CLOSE WINDOW

GT165: bcom ldan 'das dpal bde mchog 'khor lo'i dkyil 'khor gyi cho ga
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། བྷ་ག་ཝཱན་ཤྲི་ཙཀྐ་སྟཾ་བ་ར་མཎྜ་ལ་བིདྷི། བོད་སྐད་དུ། བཅོམ་ལྡན་འདས་དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག། བཅོམ་ལྡན་འདས་དཔལ ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན།། ཉི་ཤུ་རྩ་བཞི་གཉིས་མེད་ལ།། ཕྱག་འཚལ་དཀྱིལ་འཁོར་སྤྱོད་པ་དང་།། བརྟུལ་ཞུགས་རིམ་པ་བསྙེན་པ་བཤད།། ལུགས ་སུ་བྱུང་དང་བཟློག་པ་དང་།། ཐ་དད་ཕྱི་ནི་སྦས་པ་དག། ཤེས་ནས་གང་ཡང་ཆོ་ག་འདི།། བདག་གི་ཐམས་ཅང་བཤད་པར་བྱ།། སྒྲ་དང་སྒྲ་ཉམས་བརྡ་དང་ནི།། སྡེ་བ་སྦྱོར་མཚན་ཉིད་སྤངས་པ་ཡི།། འཁོར་ལོ། ་མཆོད་པའི་ཆོ་ག་གསལ།། དེ་ནི་བདག་ཉིད་དྲན་ཕྱིར་དང་།། གར་གྱི་གནས་དང་མཚུངས་འདྲ་བའི།། ཕྱི་རོལ་བསྟན་བཅོས་སུན་འབྱིན་པ།། དོན་ལ་རྟོག་པ་དེ་ཉིད་ཅན།། སྤྱོད་དང་ཐར་པའང་རང་དགའ་ཡིན།། ་ལེགས་པར་བརྟགས་པའི་སློབ་མ་ལ།། སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི།། འཇམ་ཞིང་སྙན་པར་སྨྲ་བ་དང་།། སྙིང་རྗེ་ལ་སོགས་ཕན་སེམས་ལྡན།། ཐོས་དང་ཀློག་ལོ་མངོན་པར་བརྩོན།། གསང་བའི་ཆོ་ག ་ལྷག་པར་དང་།། རྟག་པར་རྒྱུན་ཏུ་བླ་མ་གུས།། སློབ་མ་དེ་ནི་ཡོངས་སུ་བཟུང་།། དེ་ནི་དངོས་གྲུབ་མ་ལུས་པ།། སྒྲུབ་བྱེད་ཡེ་ཤེས་བཤད་བྱ་སྟེ།། ལྷ་ནི་མཉེས་པར་མ་བྱས་ན།། བདག་ཉིད་རྣམ་པར་སུན་འབྱིན་ཡིན།། ་དཔལ་ལྡན་ཁྲག་འཐུང་འཁོར་ལོ་ཡིས།། སྔགས་རྣམས་མཉེས་པར་རབ་དང་ཅིང་།། དཔའ་བོའི་སྙིང་པོའི་གསང་སྔགས་ནི།། ཁྲི་དྲུག་གསུམ་དུ་བཟླས་བརྗོད་བྱ།། རྣལ་འབྱོར་མ་ཡི་འཁོར་ལོ ་ཡིས་ཁྲི་ཕྲག་ཉིས་ནི་བསྙེན་པར་བྱ།། ཀཱ་ཀའི་གདོང་སོགས་རྣམ་པ་བརྒྱད།། སྙིང་པོ་རྣལ་འབྱོར་མ་བཞི་ཡི།། སྟོང་ཕྲག་ལྔ་དང་ལྔ་བརྒྱ་ནི།། སྔོན་དུ་བསྙེན་པ་བྱ་བ་སྟེ།། བདག་གི་ཡང་ནི་དཀྱིལ་འཁོར་ནི།། སྔོན་དུ་བསྙེན ་བྱས་འགྲུབ་པར་འགྱུར།། གང་འདོར་རྗེས་གནང་དབང་བསྐུར་བའོ།། བླ་མའི་གཙོ་བོ་བྲི་བྱ་ཞིང་།། འཁོར་ལོའི་ཡོ་བྱད་ཕུན་ཚོགས་པའོ།། སློབ་མས་དེ་ལ་གསོལ་བ་གདབ།། འཁོར་ལོ་མཆོད་པའི་རིམ་ཇི་བཞིན།། ཁྱོད ་ཀྱིས་ཐམས་ཅད་འབྱོར་གྱུར་ཏམ།། རྣལ་འབྱོར་རྣལ་འབྱོར་མ་དགའ་བར།། གུས་པོ་ཡིས་ནི་བྱེད་ནུས་སམ།། གལ་ཏེ་དཔའ་བོ་ཐམས་ཅད་དུ།། གཟི་བརྗིད་ཅན་བྱེད་ནུས་སྨྲ་བ།། དེ་ནས་དཔའ་བོ་ཆེན་པོས་འདིར།། ཤས ་རབ་ཡན་ལག་གཉིས་མིང་ལུས།། དཔལ་ལྗོན་ཁྲག་འཐུང་རྣལ་འབྱོར་ཆེ།། འཁོར་ལོ་ཀུན་ལ་རྣམ་པར་བཞུགས།། དང་པོ་གནས་མི་ཁྱད་པར་དུ།། དཱ་ལས་འབད་པོས་བཙལ་བར་བྱ།། སེམས་ཅན་དོན་བྱའི་རྒྱུ་རུ་ནི། ་བདག་གིས་བྱང་ཆུབ་དེ་ལ་བདག། ད་ནི་དངོས་གྲུབ་ཐམས་ཅད་ཀྱི།། ཡོན་ཏན་གནས་ནི་བཤད་བྱ་སྟེ། ཤིན་ཏུ་བགྲོད་པར་དཀའ་བོ་ཡི།། དུར་ཁྲོད་ཆེན་པོའི་གནས་དག་ཏུ།། རྀ་ལངས་དང་ནི་སྲིན་པོ་རྣམས།། མི ་ཟད་འཇིགས་པའི་སྒྲ་སྒྲོགས་པ།། ཡི་གེ་པོ་གི་སྒྲས་ཁྱབ་པ་འམ།། སྒྲུབ་པ་པོ་དང་མཚམས་ཕྱོགས་སུ།། འཇིགས་བྲལ་ཡོངས་སུ་དག་པའི་བློས།། མ་ལུས་རྣམ་རྟོག་བྲལ་བ་ཡིས།། བྱམས་དང་སྙིང་རྗེའི་རྒྱུན་གྱིས ་ནི། འདྲེས་མེད་རྣལ་འབྱོར་པ་དེར་གནས།། སེམས་ཅན་གཅིག་ཏུ་གདུག་ཅིང་གཏུམ།། སྡུག་བསྔལ་དང་ནི་ལས་ཀྱིས་གཟིར།། སྟོང་དང་སྙིང་རྗེའི་སྙིང་པོ་ཡིས།། བྱང་ཆུབ་ལ་བཞག་ཡིད་ལ་བྱ།། ཀྱེ་མ་སེམས ་ཅན་སྡུག་བསྔལ་ཞིང་།། ཀུན་རྟོག་ལ་ནི་མངོན་པར་ཞེན།། དེ་ཡི་རྟོག་པ་གཞོམ་ཕྱི་བདག། དཔལ་ལྡན་ཧེ་རུ་ཀ་རང་བྱ།། སྔོན་དུ་བསྙེན་པའི་ཆོ་གའོ།། གནས་ལས་ལངས་པ་ཉིད་དང་ནི།། འཇུག་དང་རྫོགས་པ ་ཉིད་དྲིང་ནི།། འཇུག་དང་རྫོགས་པ་ཉིད་དག་དང་།། བྱིན་གྱིས་བརླབས་དང་དབང་བསྐུར་དང་།། ཏིང་འཛིན་མཆོད་པ་ཉེ་བར་བསྡུ།། ཡང་དག་ཡེ་ཤེས་རྒྱུད་ཤེས་ཤིང་།། ཧེ་རུ་ཀ་དཔལ་གསང་སྔགས་ཤེས།། ཁྲོ་བ ་མེད་ཅིང་གཙང་ལ་མཁས།། སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། དཔལ་ལྡན་ཁྲག་འཐུང་སོགས་ཆ་ལུགས།། བདག་ཉིད་སྔོན་དུ་བྱེད་བདག་ནི།། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ།། གསང་བའི་ཡེ་ཤེས་རྣམ་པར་སྤངས།། དམན ་ལ་མོས་པའི་སེམས་ཅན་རྣམས།། མཐོང་ནས་སློབ་དཔོན་ཚུལ་ལ་གནས།། སེམས་ཅན་གདོན་པར་བྱའོ་ཞེས།། སྙིང་རྗེས་རྣོན་པོའི་སེམས་དང་ལྡན།། དེ་བོསཾ་ཧེ་རུ་ཀ་རྣལ་འབྱོར།། བདེ་མཆོག་མགོན་པོ་བདག་སྟོན་ནོ།། ་དམ་ཚིག་སྒྲེང་ཞིང་བརྟེན་བྱེད་པ།། བུ་ཁྱོད་ཅིག་སྒོ་གྱུར་ཏམ།། ཧེ་རུ་ཀ་དཔལ་ཚུལ་འདི་ལྔ།། བཟའ་དང་བསྲུང་ལ་བརྟེན་པ་དང་།། སྐྱེ་བོ་མང་པོའི་སྡིག་པ་ནི།། བསགས་པས་རྣམ་པར་འཇིག ་བྱེད་པ།། དཔའ་བོ་འཁོར་ལོ་སྡོམ་པ་ཡི།། སྡོམ་པ་སོ་སོར་བསྲུང་བར་བགྱི།། སློབ་མས་གསོལ་བའོ།། དེ་ནས་འདིར་ནི་དཔའ་བོ་ཆེས།། སྔོན་དུ་སྤྱོད་པ་བྱས་ནས་ནི།། ང་ནི་སེམས་ཅན་བསྒྲལ་བྱ་ཞིང་།། དགའ་བའི་སེམས་ནི ་སྔོན་དུ་བྱ།། འཁོར་ལོ་བདེ་མཆོག་དཔལ་རྣལ་འབྱོར།། རྒྱུད་ཀྱི་ཆོ་གས་ལྷ་རྣམས་ནི།། མཉེས་བྱས་དཀྱིལ་འཁོར་བྲི་བྱ་ཞིང་།། ས་ཡང་ཡོངས་སུ་བརྟག་པར་བར་བྱ།། རི་དང་ནགས་དང་སྨན་ལྗོངས་དང་།། རྒྱ་མཚོ་ཆེན ་བིའི་འགྲམ་དང་ནི།། སྔོན་ནས་གྲུབ་པའི་དུར་ཁྲོད་དང་།། ཡིད་དུ་འོང་བའི་ས་ཕྱོགས་དང་།། གང་ཡང་སེམས་ནི་འཇུག་པ་དང་།། མཛེས་ཤིང་ཡིད་ནི་དགའ་བ་རུ། ཆུ་དང་བ་ལང་ལྕི་བས་བྱུགས།། མེ་ཏོག་སྣ་ཚོགས་རྣམ་པར ་དགྲམ།། དབུགས་དབྱུང་མཆོག་དང་བཱར་མ་དང་།། དྲྀ་ནི་ཆུ་དང་བཅས་པར་བྱུགས།། དེ་ལ་སོགས་པ་མཉེ་བ་དང་།། ཀུན་ཏུ་རྒྱ་ཆེར་བརྡུང་བ་དང་། ཤར་དང་བྱང་དུ་གཞོཞལ་བས་ནི།། སྔགས་པ་རྣམས་ནི་དངོས་གྲུབ་འགྲུབ། ་དབུས་སུ་མཐོ་བས་རྒྱལ་སྲིད་དམ།། རིག་པ་འཛིན་པའི་གནས་ངག་ཐོབ།། བྱང་དུ་མཐོ་བས་འཆི་འགྱུར་ཞིང་།། ནོར་རྣམས་རབ་ཏུ་འཇིག་པར་བྱང་།། ཇི་སྐད་བཤང་པས་ཤར་མཐོ་བས།། རིགས་རྣམས་རབ་ཏུ་བཟང་བར་བྱེད་།། ་དབུས་སུ་དམའ་བའི་རང་བཞིན་གང་།། སྒྲུབ་པ་པོ་ནི་འཇོམས་དང་ལྡན།། དེ་ལྟར་མཚན་ཉིད་བཅས་པ་ཡིས།། དཔའ་བོའི་དབང་པོ་སོགས་པས་མཚན།། སའི་མཚན་ཉིད་བསྟན་པའོ།། །། དེ་ལྟར་སྦྱངས་པ་བྱས ་མཛེས་པའི།། ས་ཡི་དབུས་སུ་འདུག་ནས་སུ།། མཛེས་དཀར་མ་མོ་ཞེས་བྱ་ནི།། བསྐུལ་བས་འདི་ཡིས་གསོལ་བ་གདབ།། དང་པོར་སྒྲ་ལ་སོགས་སྔོན་གྱིས།། རྣལ་འབྱོར་དམིགས་པ་ཐམས་ཅད་དུ།། དཔལ་ལྡན་ཁྲག ་འཐུང་རྣལ་འབྱོར་ཆེ།། གཉིས་མེད་ཡེ་ཤེས་ལ་ལེགས་གནས།། ས་ལ་རེག་པའི་ཕྱག་རྒྱ་དང་།། མི་ཤཱིགས་ཐིག་ལེར་བྱས་པ་ཡིས།། སེར་མོས་ལན་གསུམ་བསྣུན་པ་ནི།། བཀུག་གནས་མདུན་དུ་འདུག་པར་བསམ།། ཡན ་ལག་རྒྱན་རྣམས་ཐམས་ཅད་དང་།། ཁ་དོག་སེར་པོ་ལེགས་པར་མཛེས།། ལག་ན་བུམ་པོ་ཐོགས་ནས་ནི།། བདག་གི་སོ་ཅི་བགྱི་བཀའ་སྩོལ་སྨྲ།། མཆོད་ཡན་རྐང་པ་དཀྲུག་སོགས་བྱིན་ལ།། གཟི་བརྗིད་ཅན་དེ་འདི་ལྟར་བྱ།། ་སྐྱོབ་པོ་སངས་རྒྱས་ཐམས་ཅད་ཀྱིས།། སྤྱོད་པའི་ཚུལ་དང་ཁྱད་པར་གྱི།། ས་དང་ཕ་རོལ་ཏུ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། ཤཱཀྱ་སེང་གིས་སྐྱོབ་པ་ཡིས།། ཇི་ལྟར་བདུད་ནི་སྡེ་བཅོམ་པ།། དེ་བཞིན་བདག་གིས། ་བདུད་སྡེ་ལས།། རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི།། དེ་སྐད་ལན་གསུམ་བརྗོད་ནས་ནི།། དེར་ནི་ཐིམ་པར་རྣམ་པར་བསམ།། ས་བསླང་བའོ།། མགུལ་རྒྱན་གདུ་བུ་རྣ་རྒྱན་དང་།། སྤྱི་བོར་ནོར་བུས་རྣམ་པར་བརྒྱན།། མཆོད ་ཕྱིར་ཐོགས་རྒྱ་ཐལ་བ་ཡི།། རྒྱ་ཡིས་ཡན་ལག་ཀུན་ནས་བརྒྱན།། དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ།། སྒོམ་ནས་བགེགས་རྣམས་བསལ་བར་བྱ།། དེ་ནས་རྐང་པ་གཉིས་སུ་ཡི་གེ་ཧཱུཾ ་ལས་འབར་བའི་རྡོ་རྗེ་བསམ་ལ།། མིག་གིཉིས་སུ་མ་དང་ཊ་ལས་ཟླ་བ་དང་།། ཉི་མ་བསམ་ཏེ། རྡོ་རྗེ་ལྟ་བས་ཐམས་ཅད་དུ་བལྟོས་ལ།། ལག་པ་གཡོན་པས་དྲིལ་བུ་གཟུངས་ཞི་།། གཡས་ཀྱིས་རྡོ་རྗེ་གསོར་བ་ལ་འབད།། ་ཁཱ་ཊྭཱཾ་ག་ལ་ལེགས་པར་བྱུང་ནས་ང་ནི་གནས་པ་འདས་བསྐྲབ་པར་བྱའོ།། ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཡི་དགས་དང་། སྲིན་པོ་དང་། ་སྨིན་མོ་ལ་སོགས་པ་གང་དག་གནས་པའི་སའི་བདག་པོ་མྱུར་དུ་སོང་ཤིག། འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ནོས་ལ། མྱུར་བ་ཉིད་དུ་སོང་ཤིག། གང་དག་མི་འགྲོ་བ་ང་ལ་དའི་ཡེ་ཤེས་ཀྱི་རྡོ་རྗེ་དང་། ཁ་ཊྭཱཾ་འདིས ་སྤྱི་བོ་ནས་རྣམ་པ་བརྒྱར་དགས་པར་བྱའོ་ཞེས་ལན་གསུམ་བརྗོད་པར་བྱའོ།། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་ལན་གསུམ་དུ་བསྐོར་བར་བྱའོ།། བསྐལ་པའི་མེ་ལྟ་བུའི་འོད་ཟུར་རྐང་པའི་འོག་ནས ་བྷུང་ནས་གདུག་པ་རྣམས་བསྲེགས་པོར་གྱུར་ནས་ཕན་ཚུན་བྱེར་བར་གྱུར་པར་བསམ་མོ།། གཽཡས་དང་གཡོན་དུ་བསྐོར་བ་དང་།། འཁྱུད་དང་ཀུ་ཙ་པ་ཡི་ངོ་།། བ་ར་ཏི་དང་སྭ་ཏི་ཀ། བྲྀང་ངེ་ཀེ་ཤིག་ཀྱ་ལ་སོགས།། ་ཆགས་བཅས་ཚུལ་གྱིས་སྦྱོར་བས་ནི།། རོལ་པ་རབ་ཏུ་བྱ་བ་དང་།། རོལ་པའི་གོམས་སྟབས་བཅས་པའམ། གོམ་པ་བརྒྱད་པར་གར་བྱའོ།། རྐང་པ་བསྐྱོད་དང་ལག་པ་བསྐྱོད།། སྨན་མ་འདེགས་དང་རབ་དགས་འབྲང་།། ཅུང་ཟད ་ངོ་ཚའི་མིག་ཟུར་དང་།། པརླ་རྒྱས་ལྟ་ན་སྡུག་པ་དང་།། མྱིག་ཡངས་གར་ནི་བྱེད་འགྱུར་ཞིང་།། ཁ་ཡི་པདྨ་འཛུམ་དང་བཅས།། ཅུང་ཟོད་དམན་པའི་མཚོ་བ་འཆང་།། ཀུན་ད་ལྟར་ཀར་སོ་ཡི་ཕྲེང་།། དཔལ་ལྡན་ཁྲིག་འཐུང་རྣལ ་འབྱོར་ཆེ།། སེམས་ཅན་སྒྲོལ་ལ་རྨད་དུ་བྱུང་།། དེ་ལ་སོགས་པ་གར་གྱིས་ནི།། བགེགས་ལ་སོགས་པ་བསྐྲད་པར་བྱ།། ཞལ་བཞི་ལ་སོགས་སྔགས་ཀྱིས་ནི།། ཕུར་བུ་ར་བ་དྲ་བ་བྱ།། ཐ་མ་པ་དབྱངས་ཡོ་ག་ལས་བྱུང་བ ་ཡི། སྣ་ཚོགས་རྡོ་རྗེའི་རང་བཞིན་ལས།། ཡི་གེ་བདུན་གྱིས་སྔགས་ཀྱིས་ནི།། རྡོ་རྗེའི་ལྟ་བས་ལྟས་ནས་ནི།། དཀྱིལ་འཁོར་གྱི་ནི་ས་ཡི་ཆ།། ཉེས་དང་ལྡན་ཡང་རིག་པར་འགྱུར།། བགེགས་བསལ་བའོ།། ། ་ནཱ་ད་སོགས་པའི་གཟུགས་ལས་བྱུང་།། རི་ལྔ་སོགས་པ་ཇི་བཞིན་བསམ།། ཨིནྡྲ་ནཱི་ལྱའི་ས་གའི་ལ།། འཁོར་ལོ་གསུམ་གྱི་བདག་ཉིད་བསམ།། སྣ་ཚོགས་པདྨ་འཇམ་པ་ལ།། ཇི་བཞིན་གནས་སུ་རྣམ་པར ་བསམ།། ཨཱ་ལི་ཀཱ་ལྀ་ལ་སོགས་ལས།། དཀྱིལ་འཁོར་དུ་ནི་རྣམ་པར་རྟག། དེ་ལ་གཙོ་བོའི་གན་སུ་ནི།། དཔལ་ལྡན་ཁྲག་འཐུང་ཤེས་རབ་ཀྱི།། ཕོ་བྲང་མཆོག་དཔའ་རྣལ་འབྱོར་མ།། ཡན་ལག་གཉིས་མིང་འདུས ་གྱུར་པ།། གཉིས་སུ་མེད་པར་ཇི་བཞིན་བསམ།། རང་བཞིན་མི་གནས་ཡེ་ཤེས་འཁོར་མ་ནི།། དམ་ཚིག་འཁོར་ལོ་འདི་ཡི་གཞུག་པར་བྱ།། རྐང་པ་གནོན་ཅིང་གྱེན་དུ་བལྟས་ནས་ནི།། ་ཞེས་བྱ་བའི་སྒྲ་ནི་བསྒྲག་པར་བྱ།། ཕྱོགས་བཅུར་གནས་པའི་དཔའ་བོ་དང་།། རྣལ་འབྱོར་མ་ནི་དགུག་པ་སྟེ།། དང་པོར་གོ་ཆ་ཇི་བཞིན་པས།། ལེགས་པ་ཉིད་དུ་བསྲུང་བར་བྱ།། མཛུབ་གཉིས་མདུད་ཅིང་གུང་མོ་གཉིས། ་སྦྱར་ཏེ་མཐེ་བོ་རྡོ་རྗེ་ནི།། བརྟན་པར་སྦྱར་ལ་དཔྲལ་བ་ཡི།། དབུས་སུ་ལེགས་པར་བཞོག་པར་བྱ།། ཕྱག་རྒྱ་མ་མ་ཚོགས་བསྐུལ་ནས།། བསྐོར་ཞིང་བསྐོར་ཞིང་ངེས་གཞུག་པར།། དམ་ཚིག་འཁོར་ལོ་བསམ་པར་བྱ། ་མཁའ་འགྲོ་ཀུན་དང་གནས་བདག་ནོ།། ཡིད་ཀྱི་མཁའ་བསམ་ཡིད་བཞུག་བསམ།། ས་ཡི་འཇིག་རྟེན་དག་ཕྱོགས་གཞུག། ས་འོག་ལུས་ནི་ཀུན་ལ་སྦྱར།། རང་མདོག་ཕྱག་ཚོགས་ཡན་ལག་འཁྱུད་པ་དང་། ་ཐམས་ཅད་མཆོད་ཅིང་ཕྱོགསུ་མ་མོ་རྣམས།། མཚམ་སུ་བརྒྱད་པོ་རྣམས་དང་ས་ཡི་ནི།། བདག་པོ་རྣམས་ཀྱང་ལོགས་པར་བསམ་པར་བྱ།། ཡེ་ཤེས་འཁོར་ལོ་སྤྱན་དྲངས་པའོ།། ། རང་གི་མིང ་བརྗོད་གསང་སྔགས་རྒྱལ།། དང་པོར་ཨོཾ་དང་ཧཱུཾ་གཉིས་ལྡན།། ཕཊ་དང་ཡང་དག་སྦྱར་བ་ནི།། ལྷ་རྣམས་མ་ལུས་པ་ཡི་ཡིན།། བར་མ་དབུགས་ཕྱུང་མཆོག་དྲི་ཆུ།། མཆོད་པར་རྟག་ཏུ་བརྩོན་པ་དང་།། ཆོ་གའི་རྗེས ་མཐུན་ཐམས་ཅད་མཆོད།། དཔལ་ལྡན་ཁྲག་འཐུང་སོགས་བསམ་པ།། རང་གནས་དབུས་ཀྱི་ཕྱོགས་སུ་ནི།། ཡོངས་སུ་བསྐོར་ཅིང་བཤད་པ་ཡི།། གསང་སྔགས་ཇི་བཞིན་རིམ་དང་པོ།། གཡོན་ནས་བསྐོར་ཞིང་རང ་བདག་དང་།། ཐཱ་དང་ཕྱི་ཡི་མེ་ཏོག་སོགས།། དཔལ་ལྡན་ཁྲག་འཐུང་རྗེས་མཐུན་འགྲོ། མ་ལུས་ལྷག་པར་གནས་བྱ་ཞིང་།། གསང་སྔགས་རྒྱལ་པོ་སྔོན་འགྲོ་བས།། ཕྱོགས་ཀུནཱ་མ་ལུས་ཁྱབ་པ་དང་།། ཀུ་ཙེ་གཉིས ་ནི་འཁྱུད་པ་ཡིས།། དཔལ་ལྡན་ཁྲག་འཐུང་སོགས་སུམ་བཅུ།། རྩཝ་བདུན་རྣམ་བསམས་ཚོགས་མཆོད།། གཉིས་མེད་ཡེ་ཤེས་ལས་བྱུང་བ།། ཁྱབ་བདག་དངོས་ཀུན་བདག་ཉིད་ཅན།། སྟོན་པའི་གཙོ་བོ་ཁྲག ་འཐུང་དཔལ།། ཕག་མོ་ལྷན་ཅིག་ཡང་དག་ལྡན།། གང་དུ་ཕྱོགས་བཅུའི་དཔའ་བོ་དང་།། རིག་པའི་ལྷ་མོ་རྫུ་འཕྲུལ་ཅན།། བྱང་ཆུབ་སེམས་དཔའ་ལ་སོགས་ཀུན།། མ་ལུས་བདག་ལ་དགོངས་སུ་གསོལ།། དྲི་ཞིམ་མེ་ཏོག ་འཕྲེང་བ་དང་།། ཐོད་པ་དེར་ནི་ལྔ་པ་སྟེ།། དཔེལ་ལྷུན་ཁྲག་འཐུང་སོགས་ཀུན་ལ།། བདུད་སྤོས་ལེགས་པར་འབུལ་བར་བྱ།། དེ་འོག་རང་གི་དབུགས་དབྱུང་བསམ།། ཚོགས་བརྟུལ་ཞུགས་ཅན་ཞུགས་པར་བྱ།། སྐུ ་ལ་གསོལ་བ་གདབ་པའོ།། ། སློབ་མའོ་གཙོ་བོ་ལ་སོགས་པ།། ལྷག་པར་གནས་བྱ་མཆོད་པར་བྱ།། བུ་ཚུར་ཐེག་པ་ཆེན་པོ་ལ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། གསང་སྔགས་སྤྱོད་པའི་ཆོ་ག་འདི ་ཁྱོད་ལ་ཡང་དག་བཤད་པར་བྱ།། རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་དང་།། ད་ལྟར་འབྱུང་བ་རྫོགས་སངས་རྒྱས།། འགྲོ་ལ་ཕན་ཕྱིར་བཞུགས ་པ་ཀུན།། དེ་དག་ཀུན་གྱི་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འདི་མཁྱེན་ནས།། དཔའ་བོ་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་མཚན་མེད་བརྙེས།། གསང་སྔགས་སྦྱོར་བ་མཉམ་མེད་དེ།། སྐྱོབ་པ་དཔལ ་ལྡན་ཧེ་རུ་ཀས།། བདུད་སྟེ་ཤིན་ཏུ་མི་བཟད་པས།། དཔུ་ཆེན་དག་ཀྱང་དེའི་བཙེམ།། དེ་བོས་ཀུན་མཁྱེན་ཐོབ་པའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། དཔའ་བོ་ཡན་ལག་ལས་བྱུང་བའོ།། སྡོམ་པ་ལ་སོགས ་སློབ་མ་ལཱ། བྱང་ཆུབ་ཐོབ་པའི་དོན་གྱི་ཕྱིར།། ཆོ་ག་ཐམས་ཅད་སྦྱིན་པར་བྱ།། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་པར་བདག་ནི་སྐྱབས་སུ་མཆི།། རྣལ་འབྱོར་གསང་སོགས་མཁའ་འགྲོ་མ།། འཁོར་ལོ ་གསུམ་གྱི་བདག་ཉིད་ཅན།། ཀུན་ལ་རྟག་ཏུ་སྐྱབས་སུ་མཆི།། དཔེའ་བོ་དཔའ་མོའི་དབང་ལྷ་མོ།། བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ།། ཁྱད་པར་དུ་ཡང་སློབ་དཔོན་ལ།། རྟག་པར་བདག་ནི་སྐྱབསུ་མཆི།། དཔལ ་ཆེན་ཁྲག་འཐུང་སོགས་པའོ།། རྣལ་འབྱོར་མོ་དང་སྣང་མཛད་སོགས།། བྱང་ཆུབ་སེམས་དཔའ་དཔག་མེད་ལ།། ཐམས་ཅད་བདག་ལ་དགོངསུ་གསོལ།། ཆེ་གེ་དུས་འདི་ནས་བཟུང་སྟེ།། ཇི་སྲིད་གཉིས་མེད་ལ་གནས ་བར། དེ་ཡི་ཚངས་སྤྱོང་གཉིས་མེད་པ།། ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་།། རང་གི་སྲོག་ཏ་ནཱི་ཡི་རྒྱུན།། ཡི་གེ་བདུན་གྱི་མངོན་བསྔགས་པས།། སློབ་མ་ལ་ནི་བསྲུང་བའི་ཕྱིར།། ཐིགས་པ་ཀུན་ཏུ་དག་པར་བྱ།། ་འཇིག་རྟེན་དབང་ཕྱུག་ཀུན་གྱིས་ནི།། ཁ་ནས་ཐམས་ཅད་དབང་བསྐུར་རོ།། དཀྱིལ་འཁོར་གྱིས་ནི་ས་ཡ་ཆེ།། གཉིས་མེད་ཡེ་ཤེས་ཡེ་ཤེས་ལས་བྱུང་མཆོག། དཔལ་ཆེན་ཀུན་གྱི་རང་ལྷ་མོ།། མཆོད་པའི་ཆོ་ག ་རྗེས་སུ་སྦྱང་།། ཕྱི་ནང་བདག་ཉིད་ཅན་གྱིས་ཀྱང་།། དཔལ་ཆེན་ཁྲག་འཐུང་འཁོར་ལོ་མཆོད།། སློབ་མ་ལྷག་པར་གནས་པའི་ཆོ་གའོ།། ཤེས་རབ་ཅན་གྱིས་ནད་པར་སྔར།། ཐིག་གདབ་གཉིས་མེད་ཡེ་ཤེས ་ལས།། བྱུང་བའི་དཀྱིལ་འཁོར་ཀུན་བྲིའོ།། སློབ་དཔོན་མཚན་ཉིད་བཟང་དང་ལྡན།། ཡང་དག་ཡེ་ཤེས་དེ་ཉིད་ཤེས།། དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས།། ཁྲོ་མེད་གཙང་ལྔ་མཁས་པ་དང་། སྦྱོར ་ཤེས་ཡེ་ཤེས་ཕ་རོལ་འགྲོ། ཐོད་པ་ལ་སོགས་སྤྱི་བོར་བཅིངས།། ཡན་ལག་ཐམས་ཅད་རྣམ་པར་བྱུགས།། ལུས་ལ་ཕྱག་རྒྱ་དྲུག་ལ་སོགས།། ཁ་ཊྭཱཾ་ག་ནི་ལག་ན་ཐོགས།། བརྒྱ་ཕྱེད་པའི་ཕྲེང་བས་བརྒྱན ་ཧེ་རུ་ཀའི་རང་བྱས་ཏེ།། འཁོར་ལོ་ལ་བལྟས་སྙིང་གོར་དགོད།། དེ་ལྟར་བདག་ཉིད་གོ་བགོས་ཤིང་།། སྔགས་དང་ཕྱག་རྒྱས་བརྒྱུན་ནས་ནི།། དངོས་གྲུབ་ཆེན་པོར་བརྩོལ་བ་ཡི།། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ ་དེ་ནས་རོ་ཡི་སྲད་བུ་ལ།། མདྷཱ་ར་ཏཱི་རས་བརླན་པས།། དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་བྲིས།། གྲོང་ཁྱེར་དམ་པའི་ཐིག་གདབ་པོ།། ཁྲུ་གང་བ་ལ་སོགས་པ་བྲི།། ཇི་སྲིད་བཅུ་གཉིས ་བཅུ་དྲུག་པར།། རྣལ་འབྱོར་དབང་ཕྱུག་དབང་ཕྱུག་ཆེ།། ཤེས་རབ་ཅན་གྱི་ཐིག་གདབ་བོ།། ཇི་བཞིན་སྲད་བུ་ཝཱ་རུ་ནི།། རྣམ་པར་ཕྱེ་སྟེ་བཙོས་ནས།། དཔལ་ལྡན་ཁྲག་འཐུད་ལ་སོགས་པ།། སྤྱན་དྲངས་གནས་ནི་དེ་རུ ་བཞུགས།། སངས་རྒྱས་ཀུན་གྱི་མཁའ་འགྲོ་མོ།། རྩ་བའི་སྔགས་དང་གཉིས་མེད་དེ།། པདྨའི་སྣོད་དུ་ལེགས་བཞག་སྟེ།། རང་བྱུང་མེ་ཏོག་དག་གིས་མཆོང་།། ཡེ་ཤེས་ཐིག་ནི་བསྐྱེད་ནས་སུ།། མཁས་པས་ཐིག་ནི་གདབ ་པར་བྱ།། སྔོན་ཆད་ཆོ་ག་མཐོང་གྱུར་པས།། ཡེ་ཤེས་ཐིག་ནི་གདབ་པར་བྱ།། བླ་མས་ཁུ་ཚུར་གྱིས་བཟུང་ཞིང་།། གཅིག་གི་མཐའ་རུ་སློབ་མ་ཡིས།། དབུགས་འབྱིན་འགྲོ་བར་བས་ན་སུ།། ཐིག་གཉིས་དག་ནི་ལེགས ་པར་བསྒྲིལ།། གཉིས་མེད་གཉིས་སུ་མེད་སྔགས་ཀྱིས།། བསྒྲིལ་ནས་དེ་ནི་ཐོག་གདབ་བྱ།། བྷྲཱུཾབྷྲཱུ~ཾ་ཞེས་པས་ལེགས་བཏང་ཞིང་།། བློ་ལྡན་བརྒྱབ་ནས་འགྲོ་བར་བྱ།། དང་པོར་ལྷོ་དང་ཤར་ཡི་ནི།། སྒོ་དབུས་ཇི་བཞིན་གནས་ནས ་ལྷོ་རུ་མངོན་པར་ཕྱོགས་ནས་ཀྱང་།། ནམ་མཁར་དེ་བཞིན་ཐོག་གདབ་བོ།། ཡོན་པ་རྡོ་རྗེ་ཁུ་ཚུར་གྱིས།། ལྟེ་བའི་ཕྱོགས་སུ་བཟུང་ན་སུ། ཤར་དུས་བལྟས་ནས་དཔའ་བོ་ཡིས།། ས་ལ་ཚངས་པའི་ཐིག་གཉིས་གདབ། ་ཐིག་སྐུང་དག་ནི་འདེགས་པ་ཡི།། འཇིག་རྟེན་ཁམས་ནི་མ་ལུས་པའི།། སངས་རྒྱས་ལ་སོགས་འགྲོ་དོན་གྱིས།། ཁྱོད་ནི་དོན་དུས་ཡིན་ཞེས་བསྐུལ།། སློབ་དཔོན་ཉིད་དང་གྲོགས་ཀྱིས་ནི།། གཡོན་ནས་བསྐོར་བ་ཤཱན ་ཏུ་བརྩོམ།། རླུང་དང་དབང་ལྡན་ཕྱོགས་ནས་ནང་།། མེ་དང་བདེན་བྲལ་ཕྱོགས་ནས་ཏེ། བླ་མས་མཚམ་སུ་ཐིག་གཉིས་ནི།། མི་ཡི་ཕྱོགས་ནས་བརྩམས་ཏེ་གདབ།། བྱང་དུ་མངོན་པར་བལྟས་ནས་ནི།། མེ་ཡི ་ཕྱོགས་སུ་ཐིག་གདབ་པོ།། ནུབ་ཕྱོགས་སུ་ནི་ཁ་བལྟས་ལ།། བདེན་བྲལ་དུ་ནི་སྲང་བུས་བྲི།། རླུང་གི་ཕྱོགས་སུ་གནས་པ་དང་།། ལྷོ་ཕྱོགས་སུ་ནི་བལྟས་པ་ཡི།། ནུབ་ཀྱི་ཐོག་ནི་གང་ཡིན་པ།། བརྟུལ་ཞུགས་ཅན་གྱིས ་ཚོ་གས་གང་བྱ།། དཔའ་བོས་ཤར་དུ་བལྟས་ནས་ནི།། བྱང་གི་ཐིག་ནི་གདབ་པར་བྱ།། ཕྱོགས་ལ་སོགས་པ་དབྱེ་ཤེས་ནས།། ཀུན་ནས་ཐིག་ནི་ཐམས་ཅད་ཀྱང་།། མན་ངག་ཇི་ལྟར་ཐོབ་པ་ལས།། བྷྲྀ་ལྡན་ཇི་བཞིན ་ཐོག་གྲདབ་པོ།། ཟུར་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་རྣམ་པར་བརྒྱ་ནོ།། དྲཱ་བཾ་དྲ་ཕྱེད་འཕྱང་བས་མཛེས།། གཡེར་གོའི་ཕྲེང་བའི་དྲ་བུ་ཙཱན།། མཚམས་ཀྱི་ཆ་ནི་ཐམས་ཅད་དང་།། སྒོ་ཁྱུད་ཀྱི་ནི་ནང་རྣམསུ། ་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ།། ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་པོ།། དེ་ཡི་ནང་དུ་པདྨ་ནི།། པདྨའི་རྒྱབ་དུ་འཁོར་ལོ་བྱ།། འཁོར་ལོ་གཉིས་པ་དེ་ཡི་རྒྱུན།། རྡོ་རྗེ་ཕྲེང་བས་བསྐོར་བར་བྱ།། རྡོ་རྗེ་འཁོར་ལོ་ཆ་མཉ ་པར།། རྡོ་རྗེའི་ཐིག་གིས་བསྐྱོར་བར་བྱ།། གེ་སཱར་དང་ནི་འདབ་མར་བཅས།། འདབ་མ་བཅུ་དྲུག་དག་ཏུ་གནས།། མན་ངག་དག་ནི་ཐོབ་པ་ལས།། དཀྱིལ་འཁོར་ཐིག་གདབ་ཀུན་ཤེས་ན། ་སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ།། ཁྱམས་ནི་དེ་ཡི་ཕྱེད་དུ་བྱ།། སྒོ་ཁྱུད་དག་ནི་སྒོ་ཡི་ཚད།། ལྷ་ཡི་སྣམ་བུའི་ཚད་དེ་བཞིན།། མཚམས་ཀྱི་ཐོག་ནས་བསྐོར་བ་དག། རྟ་བབས་ཀྱི་ནི་གནས་སུ་བཤད།། བ་དན་དྲིལ ་བུའི་འོ་ཟེར་གྱིས།། བརྒྱན་པར་ཐམས་ཅད་ཐིག་གདབ་བོ།། ལྕགས་རིས་མཐར་ཐུགས་པ་ཡི་བཱིདྨ།། རྡོ་རྗེའི་ཕྲེང་བས་མངོན་བསྐོར་ཞིང་།། འོད་ཀྱི་དཀྱིལ་འཁོར་ནང་དུ་ནི།། རིམ་གཉིས་ཐིག་ནི་གདབ་པར་བྱ།། ་ཆེན་གྱིས་ནི་དེ་ཡི་ཕྱེད།། རྩ་བའི་ཐིག་ནི་གདུབ་པར་བྱ།། དང་པོར་རྡོར་རྒྱས་ཐིག་སོགས་པས།། ཐིག་རྣམས་ཐམས་ཅད་ངེས་པར་བྱ།། དེའི་སྟེང་དུ་ཡེ་ཤེས་ཐིག། ཀུན་ནོས་ཡོངསུ་བརྐྱང་བར་བྱ།། ཡེ་ཤེས་ཐིག ་གདབ་པོ།། དུར་ཁྲོད་རུས་པའི་ཕྱེ་མ་དང་།། དེ་ཡི་སོ་ཕིག་ཡང་དག་ལྡན།། དེ་ཡི་ཤིང་གི་འདབ་མ་ནི།། རྣལ་འབྱོར་པས་དེའི་ཚོན་དུ་སྒྱུར།། དེ་ཡི་སོལ་བའི་ཕྱེ་མ་དང་།། བཱ་བླ་དག་དང་དེ་བསྲེས་ཏེ།། ཁ་དོག་ལྔ ་དང་ཡང་དག་ལྡན།། ལྔ་པོ་ལྔ་ནི་སྤྲུལ་པར་བྱ།། དུར་ཁྲོད་ས་གནས་ཐམས་ཅད་ནི།། དབང་ཕྱུག་ཆེན་པོའོ་རྒྱ་འདི་ཡོས།། ཡེ་ཤེས་ཐོག་ནི་ཇི་བཞིན་དུ།། བརྟུལ་ཞུགས་ཅན་གྱིས་ཚོན་བསྐྱེད་བྱ།། སེམས་དག་ན ་བར་མོངས་ནས་ནཱ~ཾ།། ཟླུ་ཧཱུ~ཾ་ལེགས་པ་བྱས་ནས་སུ། རྒྱུད་ཀྱི་ཡན་ལགས་ལུས་པའི།། ལས་ཀྱྀ་དཀྱིལ་འ་ཁྱིར་དག་དུ་བརྩམ།། འདི་ན་ཚོས་དབྱིངས་དགྲུབཱ་སྟེ།། སེམས་ཅན་ཁམས་ནི་སྒྲོལ་བྱེང་བ།། དཔལ་ལྡན ་ཁྲུག་འཐུང་རྒྱལ་པོ་ཉིད།། དེ་བཞིན་གཤེགས་པ་ཀུན་གྱི་སྤྱི་གནས།། སྐྱེས་པ་ཀུན་ལས་རྣམ་པར་གྲོལ།། ཚོན་གྱི་ལས་ནི་ཡང་དག་བཱརྣམ།། སློབ་དཔོན་གྱི་ནི་དང་པོར་དགྱེ།། ཕྱི་ནས་ཀུན་ཏུ་སྐྱོབ་མས་སོ།། གནས ་སྩོགས་པར་བརྩམས་ནས་ནི།། རི་མོ་ལྱཱ་ལ་རྒྱབཱ་ཏུའོ།། ཚོན་དང་བཟོ་ཡི་ལས་བྱེད་པ།། དམ་ཚིག་དང་ནི་སླབ་པ་སྦྱིན།། མཐེ་ཆུང་གི་ནི་སོར་གྱི་དཔངས།། དྲང་ལ་མཐོ་བར་ཡང་དོག་བྲི།། གལ་ཏེ་རི་མོ་མི་མཉམ་པའམ། ་ཡོ་ཞིང་དམའ་དང་ཆད་པས་ཀྱང་།། རི་མོ་དམའ་བས་མི་འགྲུབ་ཅིང་།། ཡོན་པོ་སྲ་གདུང་བ་བསྐྱེད་བྱེད་ལ།། ཆད་པས་སློབ་དཔོན་སློབ་མཱ་བརྟག། གཉིས་ཀའི་ཚ་བར་ཤེས་པར་བྱ།། དེ་བསྡུ་མཚན་ལྡན་རི་མོ་ནཽ།། མཚན ་ཉིད་ཀུན་གྱིས་མཚན་བར་བྱ།། སློབ་མ་ལ་སྩོགས་འདིར་ཞུགས་ནས།། དྲི་ཡི་ཆུས་ནི་རབ་གོང་པོས།། ལུས་ཀུན་དབང་ནི་བསྐུར་བྱ་ཞིང་།། གླནོད་མཛེས་སྔགས་ཀྱི་རིག་པས་ཐུང་།། ཡིག་བདུན་རྣལ་འབྱོར་བདག་ཉི ་ཅན།། སྐྱེ་བ་བདུན་སོགས་བག་པ་ཅན།། སློབ་མ་ཚོགས་དཀྲུས་པས་ནི།། སེམས་ནི་ཤེལ་དང་འདྲ་བར་འགྱུར།། ནང་གི་པདྨོའི་འདབ་མ་ནི།། གསེར་ལ་སོགས་པའི་ཕྱེ་མས་སོ།། པདྨའི་རྒྱབ་ཀྱི་འཁོར་ལོ་ནི།། རྩིས ་བརྒྱད་པ་ཡང་དེ་དང་མཉམ།། ཛ་ཀ་བའི་རློབས་ལ་ནོ།། རྡོ་རྗེའི་ཐིག་གིས་བསྐུར་བ་བྱ།། མཐིང་ཤུན་ལ་སོགས་མདོག་གིས་ནི།། ཐུགས་ཀྱི་འཁོར་ལོ་རབ་ཏུ་གྲགས།། དེ་བཞིན་འཁོར་ལོའི ་རྩིབས་དག་ཀྱང་།། པདྨའི་ཀ་བར་ཡང་དྲུག་ལྡན།། པདྨའི་ཐིག་གིས་བསྐོར་བ་ནི།། གསུང་གྲི་འཁོར་ལོ་ཞེས་སྤྲུལ་པ།། བྷུ་རུ་ལ་སོགས་མདོག་འདྲ་ཡི།། འཁོར་ལོ་འབར་བའི་ལས་བྱའོ།། སྐུའི་འཁོར་ལོ་རྣམ་བགོས་ལ།། ་རྩིབས་བརྒྱད་སྔ་མ་དེ་དང་འདྲ།། དེ་བཞིན་འཁོར་ལོའི་ཀ་བ་དང་།། འཁོར་ལོའི་ཐིག་གིས་དབྱེ་བར་བྱ།། མུ་ཏིག་ལ་སོགས་ཕྱེ་མ་ཡིས།། ས་ཡི་འཁོར་ལོ་བྲི་བར་བྱ།། ཇི་ལྟར་པདྨ་ལ་སོགས་ཆ།། སྒོའི་ཆ་ཡི་ཁ་དོག་སྟེ། ་རཱི་མོ་ལྔ་སོགས་ཁ་དོག་མཛེས།། ཇི་ལྟར་མཛེས་པ་རབ་ཏུ་བསྟན།། ཚོན་དགྱེ་བའོ།། ། དེ་ལྟར་སྣ་ཚོགས་བྲིས་པ་ཡིས།། གཞལ་ཡས་ཁང་མཆོག་ལྷ་ཡི་གནས།། ཆོ་ག་མཐོང་བས་དང་པོར་ནི།། ཇི ་སྲིད་བཤད་བཞིན་རྫོགས་པར་བྱ།། ཚོགས་རྣམས་ཀུན་གྱིས་རབ་བརྒྱན་ཅིང་།། བདེ་བ་ཐམས་ཅད་རབ་སྟེར་བའོ།། དཔལ་ལྡན་ཁྲག་འཐུང་ལ་སོགས་ནི།། འཁོར་ལོ་གསུམ་བདག་ཉིད་ཅན་སྦྲུལ།། མཁའ་སྤྱོད་སྣ་སྤྱོད་ཅེས ་བྱཱ་དང་།། ས་འོག་ལ་སོགས་མི་འམ་ཅི།། ཁྭ་གདོང་ལ་སོགས་བརྒྱད་པོ་ནི།། རང་གི་སྟན་ལ་བཞུགས་པར་དགོང་།། རེ་ཡཾ་རྩེ་མོར་གེ་སེར་དང་།། སྣ་ཚོགས་པདྨར་ཨཱ་ལྀ་དང་།། ཀཱ་ལི་ཨུཥྨ་ཎའི་བཞི་པོ།། ཐིག་ལེ་སྒྲ ་ལས་ཡང་དག་འབྱུང་།། ཧོ་རུ་ཀ་དཔལ་རྒྱལ་པོ་ཆེ།། ཤེས་རབ་ཡན་ལག་གཉིས་མོད་འདུ།། ཞལ་བཞི་ཞལ་རེ་སྤྱན་གསུམ་པ།། མགོ་དང་དུམ་བུས་རྣམ་པར་བརྒྱན།། ལྗང་དང་དམར་དང་དེ་བཞིན་སེར།། ཕྱག་ནི་བཅུ ་གཉིས་ཡང་དག་ལྡན།། གཡས་བརྐྱང་བ་ཡི་རྣམ་པར་བཞུགས།། རལ་པའི་ཐོར་ཚུགས་ངར་དབྱངས་དང་།། ཕྱག་གཉིས་དག་གིས་འཁྱུད་པར་མཛད།། གཞན་གཉིས་གླང་ཆེན་ལྤགས་པ་ཏེ།། དགྲ་སྟ་རྩེ་གསུམ་གྲི ་གུག་དང་།། ཌ་མ་རུ་ནི་ཕྱག་གཡས་ན།། ཁ་ཙྪ་གཱ་དང་དེ་བཞིན་དུ།། ཐོང་པ་ཁྲག་གིས་བཀང་བ་དང་།། ཕྱག་ན་ཞགས་པ་དྲག་དང་མགོ། བདུད་ནི་བཞི་ལས་རྣམ་རྒྱལ་བ།། ཕྱག་གཡོན་དག་ན་བསྣམས་པར་མཛད། ་ཡི་དགས་ཆེན་པོ་ཀུན་ཁྱབ་བོ།། པང་ན་གནས་པའི་ཕག་མོ་ནི།། ཕྱག་གིས་འཁྱུད་པར་མཛད་པ་ལས།། གདུག་པ་བདུད་ཀྱི་ཁྲག་འཆང་ཞིང་།། ཞལ་ནས་ཁྲག་གིས་རྒྱུན་མཛག་པ།། ཁྲག་ཆེན་གྱིས་བྱུགས་སྐུ་ཡན ་ལག། ཆགས་དང་བཅས་ཤིང་སྐྲ་གྲོལ་བ།། ཐོད་པའི་ཕྲེང་བས་བཅིངས་པ་ཡིན།། ཧ་ཧེ་ཞེས་བཞད་སྤྱན་གསུམ་སྐུ།། དུམ་བུ་དང་ནི་ཐོད་པས་བརྒྱན།། གཡས་ན་སྡིགས་མཛུབ་རྡོ་རྗེ་སྟེ།། བདུད་སོགས་ཀུན་ལ་སྔགས ་བར་མཛད།། མཁའ་འགྲོ་མ་ནི་མཱ་མ་ཀཱི། མདུན་གྱི་འདབ་མ་གནོན་པར་བཞུགས།། ཕྱག་བཞི་སྒྲ་ནི་གྲོལ་བ་ལ།། རྩི་མོ་ལྔ་ཡིས་རྣམ་བརྒྱན་པ།། ཕྱག་ཕྱ་ལྔ་སོགས་སྐུ་ལ་མངའ།། སྤྱན་གསུམ་ཁྲོ་བོ་ཧཱུཾ་མཛད་ཅིང་།། སྐྲ ་རྒྱནམཛུརྨཱཎྜ་ལ་འཛེགས་པ་ཆེ།། ཧཱ་རྦཱ་ནུས་ནི་འཇིགས་པར་མཛད།། རྣང་བ་རྡུང་བ་སྟེ།། དབུས་གྲོལ་ཞིང་འཇིགས་པ་མཛད།། ཁ་ནྟ་ག་བརྟན་ཐོང་བ་བསྡུམས།། རྣལ་འགྱུར ་མཚོན་ཆ་ཌ་མ་རུ་གཡས།། ཕྱག་བཞི་པས་ནི་རྣམ་པར་བརྒྱན།། གཡོན་ནས་བསྐོར་བའི་པདྨ་ལ།། ལཱ་མ་ཞེས་བྱ་སྒྲོལ་མཛད་མའོ།། སྐུ་མདོག་ལྗང་གུ་འཇིགས་པ་ཆེ།། ཧ་ཧཱ་ཞེས་བཞང་གཙིགས་པ་པོ།། རྩེ་བྲན ་ལྔས་ནི་བརྒྱན་པ་སྟེ།། དབུ་སྐྲ་གྲོལ་ཞིང་འཇིགས་མཛད་པ།། སྤྱན་གསུམ་པ་ལ་ཧཱུཾ་མཛད་ཅིང་།། ཁ་ཊྭཱ~ཾ་ག་བརྟེན་ཐོད་པ་བསྣམས།། རྣལ་འབྱོར་མཚོན་དང་ཌ་མ་རུ།། ཕྱག་བཞི་པས་ནི་རྣམ་པར་བརྒྱན།། ཁཎྜ་རོ་ནཽ། ་གོས་དཀར་མོ།། བྱང་གི་འདབ་མ་གནོན་བྱས་བཞུགས།། སྐུ་མོདོག་དམར་མོ་ཤས་ཆེར་འབར།། ཕྱག་བཞི་འཇིགས་པའི་ཧཱུཾ་མཛད་པ།། དབུ་སྐྲ་གྲོལ་ཞིང་འབར་བ་ལོ།། རྩེ་བྲན་ལྔས་ནི་རྣམ་པར་བརྒྱན།། རྣལ ་འབྱོར་སྣོད་དང་ཁ་ཊྭཱ~ཾ་གྲ། རྣལ་འབྱོར་མཚོན་དང་ཌེ་མ་རུ།། ཕྱག་རྒྱ་ལྔས་ནི་བརྒྱན་པ་དང་།། སྤྱན་གསུམ་འོག་ལྷག་དག་གིས་བརྒྱ་ནཱ།། ནུབ་ཀྱི་འདབ་མར་གཟུགས་ཅན་མ།། སྐུ་མདོག་སེར་ཞིང་ཆེར་འབར་བ།། ་ཧོཧོ་ཞེས་བཞད་འཇིགས་པར་མཛད།། སྐྲ་གྲོལ་ཁ་ཊྭཱཾ་ག་དང་བཅ་སོ།། ཕྱག་པོནི་དག་གིས་རྣམ་པར་བརྒྱན།། སྤྱན་གསུམ་ཧཱུཾ་གིས་འཇིགས་པར་མཛད།། རྩེ་བྲན་ལྔས་ནི་རྣམ་པར་བརྒྱན།། ཕྱག་རྒྱ་ལྔ ་སོགས་སྐུ་ལ་མངའ།། རྣལ་འབྱོར་མཚོན་པ་སྣོད་རྣམས་ལའོ།། ཆུ་དང་མེ་དང་རླུང་དང་ནཱི།། ས་ཡི་ཁམས་བདག་ཉིད་ཡིན་ནོ།། སྒྲུབ་པའི་རྣལ་འབྱོར་མ་བཞི་པོ།། ཕྱི་དང་ནང་ན་ཡང་དག་བཞུགས།། མཚམས་ཀྱི་མ ་པདྨ་ལ།། མ་དང་དེ་བཞིན་ཕ་དག་དང་།། རྒྱལ་པོ་དང་ནི་རྒྱལ་རིགས་གཉིས།། མགོ་བོའི་སྣོད་ནི་མཆོད་བྱེད་པ།། གཉིས་མེད་ཡེ་ཤེས་རྣལ་འབྱོར་མ།། པུ་ལ་སོགས་པས་ཡང་དགྲ་དྲངས།། བཀུག་སྟེ་འཁོར ་ལོའི་ནང་དུ་བཞུགས།། རྣལ་འབྱོར་ཅན་གྱིས་རྟག་ཏུ་མཆོད།། དེ་ལ་བུ་སྐྱེས་རྣལ་འབྱོར་མིའི།། འཁོར་ལོའི་གནས་ནི་བཤད་བྱ་སྟེ།། པུ་ཤེས་བྱ་བ་ནི་པུལླི་ར་མ་ལ་ཡ་སྟེ།། ཐོད་པོའི་དུམ་བུ་ཅན་དང་།། རབ ་གཏུམ་མའོ།། ཛ་ཞེས་བྱ་བ་ནཱི་ཛཱི་ལནྡྷ་ར་སྟེ། ཀེང་རུས་ཆེན་པོ་དང་། ག་ཏུ་མཽ་མིག་མའོ།། ཨོ་ཞེས་བྱ་བ་ནི་ཨུ་ནྱན་ཏྲེ། ཀེང་རུས་ཙན་དང་། འོད་ལྡན་མའོ།། ཨ་ཞེས་བྱ་བ་ནི་ཨརྦུ་ཏ་སྟེ། མཆེ་བ་རྣམ་པར་གཅིག ་པ་དང་། སྨ་ཆེནྡ་མའོ།། དཽ་དག་ནི་གནསོ།། གོ་ཞེས་བྱ་བ་ནི་གོ་དཱ་བྱཱ་རཱི་སྟེ། ལྷ་དགྲ་དང་། བརྟན་པའི་བློ་ཙནཱ་མའོ།། རཱ་ཞེས་བྱ་བ་ནི་རཱ་མེ་ཤྭ་རཱི་སྟེ། འོད་དཔག་མེད་དང་། མཽའུ་ཐུང་མའོ།། དེ་ཞེས་བྱ་བ་ནི་དེ་བི་ཀོ་ཊི་སྟེ། ཛ ་རྗེ་འོད་དང་ལྀ་ཀའི་དབང་ཕྱུག་མའོ།། མཱ་ཞེས་བྱ་བ་ནི་མཱ་ལ་བ་སྟེ། རྡོ་རྗེའི་སྐུ་དང་། ཤིང་གྲུབ་མའོ།། དེ་དག་ནི་ཉེ་བའི་གནས་ཡིན་ལ། ཐུགས་ཀྱི་འཁོར་ལོ་སྟེ། ནམ་མཁའ་ལ་རྒྱུ་བ་ཡིན་ནོ།། ། ་ཀཱ་ཞེས་བྱ་ནི་ཀཱ་མ་ར་པཱ་སྟེ། མྱུ་གུ་ཅན་དང་། ས་སྲུངས་མའོ།། ཨོཾ་ཞེས་བྱ་བ་ནི་ཨོ་ཊ་སྟེ། རྡོ་རྗེ་རལྔ་པ་ཅན་དང་། འཇིགས་བྱེད་ཆེན་མོའོ།། དེ་དག་ནི་ཞིང་ངོ་།། ཏྲ~ཾ་ཞེས་བྱ་བ་ནི་ཏྲྀ་ཤ་ཀུན ་སྟེ། དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་ཅན་མའོ།། ཀོ་ཞེས་བྱ་བ་ནི་ཀོ་ས་ལཱ་སྟེ། རྡོ་རྗེ་ཧཱུཾ་མཛད་དང་།། ཆད་འཐུང་མའོ།། དེ་དག་ནི་ཉྩ་བིའི་ཞིང་ངོ་།། ཀ་ཞེས་བྱ་བ་ནི་ཀ་ལིངྠ་སྟེ། རབ་ཏུ་བཟང་པོ་དང་། མདོག ་ལྗང་མའོ།། ལ་ཞེས་བྱ་བ་ནི་ལྀ་པཱ་ཀཱ་སྟེ། རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོའོ།། དེ་དག་ན་ཚིནྟོ་ཧའོ།། ཀ་ཞེས་བྱ་བ་ནི་ཀཉྫི་སྟེ། འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མའོ།། ཧི་ཞེས་བྱ་བ་ནཱི་ཧི་མཱ་ལཱ་ཡ་ཏེ། མིག ་མི་བཟང་དང་བྱ་གདོང་མའོ།། དེ་དག་ནི་ཨུ་པ་ཚནྡོ་ཧ་ཡིན་པས་གསུང་གི་འཁོར་ལོ་སྟེ། ས་ལ་རྒྱུ་བྱི་ཡིན་ནོ།། པྲ་ཞེས་བྱ་བ་པྲེ་ཏ་པུ་རི་སྟེ། སྟོབས་པོ་ཆེ་དང་། འཁོར་ལོའི་ཤུག་ཅན་མའོ།། གྲྀ་ཞེས་བྱ་བ་ནི་གྲ ་ཧུ་བ་སྟེ། རིན་ཆེན་རྡོ་རྗེ་དང་། དུམ་སྐྱེས་མའོ།། དཱི་དག་ནི་འདུས་པ་ཞེས་བྱའོ།། སཽ་ཞེས་བྱ་བ་སཽ་རཱཥྚ་སྟེ། རྟ་མགྲིན་དང་། ཤོཎྜི་ནཱཾའོ།། སུ་ཞེས་བྱ་བ་ནི་སུ་ཝརྞྞ་དྭཱི་པ་སྟེ། ན་མཁའ་སྙིང་པོ་དང་། འཁོར་ལོ ་གོ་ཆ་མའོ།། དེ་དག་ནི་ཉེ་བའི་འདུས་པོ་ཅན་ནོ།། ན་ཞེས་བྱ་བ་ནི་ན་གར་སྟེ། དཔལ་ཧེ་རུ་ཀ་དོང་། ཤིན་ཏུ་དཔའ་མོའོ།། ས་ཞེས་བྱ་བ་ནི་སིནྡྷུ་སྟྭཾ། པདྨོ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མོའོ།། དེ་དག་ནི་དུར་ཁྲོད ་མ་ཞེས་བྱ་བ་ནི་མ་རུ་དྭེ་ཤཱ་སྟེ། རྣམ་པར་སྣང་མཛད་དང་། འཁོར་ལོ་སྒྱུར་མའོ།། ཀུ་ཞེས་བྱ་བཱ་ནཱཾ་ཀུ་ལུ་ཏ་སྟེ། རྡོ་རྗེ་སེམས་དཔའ་བརྩོན་འགྲུས་ཆེན་མོའོ།། དེ་དག་ནི་ཉེ་བའི་དུར་ཁྲོད་ངོ་།། སྐུའི་འཁོར་ལོ་སྠཱ ་ས་འོག་ནི་གནས་པ་ཡིན་ནོ།། སྒོ་རྣམས་ནི་ཁྭ་གདོང་མ་དང་།། འུག་གདོང་ཅན་མ་དང་། ཁྱིའི་གདོང་ཅན་མ་དང་། ཕག་གདོང་ཅན་མའོ།། མཚམས་རྣམས་སུ་ནོ་གཤིན་རྗེ་བརྟན་མ་དང་། གཤིན་རྗེའི ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་དང་།། གཤིན་རྗེ་འཇོམས་མའོ།། གྲུབ་པའི་དཔའ་བོ་རྣལ་འབྱོར་མ།། ཕྱོགས་ཀུན་ཏུ་ནི་རྣམ་པར་གནས།། ཕ་རོལ་ཕྱིན་བཅུ་དག་པ་སྟེ།། ས་བཅུ་ལ་ནི་རྣམ་པར་བཞུགས། ་ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ།། ཕྱི་དང་ནང་དུ་ཡང་དག་བཞུགས།། དེ་ལ་སོགས་པ་མཐའ་ཡས་མཆོག། བྱང་ཆུབ་སེམས་དཔའ་དུ་མའོ།། དཀྱིལ་འཁོར་དུ་ལྷ་དགོད་པའོ།། ། མཁའ ་འགྲོ་མ་ལ་སོགས་པ་དང་། སྒོ་སྲུངས་བརྒྱད་པོ་གཏོགས་པ།། འཁོར་ལོ་གསུམ་ལ་ཐོད་པའི་དུམ་བུ་ལྀ་སོགས་པ་རྣམས་ནི་ཕྱག་གཉིས་པ། ཞལ་གཅིག་པ། རལ་བའི་ཐོར་ཚུགས་དང་ངར་གྱིས ་བརྒྱན་པ། ཕྱག་རྒྱ་ལྕེ་དང་སྤྱི་གཙུག་གི་ནོར་བུ་དང་ལྡན་པ་འོག་ལྷག་གིས་བརྒྱན་པོ། སྤྱན་གསུམ་པ། ཕྱག་གཉིས་ཀྱིས་འཁྱུད་པས། རྡོ་རྗེ་དང་དྲིལ་བུ་བསྣམས་པ། ལྷ་མོ་ལ་གཟིགས་ཤིང་སྒྲོས ་འཛིན་པའོ།། རབ་ཏུ་གཏུམ་མ་ལ་སོགས་པར་ལྷ་མོ་རྣམས་ནི། རང་གི་བདག་པའི་སྐུ་མཆོག་དང་ལྡན་པ། ཞལ་གཅིག་པ་ཕྱག་གཉིས་པ་སྟེ། དབུ་སྐྲ་གྲོལ་བས་རྣམ་བརྒྱན་པ།། ཐོད་པ ་དང་ནཱི་འཁྱུད་པ་དང་།། གྲི་གུག་དང་ནི་སྡིགས་མཛུབ་ཅན།། སྤྱན་གསུམ་ཧཱུཾ་གིས་འཛེགས་པར་བྱེད།། རྩེ་བྲན་དུམ་བུས་རྣམ་པར་བེརྒྱན།། མཁའ་འགྲོ་མོ་སོགས་ཐམས་ཅད་ཀྱང་།། གཡོན་ནས་སྐོར་བ་སྔོན་འགྲོ་བ།། རྒྱུ ་དང་མི་རྒྱུའི་འཇིག་རྟེན་གསུམ།། འགྲོ་ཀུན་གཡོན་ནས་འབྱུང་བ་ཡིན།། དཀཱར་མྱིནྱ་དཀར་དང་དམར་པོ་ནི།། ཐ་མ་མཆོག་དང་བར་མཱ་སྟེ།། ཐམས་ཅད་ཇི་བཞིན་དགོད་པ་ནི།། བླ་མིའི་རིམ་གྱིས་དྲིན་ཡིན་ནོ།། ཁཱ་ལ ་སོགས་པ་བརྒྱད་པོ་ནི།། མཁའ་འགྲོ་ལ་སོགས་དབྱེ་བ་ཡོསི།། ཞབས་ཀྱིས་རོལ་གནོན་པ་དང་།། སྣ་ཚོགས་གཟུགས་ཅན་བཞི་པོ་ཡིན།། ཐམས་ཅད་ཁྲོ་བོ་རྣམ་རྒྱལ་སོགས།། རྣལ་འབྱོར་མ་བརྒྱད་པ་སྤྲུལ་བ་ཡིན།། ་རྡོ་རྗེ་མཚན་པའི་ཁ་ཊྭཱཾ་ག། པདྨའི་སྣོད་ནི་ལྔ་ཅན་ཏེ།། གཡས་པས་མཚོན་ཆ་འཕྱར་བ་ནི།། གདུག་པ་ཐམས་ཅད་ངེས་གནོན་པའོ།། དཔལ་ལྡན་ཧེ་རུ་ཀ་སོགས་ཀུན།། གཡོན་གྱིས་འཁྱུད་ཅིང་ནུ་མ་འཛིན།། ལྷ་རྣམས་ཀྱི ་ཕྱག་དང་།། སྐུ་མདོག་དང་། ཕྱག་མཚན་ཏོ།། བྱང་ཆུབ་ཀྱི་ཡན་ལག་སུམ་ཅུ་རྩ་བདུན་དུ་བྱས་པའོ།། ། ནཱ་ངའི་གཟུགས་སོགས་སྔོན་དུ་འགྲོ་བ་དང་།། གོས་དང་། ཕྱག་རྒྱ་ལྔ་ལ་སོགས་པ་ད ་རབ་ཀྱི་ཡན་ལག་དང་། ཕུར་བུ་དང་། དྲུ་བ་དང་། ཨཱ་ལ~ཾ་ཀཱ་ལྀ་ཞེས་བརྗོད་ནས།། རྒྱུ་སོགས་རྟོག་པ་སྔོན་འགྲོ་བ།། འཇུག་པ་སྒྲ་ལ་སོགས་པས་ནས།། ཇི་སྲིད་བསྡུས་པའི་རིམ་གྱིས་སྷོ།། འདུད་པ་ཡིས་ཏེ་དེ་བཞིན ་དུ་ཤེས་རབ་ཡན་ལག་བསྟན་གྱི་སྟེ།། མགུལ་རྒྱུན་གཙུག་ཏོར་དབུ་རྒྱན་ད་།། རྣ་རྒྱན་ཚངས་པོའི་སྲེད་བུ་དང་།། མགུལ་བར་རྒྱན་བཅིངས་མགོ་བོརྱ་ཕྲེང་།། སྐུ་རགས་དང་ནི་སིལ་ཁྲོལ་སྒྲ།། རལ་བཅོ ་པན་དར་དང་ནི།། བཅོས་མའི་སྒྲ་ཡིས་རྣམ་པར་བརྒྱན།། རྡོ་རྗེ་པདྨ་ཁ་ཊྭཱཾ་བཅས།། རྡེའུ་ཆུང་སྒྲ་དང་ཧཱུཾ་སྒྲོགས་ཤིང་།། དཔའ་བོ་ཀུན་དང་རྣལ་འབྱོར་མའི།། གོ་ཆ་གསུམ་གྱིས་བརྒྱན་པ་ཡིན།། རུ་ཀ་དཔལ་དཔའ་བ ་ཆེ་རང་གི་བདག་ཉིད་གཅིག་ཏུ་བྱས།། སེམས་ཅན་ཀུན་ལ་རྗེས་བརྩེ་བའི།། བློ་ལྡན་བུམ་པ་མངོན་པར་བཟླས།། བུམ་པ་མཆོག་ནི་བཅུ་དྲུག་ཏུ།། དེ་ཉིད་ཀྱི་ནི་མཚན་ཉིད་གསུངས།། ཆུ་ནི་འོ་མར་ཡང་དག་བསྲེ།། ཆུ ་ཆེན་ཆུ་ཆུང་བུམ་པ་དག། དྲི་དང་མེ་ཏོག་སྣ་ཚོགས་པས།། དབུགས་དབྱུང་མཆོག་དེང་བར་མ་ཡིས།། དྲི་ཡི་ཆུས་ནི་ཡང་དག་བྱུག། ཁྱོ་ནི་འདབ་མས་ཡང་ངགྲ་བརྒྱན།། སངས་རྒྱས་ཀུན་གྱིས་མཁའ་འགྲོ་མ།། ཆོ་ག ་བཞིན་དུ་མངོན་པར་བཟླས།། མགུལ་པ་གིས་ཀྱིས་རྣམ་དཀྲིས་ཤིང་།། རྒྱན་ནི་མཛེས་པས་རྣམ་པར་བརྒྱན།། མེ་ཏོག་ཕྲེང་གིས་ཀུན་བསྐོར་བ།། བརྒྱད་པོ་དག་ནི་གློ་རུ་དགང་།། བུམ་པ་དགུ་པ་དབུ་སུའོ།། མ་དང་དེ་བཞིན ་པ་དག་དང་།། རྒྱལ་པོ་རྒྱལ་རིགས་གཉིས་ཀྱི་ནི།། བུམ་པ་ཆུས་ནི་རབ་ཏུ་དགང་།། ཁ་དོག་ལྔ་པའི་གོས་ཀྱིས་ནི།། བརྒྱན་ཅིང་མགུལ་བ་དཀྲི་བར་བྱ།། སྣ་ཚོགས་འདབ་མས་ཁ་དགབ་ཅིང་།། ་རང་བྱུང་མེ་ཏོག་དག་གིས་མཆོད།། ལྷོ་ཨི་སྒོ་ཡི་ལོག་སུ་ནཱི།། རི་མོའི་དབུས་སུ་བཞག་པར་བྱ།། བླ་བྲི་དག་ནི་བྲེ་བྱ་ཞིང་།། སྣ་ཚོགས་པ་ཡི་གོས་ཀྱང་བྲི།། རྒྱལ་མཚན་གདུགས་སོགས་དར་རྣམས་ཀྱིས།། གནས ་དང་གནས་སུ་རྣམ་པར་བརྒྱན།། བུམ་པ་བཞག་ནས་མཆོད་པ་ནི།། ཇི་སྐད་བཤད་པ་བཞིན་དུ་བྱ།། རིན་ཆེན་གསེར་གྱིས་མཛེས་པར་ནི།། དཀྱིལ་འཁོར་ཀུན་ཏུ་གཏོར་བར་བྱ།། སྤོས་སྣོད་དག་ནི་བརྒྱད་པོ་དང་།། ་མེར་མེའི་སྡོང་བུ་དེ་མཉམ་བྱ།། ཏིལ་མར་ཆེན་པོ་རབ་སྦར་ལ།། སྤོས་ནི་ལྔ་པོ་སྔོན་འགྲོ་བའོ།། སྣ་ཚོགས་མེ་ཏོག་འཕྱང་བ་དང་།། སྣ་ཚོགས་ཆང་དང་ཁུ་བ་དང་།། རོལ་མོ་དག་གིས་རབ་བཀང་ཞིང་།། སྣ་ཚོག ་རྣལ་འབྱོར་མེ་སྤང་ན།། དྲི་བཟང་མི་ཏོག་སྣ་ཚོགས་ལྡན།། སྣ་ཚོགས་བྱ་ཡི་གླུ་ལེན་ཅིང་།། སྣ་ཚིགས་གར་གྱི་གར་བཟུང་བྱེད།། བིཀྐུ་ཤིས་སྒྲ་ནི་སྣ་ཚོགས་པའོ།། དགའ་སྟོན་ཤྲི་ཧཱུཾ་རུ་ཀ་ཡི།། སྤྱོད་པ་དང་ནི ་འགྲོ་བའི་གནས།། འདོད་པ་རྣལ་འབྱོར་མ་ཡི་ལཾ།། སྒོ་བཞི་དག་ཏུ་རྣལ་འབྱོར་མ།། དཔའ་བོ་གཉིས་མེད་དག་གིས་མཚན།། ཚོན་ཆེན་ལ་སོགས་གོས་དག་གམ།། དར་ལ་སོགས་པ་དག་གིས་བརྒྱན།། ཕྱག་རྒྱ་ལྔ ་ལ་སོགས་པའི་ལུས།། རྩེ་བྲན་ལྔས་ནི་རྣམ་པར་བརྒྱན།། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད།། སྒོ་བརྒྱད་དག་ཏུ་ཁཱ་སྦྱོར་རོ།། ཚོགས་ཀྱི་གཙོ་བོ་བདག་པོ་ཀུན།། འཁོར་ལོ་སྒྱུར་བའི་རྣལ་འབྱོར་ཡིན།། སྔར་བཤད་རྒྱན་གྱིས ་བརྒྱན་པ་དང་།། སྟན་དང་གནས་ནི་རྣམ་མཛེས་པར།། དཔལ་ལྡན་རྡོ་རྗེ་དྲིལ་བུ་འཕྱང་།། འཁྱུད་ཅིང་ནུ་མ་འཆིར་བ་དང་།། སྟེང་གི་མགོ་བོ་སྤྱི་གཙུག་དང་།། མིག་སོག་ས་གོས་ཆེས་རྣམ་པར་བརྒྱ་ནི།། རྡོ་རྗེ་སེམས་སོགས ་བྱིན་བརླབས་ལ།། རྣལ་འབྱོར་ཆེན་པོ་གཉིས་མེད་གནས།། བྱང་ཆུབ་ཡན་ལག་སུམ་ཅུ་བདུན།། བྱས་ཤིང་གོ་བགོས་མཉམ་པར་བཞག། དེ་ལྟར་གོ་བགོས་བདག་ཉིད་ནི།། སུམ་ཅུ་གསུམ་པས་ཀྱང་མི་ཤིག། དཀྱིལ ་འཁོར་གྱི་ལྷ་མོ་དང་དཔུ་མོ་རྣམས་ལ་མཆོད་པའོ།། རང་ཉིད་ཇི་ལྟར་གྲུབ་པར་ནི།། ཡུཾ་ཤེས་འཁོར་ལོ་རྣམ་པར་བསྒོམ།། བདག་ཉིད་ཁ་སྦྱར་བྱས་པ་ཡིས།། དམ་ཚིག་ལ་ནི་གཞུག་པར་བྱ།། དང་པོར་སྤྱན་དྲངས ་ཕྱག་རྒྱ་ཡིས།། གྱེན་དུ་ཕོ་གི་སྒྲ་བསྒྲགས་ལ།། མཆོག་དང་བར་མའི་རྣལ་འབྱོར་མ།། འཇིག་རྟེན་ཁམས་ལ་སོགས་པས་དགུག། རང་ཉིད་སྐུ་མདོག་ཕྱག་མཚན་དབྱིབས།། སྔར་བཤད་པ་ཡི་རྒྱན་དང་ལྡན།། རང ་གྲྀ་ཕྱག་མཚན་རྒྱན་བཅས་ལ།། རལ་པའི་ཐོར་ཚུགས་དགེ་དང་ལྡན།། དམ་ཚིག་འཁོར་ལོར་ཞུགས་ནས་ནི།། གཉིས་མེད་ཡེ་ཤེས་བསྒོམ་པར་བྱ།། ཧེ་རུ་ཀ་དཔལ་ལ་སོགས་ཀུན།། གཡས་བརྐྱང་བས་ནི་གདན་ལ ་བཞུགས།། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བའོ།། ། ཧེ་རུ་ཀ་དཔལ་སོགས་འཁོར་ལོའོ།། ལྷ་རྣམས་ཕྱི་དང་ནང་གིས་མཆོད།། ལྷ་ཡི་གྲངས་བནི་བྷྲཱུ~ཾ་ཝཱནྡྲ་བསྡུ།། མཛེས་པའིནས ་ཀྱང་དབུལ་བར་བྱ།། འཁོར་ལོ་སྒྱུར་དང་དཔའ་བོ་ནི།། རང་འབྱུང་མེ་ཏོག་གིས་མཆོད་ཅིང་།། གདོང་ནི་དག་པར་བཀྲུ་བར་བྱ།། ལྷོ་ཕྱོགས་སྒོ་ནས་དག་པས་སོ།། གཉིས་མེད་གཉིས་མེད་སྔགས་ཀྱིས་ནི།། མངོན་པར་བཟླས ་ལ་བྱིན་གྱིས་བརླབ།། སངས་རྒྱཅེས་ཀུན་གྱི་མཁའ་འགྲོ་མས།། ཁྱད་པར་དུ་ནི་མངོན་པར་བཟླས།། སྒོ་སྲུང་ཀུན་གྱི་རྣལ་འབྱོར་མས།། ཇི་སྲིད་བརྒྱ་རྩ་བརྒྱད་བཟླས་པར།། སྔགས་པས་ལྷ་ཡི་གྲངས་བཞིན་དུ།། ཨཱ་ལི་ཀཱ་ལི ་ཞེས་སྨྲ་ཞིང་།། བྱིན་གྱིས་བརླབས་ལཱ་མཉམ་པར་མཆོད།། དཀྱིལ་འཁོར་ལྷ་རྣམས་མཉེས་པར་བྱ།། དཀྱིལ་འཁོར་བྱིན་གྱིས་བརླབ་པའོ།། ། བྱ་བའི་མཆོད་པའི་ཁྱད་པར་ནི།། བྷ་ར་ཏི་ས་ཏི་གི་བྲི་སྟེ།། ཀི་ཤིག ་ཀྱེ་དང་ཨ་ར་བ་དཱི།། གར་རྣམས་ཀུན་གྱིས་གར་བྱའོ།། ཆགས་བཅས་མངོན་སྦྱོར་ཚུལ་གྱིས་ནི།། རྣམ་པར་འཕྱར་བསོ་རྣམ་རོལ་ཅིང་།། སྒེག་དང་བཅས་པའི་གོམ་སྟོབས་ཀྱིས།། གོམ་སྟབས་བརྒྱད་ཀྱི་གར་བྱའོ།། བྱུད་དོ་བྱ་བ་ཀུ ་ནི།། འགྱུད་ཅིང་ནུམ་བཅིང་བ་དང་།། དང་པོ་རྣལ་འབྱོར་མ་མཉེས་བྱ།། ནང་གི་བདག་ཉིད་སྦྱིན་སྲེག་གིས།། སྐྱེ་བོ་དམ་པ་ཀུན་འདུས་བྱ།། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ།། མཇེའ་བ་ཐམས་ཅད་ཡང་དགེ་འདུས།། ཞི་བའི་ཚུལ་དངོས་གྲུབ ་ནི། དམ་བཱིའི་གནས་ནི་རྟག་པ་འགྲུག། རྒྱུན་ཆགས་ལ་སོགས་ཐམས་ཅད་དང་།། བཟའ་བ་ཞིམ་པོ་སྣ་ཚོགས་དང་།། ཤ་རློན་དག་གིས་ཁྱད་པར་དུ།། སྔགས་དང་ལྡན་པས་སྦྱིན་སྲེག་བྱ།། ཨོཾ་སརྦ་བཛྲཱི་ཀྵ་མི་ན~ཾ་བྷཀྵི་ཤོ་དྷ ་ཡཱ་གུ་ཧྱ་བཛྲ་ཎི་ཧཱུཾ་ཕཊ་སྭཱ་ཧཱ།། མངོན་པར་བསྔགས་ཤིང་བྱིན་གྱིས་བརླབ་བྱའོ།། ལྟ་བ་ཡིས་ནི་སྦྱི་ནི་སྲེག་མས།། པདྨའི་འདབ་མ་འདབ་བརྒྱད་པ།། དཔའ་བོའི་དབང་སོགས་སུམ་ཅུ་བདུན།། པདྨའི་ལྟེ་བ་གྲེ་སར་ལ།། ཛཾ། ་བཞིན་ལས་ཀྱིས་རྗེས་མཐུན་པར།། ལྷ་ཡི་བདག་ཉིད་དངོས་བྱས་ལ།། ཆོ་གས་སྦྱིན་སྡིག་ཀུན་བྱོས་ན།། བརྟག་མི་དགོས་པར་དངོས་གྲུབ་འགྱུར།། བཟའ་འམ་ཡང་ན་བཏུང་བ་དག། བརྟུལ་ཞུགས་ཅན་ནི་ཅི་ཟ་བ།། མཆོག ་དང་བར་མའི་དབུགས་དབྱུང་བ།། བསམ་པ་ཐམས་ཅད་རབ་ཏུ་བརྟག། བདག་ཉིད་ལྷ་ནི་ལྷོ་ཡི་མཆོག། བདག་ཉིད་ལྷ་ནི་ལྷ་དམ་པ།། བདག་གི་གཟུགས་ལ་མ་ཆགས་ལ།། གཟུགས་བརྙན་ལ་སོགས་ལྟ་བུར་ཤེས།། བདག་ཉིད ་སངས་རྒྱས་ཐམས་ཅད་དང་།། དཔའ་བོ་ཀུན་གྱི་གནས་ཡིན་ཏེ།། དེ་ལས་འབད་པ་ཐམས་ཅད་ཀྱིས།། བདག་ཉིད་ཧེ་རུ་ཀ་དཔལ་མཆོང་།། དེ་ལྟར་འབད་པ་ཐམས་ཅད་ཀྱིས།། དགེ་བ་ཡོངས་སུ་རྒྱས་པར་འགྱུར།། ལས ་ཚོགས་གང་ཞིག་བསམས་པ་རྣམས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དཔལ་འཁོར་ལས་ཀྱི་ནང་གི་སྦྱིན་སྲེག་གོ། དྲུག་ཅུ་པ་སོགས་བཟར་བཅས་པའི།། ཟན་དྲོན་ཤ་དང་ཉ་ཤ་དང་། ཁར་དང་མཆོག་གི་ལྔ་པོ་ཡི།། ་གཏོར་མ་འབད་དེ་དབུལ་བར་བྱ།། ཐོད་པའི་ནང་དུ་ལེགས་བཞག་སྟེ།། དང་པོ་ཕྱག་རྒྱས་སྤྱན་དྲང་ངོ་།། གྱེན་དུ་ཕེཾ་གི་སྒྲ་སྒྲོགས་ཤིང་།། མིག་དང་གདོང་དང་ཡན་ལག་བསྒྱུར།། བཀུག་ཅང་བཀུག་ཅིང ་ཀུན་མཆོད་ལ།། དཔའ་བོ་རྣལ་འབྱོར་མས་སྤྱན་དྲང་།། རྡོ་རྗེ་ཐལ་མོ་སྤྱི་བོར་དབྱེ།། རེག་པར་གྱུར་ན་འབྱུང་བར་འགྱུར།། དཔའ་བོ་རྡོ་རྗེ་རྣལ་འབྱོར་མ།། ཇི་བཞིན་ལས་ལ་སྦྱར་བར་བྱ།། མཚན་མོ་སྐྲ་གྲོལ་གཅེར་བུ ་ཡིས།། བརྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན།། ཧེ་རུ་ཀ་དཔལ་རྣལ་འབྱོར་བདག། དེས་ནི་རྣལ་འབྱོར་མ་རྣམས་མཉི་སྟེ།། གཏོར་མའི་ཆོ་གའོ།། ཕ་རོལ་ཕྱིན་པའི་རྒྱ་དྲུག་སོགས།། བྱང་ཆུབ་སུམ་ཅུ་རྩ་བདུན་ཉིད།། གནས ་ལ་སོགས་པ་ས་བཅུ་དང་།། ཆེ་མཆོག་ལྷ་མོ་བདག་ཉིད་ཅན།། གདན་དུ་བྱས་བྱིའི་བདག་ཉིད་ཅནོ།། དབང་བསྐུར་བ་ནཱི་དམ་པའོ།། དག་དང་མ་དག་འདྲེས་པ་སྟེ།། སྒྲུབ་པ་པོ་ནི་མངོན་སུམ་གནས།། མཉེས་བྱེད་རྣམ་པར་དག་པ ་དང་།། གསལ་བྱེད་ཡོན་ཏན་ལྡན་པའི་མི།། དེ་ལྟར་ཕྱི་དང་ནང་གི་སྦྱིན་སྲེག་བྱ།། གཏོར་མའི་བྱ་བ་དང་།། མཆོད་པའི་བྱ་བའི་ལུས་མ་ལུས་པར་བྱས་པའི་རྣལ་འབྱོར་པས་སློབ་མ་མ་ལུས་པའི་ཚོགས་ཀྱི་བདག་པོ་ཉིད་མངོན་སུམ ་དུ་བྱས་ལ་འདི་སྐད་ཅེས་བརྗེད་པར་བྱའོ།། གྲོང་ནསོ་གོང་མའི་སྡོམ་པ་ནི།། བུ་ཁྱོད་ཀྱིས་ནི་བསྲུང་བ་སྟེ།། གྲོལ་པོའི་རྒྱུ་ནི་དེ་ལས་གཞན།། ཐབས་ནི་ཅི་ཡང་ཡོད་མ་ཡིན།། གཉིས་མེད་གཉིས་མེད་རྣལ་འབྱོར་དག། བྱང་ཆུབ ་སྐྱེས་རག་ཡན་ལག་སྦྲུལ།། ས་དང་ཙུནན་འདུག་དང་།། རྟུལ་པོ་ང་ནི་རྒྱལ་རིག་ས་གས།། སྤྱོ་པ་དེ་ནི་སྔགས་བཞག་པ།། སླབ་མའི་སྡུག་པ་འཇིག་བྱུང་བའོ།། བ་ཅན་ཁས་ན་དབང་བསྒྱུ་རྱག། ཡག་བདུན་མ་མཁྱེནན། ་སློབ་མ།། ཁུ་ཚུར་ཞེས་ནི་བརྗོད་བྱ་ཞིང་།། གོ་ཆ་ཆེ་ལ་སོགས་པས་བསྲུང་།། རྡོ་རྗེ་སེམས་སོགས་པས་གོ་བསྐོན།། དར་དཔྱངས་དག་ཀྱང་བཅིངས་པར་བྱ།། སེམས་ཅན་དམན་དང་མཆོག་དང་ནི།། སློབ་མ་ལ་སོགས་ཡིད་ཤེས་བྱ།། ་དངས་གྲུབ་འདོད་པས་དངོས་ཀུན་གྱིས།། དང་པོར་སློབ་དཔོན་མགུ་བར་གྱི།། སྐྱོབ་མ་ཡོངསུ་བརྟག་པའོ།། །། ། དེ་ནས་སྐྱོབ་མ་སོགས་བྱུ་བ།། ལག་བསྡུ་ལག་པ་གཟུང་ནས་ནི།། བྷྲཱུཾ་ཧྭེ་རུ་ཀཱ་ཡཱ་བཱདྡྷི་སྣོ ་ཡདྷཱི་མ་ཧྱེ་སྭཱ་ཧཱུཾ། ཞེས་བྱ་བས་དཔའ་བོ་བསྐུལ་བར་བྱའོ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་སྒྲུབསུ་མཆི།། དཔའ་བོ་རྣལ་འབྱོར་མ་འཁོར་ལོ།། རྣལ་འབྱོར་གནས་ལ་བདག་ཕྱག་འཚལ།། སློབ་མིའི་གསོ ་བའོ།། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཆེ་ཞེས་པ།། ཉོན་མོངས་གཅོད་པའི་དོན་ལྔ་ཤིན་ཏུ་མཁས་གྱུར་པོ།། སྦྲིད་པའི་ཉེས་བརྒྱུ་བསྐྱེད་ལྔ་ཉོན་མོངས་གཅོད་མཛད་ལྷོའི།། རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། ་དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི།། བདག་གིས་སློབ་མ་གཞུག་པར་བགྱི།། དེ་ནས་ལྷོ་ཕྱོགས་ཀྱི་སྒོར་མངོན་དུ་ཕྱོགས་པར་བྱས་ལ།། ཨོཾ་ན་མ་སྟེ་ཧཱུཾ། ན་མཱ ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་སྐུ་གསུང་ཐུགས་ཀྱི་སྒོ་ནས་ཕྱག་བྱ་བ་སྔོན་དུ་འགྲོ་བས་ལན་གསུམ་ཕྱག་བྱས་ལ།། ཨཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛོ་པ་སྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ། ་བཱི་ར་ཡོ་གི་ནི་ཨཱཏྨ་ནཾ་བཛྲ་ཌཱ་ཀཱི་ནི་ཨ་དྷི་ཏིཥྛ་སཱ་མཱི་ཞེས་བྱ་བས་ལུས་ཐམས་ཅད་ཀྱིས་ཕྱག་བྱད་དུ་གཞུག་གོ། དེ་ནས་གཡོན་ཕྱོགས་སུ་དེ་སྙིང་གར་ཐལ་མོ་སྦྱོར་དུ་བཅུག་ལ་ཤར་ཕྱོགས་ཀྱི་སྒོ་ནྱས།། ཨོཾ་སརྦ་བཱི་རཱ་ཡོ་གི་ནི་པཱུ་ཛི་ཨ ་བྷི་ཥེ་ཀ་ཨཱཏྨ་ན་ནཨཱརྱེ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བྷོ་རཱ་ཡཽ་གཽ་ནི་ཨ་ཏ་མ་ནཾ་བཛྲ་ལཱ་མཱི་རཏྣ་ཨ་བྷི་ཥིཉྩཽ་ཏུམཱཾ། དེ་ནས་བྱང་ཕྱོགས་ཀྱི་སྒོར་ཐལ་མོ་དེ་ཉིད་དཔྲལ་བར་བཞག་ལ་ཕྱ་བྱད་དུ་བཞུག་སྟེ། ཨོཾ་སརྦ་བཱ་རི་ཡོ་གཾ་ནི་པཱུ་ཛ་པྲ་བརྟི་ན་ཡ ་ཨཱཏྨ་ནཾ་ནིརྱ་ཏཽ་ཡཱ་མི། སརྦ་ཏ་ཐཱ་གཱ་ཏ་བྷི་ར་ཡཽ་གི་ནི་ཨཱཏྨ་ན་བཛྲ་ཁཎྜ་རོ་ཧ་རྱ་པྲ་བིརྟྟ་ཡ་མཱཾ། དེ་ནས་ནུབ་ཕྱོགས་ཀྱི་སྒོར་ཐལ་མོ་དེ་ཉིད་མགོར་བཞག་ལ་ཕྱག་བྱེད་དུ་གཞུག་སྟེ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛྱ་ཀརྨ་ཀ་ར་ཎ་ཡ་ཨཱཏྨ་ནོམ ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡཽ་གི་ནི་ཨཱཏྨ་བཛྲ་རཱུ་པི་ཎརྱ་ཀརྨ་ཀཱ་རུ་མཱཾ། ཕྱག་བཞིའོ།། དེ་ནས་ལྷོར་ནི་ཕྱག་བྱས་ཏེ། སློབ་མའི་ལག་ནས་བཟུང་ན་སཱ་ནི།། བདེ་མཆོག་སྡོམ་པའི་ཆོ་ག་བཞིན།། ཐམས་ཅད་བརྗོད་དེ་སྦྱིན་པར་བྱ།། སངས ་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱབསུ་སོང་།། འདི་ནི་སངས་རྒྱས་རིགས་འོངས་པོའི།། སྡོམ་པ་བརྟན་པར་གྱུར་པའོ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི།། བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ།། བྱང་ཆུབ་སེམས་གང་དེ་རྡོ་རྗེ། ་ཤེས་རབ་དྲིལ་བུ་ཞེས་གྲགསོ།། སློབ་དཔོན་ཁྱོད་ཀྱིས་བཟུང་བྱ་སྟེ།། བླ་མ་སངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པར་བཤད།། རཱིནྡ་ཆེནཱ་རིགས་ལ་རྟག་ཏུ་ནི།། ཉིན་རེ་བཞིན་ཡང་ལན ་དྲུག་ཏུ།། ཆོས་དང་ཟང་ཟིང་མི་འཇིགས་བྱམས།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་མ་ལུས་བཟུང་། འདི་ནི་པདྨའི་རིགས་དག་པའི།། དམ་ཚིག་ཡིད་དུ་འོང ་བའོས་ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡོང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བྱ།། རྩ་བའི་ལྟུང་བ་བཅུ་བཞི་ནི།། གང་ཕྱིར་རྒྱུད་ལས་གསུངས་པ་རྣམས།། ་བློ་ཆེན་ཁྱོད་ཀྱིས་རྟག་ཏུ་ནི།། དངོས་གྲུབ་ཕྱིར་ནི་བསྲུང་བར་བྱ།། དམ་ཚིག་བསྒྲག་པའོ།། སློབ་དཔོན་འདིར་ནི་བདག་ལ་གསོན།། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་ལྟར་བདག་ནི་བགྱིད་པརོ་འཚོ་ལ།། ཇི་ལྟར་དུས་གསུམ་མགོན ་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་བདག་གིས་བསྐྱེད་པར་བགྱི།། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་སྡུད་པ་དང་། ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་བརྟན་པོར་གཟུང་བར་བགྱི།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དེ་ནས་བརྩམས་ཏེ་གཟུང་བར་བགྱི།། ནམ་དུ་ཡང་ནི་མི ་བཏང་ངོ་།། རྡོ་རྗེའི་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བར་བགྱི།། སྐྱོབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡིས།། དམ ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་བཞིན་དུ་དུས་དྲུག་དུ། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའོ།། པདྨའི་རིགས་མཆོག་དག་པ་ལ།། ཕྱི་དང་གསང་བ་ཐེག་པ་གསུམ།། དམ་པའི་ཆོས་ནི་གཟུང་བར ་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་བདག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་བདག་གིས་བསྐྱེད་བགྱིས ་ནས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གིས་སྡོམ་པ་མྱ་ལུས་གཟུང་།། མུ་སྤྲུལ་བ་ནི་བསྒྲལྔ་པར་བགྱི།། མ་གྲོལ་བ་ནི་དགྲོལ་བར་བགྱི།། དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས ་ལ་དགོད།། སྡོམ་པ་གཟུང་བའོ།། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགསུ་ཞུགས་ཀྱིས།། ངས་ཁྱོད་ལ་དཔལ་ཧེ་རུ་ཀཱའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས ་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱི་སྟེ། དམ་ཚིག་ཉམས་པར་གྱུར་ཏེ ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི་སྙིང་ལ་ཡང་དག་བཞུགས་པར་གྱུར།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། དེ་ནས་དམ་ཚིག་བླུང་པ་ནི།། ག་བུར་ཙན་དན་ལྡན་པ་དང་།། བདེ་བའི་མེ་ཏོག་ཚུར་བཅས་པ། ་སངས་རྒྱས་ཀུན་དང་མཁའ་འགྲོ་མའི།། སློབ་མ་བློ་གྲོས་བརྟན་པཱ་ལ།། བླངས་ཏེ་རྒྱུན་གྱིས་དེ་ལ་སྦྱིན།། སྤྱོད་པ་ལེགས་པདྨ་སྦྱང་ནས་ནི།། གཟི་མ་དང་བཅས་པ་འདི་སྐད་བརྗོད།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག ་འདས་ནི་བསྲེགས་པར་བྱེད།། དམ་ཚིག་བསྲུངས་ནུ་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩིའི་ཆུ་འདིས་འཐོབ།། ཨོཾ་སརྦ་པཉྩ་ཨ་མྲྀ་ཏཽ་ད་ཀ་ཋཿཧཱུཾ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་དཱ་ཉིད་ཡིན་གྱིས།། གང་འདི ་བྱོས་ཤིག་ཅེས་བསྒོ་བ་དོ་ཁྱོད་ཀྱིས་བྱའོ།། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག། ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུར་ཏ་རེ།། དེ་ནས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན ་གྱིས་རློབས་ཤིག། དཔལ་ཧེ་རུ་ཀ་བདོག་ལ་འབབ་པར་མཛོད་ཅིག་ཅེས་སྨྲར་གཞུག་གཽ། ཐང་ཆུ་ལྔ་རྩི་ལེག་སྭཱ་སྒྱུར་བའོ།། བསྐུས་ཤིང་གོས་ནི་ལེགས་བརྡུངས་དང་། བྱི་ལའི་རྟུག་པ་ཉིད་དང་ནི།། གུ་གུལ་ལྷན་ཅིག་སྦྱར ་ནས་ནི།། པདྨའི་སྣོད་དུ་བཞག་ནས་སུ།། ཡི་དགས་མེ་ཡིས་བརྡུང་བར་བྱ།། གཉིས་མེད་གཉིས་མིད་སྔགས་ཀྱིས་ནི།། འགྱིངས་བཅས་འདུག་སྟེ་གཟི་ལྡན་པ།། སྔར་བཤད་རྒྱན་དང་ལྡན་པ་དང་།། དེ་བཞིན་གོ་ཆ་བགོས ་ནས་ནི།། འཁོ་ལོ་ཀུན་གྱི་དཔའ་བོ་དྲང་།། རྣལ་འབྱོར་མ་རྣམས་དེ་སྙིང་གཞུག། གཡས་བརྐྱང་པ་ལ་ལེགས་བསྡམས་པས།། གཉིས་མེད་སྔགས་ནི་བརྗོད་ནས་ནི།། གདུག་པ་དེ་དག་གསུང ་སྔགས་ཀྱིས།། སྐད་ཅིག་དེ་ཉིད་དག་ལ་འཇུག། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཧཱུ~ཾ། ཨོཾ་ཤྲི་ཧེ་རུ་ཀཱ་ཡ་པདྨི་ཧཾ་བིདྷི་རཱ་ཛཱ་ཡ་དྷི་མོ་ཧེ་སྭཱ་ཧཱ། ཞེས་བྱ་བ་འདིས་དཔའ་བོ་བསྐུལ་བར་བྱའོ།། དེ་ནས་ལག་པ་གཟུང་བ་ཡིས།། མིག་ཕྱེ ་ནས་ནི་བལྟ་བར་བྱ།། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས།། མིག་འབྱེད་པར་ནི་བརྩོན་པར་མཛད།། ཨོཾ་བཛྲ་ཎེ་ཏྲ་ཡ་ཨ་པ་ཧེ་ར་པ་ཊ་ལཾ་ཧཱུཾཿདཀྱིལ་འཁོར་བཟང་པོ་འདི་ལྟ་ལྟོས།། ད་ནི་དང་བ་རབ་ཏུ་བསྐྱེད།། ཁྱོད་ནི་རྣལ ་འབྱོར་མ་རིགས་སྐྱེས།། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས།། འགྲོ་བ་ཕུན་སུམ་ཚོགས་ཀུན་དང་།། དངོས་གྲུབ་ཕུན་ཚོགས་ཁྱོད་མངོན་འགྱུར།། དམ་ཚིག་ཐམས་ཅད་བསྐྱང་བ་དང་།། གསང་སྔགས་ལ་ཡང ་བརྩོན་པར་གྱིས།། གང་དུ་མེ་ཏོག་ལྷུར་གྱུར་པ།། དཽ་ཡི་གནས་སོགས་བསྟན་པར་བྱ།། སློབ་མ་གཞུག་པའོ།། །། སྣ་ཚོགས་པདྨའི་ལྟེ་བར་བཞུགས།། གཉིས་མེད་གཉིས་མེད་པང་ནུ་གནས།། བརྟན ་གཡོ་ཀུན་གྱི་བདག་ཉིད་ཅན།། སྤྱོད་དང་གྲོལ་བ་རབ་སྩོལ་བ།། ཀུན་མཁྱེན་ཀུན་མཛོད་གཙོ་བོ་སྟེ།། དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས།། རྣལ་འབྱོར་མ་ལ་སོགས་པའི་ཚོགས།། གྲུབ་པའི་རྣལ་འབྱོར་མ་ལྔ་པོ།། ཐོད་པའི་དུམ་བུ ་ལསོགས་ཀུན།། འཁོར་ལྷོ་མཁའ་ལ་སྤྱོད་པས་བསྐོར།། རབ་ཏུ་གཏུམ་མོ་སོགས་ཡང་དག་འཁྱུད།། གཉིས་པོ་ཐུགས་ཀྱི་སྤྲུལ་པ་ཡིན།། མྱུ་གུ་ཅན་ལ་སོགས་པ་ཀུན།། རྣལ་འབྱོར་མ་བརྒྱད་གཉྫི་སུ་མེད། ་གསུང་ནི་རྣམ་དག་ངོ་བོ་ཡིས།། མི་ཡི་འཇིག་རྟེན་དྲུག་ཏུ་ཁྱབ།། སྟོབས་པོ་ཆེ་སོགས་པར་གནས་པ།། གྲུབ་པས་ས་འོག་གནས་པ་ཡིན།། སྐུའི་སྤྲུལ་པར་བཤད་པ་སྟེ། ཆགས་པོ་ཀུན་གྱི་རྗེས་སུ ་ཆགས།། ཧེ་རུ་ཀ་དཔལ་སོགས་འཁོར་ལ།། གཡོན་ནས་འཁྱུད་ཅིང་ནུ་མ་འཛིན།། སྐུ་གསུམ་ཞེས་བྱའི་སྤྲུལ་པ་སྟེ།། འབྲིང་དང་མཆོག་དང་ཐ་མའོ།། ཁྭ་ལ་སོགས་པ་བརྒྱུད་པ་ཡི།། གཟུགས་ནི་སྒྱུ་ཡིས་ཡང་དག ་བསྟན།། ཁྲོ་བོ་རྣམ་རྒྱལ་ལྔ་སོགས་བརྒྱད།། བྱང་ཆུབ་སུམ་ཅུ་རྩ་བདུན་སྤྲུལ།། མཁའ་ལ་སྤྱོད་དང་ས་ལ་སྤྱོད།། ས་འོག་དག་གིས་མ་མོ་བརྒྱད།། བརྒྱད་གཉིས་མཆོད་པའི་ལྷ་མོ་ཡ~ཾ་སི།། ལྷ་རྣམས་དེ་ཉིད་མེ་ཆེན་པ་ཡིན། ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། ། དེ་ནས་སློབ་མ་བླ་མ་ཡི།། ཞབས་ལ་དད་པས་ཕྱག་འཚལ་ཏེ།། ཐལ་སྦྱར་ཡོན་ནོ་ཕུལ་བ་ཡིས།། དབང་བསྐུར་དོན་དུ་གསོལ་བ་གདབ།། ཧེ་རུ་ཀ་དཔལ་དབང ་བསྐུར་བ།། འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན།། ཇི་ལྟར་ཡོན་ཏན་འབྱུང་གནས་སོགས།། དེ་བཞིན་བདག་ལ་དེ་སྩོལ་ཅིག། དཔའ་བོ་ཆེན་པོ་མི་ལྡོག་པའི།། དབང་བསྐུར་བ་ནི་བདག་ལ་སྩོལ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར ་བདག་ནི་རྟག་ཏུ་སློབ་དཔོན་བགྱིད།། འཇུག་པ་སྒོ་ཡི་ལྷོ་ཕྱོགསུ།། ཧེ་རུ་ཀ་དཔལ་བདག་ཉིད་སེམས།། པདྨ་འདབ་བརྒྱད་སྟེང་དུ་ནི།། སེང་གེའི་ཁྲི་སོགས་ལ་བཞག་སྟེ།། སློབ་མ་གཉིས་མེད ་སྦྱར་ལྡན་པ།། སྣ་ཚོགས་སྟན་ལ་གཞག་ནས་ནི།། གཉིས་མེད་ཡེ་ཤེས་སེམས་ལྡན་གྱིས།། མེ་ཏོག་དབང་བསྐུར་ལ་སོགས་པ།། ཐམས་ཅད་ཆོ་ག་བཞིན་སྦྱིན་ཞིང་།། དཀྱིལ་འཁོར་ལུས་ནང་ཆུད་པར་བྱ།། ཕྱག་རྒྱ ་ལྔ་ལ་སོགས་པའི་ལུས།། ཧེ་རུ་ཀ་དཔལ་བདག་ཉིད་སྦྲུལ།། སྤྱོད་དང་བརྟུལ་ཞུགས་བརྟན་པ་དང་།། དེ་བཞིན་གཉིས་མེད་ཚངས་སྤྱོད་བསྟན།། སྟེང་དུ་གདུགས་དཀོར་བཟུང་ནས་ནི།། དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱི།། བཀྲ ་ཤིས་སྒྲ་ཡིས་གང་བ་ཡིས།། གླུ་ལེན་རོལ་མོ་སྙན་པ་ཡིས།། ཧོ་རུ་ཀ་དཔལ་བདག་ཉིད་སྦྲུལ།། རབ་ཏུ་འབད་དེ་མཆོད་པར་བྱ།། དབང་བསྐུར་བར་གསོལྔ་པའོ།། རྣལ་འབྱོར་པཱ་ཡིས་ཡུངས་ཀར་ནི།། ཆོ་ག་བཞིན་དུ་ཡོངས་བཟླས ་པས།། གསང་སྔགས་བརྗོད་ཅིང་བརྡེག་པ་སྟེ།། ཧེ་རུ་ཀྵ་དཔལ་སོགས་གཉིས་མེད།། བིཟླས་ནས་དཀྱིལ་འཁོར་ཐམས་ཅད་ནི།། དཀྱིལ་འཁོར་གླུ་ཡིས་གྲུ་ལན་ཅིང་།། གཉིས་མེད་ཡེ་ཤེས་གཟིགས་པ་རྣམས།། ཐམས ་ཅང་ཆོ་ག་བཞིན་དབང་བསྐུར།། ཡང་ན་སྔར་གྱི་ཆོ་ག་ཡིས།། རྣམ་རྒྱལ་བུམ་པར་བརྡེག་པར་བྱ།། འདབ་མའི་རྩེ་མོས་བླངས་ནས་ནི།། སྔ་མ་བཞིན་དུ་དབང་བསྐུར་ཞིང་།། གསང་སྔགས་ཉི་ཤུ་གཉིས་པ་དང་།། སྔར་བསྙེན་པ་ཡི ་སྔགས་ཀྱིས་ནི།། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ།། བརྟག་མི་དགོས་པར་འགྲུབ་པར་འགྱུར།། ཡང་ན་ནུས་པ་མེད་གྱུར་ན།། འཁོར་ལོ་ཀུན་གྱི་ལྷ་རྣམས་ནི།། གཉིས་སུ་མེད་པའི་ཡེ་ཤེས་ཅན།། ནམ་མཁའི་ཁམས་ནི་ཐམས་ཅད ་དགང་།། སྔོན་མཛད་པ་ཡི་ཤུགས་ཀྱིས་ནི།། དགྱེས་པ་ཆེན་པོས་ལེགས་བྱོན་ཏེ།། ཧེ་རུ་ཀ་དཔལ་ལ་སོགས་པ།། བསྒོམས་ནས་ཐམས་ཅད་དབང་བསྐུར་རོ།། བཀྲ་ཤིས་གླུ་ཡི་རྣམ་པ་དང་།། ཆང་དང་ཤ་ཁུའི་དགའ་སྟོན་གྱི ་རྣལ་འབྱོར་མ་ཀུན་དཔའ་བོ་རྣམས།། གཉིས་མེད་ཡེ་ཤེས་དག་གིས་སྦྲུལ།། ལྷ་ཡི་རིགས་ཀྱིས་མཚན་པ་ཡི།། མེ་ཏོག་ཇི་བཞིན་གཏོར་བར་བྱ།། མེ་ཏིག་ལྷུང་བ་བླངས་ནས་ནི།། སློབ་མའི་མགོ་ལ་བཅིང་བར་བྱ།། འདབ ་མའི་རྩེ་དང་ལག་གཉིས་ཀྱིས།། སྔགས་པས་བུམ་པ་བཏེག་ནས་ནི།། ལུས་དང་གཏོགས་པའི་དཀྱིལ་འཁོར་ནི།། ཆོ་ག་བཞིན་དུ་ཀུན་དབང་བསྐུར།། དེ་འོག་རྣམ་རྒྱལ་བུམ་པ་དང་།། དྲིལ་བུ་སྒྲ་སྒྲོགས་གླུ་ཡིས་ནི།། ་དཔའ་བོ་རྣལ་འབྱོར་མ་སོགས་ཀུན།། བསྒོམ་སཱ་ལ་ཐམས་ཅད་དབང་བསྐུར་རོ།། ཆུ་ཡིས་དབང་བསྐུར་བྱིན་པ་ཡིས།། སྡིག་པ་ཐམས་ཅད་བཀྲུ་བར་བྱའོ།། དེ་ནས་རྡོ་རྗེ་རྒྱུ་གྲུམ་མགོར།། རཱལ་པོའི་ཐོར་ཚུགས་ཀྱིས ་བརྒྱན་པ།། སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས།། དར་དབྱངས་དབང་བསྐུར་བྱིན་པར་བྱ།། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྟྟ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་འཁོར་ལོ་ཐམས་ཅད་ཀྱི་དཔའ་བོ་ལ་སོགས་པ་བརྗོད ་སྔགས་ཀྱི་བསྐུལ་བའོ།། ལག་ཏུ་རང་མཚན་དེ་ཉིད་དང་།། མཚན་མའི་དབང་བསྐུར་སྦྱིན་པར་བྱ།། ཧེ་རུ་ཀ་དཔལ་དབང་བསྐུར་བས།། དེ་རིང་ཁྱོད་ནི་དབང་བསྐུར་བྱ།། འདི་ནི་སངས་རྒྱས་ཐམས ་ད་དེ།། རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་ལོང་།། དེ་ནས་འདིརི་རང་གི་མཚན་མའི་དབང་བསྐུར་སྦྱིན་པར་བྱ་སྟེ། ཨོཾ་ཤྲཱི་ཧེ་རཱ་ཀཾ་ཨ་དྷི་པ་ཏི་སྟྭ་ཨ་བྷིཥཱིཉྩ་མི་ཏིཥྛ་མི་ཏིཥྛ་བྷི་ར་ས་མ་ཡ་སྟྭ~ཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ ་སེམས་དཔའ་དགའིའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། རྡོ་རྗེའོ།། འདི་ནི་རྣལ་འབྱོར་མ་ཀུན་གྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། ་བྱང་ཆུབ་མཆོག་ཏུ་རྒྱལ་བྱ་བཞེད།། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔེའ་ནི།། སྲིད་པ་དམ་པོ་བྱེད་པར་འགྱུར།། དྲིལ་བུའོ།། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། ་གཡོན་བསྙེམས་པ་དང་སྒྲོས་གནོན་འཆང་།། གཉིས་མེད་གཉིས་མེད་རྣལ་འབྱོར་བདག། ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ།། ཉི་ཤུ་རྩ་གཉིས་སྔགས་ཀྱིས་ནི།། སྔགས་ཀྱི་དབང་བསྐུར་སྦྱིན་པར་བྱ།། ཨོཾ་ཤྲཱི་ཧེ་རུ་ཀ ་ཨ་དྷི་པ་ཏི་ཏྲཱཾ་ཨ་བྷི་ཥིཉྩཱ་སི། ཤྲཱི་ཧི་རུ་ན་མ་ཨ་བྷི་ཥེ་ཀ་ཏཾ་ཞེས་བྱ་བ་དང་། བྷཱིའི་སྒྲ་དང་བཅས་པས་མིང་གི་དབང་བསྐུར་སྦྱིན་པར་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་དེ།། ཧེ་རུ་ཀ་དཔལ་ཕྱོཕྱིག་ནོ་གནས།། ཁྱོད་ཀྱིས་ཀྱང་ན ་རྟག་ཏུ་བཅིང་།། ཧཱུ~ཾ་རུ་ཀཾ་དཔལ་བརྟུལ་ཞུགས་བརྟ་ན།། ཨོཾ་སརྦ་ཏ་བྷཱུ་གཱ་ཏ་སིདྡྷི་བཛྲཱ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྲཱྀ་དྷ་ར་ཡཱ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧཽ།། རྡོ་རྗེའི་བརྟུལ་ཞུགསོ།། ། ཁ་ཊྭཱཾ་གཱ་དང་ཌཱ་མ་རུ་བཟུང་སྟེ།། ཧེ་རུ་ཀ་དཔལ་ཁ ་ཊྭཱཾ་ག། རྣལ་འབྱོར་མ་ནི་ཌ་མ་རུ།། རྡོ་རྗེ་ཁ་ཙྪ་རྡོ་རྗེ་བཅས།། དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་།། ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག། ཁ་ཊྭཱཾ་གཱ་དང་རྣལ་འབྱོར་སྣོད།། དཔའ་བོ་ཆེན་པོས་བླང་བར་གྱིས།། དབང་བསྐུར་བ ་བདུན་ནོ།། དེ་ནས་བརྩམས་ཏེ་རྫོགས་སངས་རྒྱས།། རྣལ་འབྱོར་མ་དང་དཔའ་བོའི་ཚོགས།། ཤེས་རབ་ཐབས་ཀྱི་བསྙེམས་ཆེན་གྱིས།། གར་མཆོད་བདེ་བའི་དགའ་སྟོན་གྱིས།། གར་རོ།། སྒེག་དང་བཅས་པས་ཕྲེང་བ་འཆང་།། ་སངས་རྒྱས་ཀུན་སོགས་རྣལ་འབྱོར་མ།། དེས་ན་བྲལ་བར་མི་འགྱུརརོ།། ཕྲེང་བ་དེ་ནི་རྒྱན་ཡིན་ནོ།། ཕྲེང་བའོ།། ལུས་ཅན་ཀུན་ལ་དམ་ཆོས་ཀྱི།། ཁྱོད་ཀྱིས་གླུ་ནི་བླང་བར་བྱ།། དེ་ནས་རྣལ་འབྱོར་མ་དེ་དང་། མྱུར་དུ་བདེ ་བ་མྱོང་བར་འགྱུར།། གླུའོ།། ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བསྡུ།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་།། རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས།། བྱང་ཆུབ་ལུས་ཅན་རྣམས་ལ་བསྒོ།། དྲིའོ།། རྫོགས་སངས ་རྒྱས་ལ་སྤོས་ཕུལ་བས།། བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས།། ལུས་ཅན་བདེ་གཤེགས་ཆ་ལུགས་སུ།། ཡེ་ཤེས་ཀྱིས་ནི་ཚམ་པར་འགྱུར།། སྤོས་སོ།། ཆོས་ཀྱི་མིག་ནི་ལེགས་གསལ་བ།། པདྨ་གར ་དབང་རང་ཉིད་དེ།། སེམས་ཅན་མ་རིག་ལྗོངས་བྱས་པ།། ཡེ་ཤེས་སྒྲོན་མས་སྣང་བར་གྱིས།། མར་མེའོ།། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་རབ་རིབ་བསལ་བ་ལྟར།། བུ་ཁྱོད ་ཀྱིས་ནི་མི་ཤེས་པའི།། རབ་རིང་རྒྱལ་བ་རྣམས་ཀྱིས་བསལ།། ཨོཾ་བཛྲཱ་ཎ་ཏྲ་ཡཽ་ཨཱ་པ་ཧ་ར་པ་ཊ་ལཱཾ་ཧྲཱིཿཐུར་མའོ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད ་དུ་མེད།། རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་།། ངོ་བོ་མེད་ཅིང་གནས་མེད་པར།། དེ་ལྟར་ཆོས་འདི་ཤེས་གྱིས་ལ།། སེམས་ཅན་དོན་ནི་མཉམ་མེད་བྱོས།། འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ།། མེ་ལོང་ངོ་།། སེམས་ཅན ་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཁམས་ནཱི་ཐམས་ཅད་དུ།། བྱ་བ་སྤྱོད་ཚུལ་གསང་བ་ཡིས།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། འཁོར་ལོའོ།། ཁྱེད་ཀྱི་ཐེ་ཚོམ་དོགས་མྱེད་པར།། ཡིད་གཉིས་མེད་པའི ་སེམས་ཀྱིས་ནི།། ཆོས་ཀྱི་དུང་ནི་བླ་མེད་པ།། དྲི་མེད་ཀུན་ཏུ་གྲང་བར་གྱིས།། དུང་ངོ་།། དེ་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དོ།། ཞི་དང་རྒྱུས་དང་དཔུང་དང་དགུག། སྟོང་བར་བྱེད་དང་གནོད་སོགས་དང་།། གསོད་དང་བསྐྲད་པ ་ཐམས་ཅད་དེ།། ལས་དེ་རྣམས་ནི་གྲུབ་པར་གྱིས།། རལ་གྲི་མིག་སྨན་ས་འོག་དང་།། མཆིལ་ལྷམ་དེ་བཞིན་རིང་པོ་སྟེ།། རྣལ་འབྱོར་མ་ཡི་དངོས་གྲུབ་ནི།། དེ་ནི་ཅི་དགོར་བསྒྲུབ་པར་བགྱིས།། གནང་བའོ།། ནང་པར་སྔར ་ལངས་སེམས་བདག་ཉིད།། མ་ལུས་ལས་ནི་བྱས་ནས་ཀྱང་།། བསྲུང་དང་བཟའ་ལ་སོགས་པ་ཡི།། སྡོམ་པའི་བདག་ཉིད་ཅན་བསྲུང་ངོ་།། ལུས་དང་སྲོག་ལ་བལྟོས་མེད་པར།། དམ་ཚིག་དང་ནི་སྡོམ་པ་བསྲུང་།། ཉིན་དང་མཚན་མོ།། ་ལན་གསུཾ་གུཉྩིནྡ་རེ་བཞི་ནི་བཟླས་པར་བྱ་གང་ཚེ་ཉམས་ན་རྣལ་འབྱོར་པ།། ཁ་ན་མ་ཐོ་སྦོམ་པོར་འགྱུར།། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ།། ཟླ་བ་རེ་རེ་བསྲུང་བར་ནི།། གཉིས་མེད་གཉིས་མེད་འཁོར་ལོར་གནས།། ཚེས ་བཅུ་ལ་ནི་དེ་རབ་མཆོད།། ཆང་དང་ཤ་སོགས་གང་ཅིའང་རུང་།། དཔའ་བོ་རྣལ་འབྱོར་མེའི་ཚོགས།། ཐམས་ཅད་གཉིས་མེད་པང་ན་གནས།། ཧེ་རུ་ཀ་དཔལ་རབ་ཏུ་མཆོད།། ཐེག་པ་དམན་ལ་འདོད་མི་བྱ།། སེམས ་ཅན་ལ་ཡང་རྒྱུ་བ་མི་ཕྱོགས།། འཁོར་བ་དག་ཀྱང་མཱི་སྤང་ཞིང་།། མྱ་ངན་འདས་ལ་དགར་མི་འགྲོ། དཔའ་བོ་རྣལ་འབྱོར་མ་ཀུན་ལ།། ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ།། ཕྱག་རྒྱ་བཞོན་པ་མཚོན་ཆ་དང་།། མཚན་མ་བགོམ ་པར་མི་བྱའོ།། དམ་ཚིག་རབ་བསྲུངས་བསྟོད་ནམས་ཀྱིས།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། བུད་མེད་ཐམས་ཅད་མཐོང་བ་ན།། གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་།། སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་།། ལན ་གསུམ་བོར་དུ་གསོལ་བ་གདབ།། བདག་གི་མ་ཁྱོད་བུ་ཡིན་ཏེ།། ཇི་སྲིད་བྱང་ཆུབ་བྱུང་བར་དུ།། བྱང་ཆུབ་ཡན་ལག་ནུ་མ་ལས།། བྱུང་བའི་རང་གི་འོ་མས་སྐྱོངས།། གཉིས་མེདོ་ཡེ་ཤེས་སྤྱོད་ལྡན་པའི།། བསླབ་པ་བླངས ་པ་སྔོན་འགྲོ་བའི།། ནད་ལ་སོགས་སྔོན་འགྲོ་བས།། ཚངས་པར་སྤྱོད་པ་ཤིན་ཏུ་བསྲུང་།། དམ་ཚིག་དེ་ལ་རྟག་ཏུ་བསྲུང་།། དེ་སྔོན་འགྲོ་བ་སྦས་པའི་གནས།། སྤྱོད་དྲང་གྲོལ་བའི་གནས་འདོད ་པིའི། ཡིད་ལ་འདོད་པ་ཀུན་འབྱུང་འགྱུར།། གཙོ་བོས་ཇི་ལྟར་བཀའ་སྩལ་བྱ།། ཇི་ལྟར་བདག་ནི་བགྱིས་པར་འཚལ།། དམ་ཚིག་དང་སྡོམ་པ་བསྲུང་བའོ།། ། འདིར་དབང་བསྐུར་བའི་སློབ་མ་ནི།། ལག་ནས ་བཟུང་ནས་གཟི་བཅས་པས།། གཉིས་མེད་ཡེ་ཤེས་བླ་མེད་པ།། མ་ལུས་དོན་ནི་ཀུན་བརྗོད་བྱ།། གཉིས་མྱེད་ཡེ་ཤེས་སེམས་ལྡན་ལ།། མི་བྱ་བ་ནི་ཅི་ཡང་མེད།། ཚངས་པར་སྤྱོད་པ་རྟག་མེནོས་ལ།། འདོད་པ་ལྔ་ནི་སྤྱང ་བར་གྱིས།། གཉིས་མེད་ལ་གནས་ཟས་ལ་ནི།། རྡོ་རྗེ་སེམས་དཔའ་ལ་སོགས་བརྡ།། གཉིས་མེད་པ་དང་ཐོགས་མེད་པ།། དམ་ཚིག་སྤྱོད་པའི་སྤྱོད་པ་བྱ།། སྣ་ཚོགས་དབང་ཕྱུག་ལེགས་སྦྱང་ཅིང་།། ཚངས་པར་སྤྱད་པ་དེ ་བཞིན་ནོ།། ཁྲོ་བ་མེད་པའི་རྒྱུན་སྤྱད་པ།། སྒྲུབ་པ་པོས་ནི་ཡོངས་སུ་བསྲུང་།། རྟག་ཏུ་བསྒྲུབ་ལ་གནས་ནས་ནི།། ཡུལ་ཀུན་ལ་ནི་རྣལ་འབྱོར་པའི།། གནས་མེད་གྲུབ་པའི་རྣལ་འབྱོར་མོ།། མི་བརྟན་སྲོག་ནི་ཇི་སྲིད་པར ་བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། ཅི་དགའ་བར་ནི་ལོ་ངས་སྤྱོད་ཐམས་ཅང་།། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེར།། བསམས་ནས་ཐམས་ཅད་རབ་ཏུ་བརྟག། བདག་ཉིད་སངས་རྒྱས་ཐམས ་ཅད་དང་།། རྣལ་འབྱོར་མ་ནཱི་ཀུན་ཀུ་གྱི་གནས།། དེ་བསུ་འབད་པ་ཐམས་ཅད་ཀྱིས།། ཧེ་རུ་ཀ་དཔལ་བདག་མཆོད་དོ།། འདོད་ཆགས་བྱུལ་བ་ལྟ་བུ་ཡི།། ཁམས་གསུམ་ན་ནི་སྟག་མེད་པས།། དེ་བས་འདོད་ལ་ཆགས་བྲལ་བར། ་ཁྱོད་ཀྱིས་ནམ་ཡང་མི་བྱའོ།། བསྲུང་བའི་དམ་ཚིག་གོ།། ། གཡོན་པ་ཡིས་ནི་ཆོས་གོས་མཐུའ།། གཡས་ཀྱིས་མི་འཇིགས་དབུགས་འབྱིན་པ།། ཧེ་རུ་ཀ་དཔལ་རྣལ་འབྱོར་ཚྭ།། འཁོར་ལོ་ཐམས་ཅད ་རྣམ་པར་གནས།། ཧེ་རུཾ་གླུ་དཔལ་ལུང་སྟོན་བཞིན།། མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས།། འདི་ལྟར་ང་ཡིས་ལུང་བསྟན་ཏེ།། ཧེ་རུ་དཔལ་དེ་བཞིན་གཤེགས།། དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ།། ་རྣམས་ལས་བཏོན།། ཤྲཱི་ཧེ་རུ་ཀ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུཪྵཱ་བ་སཱཿགང་ལ་ཚིགསུ་བཅད་པ་འདིས་དོན་ཡོད་པར་གྲུབ་པའི་ཕྱག་རྒྱས་གནས་པ་ལས་མཆོག་ཏུ་གསང་བའི་ཚོགས་མགྲིན་གཅིག་ཏུ་རྒྱལ་བ་རྣམས ་ཀྱིས་ལུང་སྟོན་པར་མཛད་དོ།། ལུང་བསྟན་པ་དང་གཟོང་བསྟོད་པའི།། །། ཁམས་གསུམ་གྱིས་ནི་རྒྱལ་སྤྲིང་ཆེ།། རྒྱལ་བའི་བདག་པོར་བསྟན་པ་དང་།། དེང་ནི་བདུད་ལས་རྣལ་རྒྱལ་ཞིང་།། གྲོང་ཁྱེར་མཆོག་ཏུ ་ཞུགས་པ་ཡིས།། དེང་ནི་སངས་རྒྱས་ཉིད་ཐོབ་པར།། ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན།། དབང་ནི་བསྐུར་བ་ཙམ་གྱིས་ནི།། སློབ་མ་ཡོན་ཏན་བདག་པོར་འགྱུར།། སློབ་དཔོན་ཉིད་ཀྱི་བདེ་བ་ཡིས།། བརྟན་གཡོ་ཀུན་གྱི་དམ ་ཚིག་ཡིན།། དབུགས་དབྱུང་བའོ།། །། རྟ་དང་གླང་པོ་ཤཱིང་རྟ་ནོར།། ནོར་བུ་བྱུ་རུ་མུ་ཏིག་སོགས།། ཡོན་གྱི་མཆོག་ནི་བླངས་པ་རྣམས།། ཕྱག་བྱས་ནས་ནརྀ་དབུལ་བར་བྱ།། དེ་ནས་བརྩམས ་ཏེ་བདག་བྲན་དུ།། ཁྱོད་ལ་བདག་ནི་ཕུལ་བ་ལགས།། རང་གི་སློབ་མར་གྱུར་པ་དང་།། ཚ་ཡིས་ཀྱང་ནི་སྤྱད་དུ་གསོལ།། སློབ་མ་གུས་པ་མེད་པ་ཡིས།། དངོས་གྲུབ་རིང་བར་ཐེ་ཚོམ་མེད་མོས་པ་ཀུན་གྱིས་སློབ་མ་ཡིས།། དང་པོར་ཡོན ་གྱིས་བྱ་བ་ཡིན།། གལ་ཏེ་ལྷ་ནི་མཉེས་འདོད་ན།། འབད་དེ་བླ་མ་མཉེས་པར་བྱ།། དཔའ་བོ་ཇི་བཞིན་རིག་དེ་བཞིན།། རིག་པ་ཇི་བཞིན་བླ་མ་འདྲ།། དཔའ་བོ་རིག་དང་བླ་མ་ལ།། མཆོད་པའི་འབྲས་བུ་མཉམ་པ་ཡིས།། སློབ་དཔོན ་གྱི་ནི་ཡོན་ཡིན་ནོ།། དེ་བས་འདིར་ནི་མདོར་བསྡུས་ནས།། མེ་ཏོག་ལྡན་ཞིང་ཤིན་ཏུ་བརླབས།། ཤིན་ཏུ་གསང་བའི་ས་ཕྱོགས་ནི།། ཁམས་ལྷ་དང་ནི་ཡང་དག་ལྡན།། ཕྱེ་མར་བྱས་ཏེ་དེ་ཐམས་ཅད།། རྡོ་རྗེ་ལམ་དུ་བྱུག་པར་བྱ། ་ཀུན་ཏུ་དགའ་ལ་སོགས་པ་བཞི།། འཁོར་ལོ་ཀུན་བདག་རྣལ་འབྱོར་ལྡན།། འདིད་ཆགས་ཆོས་ལས་བྱུང་བའི་མགོན།། ཆགས་པ་ཀུན་གྱིས་རྗེས་ཆགས་པས།། པདྨའི་སྤྱོད་དུ་ལག་བཞག་སྟེ།། རྣལ་འབྱོར་མ་ནི་འདི་སྐད་སྨྲ། ་བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་།། དམངས་རིགས་ཟེར་གནས་བུད་མེད་ཀུན།། གུས་དང་བཅས་པས་མཆོད་པ་དང་།། གཉིས་མེད་ཚུལ་གྱིས་ཙམ་པ་ན།། དཔའ་བོ་ཁྱོད་ནི་སྤྲོ་གྱུར་ཏམ།། སྤྲོས་ཤིག་དཔའ་བོ་བདེ་བ་ཆེ། ་གསུངས་དམ་ཚིག་བསྟེན་པར་ནི།། ལཱ་མོཾ་བདག་གིས་བྱེད་པར་ནུས།། པདྨ་བི་གས་ཐ~ཾ་ཀྲྀ་མུགྣེ་ཀཱ་ཤི་བི་བ་སྲེ་ཀཽ་མེ་ཏོག་ཆུར་ལྡན་དཔའ་བོ་ཡྀས།། རྣལ་འབྱོར་མ་ལ་རྡོ་རྗེ་སྦྱིན།། དེ་ནས་བརྩམཱས་ཏེ་བུ་ཁྱོད་ནཱི།། བརྟུལ་ཞུགས་བཟང ་པོས་འགྲོ་དོན་གྱིས།། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་།། དམངས་རིགས་ཐ་མ་དག་སྤྱད་ཅིང་།། བྷ་ག་པདྨར་ཙུམྦ་ན།། བདུད་རྩི་ལྔ་ནི་བསྒྲུབ་པར་བྱ།། རྣལ་འབྱོར་མོ་ཡི་རྐང་གཡོན་ནི།། ལུང་བསྒོ་བར་ནི་སྤྱི་བོར་བཞག། རྡོ ་རྗེ་རྣལ་འབྱོར་མ་དཔའ་བོ།། གཉིས་མེད་ཡེ་ཤེས་སེམས་ལྡན་ལ།། དཔའ་བོ་ལས་བྱུང་བྱང་ཆུབ་སེམས།། རྒྱུན་གྱིས་དབང་ནི་བསྐུར་བར་བྱ།། འདི་ནི་བྱང་ཆུབ་འགྲུབ་རྣལ་འབྱོར།། ཁམས་ལྔ་བཅུད་ཀྱི་བདག ་ཉིད་ཅན།། ཧེ་རུ་ཀ་དཔལ་བདག་སྦྱོར་བས།། ཡང་དག་བདེ་བ་མྱོང་བར་གྱིས།། གཉིས་མེད་ཡེ་ཤེས་དབང་པོ་སྐུར་ནཱི།། གསང་བ་ཀུན་ལ་སོགས་པར་བཤད།། འདི་དག་ཐམས་ཅད་གསྔལ་བ་ཆེ།། དབང་བསྐུར ་བ་ནི་མཆོག་གི་ནས།། ཡོན་དང་དད་པ་མངོན་འགྲོ་བས།། དེར་ནི་ཕྱག་རྒྱ་གཏད་པར་བྱ།། དེ་ནས་ཇི་སྐད་བཤད་པ་ཡིས།། ཆོ་གས་སྦྱིན་སྲེག་ལས་བྱ་ཞིང་།། རྣལ་འབྱོར་མ་ལ་གཏོར་མ་སྦྱིན།། མཁའ་འགྲོ་མེ་ནི། ་མཆོད་འགྲུབ་འགྱུར།། སངས་རྒྱས་ཞིང་སོགས་ཞིང་རྣམས་ལ།། ཁྱད་པར་དུ་ནི་སྦྱིན་ལ་སྤྱོད།། དམངས་རིགས་སྟོང་ཕྲག་གཉིས་དག་ཀྱང་།། བྲམ་ཟེ་གཙང་མ་གཙོག་དང་འདྲ།། བྲམ་ཟེ་སྟོང་ཕྲག་གཉིས་དག་ནི།། ་དགེ་སློ་ག་རྒྱག་ཆུབ་ཏུ་སྦྱར།། དགེ་སློང་སྟོང་དྲུག་གཎྜཱིས་པནྡྷེ།། རྡུལ་མེད་པ་ན་གཅོག་དང་མཉམ།། རྡུལ་མེང་སྟོང་ཕྲག་གཉིས་དག་ནོ།། ཤེས་རྫུན་པ་གཅིག་དང་སྒྱུར། ་ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས།། སློབ་དཔོན་གཅིག་དང་མོ་ཉམ་པར་བརྟག། དེ་ལྟར་སྦྱིན་པའི་ཞིང་བྱས་ནས།། བློ་དང་ལྡན་པས་བརྟག་ཏུ་སྤྱན།། རྣལ་འབྱོར་རྩ་བའི་ཆོས་ལ་ནི།། ཞིང་བཟང་པོ་ལ་ས་བོན་བཏབ། ་མཚམས་མེད་པ་དང་སྡིག་ཅན་སྣང་།། ཚེན་རྩི་མཐོང་བས་གྲོལ་བར་འགྱུར།། མངོན་པར་ཞུགས་པ་ཙམ་གྱིས་ནི།། གཙང་མའི་གན་སུ་སྐྱེ་བོར་འགྱུར།། སྦྱིན་བདག་བཟང་པོ་རྣལ་འབྱོར་པ།། རིམ་གྱིས་མྱུར་དུ ་བྱང་ཆུབ་འཐོབ།། མེ་ཏོག་ཆུ་ཡི་དབང་བསྐུར་དང་།། ཅོད་པན་རྡོ་རྗེ་བདག་པོ་དང་།། མིང་དང་སྔ་། ཞུགས་དང་།། གནས་དང་དམ་ཚིག་སྤྱོད་པ་དང་།། དེ་བཞིན་ལུང་བསྟན་དབུགས་དབྱུང་དང་།། གསང་དང་ཕྱིག་རྒྱ ་གཽཏང་པ་དང་།། དབང་བསྐུར་འདི་རྣམས་ཐོབ་པ་ནོ།། སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད།། དབང་བསྐུར་བ་བཅུ་བཞི་པའོ།། ། གཡས་དང་གཡོན་གྱི་ལོགས་སུ་ནཱཾ།། བསྐོར་ལ་དེ་ནས་འཇུག་པར ་བྱ། ལོངས་སྤྱོད་རྫོགས་པ་གཟུང་ནས་ནི།། གཉིས་མེད་ཡེ་ཤོས་ངལ་བསོའོ།། ཚོན་ལ་སོགས་པའི་དངོས་པོ་ཀུན།། ནང་པར་ཐ་རངས་བསྡུ་བར་བྱ།། བསྡུས་ནས་གསེར་གྱི་བུམ་པར་ནི།། བཅུག་ནས་ཆུ་བོ་ཆེན་པོར་དོར། ་བུམ་པ་ཐམས་ཅད་བསྡུས་ནས་ནི།། སྔོན་བཞིན་དུ་ནི་དགའ་སྟོན་བྱ།། དེ་ནས་བདུད་རྩི་སྒྲ་སོགས་དང་།། སྦྱར་བསྡུས་ནི་བྱུག་པར་བྱ།། སྔར་གྱི་རྫས་ཀྱི་ལྷག་མ་རྣམས།། གཉིས་མེད་ཡེ་ཤེས་སྦྱིན་སྲེག་བྱ།། མཛའ ་སྡུག་དང་རིགས་མཐུན་བཅས།། སྣོད་གྱུར་སྐྱེ་བོ་གཉིས་མེད་ངོ་།། བཀྲ་ཤིས་གླུ་ཡི་རྣམ་པ་དང་།། རྡོ་རྗེ་དྲིལ་བུས་རོལ་པ་བྱཾ།། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན།། འོད་ཟེར ་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟེང་ཉྫ་།། རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན།། ཧེ་རུ་ཀཾ་དཔལ་སྔགས་པ་ལྷན་ཅིག་གར་བྱེད་ངོ་།། ཧ་ཧ་ཧི་ཧི་ཧུ་ཧུ་ཧོ།། བཅོམ ་ལྡན་འས་རིཔ་ལ་འདི་མཆོག་ཁོ་མའི་དཀྱིལ་འཁོར་གྱི་ཚིགསློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོང་པ་ནག་བྷྱོ་བས་མཛད་པ་རྫོགས་སོ།། ་རྒྱུ་གར་གྱི་མཁན་པོ་བུདྡྷ་ཤྲཱི་ཤཱནྟི་དང་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུ་སླད་ཀྱི་པཎྜི་ཏ་ཆེན་པོ་གརྫ་རི་དང་། ལོ་ཙབ་མགོས་ལྔ་བཅས་ཀྱིས་བཅོས་ཏེ་གཏན་ལ་ཕ ་པའོ། སརྦ་མདྒ་ལ ་