| Wylie | e-texts produced with BDRC’s OCR application |
ལ་སོགས་པའི་སྡོང་བུ་བཞི་ལ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོགས་དང་དྲིལ་བུ་ཅན་གྱི་ཐུགས་རྗེ་དཀར་པོ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུག་པ་དོག་ཅན་རྣམས་བཅོས་ལ། རབ་ཏུ་གནས་པ་ཆོ་ག་ཇི་ལྟ་བ་བཞིན་བྱིན ་གྱིས་བརླབ་པར་བྱའོ།། སྐྱེ་བོ་མང་པོ་དོན་གཉེར་ལ།། སྐྱེ་མེད་དཀྱིལ་འཁོར་སྦྱིན་གྱི་ཚུལ།། མཁའ་ལ་ལྡིང་བས་སྟེང་བརྒྱན་པ།། མགོན་པོ་རྣམས་ཀྱི་ཡིད་བཞིན་ནོར།། སྲོགས་ཆགས་གང་གང་དང་ཡོད་དང་།། དང་མེད་ཤེས་དང་མི་ཤེས་པའང་།། ཀུན་ཏུ་ལམ་ཆེན་འདིར ་རྒྱུན།། དེ་དག་ངན་འགྲོར་འགྲོ་མི་སྲིང་།། རང་གི་མཐོང་དང་ཐོས་དང་དྲན།། གྲིབ་མས་རེག་དང་སོ་སོར་རྟོག། དེ་དག་རྣམས་ཀྱང་མ་ཐོགས་པར།། འཇིག་རྟེན་མགོན་གྱི་ཞིང་དུ་སྐྱེ།། ལམ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། ། ཝ་ཏིའི་རྒྱུད་ཅན་གྱི་ཐུགས་རྗེ་ཆེན ་བོ་ལ་ཕྱག་འཚལ་ལོ།། དཀར་བསིལ་རོ་བརྒྱ་བདུད་རྩིའི་རྒྱུན་འབབ་ཉིད་ཀྱི་ཕྱག། གླང་ཆེན་སྣ་ཕུབ་ལྷ་བརྒྱའི་ཅོང་པན་གྱིས་གཏུགས་པ།། མ་ལུས་ས་སྟེང་བགྱི་བ་བསྒྲུབ་མཛད་མཆོག་གི་བུ། དཔལ་ལྡན་དཔལ་ཆེན་སྤྱན་རས་གཟིགས་དབདེ་ཉིད་རྟག་འདུད།། དགའ ་དང་མྱ་ངན་ཧ་ཅང་སྡིག་མང་དགེ་བ་སོགས།། འགྱུར་བའི་ལས་ཀྱི་དབང་པོ་གང་ཡིན་དེ་གཞན་འགྱུར།། དེ་ཆེ་ལྷ་མཆོག་ཝ་ཏིའི་རྒྱུན་འབེབས་དུས་གསུམ་དུ།། ཉིན་དང་མཚན་མོ་རྣམ་པ་ཀུན་ཏུ་མི་གཡེང་བསྒོམ།། དེ་ལ་རྒྱུན་འབབ་པ་ནི་གཉིས་ཏེ། ཡིད་ཀྱི་ལས ་ཅན་དང་། དངོས་པོའི་ལས་ཅན་ནོ།། ཡིད་ཀྱི་ལས་ཅན་ནི་མཚན་མོ་ལའོ།། དངོས་པོའི་ལས་ནི་ཉིན་པར་རོ།། གང་ན་འཇུག་དོགས་བདེ་ཞིང་དྲི་དད་ལྡང་བ་མེ་ཏོག་ལྗོན་ཤིང་གཡུར་ཟབས་མཛེས་པར།། ཉིད་ཀྱི་ཕྱག་དཔུང་པ་ཚུན་ཅད་ཡོངས་རྫོགས་པ་འམ ་མཁྲིག་མའི་བར་དུ་ཡང་རུང་སྟེ། དེ་ལྟ་བུའི་གཟུགས་གདུབ་བུ་དང་སོར་གདུབ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཅོས་ཏེ། མདོག་བཟང་པོས་བསྒྱུར་ལ། ཟླ་བ་ཉ་བ་དང་ཉི་མ་ཤར་བའི་དུས་གང་རུང་ལ་རབ་ཏུ་གནས་པར་བྱའོ།། མེ་ཏོག་ཆར་དང ་བདུག་པའི་སྤྲིན་གཏིབས་རོལ་མོ་འབྲུག་སྒྲ་ཆེར་སྒྲགས་ཤིང་།། བ་དན་རྔ་ཡབ་གློག་གི་རྒྱུན་འཁྲིགས་རོ་བཟངས་ཞལ་ཟས་ཀྱིས་མཆོད་དོ།། བར་སྣང་ཀུན་པ་གྲོ་འཕྲིན་ལས་རྗེས་བསྟོད་ཚངས་དབྱངས་ང་རོས་དྲིལ་བསྒྲགས་ལ།། རྡོ་རྗེ་དྲིལ་བསྒྲོགས་དགྱེས ་པའི་གར་བསྐྱོད་རྡོ་རྗེ་དགའ་བས་བྲོ་གར་དབུལ།། དེ་ནས་ཡི་གེ་གསུམ་སྔགས་ཀྱིས།། བྱིན་གྱིས་བརླབ་པའི་རྒྱུན་ཕབ་པའི།། པདྨོའི་ཕྱག་གིས་མིང་མེད་ཀྱི།། རྩེ་ནས་ལེགས་གཏར་སྙིང་པོས་བཏུང་།། རྡོ་རྗེ་སེམས་དཔའི་དང་པོ་དབང་།། དག་བྱེད་དྲི་མེད་བདེ་བ་ཆེ།། ་དེ་འདིར་པདྨོ་སེམས་དཔའ་ཆེ།། རྣམ་དག་འོངད་གསལ་རྨད་ཡིན་ནོ།། ཇི་ལྟ་ཇི་ལྟར་སྤྱི་གཙུག་ནས།། རྒྱུན་འབབ་དེ་ལྟ་དེ་ལྟར་ནི།། སྐལ་བ་བཟང་པོའི་ལུས་ངག་ཡིད།། དྲི་བྲལ་མི་ཉམ་མཉམ་པར་འགྱུར།། གཞན་དག་ཕོངས་པ་སྣ་ཚོགས་དང་།། ཕུན་སུམ ་ཚོགས་མིན་གང་གྱུར་པ།། དེ་དག་ཀྱང་ནི་སྐད་གཅིག་གིས།། སྤོང་གྱུར་འཐུངས་པ་ཙོམ་གྱིས་ཀྱང་།། དཔལ་འཇིག་རྟེན་དབང་ཕྱུག་ཝ་ཏི་ཅན་གྱི་སྒྲུབ་ཐབས་རྫོགསོ།། ། ཐུགས་རྗེ་ཆེན་པོ་གཙུག་གཏོར་ནས་བྱུང་བའི་རྒྱལ་པོ་ལ་ཕྱག ་འཚལ་ལོ།། མཚན་མར་འཛིན་པའི་སྐྱེ་བོ་ལྡོངས་པ་ཡང་།། གང་གིས་ཤེས་རབ་ཐུགས་རྗེ་འབར་བ་ཡིས།། མི་གཏོང་རྟག་ཏུ་སྤྱི་གཙུག་རྩ་མཆོག་རྩེར།། བརྟན་བཞུགས་བདག་གིར་མཛད་པ་དགོངས་གྲུབ་ཤོག། མི་ནི་རིང་ནས་དེད་དང་མངོན་འདོད་ཡོད།། ་