| Wylie | e-texts produced with BDRC’s OCR application |
མ་མེད་པ་བསྒོམ་པ་རྫོགས་སོ།། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སློབ་མ་ལ་ཕན་པར་མཛད་པ་ལ་ཕྱག་འཚལ་ལོ།། མཁས་གང་དཔའ་བོ་རྡོ་རྗེ་འཛིན།། འཛིན་པའི་རི་བོ་བརྟན་འཇིག་བྱེད།། བླ་མ་མཆོག་གི་དྲིན་ཐོབ་པས ་སློབ་མ་ལ་ཕན་བྱིན་བརླབས་གྱུར།། ཕྱི་དང་ནང་དང་གསང་བ་ཡི།། མཆོད་རྫས་མ་ལུས་ཀུན་བཤམས་ལ།། ཞི་བའི་ཡིད་ཀྱིས་སྐྱིལ་ཀྲུང་བྱ།། བདེ་ཆེན་དཀྱིལ་འཁོར་བློས་བལྟའོ།། བདག་གི་གཙུར་ཏོར་ནས་བརྒྱུད་པའི།། སྐྱོབ་པ་རྡོ་རྗེ་འཛིན་པའི་ཕྲེང་།། ཡེ་ཤེས་ས་བོན ་ཧཱུཾ་ཡིག་གིས།། མཚན་མ་རྡོ་རྗེ་སྦུ་གུའི་རྒྱུན།། སྨིན་མཚམས་ནས་འཕྲོས་སློབ་མ་ཡི།། དྷཱུ་ཏིའི་རིན་ཚན་ཕོ་བྲང་དུ།། ཞུགས་གྱུར་དེ་སྙིང་པདྨོའི་བར།། བར་ཆད་མེད་འབྲེལ་བརྟན་པས་བསྒོམ།། དེ་ནས་བླ་མའི་མན་ངག་གིས།། ཡེ་ཤེས་དབབ་པའི་སྦྱོར་བ་བྱ།། བྱང་ཆུབ ་སེམས་ཁེངས་ཡེ་ཤེས་ཀྱི།། མེ་ལྕེ་དིལ་བུས་སྦར་བར་བྱ།། བབས་པར་གྱུར་ན་ལུས་གཅིག་དེས།། སྔོན་ཆད་མེ་མྱོང་རོ་མྱང་མེད།། སྤུ་གཡོ་བ་ཡིས་འདྲེན་པར་གསུངས།། བདུག་པ་མཆོག་གིས་བདུག་བྱ་ཞིང་།། སྒྲ་ཆེན་གླུ་དབྱངས་རོལ་མོ་ཡིསོ།། དཔོའ་བོའི་གར་བྱ ་བརྟུལ་ཤུགས་ཅན།། རྩེ་གཅིག་མཉམ་པར་གཞག་པས་མཆོད།། དེ་རྗེས་རྒྱ་མཚོ་དང་བ་ལ།། རི་རབ་སྟོན་ཀའི་མཁའ་འདྲ་དང་།། ཉི་ཤར་ཟླ་ཚེས་སྐར་མདའ་ཡི།། རིམས་ཅན་ཉམས་མྱོང་སྐྱེ་བར་བྱེད་།། ཏིང་འཛིན་མཆོག་གིས་བཏུལ་བྱས་པས།། གླང་ཆེན་ལྕགས ་ཀྱུས་དུལ་བ་ལྟར།། ཞི་གྱུར་སེམས་རབ་དང་བ་ལ།། སེམས་ཀྱི་གཟུགས་བརྙན་མཐོང་བར་འགྱུར།། དེ་ལ་སྙིང་པོའི་ཆོས་རྣམ་བཞི།། སྟོང་པའི་མཚན་ཉིད་སེམས་གནས་ལུགས།། དེ་ཡི་སྣང་པོ་གློ་བུར་བ།། དབྱེར་མེད་མཚན་མེད་རྣལ་འབྱོར་རོ།། སོར་གཞག་དེ་ཡི ་མཚན་ཉིད་གསུམ།། རབ་ཏུ་གསལ་ཞིང་རྣམ་མི་རྟོག། བདེ་ཆེན་བློ་སྒྲ་དཔེ་བྲལ་བ།། བསམ་གཏན་ཕྱག་རྒྱ་ལ་རྟེན་བསྒོམ།། ངོས་བཟུང་བ་ནི་བལྟ་བ་དང་།། བསྲེ་དང་མཉམ་པར་བཞག་པའོ།། སྒོ་གསུམ་རིམ་དང་རིམ་མིན་པས།། དྲག་རྟོགས་གློ་བུར་ཉིད་རྟོག་འགྱུར།། ཇི་ལྟར ་གང་ཞིག་གང་དུ་གང་།། དྲན་རྣམས་དགའ་གདུང་དེར་ཤར་བ།། དེ་ཉིད་དེ་ལྟར་དེ་དེར་མེད།། འདི་ནི་གོཉིས་མེད་མཚན་ཉིད་དོ།། འགྲོ་འོང་གནས་དང་མི་གནས་དང་།། སྐྱེ་དང་འགག་དང་རྟེན་བྲལ་སོགས།། རྗེས་སུ་འགྲོགས་དང་གཞིག་པ་ཡི།། གདམས་ངག་གིས་ནི ་མཚན་མེད་འགྱུར།། ཨོཾ་ཨཱཿབཛྲ་གུ་རུ་སརྦ་ཛྙཱ་ནཾ་ཌཱ་ཀི་ནཱི་མ་མ་ཀཱ་ཡ་ཝཱ་ཀཱིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ཛྭ་ལ་ཛྭ་ལ་སྥ་ར་སྥ་ར་པོ་ཕེཾ། ཡེ་ཤེས་དབབ་པའི་སྔགས་སོ།། རྡོ་རྗེ་དྲིལ་བུ་མོ་ལོང་ཐོང་།། སྦྱིན་པ་རྡོ་རྗེ་མཁའ་འགྲོ་ཡི།། བརྟུལ་ཤུགས་སྔོན་དུ་སོང་བ་ཡི།། ཚིལ་ཚན་མར་མེ་སྦར ་བར་བྱ།། ཨོཾ་ཨཱ~ཾཿབཛྲ་བཛྲ་མ་ཧཱ་བཛྲ་བཛྲ་ཛྭ་ལ་ཧཱུ~ཾ་ཧཱུ~ཾ་ཧཱུཾ་ཨོཾ་ཨཱ་གརྦྷ་གཎྜ་མ་ཧཱ་གཎྜ་ཛ་ལ་ཨེ་ཨ་ཨ་ཨོཾ་ཨ་དརྠན་མ་ཧཱ་དརྦ་ན་ཛྭ་ལ། ཧྲཱིཿཧྲཱིཿཧཱུཾཿོཾ་ཨ་ཀ་པཱ་ལ་ཀ་པཱ་ལ་མ་ཧཱ་ཀ་པཱ་ལོ་ཛྭ་ལ་ཧོ་ཧོ་ཧོ།། བྱིན་གྱིས་བརླབས་ནས་སྦྱིན་པའི་སྔགས་སོ།། མཐར་ནི་སྤྱན་རས ་གཟིགས་དབང་གི། བསྲུང་བས་བསྲུང་བ་བྱ་བ་ནི།། ཐུགས་རྗེ་ཁྲོས་པས་མར་རྐང་གི། བདེ་ཆེན་འཁོར་ལོ་ཞྭཔྤ་བཤད།། སློབ་མ་བྱིན་གྱིས་བརླབ་པའི་མན་ངག་རྫོགས་སོ།། ། འཕགས་པ་ཐུགས་རྗེ་ཆེན་པོ་ཡེ་ཤེས་འབེབས་པ་ཕྱག་འཚལོ།། ་ཨེ་མའོ།། མགོན་པོ་མི་རྟོག་བདེ་ཆེན་སྟེར་མཛོད་སྐུ།། དུས་གསུམ་རྒྱལ་བའི་རྡོ་རྗེ་འཛིན་བཅས་བརྒྱད་དང་བལྟས།། སྤྱི་བོ་ནས་བརྩེགས་ཡེ་ཤེས་ཡི་གེ་འཕྲེ་ང་བ་དང་།། གཞུ་ཉིད་པད་ཟླས་ཡེ་ཤེས་འཁོར་ལོ་འབར་བར་འགྱུར།། ཤིན་ཏུ་གུས་བཅས་གཏོང་བ་ཆེ།། ་