| Wylie | e-texts produced with BDRC’s OCR application |
བྱས་ལ།། གཏུམཚོམ་ཤེས་སྒྲུ་མས།། ཚང་རྣམ་མཐ་ས་སྨྲས་ནི།། མཽ་ནུང་ནི་ལན་ཆ་ནན།། མི་བཟད་སྒྱུར་བནས་ཅན་དུའབར།། ད་གརྦྷག་རྡོ་རྗེ་འརྫུན།། ཤེས་རབ་ཉྀ་ལ་བསྡུས་བྱས་པ།། དམ་པདྨ་བཏྲ། ་བར།། རྣམ་ཤེས་བུང་བ་གཞུག་པར་བྱ། སྐལ་ལྡན་ངོ་བོ་ཉིད་དབང་དུ།། བདེ་བ་མཆོག་གིས་རྒྱུད་ཚིམ་ཞིང་།། ཆོས་ཀུན་རྨི་ལམ་འདྲར་ཤེས་དང་།། གང་བསྒྱུར་སེམས་སྟོན་གྲུབ་པའི་རྫ་མོ།། དེ་ནས་འོག་གི་ཕྲེཾ་བྲང་མྦྷ།། ཁོད་ཟེར་དཀྲུགས་པོའི་སྦྱོར་བ་ཡིས།། ་བྱས་དེ་ནི་གོང་མར་བཱསྟིམ།། ཐིམ་གྱུར་རང་གནས་བརྟན་པར་འདོད།། དཔལ་ལྷའི་གྲོང་ཁྱེར་དུ་འཇུག་པ་རྫོགས་སོ།། །། བཅོམ་ལྡན་འདས་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། དཔལ་ལྡན་འཇིག་རྟེན་མགོན་ཞབས་ཀྱི།། ཚི་ག་ཏིང་འཛིན་རྒྱལ ་པོ་ཡི།། ཡོངས་དང་ཞིང་དུ་རྣམ་པར་ཤེས།། འཕོ་བ་རྡོ་རྗེའི་སྐར་མངའ་བརྩམ།། ཤིན་ཏུ་ཡིད་དགའ་གྲུབ་པས་བྱིན་བརླབས་སམ།། ལྷ་མཆོག་ལེགས་ནས་ཏིང་འཛིན་གྲུབ་པའི་གཞི།། ཡང་ནཱ་དུར་ཁྲོད་ཆུ་བོ་ཤིང་གཅིག་འགྲམ།། སྐལ་ལྡན་ཆགས་བྲལ་ཟེ ་ཚོམ་མེད་པ་ཞུགས།། རྒྱ་ཆེན་མཆོད་སྦྱིན་རེ་བ་མེད་ཡིད་དགའ་བ་དང་།། བཅས་ལ་རྒྱལ་བ་ལྷ་ཡི་ཕོ་བྲང་དགའ་ལྡན་དུ།། རྩེ་གཅིག་ཡིད་བྱེད་གང་ལ་ཆགས་པའི་གནས།། མེ་འོབས་དོང་ལྟར་མི་དགའ་སྐྱོ་བ་དྲག་བསྐྱེད་པ།། སྐྱིལ་ཀྲུང་རྒྱལ་པོ་རྡོ་རྗེའི་མདུད་པ ་བརྟན་པ་ལ་གནས་ལ།། སྤྱི་བོ་སྙིང་ཀ་ལྕི་དབུས་ཧཾ་དང་ཧཱུཾ་དང་ཨཾ་རིམ་བཞིན།། དཀར་དང་སྔོ་དང་དམར་པོ་འོད་འཕྲོ་རྩེ་ཆེན་སྦུབས་ནང་བཞུག། ཕ་མ་སེམས་དབྱིངས་ལུས་རླུང་སྲོག་བསྡུས་ཡི་གེ་གསུམ་ལ་བསྡུ།། སྐྱེ་མེད་ལས་སྐྱེས་མེ་ཡིས་རབ་བཞུས ་རྒྱལ་སྲས་ཟད་འཛག་སྤྲུལ་པ་སྤྱོད།། ལྕགས་ཀྱུ་ཞགས་པ་རྡོ་རྗེ་རླུང་གིས་ཧ་ཨོཾ་ཧཱུཾ་གསུམ་གཅིག་གྱུར་ཅིང་།། ཨོཾ་ཤོས་བོང་ཕྱུང་དྷ་ཏིའི་ལམ་བྱུང་ཤིན་ཏུ་དམར་གསལ་དག་བྱས་ལ།། རྗེ་བཙུན་ཕྱག་མཐིལ་བ་དབུས་ཨ་ལས་འོད་སྦུབས་དམར་པོ་ཡང་དྲང ་བྱ།། དེ་ལ་རྗེ་བཙུན་སྤྱན་རེས་གཟིགས་ཉིད་གདུལ་བྱའི་དོན་ལ་གཅིག་ཏུ་ཐུགས་རྣམ་པར་བརྩེ་བས་བདག་གི་ལྟོས་པ་ཐམས་ཅད་ཉེ་བར་དོར་བ་ཐུགས་བསྐྱོད་པ་ནི། རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཚེའི་དུས་བྱེད་པས་ཉིང་མཚམས་སྦྱོར་བའི་འཇིགས་པས་རབ་ཏུ ་འཇིགས་པར་གྱུར་པོ་དེའི་ཚེ། ཁོ་བོའི་ཐུགས་རྗེ་དང་བྱིན་གྱིས་བརླབས་ཀྱིས་ཅི་ནས་ཀྱང་།། ཁྱོད་ཇི་ལྟར་འཇིགས་པ་མེད་པ་དེ་ལྟར་ཡང་དག་པར་སྐྱོབ་པར་འགྱུར་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པ་ཐམས་ཅད་འཁོར་བ་འམ་ངན་སོང་དུ་ཡང་བ་དང་འཇིགས། ་པར་མ་བྱེད་ཅིག། རིགས་ཀྱི་བུ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་རྗེས་སུ་འཛིན་པའི་ལྷ་ནི་ང་ཡིན་ནོ་ཞེས་གསུང་བས་དབུགས་ཕྱུང་སྟེ། ཇི་སྐད་བརྗོད་པ་དང་། སྐྱོ་བ་དྲག་པོ་གཉིས་ཀྱི་གནས་གཉིས་ལ་མངོན་པར་དགའ་བ་དང་། གདུང་བ་ཉིད་དང་ལྷག་པའི་ལྷ་ལ་གུས་པ ་མི་ཟང་པོས་སྐྱབས་སུ་གསོལ་བ་ནི་ཐབས་ཡིན་ནོ།། དེ་ནས་སྟོབས་ལྡན་སྤྲུལ་པའི་དབུས།། ལེགས་བཅུག་དྷཱུ་ཏིས་དབུས་ནས་སུ།། སྦུབས་དག་ནས་ནི་སྲན་འབྲུམ་བཞིན།། མཁས་པས་རྣམ་ཤེས་འཕྲོ་བར་བྱ།། ཚངས་དབང་ཟ་དང་འགུལ་དང་འཕྲོག། དམིགས ་པ་རང་དབང་གྱུར་ཉིད་དང་།། གསོལ་བཏབ་ངལ་བསོས་གདོན་མི་ཟ།། བརྟེན་པའི་འཕོ་བ་གྲུབ་པའི་ལྟས།། རྡོ་རྗེ་སྐར་མདའི་མན་ངག་རྫོགས་སོ།། ། འཕགས་པ་སྤྱན་རས་གཟིགས་ངན་སོང་སྦྱོང་བ་ལ་ཕྱག་འཚལ་ལོ།། སྙིང་རྗེ་ཆེན་པོ་ཡིད་གཞུང་སྟེ། ་