བསྲེག་པ་བདག་མང་ཡིན།། ཛྙཱ་ན་པཱ་ད་པས་བཤད་པ།། སྦྱིན་སྲེག་ཆོ་ག་ཕྱི་རིམ་པ།། སེམས་དང་སེམས་བྱུང་དག་ཡིན་ཏེ།། ཕུང་པོ་ལ་སོགས་བུད་ཤིང་བསྲེག། ཡ་ཤེས་འབར་བ་བླ་མེད་འདོད།། སེམས་ཀྱིསི་ཛི། ་ཙཱམ་བསམ་པཱ་དག། ཕྱི་རོལ་སྦྱིན་སྲེག་ཡིན་པར་འདོད།། ཡེ་ཤེས་མི་ལ་ཕུང་པོ་ལ།། ཡམ་ཤིང་སྲེག་པ་བླ་མེད་ཡིན།། དེ་ནས་ཡང་ནང་གི་བརྗོད་པར་བྱ་སྟེ།། ཉོན་མོངས་སེ་བཞི་བྱེད་ཡིན།། ཏིང་ངེ་འཛིན་ནི་རྒྱས་བྱེད། ་ཕྱིར། རང་གཱི་ལྷ་ཡི་སྦྱོར་བས་བདག། ཇི་ལྟ་བཱར་ནི་སེམས་ཀྱི་བྱ།། སྐྱེ་བཱིའི་ལས་ལས་རྣམ་གྲོལ་ཞིང་།། ཚེ་ནི་ཡང་དག་འཕེལ་བའི་ཕྱིར།། ཙ་འདོད་སྲེག་ཐུགས་ལྔས་བྱ་བ།། ནོང་གི་སྦྱིན་སྲེག་དག་ཏུ་བཤད།། ཇི ་ལྟོར་དུས་བཞིའི་རིམ་པ་ཡིས།། སྦྱིན་སྲེག་བཞི་ཡང་རབ་ཏུ་བཤིང་།། ཞི་བ་དང་ནི་རྒྱས་པ་དང་།། དབང་དང་མངོན་སྤྱོད་ཤེས་པར་བྱ། སྡིག་པ་འཇིག་ཕྱིར་ཞི་བ་སྟེ།། བསོད་ནམས་ཡོངས་འཛིན་རྒྱས་པ་ཡིན།། ་ཆགས་པ་བསྒོམ་ཕྱིར་དབང་འགྱུར་ཏེ།། རྟོག་པ་ཟད་ཕྱིར་གསོད་པ་ཡིན།། དེ་ནས་ཡང་ཕྱིའི་བཤད་པར་བྱ་སྟེ།། རྒྱུད་སོ་སོ་ལས་སློབ་དཔོན་ཐ་དད་པས་སྦྱི་ནི་སྲེག་གི་ཆོ་ག་ཇི་སྐད་བཤད་པ་བྱ།། འདི་ནི་རྣལ་འབྱོར ་མའི་རྒྱུད་ལས་བསྟན་ཏེ།། བདག་གིས་འཁོར་ལོ་སྡོམ་པའི་མན་ངག་ཅུང་ཟད་བརྗོད་པར་བྱའོ།། དེ་ལ་ཐབ་ཁུང་ནི།། སེམས་ཅན་དབྱེ་བས་མཐའ་ཡས་ཏེ།། རིགས་ཀྱི་དབྱེ་བས་ལྟ་རུ་འགྱུར ་ལས་ཀྱི་དབྱེ་བས་བཞི་རུ་འགྱུར།། ཐབ་ཁུང་རྣམས་ནི་དེ་ལྟར་བཤད།། ཞི་བ་ལ་ནི་ཟླུམ་ལ་དཀར།། རྒྱས་ལ་སེར་པོ་དབང་ཆེན་ཏེ།། དབང་ལ་དམར་པོ་གྲུ་གསུམ་པ།། མངོན་སྤྱོད་ཟླ་བ་ཕྱེད་པ་ཡིན།། ཁྲུ་གང་ཚང་ནས ་བརྩམས་ནས་ནི།། ཁྲི་ན་བཅུ་དྲུག་པ་ཡི་བར།། དེའི་ཕྱེད་དུ་བགོས་ནས་ནི།། རང་གི་ཚུང་དུ་བྱ་བ་ཡིན།། ཁྲུ་གང་ཚད་ཀྱིས་ཐབས་ཁུང་ལ།། སོར་བཞི་དོར་བར་ཁ་ཁྱེར་སོར་བཞོས་གསོང་།། ཁྲུ་ཕྱེད་བརྐོས་ལ་དེ་བཞིན ་དུཐམས་ཅད་ལ་ཡང་བལྟ་བྱ་སྟེ།། ཀུན་ཀྱང་རང་གི་ཁྭ་ཁྱེར་དུ་བྱའོ།། ཐབ་ཁུང་གཱི་དབུས་སུ་རྡོ་རྗེ་དང་ཟངས་གྲི་བྲིའོ།། ཐབ་ཁུང་གི་ནང་དུ་ཕྱོགས་བཞིར་ཁ་ཊྭཱཾ་ག་དང་དེ་བཞིན་གཤེགས་པའི་ཕྱོག་མཚན་རྣམས་བྲིའོ།། ་ཁ་ཁྱེར་ལ་པདྨའི་སྟེང་དུ་ཟངས་གྲིའི་ཕྲེང་བ།། ཐབ་ཀྱི་ཕྱི་རོལ་ཏུ་གྲུ་བཞི་པ་ལ་སྒོ་བཞི་བར་དཀྱིལ་འཁོར་གྱི་ཐིག་བཏབ་སྟེ། འཁོར་ལོ་གསུམ་གྱི་བྱིན་གྱིས་བརླབས་ལ།། སྒོ་བཞི་དང་ལྡན་པོ། དུར་ཁྲོད་བརྒྱད་དང ་བཅས་པ།། ཇི་ལྟར་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་ཕྱག་མཚན་བཞིན་དུ་འདིར་ཡང་དེ་ལྟར་བལྟའོ།། ཤར་གྱི་སྒོ་ལ་སོགས་པར་ལྕགས་ཀྱུ་ལ་སོགས་པས་མཚན་པར་བྱའོ།། ཕྱིའི་དཀྱིལ་འཁོར་ལ། ་པདྨ་ནགས་ཀྱིས་ལྕགས་མ་དྲང་།། ཕྲེང་བ་དང་ནི་སྤྱི་བླུགས་དང་།། ཡི་དགས་ལྤགས་པ་མདུང་རྩེ་གསུམ།། ཟླ་བ་ཕྱེད་པ་རྒྱལ་མཚན་དང་།། རལ་པའི་ཚོགས་དང་མགུ་དང་ནི།། འཁོར་ལོ་དུང་དང་དབྱུག་པ་དང་།། རལ ་གྲི་ཕུབ་དང་མདུང་ད་ང་ནི།། དྲིལ་བུ་བ་དན་རྨྱ་བྱ་དང་།། ར་སྐྱེས་ལྔ་ལྷ་བྱས་ནས་ནི། ཤར་ཕྱོགས་སྣམ་བུ་དག་ལ་བྲི།། དེ་ལྟར་ཐབ་ཐམས་ཅད་བྱས་ནས།། ལས་དང་རྗེསུ་མཐུན་པའི་ཁ་ཁྱེར་བྱའོ།། ཞི་བ་ལ་ནཱི་རྡོ་རྗེས ་མཚན་པ་འམ།། འཁོར་ལོས་མཚན་པའོ།། རྒྱས་པ་ལོ་ནི་རིནི་པོ་ཆོས་མཚན་པ།། དབང་ལ་ནི་པདྨས་མཚན་པ།། དྲག་པོ་ལ་ནི་རྩེ་གསུམ་པས་མཚན་པ་སྟེ།། འདི་ལྟར་ལས་རྗེས་སུ་མཐུན་པར་རང་རང་གི་མཚན ་མྱས་མཚན་པའི་ཁ་ཁྱེར་བྱའོ།། ཤར་དུ་ཞི་བ་བྱ་བར་བཤད།། ལྷོ་ཕྱོགསུ་ནི་རྒྱས་པ་སྟེ།། དབང་གིས་ལས་ནི་ནུབ་ཏུ་བཤད།། གསད་པ་བྱུད་དུ་བྱ་བ་ཡིན།། ཇི་ལྟར་ལས་དང་རྗེས་མཐུན་པར།། རྡུལ ་ཚོན་གྱིས་ནི་རྫོགས་བཻ་རི་བྲྀ།། ཡང་ན་མེ་ཏོག་དག་ཀྱང་རུང་།། ཐབ་ཁུང་དག་ཀྱང་དེ་ལྟར་བྱ།། ཡམ་ཤིང་བུད་ཤིང་རྫས་ལ་སོགས།། མཚན་ཉིད་མཽ་ཡི་རྟོགས་རྣམས་ནི།། གཞན་དུ་རྒྱ་ཆེར་བཤད་པས་ན།། འདིས ་ནི་བདག་གིས་མ་བསྒྲུབ་སོ།། མན་ངག་གཅིག་པུའི་རིམ་པ་དག། རྣལ་འབྱོར་གྱི་རྒྱུད་ལས་གྲགས་པ་རྣམས།། མདོར་བསྡུས་ནས་ནི་ངེས་པར་ཡང་།། ཇི་ཙམ་དུ་ནུས་པ་བཤད་པར་བྱ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས ་ལུས་ཁྲུས་བྱས་ཏེ། དྲི་ཞིམ་པོས་བདུག་ལ།། གུར་གུམ་དང་། ཙཱནྡ་དན་དང་། ཐལ་བ་བསྲེས་པས་ལུས་བྱུགས་ཏེ། ཇི་སྐད་བཤད་པའི་རྒྱན་བསྒོ་བར་བྱ་སྟེ།། སྟག་གི་ལྗགས་པ་བགོས་ཤིང ་ཕྱག་རྒྱ་ལྔས་བརྒྱན་ཏེ། ན་རའི་རུས་པའི་རྒྱན་དང་ལས་སེམས་ཅན་གྱི་དོན་རྟག་ཏུ་བྱའོ།། ཕྱི་རོལ་བཟློག་ཚུལ་འཆང་བ་ནི། དེ་ནཱི་ཞོ་སོགས་ལས་རྣམས་ལ།། ཐུགས་ནི་ཞི་བ.རོ་ཤེས་པར་བྱ།། ཉམས་གདུང་ས་པའི ་རྒྱོ་མཚོ་ཚ།། གངས་ལྟར་ནད་གྲང་ཕྱི་རོལ་ཚོ།། ཐུགས་རྗེ་ཆེན་པོའི་ཁྲོ་བོ་ཡིས།། དེ་བཞིན་འགྲོ་བ་ཚུལ་འདི་གསུངས།། དེ་ལྟ་བུའི་ལས་དང་རྗེ་སུ་མཐུན་པར་གྲོས་ཀྱི་བྱེ་བྲག་བགོ་བར་བྱའོ།། དེ་ནི་སྒྲུབ་པ་པོའི་ལསོ།། ་དེ་ནས་རང་གི་ལྷའི་ང་རྒྱལ་བསྐྱེད་དེ།། ཇི་ལྟར་བཤད་པའི་ལུས་དང་རྗེ་སུ་མཐུན་པའི་གཟུགས་སུ་བྱས་ལ།། ཞལ་བཞི་པ་དང་སྐུ་གསུང་ཐུགས་ཀྱི་ཕུར་བུའི་སྔགས་དང་།། དེ་བཞིན་དུ་གསལ་བྱེད་ནི་རཀྵ་རཀྵ་ད ་ཧཱུཾ་གསུམ་དང་ཕཊ་ནཱི་བརྗོད་པར་གསང་སྔགས་དེ་ལས་ཁྲོ་བོ་ལ་སོགས་པ་སྤྲོས་ཏེ།། བགྲོགས་ཀྱི་ཚོགས་ཐམས་ཅད་བསྲེག་པར་བྱས་ནས།། ཐལ་དང་བགེགས་རྣམས་བསྲེགས་ཏེ།། ཕྱོགས་བཅུར་བྱེར་བར ་བསེམ་མོ།། དེ་བཞིན་དུ་གཡས་བརྐྱང་བ་ལ་སོགས་པའི་སྟངས་སྟབས་ཀྱང་བྱའོ།། འདི་ལྟར་བགེགས་ཀྱི་ཚོགས་རྣམས་ཕུར་བུ་དོང་།། རྡོ་རྗེ་དྲ་བ་དང་རབ་ལ་སོགས་པས་ཐེབ་ཁུང་གི་ཟོ་ན་ཁོར་བགགས་པར་བྱ་སྟེ། ་ཐབ་ཁུང་བྱིན་གྱིས་བརླབས་པདྨ་ཤེས་པར་བྱའོ།། ཡི་གཱི་ཧཱུཾ་ངམ་རང་གི་ལྷའི་ཚོགས་ཀྱི་ཡི་གེ་གང་ཡང་རུང་བ་ལས་དང་རྗེས་སུ་མཐུན་པ་ཐབ་ཁུང་བསྐྱེད་ལ།། དེའི་དབུས་སུ་ལྟེ་བ་ལ་ཡི་གེ་རཱི་པ་འབར་བ་ཡོངས་སུ་གྱུར་པ ་ལས་གྲུ་གསུམ་པར་བྱས་ཤིང་བསྒོམས་ལ།། དེའི་གྲཱི་གསུམ་ལ་ཨོཾ་ཨཱུཿཧཱུཾ་ཡི་གེ་གསུམ་གྱིས་འདོད་པ་དང་། གཟུགས་དང་། གཟུགས་ལ་མེད་པའི་ཁམས་གསུམ་ལྡོག་དང་ས་བླ་མཐོ་རིས་ཀྱི་གཟུགས ་པདྨ་དྲང་འཁོར་ལོ་དང་རྡོ་རྗེ་གསུམ་བསྐྱེད་དེ།། དབུས་སུཾ་རེ་ཕེ་འབར་བ་ཡོངས་སུ་གྱུར་པ་མཐིང་བྱ་དང་།། མཚན་མའི་ཡི་གེ་གསུམ་དང་།། རེ་ཕ་ཡོངསུ་གྱུར་པ་ལས་འབར་བའི་དབུས་སུ་ཆུའི་དབུས་སུ་ཆུའོ། ་དཀྱིལ་འཁོར་གནས་པ་ལ་ཁམས་གསུམ་གྱི་བདག་པོ་དཔལ་ཁྲག་འཐུང་བར་སྤྲོས་ཏེ།། ཞི་བའི་དོན་དུ་པཱ་བ་ཀའི་མ་བསྒོམས་ལ་ཞི་བའི་གཟུགས་ཅན་དཀར་པོ་ཞལ་ཅིག་པ། ཕྱག་བཞི་པ། སྤྱན་གསུམ ་པ། རལ་པའི་ཅོད་པན་ཙཱན།། ཕྱག་གཡས་པ་གཉིས་ན་དབྱུག་ཏཽ་དང་།། མི་འཇིགས་པ་ན་བགྲང་ཕྲེང་དང་།། སྤྱི་བླུགས་འཛིན་པཱ།། རྒྱན་དང་གོས་དཀར་པོ་བསྣམས་པ། མཆོད་ཕྱིར་ཐོགས་འཆང་བ། ་ལུས་ཐམས་ཅད་ལ་བདུད་རྩི་དཀར་པོའི་རྒྱུན་འབབ་པ།། རལ་པ་ལ་མཁའ་འགྲོ་མ་གནས་པར་བསྒོམ་མོ།། དེ་བཞིན་དུ་རྒྱས་པ་ལ་ནི་ཁྱད་པར་དུ་མདོག་སེར་པོའི་རྒྱན་ཅན།། དབང་ཆེན་གྱི་དཀྱིལ་འཁོར་ལ་གནས ་ཡེ་ཤེས་ཀྱི་སེམས་ཅན་ཐམས་ཅད་ལ་མཆོག་སྒྲོལ་པ།། སྟོབས་དང་མདོག་དང་དཔལ་རྫོགས་པར་མཛད་པ་ཅོད་པན་དུ་བསྒོམ་མོ།། རིམ་པ་གཞན་ཡང་དབང་དང་དགུག་པ་ལ ་འདོད་པའི་མ་དམར་པོ་མེའི་དཀྱིལ་འཁོར་ལ་གནས་པ།། གོས་དམར་པོས་བརྒྱན་པ།། ཁཎྜ་རོ་ཧ་ཅོད་པན་ལ་གནས་པ།། ཁྱད་པར་དུ་གཡས་གཡོན་མ་ལྕགས་ཀྱུ་དང་ཞགས་པ་འཛིན་པ།། གཞན་ནི་སྔ་མ ་བཞིན་ནོ།། བསང་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པ་མདོག་ནག་པོ་འཇིགས་པ་སྤྱན་ཟླུམ་པོ་ཧཱུཾ་གི་ས་བོན་ལས་སྐྱེས་པ་གོས་དང་རྒྱུན་ནག་པོ་མི་རུས་ཀྱི་ཕྲེང་བས་རྒྱན་པ།། ཟླ་ཕྱེད་ལྟ་བུར་འབར་བའི་དབུ་སྐྲ ་གྱེན་དུ་བརྗེས་པ། གཟུགས་ཅན་མའི་ཅོད་པདྨ་ཅན། གཡས་ན་རལ་གྲི་འཛིན་པ། འཇིགས་བྱེད་ཆེན་པོ་ནག་པོ་འབར་བ་ལས་བྱ་རྒོང་དང་ཁྲ་ལ་སོགས་པས། ནམ་མཁའ་ཁྱབ་པར་བཀུག་སྟེ། གང ་དང་གང་བྱས་པ་དེ་ཟོས་པར་བསྒོམ་མོ།། རླུང་གཱི་མེས་ནི་གསད་པ་ལྷ་སྩོགས་པ་ལུས་བྱའོ།། མེ་ལྷའི་མཚནྡ་ཉིད་དོ།། དེ་ལ་བ་ལ་ནི་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མེ་འམ།། རྒྱུན་བཞག་གཱི ་འམ། བྲ་མ་ཟ་ཐ་མའི་མས་བྱའོ།། རྒྱས་པ་ལ་ནི་རྒྱལ་པོ་དང་། བློན་པོ་དང་། དགོན་པ་དང་། རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེས་བྱའོ།། དབང་ལ་ནི་སྨད་འཚོང་མ་དང་།། རྗེའུ་ད་ཀྱི་ཕྱི་ནས་བྱུང་བའི་རྩེ་བྱའོ།། གུག་པ་ནི་གར་མངྒ་དང་། རོལ་མོ་པ་དང་། ་དབུས་པའི་མེས་བྱའོ།། གསོད་པ་ལ་ནི་རྡོ་ལས་བྱུང་བའི་མེ་འམ། གདོལ་པོའི་ཁྱིམ་ནས་བྱུང་བའི་མེས་བྱའོ།། ཐམས་ཅད་ཀྱང་དུར་ཁྲོད་ཀྱི་མེ་དང་། དུར་ཁྲོད་ཀྱི་སོལ་བར་ལྡན་པར་བྱའོ།། མེའི་མཚན་ཉིད་དོ།། ་དེ་ནས་མཆོད་ཡོན་སྣོད་གཉིས་ནི།། མ་ཆགས་སྡུག་ཅིང་མཛེས་པ་ལ།། ཆང་ངམ་ཡང་ན་སྦྱར་བའི་ཆང་།། མེ་ཏོག་ལྡན་པས་དགང་བར་བྱ།། དེ་ལ་བདུད་རྩི་ལྔ་པོ་ཡིས།། གཉིས་ཀ་ཡང་ནི་བླུགས་པར་བྱ།། ཡི་གེ་བདུན་པ ་གཅིག་པུ་དང་།། གཉིས་པ་གནོད་མཛེས་རྒྱལ་པོ་དག། གཅིག་ནི་བརྒྱ་རྩ་བརྒྱད་པ་སྟེ།། གཉིས་པ་དག་ནི་བཞི་ཆ་ཡིན།། གནས་ལ་ལྕགས་པར་བཞག་ནས་སུ།། གོས་ཀྱིས་བཀབ་སྟེ་མཆོད་པར་བྱ།། མཆོད་ཡོན ་གྱི་སྣོད་ཀྱི་ཆོ་གའོ།། སྦྱིན་སྲེག་ཡོ་བྱད་ཐམས་ཅད་ཀུན།། བདག་གིས་གཡ་སུ་དགོད་པར་བྱ།། རྡོ་རྗེ་དེ་བཞིན་དྲིལ་བུ་དང་།། མཆོད་ཡོན་སྣོད་ནི་གཡོན་དུ་བཞག། དགང་གཟར་དང་ནི་བླུགས་གཟར་དང་། མར་ནི་མདུན་དུ ་བཞག་པར་བྱ།། ཐམས་ཅད་ཀྱང་ནི་བསངས་ནས་བཞག། འདི་ནི་རྫས་བཞག་པའོ།། དེ་ནས་ཕྱི་རོལ་གྱི་མེ་བླངས་ལ།། གནོད་མཛེས་ཀྱི་རྒྱལ་པོའི་གསང་སྔགས་ཀྱིས་ཀུ་ཤ་བླངས་ཏེ། དེའི་ཆུས་ལན་གསུམ་བསངས ་ལ། རྩཝ་སྐམ་པོ་གཙང་མ་དང་བཅས་པས་དག་པར་བྱས་ཏེ། བདུད་རྩི་ལྔས་བསྲེག་ཏེ་ཐབ་ཁུང་དུ་བཞག་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཛྭ་ལ་ཛྭ་ལ་ཧཱུ~ཾ་ཧཱུཾ། གསང་སྔགས་འདི་དང་བཅས་པར་རླུང་གཡབ་ཀྱིས་གཡབས་ཏེ་ཐབ་ཏུ་མེ ་སྦར་རོ།། དེའི་དབུས་སུ་དམ་ཚོགས་སེམས་དཔའི་མེ་སྔར་བཤད་པའི་རྣམ་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་མེ་སྔགས་དང་བཅས་པའི་ཕྱག་རྒྱ་འདིས་སྤྱན་དྲངས་ཏེ། ལུག ་པ་གཡས་པ་མི་འཇིགས་པར་བྱས་ལ། མཐེ་བོང་སྲིན་ལག་གི་ཚིག་ལ་བཀུག་པའི་ཐབས་ཀྱིས་སྤྱན་དྲང་ངོ་།། ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏདྱ་བ་རི་ཥི་དྭི་ཛ་སཏྭཱ་མགྲི་ཧཱི་ཏྲ་ཡུ་དྷཾ་མ་ཧཱ་ར་སྨི་ཨཽ་སྨི་ན་སི་ནན་ནོ་ཧི་ཏོ་བྷ་བ།། ཨཽ ་ཧེ་རུ་ཀ་མ་ཧཱ་བཛྲ་པཱ་བཱ་ཀཱ། ཨཱགྣ་ཡེ་མ་མ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞི་བའི་འོ།། ཨཾ་ཧེ་རུ་ཀ་མཧཱ་བཛྲ་མ་ཧོནྣཱ། ཨགྣ་ཡེ་མྱ་མུ་པུཥྚི་ཀྲྀ་རུ་པྲོ་ཥཊ་རྒྱས་པའི་འོ།། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཀཱ་མ་ཨཀ་ན་ཡེ་མ་མ་ཨ་མུ་ཀཾ ་བྲྀ་ཀུ་རུ་ཧོ།། དབང་གོའོ།། ཨོཾ་ཧེ་རུ་ཀཱ་མཧཱ་བཛྲཱི་ཀྲྀ་དྷ་ཨ~ཾ་ཀ་ན་ཡེ་ཛ་ཧི་ཀྲེ་དྷ་ཡ་ཧཱུཾ་ཨ་མུ་ཀཽ་མཱ་ར་ཡ་ཧཱུཾ་ཕཊ། མངོན་སྤྱོད་ཀྱིའོ།། མྱེ་ལྒ་འོངས་པ་དང་འཐོར་འཐུང་དང་ཉེ་རེག་བྱས་ཏེ་བཀུག་ལ་དམ་ཚིག་གཱི་མ་ལྔ ་ལ་གཞུག་གོ། དེ་ནས་མཆོད་ཡོན་གྱི་སྣོད་བླངས་ལ། བདུད་རྩི་ལྱཱ་དང་བསྲེས་ཏེ་ཐུགས་ཀ་ནས་ཞབས་བསིལ་དབུལ་ལོ།། ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་པྲ་བ་ར་སཏྐཱ་རཾ་པྲཱ་ཏཱིཙྪི་སྭཱ་ཧཱ། དེ་ནས་ལག་པ་གཉིས་ཀྱིས ་ལན་གསུམ་ཨམྦྷ་འདི་དབུལ་ཏེ། ཨོཾ་མ་ཧཱ་མ་མ་ཡ་ཏཏྨ་གྲོཧྞ་སིདྷིམྨེ་པྲ་ཡཙྪ་སྭཱ་ཧཱ། སྤྱན་དྲང་བའི་ཆོ་གའོ།། དེ་ནས་འཁོར་ལོ་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨཱ~ཾཿཧཱུཾ་མགོ་བོ་དང་མགྲིན་པ་སྙིང་ཀ ་རྣམས་སུའོ།། དེ་ནས་ཡན་ལག་དྲུག་ཏུ་དགོད་པར་བྱའོ།། དེ་ནས་རྡོ་རྗེ་སེམས་མ་ལ་སོགས་པས་ཡིད་ཀྱིས་དབང་བསྐུར་རོ།། ལཱ་སྱ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ།། དང་དབྱངས་དང་ཕྲེང་བ་ལ ་སོགས་པ་བཙངས་ཏེ་གོ་བསྐོན་ནོ།། དེ་ནས་མེ་ལོང་དང་སྨན་ལ་སོགས་པ་ཁྲུས་ཀྱི་ཡོ་བྱད་དང་།། དྲིལ་བུ་དཀྲོལ་ཞིང་སྤོས་དང་རྫས་སཱུ་མཱ་དང་། བཅས་པ་ལ་ཡི་གེ་བརྒྱུད་པ་བཟླས་ཏེ་ཁྲུས་བྱའོ།། ཡི་གེ ་བརྒྱ་པ་ནི་འདི་དག་སྟེ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་མ་ནུ་པཱུ་ལ་ཡ་ཞེས་བྱ་བ་ལཾ་སོགས་པའོ།། དེ་ནས་མཁའ་འགྲོ་མ་ལ་སོགས་པ་བཞིའི་གསང་སྔགས་དང་། ཡི་གེ་ཉྩ་ཤུ་རྩ་གཉིས་ཀྱི་གསང་སྔགས ་ཀྱིས་བཏབ་པའི་བུམ་པ་ལྷས་དབང་བསྐུར་རོ།། ཞི་བ་ལ་ནི་མཁའ་འགྲོ་བའི་གཟུགས་ཅན་རྣམ་པར་སྣང་མཛད་དབུ་རྒྱན་དུ་བསམ་མོ།། རྒྱས་པ་ལ་ནི་ལཱ་མའི་ཚུལ་ཅན་ར་ནི་ཆེན་འབྱུང་ལྡན་དབུ་རྒྱན་དུ་བས་མོ།། ་དབང་ལ་ནི་དུམ་སྐྱེས་མའོ།། ཚུལ་ཅནི་སྣང་བ་མཐའ་ཡས་དབུ་རྒྱན་དུ་བསམ་མོ།། གསང་པ་ལ་ནི་གཟུགས་ཅནརྀ་མའི་ཚུལ་ཅན་དོན་ཡང་གྲུབ་པ་དབུ་རྒྱན་དུ་བསམ་མོ།། མེ་ལྷོའི་ཞལ་དང་དགང་གཟར་གྱི་ཁ ་ལ་རང་གི་བདག་པོའོ་ས་བོན་གྱི་ཡི་གེ་དགོད་དོ།། དེ་ནས་ཨཻ་ཌཱ་ཀི་ནི་ཛི་ན་ཛི་ཀེ་སྭཱ་ཧཱ། འངས་མར་ལ་མངོན་པར་བསྡུ་ཏེ་དེ་བཞིན་དུ་རྒྱས་པ་ལ་ཡང་ལཱ་མ་དང་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྔགས་ཀྱིས་གདབ་པོ། ་དེ་ལྟར་མེ་འབར་བར་ཤེས་ནས་ཐོག་མར་བླུགས་གཟར་གྱི་དྲགང་བླུགས་གསུམ། ཨོཾ་ཤྲཱི་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་ཧཱུཾ་སྟགས་འདི་དང་བཅས་པར་དབུལ་ལོ།། དེ་ནས་མེ་འབར་བ་དང ་མདོག་དང་སྐྲ་ལ་སོགས་པ་ལས་བགེགས་མེད་པར་ཤེས་ནས། བགེགས་ཐམས་ཅད་བཅིང་བར་བྱ་བའི་ཕྱིར་ཕྱོགས་བཞི་ནས་ཀུ་ཤྲེ་དགྲམ་མོ།། ཨོཾ་ཨཱི་མེ་ཀུ་ཤ་ཤུ་བྷཱ་དིབ་བྱཾ། སུ་ར་པྲ་ཧྨ་པ་བི་ཏ་ཏཱི་ན་རཏྣ་ཏྲ་ཡ ་རཏ་ཧི་དྷི་པྲྀ་ཐི་བྲི་ཛེ་གརྦྷ་ཨ་བིགྷྣཱཾ་མ་མ་ཤཱནྟི་དྲཱ་རྦནྟུ་སྭཱ་ཧཱ། འདི་ལྟ་བུའི་རིམ་པས་རྩ་བ་དང་བཅས་པར་ཕྱུང་སྟེ། མདོག་ལྗང་གུའི་མཚན་ཉིད་དང་ལྡན་པ་ཞི་བ་དང་རྒྱས་པ་ལ་སྦྱོར་རོ།། གཞན་རྣམས་ལ་ནི་མཉམ་པོར ་བཅད་པར་བྱའོ།། མིའི་རིམ་པ་ནི་ཤར་ནུ་ཤ་གྱི་མདུན་ནས། ལྷོ་ནི་ལྷོའི་མདུན་ནས་སོ།། ནུབ་ནི་ནུབ་ཀྱི་མདུན་ནསོ།། བྱང་ནི་བྱང་གི་མདུན་ནས་སོ།། མེ་ཐབས་ཀྱིས་ཕྱོགས་ཀུན་ཏུ་ཞལ་བཞི་པའི་སྔགས་ཀྱིས ་མཆོད་ཡོན་གྱི་སྣོད་ལ་བསྔགས་ཏེ་བསད་།། དེ་ནས་ཞོལ་བཞི་པའི་སྡིག་སྱཻ་སམ། ཁཎྜཱ་རོ་ཧཱའི་གསང་སྔགས་གང་ཡང་རུང་བས་མངའ་དང་ཆེནི་སྲུང་ལ་བཏབ་སྟེ། མངའ་བོཞི་ཕྱོགས་མཚམསུ་བཙུགས་ལ་སྣ་ལྔའི ་སྐུད་པས་ཡོངས་སུ་བསྐོར་ན་རྡོ་རྗེའི་བཅིང་བུ་བྱས་པར་འགྱུར་རོ།། ཀུ་ཤ་ལ་སོགས་པ་དགྲམ་པའི་ཆོ་གའོ།། དེ་ནས་མེའི་ལས་དང་། རྗེས་སུ་མཐུན་པར་དངུལ་གྱི་སྣོད་དང་། པདྨའི་སྣོད་གང་ཡང་རུང་བ་མདུན་དུ་བསམས་ཏེ། ་ཡང་མཆོད་ཡོན་དང་ཞབས་བསིལ་དང་། འཐོར་འཐུང་བྱིན་ལ་དགང་ཐུགས་དབུལ་ལོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། པུས་མོ་གཉིས་ཀྱི་ནང་དུ་ལག་པ་བཞག་སྟེ། ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་དགང ་གཟར་བླངས་ལ། མཐེ་བོང་དང་མཐེ་ཆུང་བརྟུན་པར་གཟུང་སྟེ། སོར་མོ་ལྷག་མ་རྣམསུ་ཡུ་བའི་སྟེང་དུ་བཞག་ལ་མར་གྱིས་ཡོངས་སུ་བཀང་བའི་དགང་ཐུགས་བདུན་ནམ་གསུམ་མམ་གཅིག་མེ་ལྷའོ། ་སྔགས་ཀྱིས་མེ་ལྷའི་ཞལ་དུ་དབུལ་ལོ།། ཨོཾ་ཧེ་རུ་ཀཱ་ཨགྣ་ཡེ་ཨ་མུ་ཀ་སྱ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱ་རོ།། དེ་ནས་བསྲེག་པིའི་རིམ་པ་བལྟ་བར་བྱ་སྟེ། དང་པོར་དགང་བླུགས་དབུལ ་དེ་ནས་ཡམ་ཤིང་ནཱི་འོད་ཀྱི་དཀྱིལ་འཁོར་དུའོ།། མར་ནི་ཞལི་དུའོ།། དེ་ནས་ཏ་ལི་དང་འབྲས་ཅན་དང་། ཞོ་ཕྱག་ངུའོ།། དེ་ནསཱ་ཀུ་ཀི་དང་དུཪ+Wའི་མྦྷ་གུ་ནི་སྤྱི་གཙུག་ལའོ།། དེ་ནས་ནས་དང་གྲོ་དང་འབྲས་དང་མོན ་སྲན་གྲེའུ་རྣམས་ནི་ཞལ་ལོ།། དེ་བཞིན་དུ་ཞི་བའི་རྫས་ལ་སོགས་པ་རྣམས་ཀྱང་དེ་བཞིན་ནོ།། དྲྀ་ནི་ཐུགས་ཀརཽ།། མ་ཏོག་ནི་དབུ་ལའོ།། བདུག་སྤོས་ནི་འོད་འབར་བ་ལའོ།། ཞབས་བསིལ་ནི་ཞབས་ལའོ།། ་མཆོད་ཡོན་དང་འཐོར་འཐུང་ནི་ཕྱག་ལའོ།། མར་མེ་ནི་མདུན་དུ་སྟེ། དེ་དག་ནི་རིམ་པའོ།། དེ་ནས་སྡོག་པ་བསྲེག་པོའི་ཕྱིར་དང་པར་ཏིལ་གྱི་སྦྱིན་སྲེག་བྱ་སྟེ། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། དེ་ནས་རྫས ་ཐམས་ཅད་གསང་སྔགས་གཅིག་གིས་བྱའོ།། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦྦ་བྷསྨིཾ་ཀུ་རུ་སརྦྦ་བིགྷྣཱཾ་ཧཱུཾ་ཕཊ། ཨ་མོ་ཀ་སྱ་ཤཱནྟིདྷུ་རུ་སྭཱ་ཧཱ། ཡང་ན་ཨོཾ་ཧེ་རུ་ཀཱུ་ཡ ་བྷྲྀངྒ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་ཏཱནྟོ་བྷཱི་ར་པ་རཱ་ཎྜོ་ཏ་ཡ་ཡ་ཧཱུཾ། ཨ་མོ་ཀཱ་སྱ་ཤཱཙྪ་ཀུ་རུ་སྭཱ་ཧཱ། ཡང་ན་རྒྱུད་གཞན་ལས་བཤད་པ་སོ་སོའི་སྤྱིའི་གསང་སྔགས་ཀྱང་རུང་། ཨོཾ་བཛྲཱི་ཡིཛྫི་ཡཻ་སྭཱ་ཧཱ། ཡམ་ཤཱིང་གིའོ།། ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ།། ཨོཾ་སརྦ་པཱ་པཾ། ད་ཧ་ན་བཛྲཱ་ཡ་འདི་ཞེས་བྱ་བཾ། པཱ་བཾ་ད་ཧེ་སྭཱ་ཧཱ། ཏིལ་དང་ཡུངས་ཀར་རྣམས་ཀྱིའོ།། ཨོཾ་སརྨྨས་པ་དེ་སྭཱ་ཧཱ། ཞོ་དང་ཟིན་གྱིའོ།། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ ་ཡ་སྭཱ་ཧཱ། ཀུ་ཤའི་འོ།། ཨོཾ་བཱཛྲ་ཨཱུ་ཡུཿཥེ་སྭཱ་ཧཱ། དུརྦའི་མྱུར་གུའི་འོ།། ཨོཾ་མྱ་ཧཱ་བེ་གྣ་ཡ་སྟྭཾ་ཧཱི་ནས་ཀྱིའོ།། ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་ཡིའོ།། ཨཱཾ་བཛྲི་བེ་ཛི་ཡཱ་ཡཱ་སྭཱ་ཧཱ། འབྲུའི་འོ།། ཨོཾ་མ་ཧཱ་བ ་ལཱུ་ཡཱཾ་སྭཱཧྣཱ། མ་ཤའི་འོ།། ཨཾ་བཛྲཱི་པུཥྤཱ་ཡེ་སྱཱ་ཧཱུཾ། འབྲས་མ་གྲུག་པའིའོ།། ཨོཾ་མིཧྣཱ་ཀྵེ་བ་ཡཻ་བེ་ཡེ་སྭཱ་ཧཱ། སྟར་ཀཱ་དང། གྷ་གྲྀར་ཞོ་ཤ་དང་། ཛྙཱ་ཏཱི་ཕཱ་ལ་རྣམས་ཀྱིའོ།། ཞུ་བིའི་རྫ་སྣ་ལྷག་མ་རྣམས་ཀྱི ་ནི་མེའི་རང་གི་གསང་སྔགས་རྣམས་ཀྱིས་སྦྱིན་སྲེག་བྱའོ།། ཨུ་དུམྦ་རའི་ཤིང་གི་ཡལ་ག་ལ་སོགས་ལྷག་མི་རྣམས་ལ་ནི། ཨོཾ་ལ་སོགས་པ་ནས་རང་གི་མིང་དང་མཐར་སྭཱ་ཧཱ་བཅས་པའི་རིམ་པས་སྦྱིན་སྲེག ་བྱའོ།། རྫས་ཐམས་ཅད་ལ་བདུད་རྩི་ལྔ་དང་བསྲེས་ཏེ། སྦྱིན་སྲེག་བྱའོ།། ཐམས་ཅད་དེ་ནས་མེ་ལ་འཐོར་འཐུང་དང་། བསང་གཏོར་ལ་སོགས་པ་བྱ་སྟེ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ལ། སྙིང་ག་ནས ་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་ནས་ན་མཁའ་ལས་བཀུག་སྟེ། ལས་མ་ལུས་པའི་གཞི་འཇིག་རྟེན་འདས་པའི་ཡེ་ཤེས་ཀྱི་མེ་ལྷ་ཇི་སྐད་བཤད་པའི་ལས་ཀྱི་རྒྱན་དང་། ན་བཟའ་དང་། ཇི་སྐད་བཤད ་བཱིའི་མདོག་དང་། ཕྱག་ཇི་ལྟར་གནསྣ་པའི་དཔལ་ཁྲག་འཐུང་གི་གཟུགས་བྱོན་པ་དང་། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་རྣམས་དང་། རང་གི་དམ་ཚིག་ཕྱག་རྒྱས་ཡེ་ཤེས ་སེམས་དཔའ་སྤྱན་དྲིང་ངོ་།། འཁྱུད་པྱིའི་ཕྱག་རྒྱ་བཅིངས་ལ། ཨཾ་ཤྲཱྀ་བཛྲ་ཧཱུ་རུ་ཀ་ཨེ་ཧྱེ་ཧི་བྷ་ག་བན། ཨི་ཧྲ་པཀྱ་སམ?་ཡཻ་མ་ཙ་པཉྫ་ཨ་མྲྀ་ཏ་ཨརྒྷཾ་སཾ་པྲ་ཏིཙྪ་སྭ་བུ་ཙཾ་མ་བི་ཏྲ་སི་ཏོ་མེ། འདིས་ཐབ ་ཁུང་གཡས་ཀྱི་དྲུང་དུ་བལྟསྟྲ་ཏེ། ཨོཾ་ཤྲཱི་བཛྲོ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཊཱི་ཀི་ནཱཾ་ཛཱི་ལ་སཾ་བ་རི་སཱ་ཧཱ། ཞབས་བསིལ་དང་མཆོད་ཡོན་དང་། འཐོར་འཐུང་དང་། ལྷ་བཤོས་དང་། ལཱ་སྱཱ་ལྔ་སོགས་པས ་ཡང་དག་པར་མཆོད།། རྩ་བའི་སྔགས་བརྒྱད་ཀྱིས་བསྟོད་དོ།། རྡོ་རྗེ་བཅིངས་ལ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། ་དབང་དུ་བྱའོ།། དྲྀ་ཤྱ་ཛཿཛ་ཧཱུཾ་བཾ་ཧོཿས་མ་ཡཱ་སྟྭཾ་ས་མ་ཡ་ཧོ། འདིས་མེའི་དམ་ཚིག་སེམས་དཔའི་ཞལ་དུ་ཐམས་ཅད་ཀྱི་བདག་ཉིད་རབ་ཏུ་གཞུག་གོ།། དེ་ལྟར་སྔ་མྱ་བཞིན་དུ། ་མེ་ལོང་གི་ཐོག་ཏུ་ཁྲུས་བྱས་ལ་དབང་ལྔ་གསོལ་ཏེ། དར་དཔྱངས་དང་། ཕྲེང་བ་བཅིངས་ཏེ། ཡེ་ཤེས་སེམས་དཔའ་རང་གི་ཐུགས་ཁར་མཚན་མའི་དབུས་སུ་རང་གི་ཟླ་ཆོས་ཀྱི་ཡི་གེ་ལ་དཀྱིལ་འཁོར་མཱ ་ལུས་པ་དྲུག་བཅུ་རྩ་གཉིས་ཀྱི་ལྷའི་རང་བཞིན་མཐོང་བ་ལ་ཡང་མཆོད་ཡོན་ཕུལ་ཏེ། སྔ་མ་བཞིན་དུ་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསངས་ཏེ། དེ་ནས་དགང་གཟར་བླངས་ལ་ཇི་ཙམ་དུ་ནུས་པའི ་དགང་བླུགས་མེ་ལྷའི་ཞལ་དུ་དབུལ་ལོ།། དེ་བཞིན་དུ་བླུགས་གཟར་གྱིས་སྟོང་ངམ། བརྒྱ་རྩ་བརྒྱད་དམ། བྱད་དམ། བཞི་ཚྭ་ཡང་རུང་བསྲེག་གོ།། དེ་ནས་ཡང་དགང་བླུགས་གསུམ་དབུལ་ཏེ། འ ་ལྟར་དཀྱིལ་འཁོར་མ་ལུས་པ་ཀུན་ལ་བཅུ་ཆའི་སྦྱིན་སྲེག་བྱའོ།། ཐམས་ཅད་ལ་དགང་བླུགས་དང་སྤྱོས་དང་། དྲིལ་བུའི་སྒྲ་དང་ཡི་གེ་བརྒྱ་པ་གསུམ་མམ་གཅིག་བཟླས་ཏེ། མེ་ཏོག་ལ་སོགས་པ་དག་པ ་དབུལ་ལོ།། སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་སྦྱིན་སྲེག་བྱའོ།། དབྱངས་སྐྱོང་གི་སྔགས་སམ་ཡི་གེ་བདུན་པ་འམ། རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་གསང་སྔགས་གང་ཡང་རུང་བ ་ལས་འདི་ཞེས་བྱ་བཱ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་མཐར་གདགས་སོ།། རྒྱས་པའི་མཐར་ནི་པུཥྚིཾ་ཀུ་རུ་བཽ་ཥཊ། དབང་གི་མཐར་རོ།། བསད་པའི་མཐར་ཕཊ། ཡང་དྲི་ཞིམ་པོ་ལས་བྱུང་བ་ཅི་ཡང་རུང་སྟེ། ་ཐམས་ཅད་བདག་གིས་ཁེ་ཟས་ལ་སོགས་པ་འབྱོར་པའི་དོན་དུ་སྦྱིན་སྲེག་བྱའོ།། དེ་ལྟར་མངོན་པར་འདོད་པའི་སྦྱིན་སྲེག་བྱས་ལ་དངོས་གྲུབ་ཀྱི་ཕྱིར། རྒྱད་ལས་བཤད་པའི་རྫས་རྣམས་ཀྱིས་སྦྱིན ་སྲེག་བྱའོ།། བ་ལང་ཤ་དང་རྟ་ཤ་དང་།། ཤཱ་ནཽའི་ཤ་དང་ཁྱིམ་བྱ་དགྲ། དཀྱིལ་འཁོར་གྲུ་གསུམ་བྱས་ན་ནཱི།། སངས་རྒྱས་ཉིད་ཀྱང་ངེས་པར་འཇིག་གོ། ཕྱིར་བཟློག་ཕྲེང་བའི་གསང་སྔགས་ཀྱིས། ་ཞི་བ་ལཱྀ་སྔོགས་ལས་རྣམས་བྱ།། རྡོ་རྗེ་ཕག་མོའི་སྔགས་གཉིས་ཀྱིས།། དགུག་པ་ལ་སོགས་བྱ་བ་ཡིན།། དེ་ནས་ཇི་ལྟར་འདོད་པའི་སྦྱིན་སྲེག་བྱས་པའི་མཐུར་ཨོཾ་ཧྲཱིཿཧེ་ཧཱ་ཧུཾ་ཧཱུཾ་ཕཊ། ་ཉེ་བའི་སྙིང་པོ་འདི། གསུམ་མམ། བདུན་ནཱ་མ། ཉྀ་ཤུ་རྩ་གཅིག་མར་གྱི་སྲེག་བླུགས་ཀྱིས་སྤར་ལ། མཆོད་ཡོན་དང་ཞབ་ས་བསིལ་དང་། འཐོར་འཐུང་དང་། དྲིལ་བུའི ་རོལ་མོ་སྔ་མ་བཞིན་དུ་དབུལ་ལོ།། དགང་བླུགས་ཀྱི་མཐར་བདེ་ལེགས་སུ་དང་རོལ་མོ་དང་། བཀྲ་ཤེས་པའི་ཚིགས་སུ་བཅད་པ་དབུལ་ལོ།། དེ་ནས་བསྟོད་པ་བྱ་སྟེ། མངོན་པར ་འདོད་པའི་དངོས་གྲུབ་གསོལ་ལ། བཟོད་པར་གསོལ་ལོ།། རྡོ་རྗེ་བཅིང་བའི་ཕྱག་རྒྱ་བཙངས་ལ། ཨོཾ་ཧེ་རུ་ཀ་མུ་འདིས་སྟེང་དུ་དགྲོལ་ཏེ། ཨོཾ་ཁྱེད་ཀྱིས ་སེམས་ཅནྡ་དོན་ཀུན་མཛུད།། ཅེས་པ་ལ་སོགས་པ་བརྗོད་དོ།། དྭེ་ནས་ཨཽ་ཁ་ཁ་ཁཱ་ཧི་ཞེས་བྱ་བའི་གསང་སྔགས་ཀྱིས་ཉ་དང་ཤ་དང་། ཆང་དང་། ཟན་དྲོན་ལ་སོགས་པར་ཡོངས་སུཾ་གང་བའོ། ་གཏོར་མ་བྱིན་ནོ།། མེའི་དབུས་ནས་ཡེ་ཤེས་སེམས་དཔའ་ཆོས་ཀྱི་དབྱིངས་སུ་གྱུར་ཏེ་གཤོགས་སུ་གསོལ་ལོ།། དེ་ནས་མེ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། སྦྱིན་སྲེག་གི་ཡོ་བྱད ་ལྷག་མ་རྣམས་ཀྱང་སྦྱིན་སྲེག་བྱའོ།། སྒེག་བླུགས་ཀྱི་མཐར་བསྒྲུབ་བྱ་བཟུང་ལ་དགང་བླུགས་དབུལ་ལོ།། མཆོད་ཡོན་དང་ཞབས་བསིལ་དང་བསང་གཏོར་ཡང་བྱ། སྒྲུས་པོ་མངོན་པར ་འདོད་པའི་དངོས་གྲུབ་ཀྱང་གསོལ་ཏེ། ཨོཾ་ཨགྣི་ཡེ་ཡ་ཧི་ཡ་ཧི། སདྡྷི་རྩེ་ཁ་བ་ར་ཨ་ཐཾ་ཙེ་ས་ཏི་དྷ་མ་གཱ་ཙ་ཧ་ཕྱག་བྱུག་ཅེས་བྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བིང་ཕྱིར་བཀྱེད་པའི་མེ ་འབར་བའི་གཟུགས་ཅན་དུ་བལྟ་བ་དེ་གཤེགས་སུ་གསོལ་ཏེ། རང་གི་ལྷའི་ང་རྒྱལ་དང་། ལྡན་པས་ཕྱོགས་སྐྱེད་རྣམས་ལ་གཏོར་མ་སྦྱིན་ནོ།། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ཡང་ལ ་བདུན་གྱི་བར་དུ་བཟླས་བརྗོད་བྱའོ།། ། ཨོཾ་བཛྲ་ཀཱ་ལ་ཀཱ་ལ་ཡ། ཞེས་བྱ་བས་ཕྱོགས་ཀྱི་ཕུར་བུ་དང་། མངའ་རྣམས་ཕྱུང་ལ། ལས་ཐམས ་ཅད་པའི་ཆུའོ་མ་དང་བཅས་པ་ཁཎྜ་རོ་ཧའི་རིགས་སྔགས་ཀྱིས་བྱུཏབ་སྟེ། ཁྲུས་བྱས་ལྔ་གཞག་གོ།། དེ་ནས་ལན་གོསུམ་བསྐོར་བ་བྱས་ཏེ། གླུ་དང་གྲཝར་ལ་སོགས་པ་མདུན་དུ་བྱཱ ་ཞིང་ཇི་ལྟར་བདེ་བ་གནས་པར་བྱའོ།། དཔལ་སྡོམ་རྣལ་འབྱོར་མྱ་རྒྱུད་ལས།། སྦྱིན་སྲེག་རིམ་པ་ཕྱུང་བྱ་འདིས།། རྣལ་འབྱོར་པ་ནི་རྟག་དགའ་བའི།། དངོས་གྲུབ་མྱུར་དུ་གྲུབ་པར་ཤིག ་དཔལ་ཧཱུཾ་རུ་ཀའི་མིང་གི་རྒྱུད་ལསོ།། དཔལ་བདེ་མཆོག་འཁོར་ལོསྦྱིན་སྲེག་གི་མག། གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དྷརྨྨ་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིག་པ་གཞོན་ནུས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་