| Wylie | e-texts produced with BDRC’s OCR application |
བའི་དོན་གང་ཡོད་པ་དེ།། མེ་ལོང་ནང་གི་གཟུགས་ལྟར་སྟོན།། རྨི་ལམ་སྟོན་པ་རྫོགས་སོ།། ། མགོན་པ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ།། བརྗེ་ཆེན་རིང་ནོས་གདུངས་པ་སྤངས་པའི་རྒྱུས།། རྣམ་ཀུན་སྐྱེ་བ་མྱ་ངན་སེལ་མཛད་པ།། དཔལ ་ལྡན་མགོན་པོ་མྱ་ངན་མེད་པའི་དཔལ།། ཇི་བཞིན་སྒྲུབ་ཐབས་བདག་གིས་འདིར་བསྡུ་བྱ།། རྐང་གཉིས་སྐྱིལ་ཀྲུང་ལག་པ་མཉམ་པར་བསྣོལ།། མིག་པབ་རྡོ་རྗེ་སྐྱིལ་ཀྲུང་བརྩེགས་ནས་ནི།། རྟ་མཆོག་རྒྱལ་པོ་དལ་དབུས་རྗེས་འགྲོ་དང་།། འོང་བས་རྒྱུད་རབ་རྩེ་གཅིག་གྱུར་པ་ན།། ་བདེ་བར་གཤེགས་པ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པར་བྱས་ལ་མཆོད་པ་རྒྱ་ཆེན་པོ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་སྤྱན་དྲང་བར་བྱའོ།། རིམ་པ་གང་དང་ལྡན་པས་གསོལ་བ་བཏབ་ལ།། དེའི་སྙིང་པོ་རི་བོང་ཅན་ལས་འོད་དང་བདུད་རྩི་དང་ཡི་གེ ་ཧྲཱིཿཡི་རྒྱན་གྱིས་གཏར་བའི་ཕྲེང་བ་ཕྱུང་སྟེ། བསྒྲུབ་བྱའི་སྙིང་གི་ཟེའུ་འབྲུའི་རྩེ་མོ་ནས་བརླན་པར་བྱའོ།། བདེ་གཤེགས་ཟླ་བ་དཀར་མདོག་མུན་སེལ་བ།། རྣམ་པར་མི་རྟོག་འོད་མཛད་མྱ་ངན་མེད།། ཅིག་ཅར་ཏིང་འཛིན་ཆོས་སྒོ་བརྒྱ་ཕྲག་ལ།། མཉམ་གཞག་ཆོས་སྟོན ་ཏྲཻལ་གྱི་གླང་བུ་བཞིན།། རྡུལ་བྲལ་དགྲ་བཅོམ་དབང་པོ་རབ་ཞི་དང་།། ཀུན་སྤྱོད་བརྟུལ་ཞུགས་ཐོགས་མེད་རྣལ་འབྱོར་ཅན།། མཁའ་རྒྱུ་སྟོབས་ཆེན་སའི་ལྷ་མོ་སོགས།། སྐད་ཅིག་གིས་ལྷགས་མེ་ཏོག་གཏོར་མ་སྦྱིན་སྙིང་དབུས་དཀར་འཚེར་ཨ་དང་དྲག་པོའི ་མིག་གཉིས་ལ།། ཡི་གེ་བདུད་རྩི་འོད་གསལ་ཕྲེང་བ་མས་རིམས་བཞིན།། མྱོ་ངན་མེད་ཅིང་མྱ་ངན་དེ་བདེ་དང་།། མྱ་ངན་རྣམ་དག་བུ་མོའི་གདམས་ངག་བཞིན།། ཀུན་མཐོང་རི་བོའི་རྩེར་གནས་རྩཝ་ཟིལ་ལ།། བྲག་ངོས་མེ་ཏོག་སྙིང་པོ་བཞག་ནས་ནི།། རྗེས་མཐུན་སྐྱེ་བོ ་ཡིད་རབ་ཞི་པ་ཡིས།། དབྱངས་བརྗོད་མྱ་ངན་མེད་མགོན་དྲན་པས་སྦྱིན།། གནས་གང་ན་འབབོ་ཆུ་དང་ནེའུ་གསིང་དང་མེ་ཏོག་སྔོན་པོ་འམ། དཀར་པོ་ས་བརྒྱན་ནས། དུས་དང་ཉེ་བར་སྦྱར་བའི་གཏམ་གྲགས་པས་སེམས་ཚིམ་པར་བྱེད་ཅིང་། སྙིང་རྗེ་ཆེན་པོས་བརྟེན ་བའ་བཞིར་ལྷར་རྣལ་འབྱོར་ལ་སྙིང་བར་བྱེད་པའི་གྲོགས་དང་ལྷན་ཅིག་པས་ཉ་མ་བདུན་ནམ།། དགུ་འམ་བཅུགཅག་ལ་སོགས་པའི་བར་དུ་གནས་པར་བྱའོ།། རྟག་ཏུ་ལྔ་ཡིས་དབུགས་འབྱིན་དང་།། ཕ་རོལ་སེམས་དང་ཡོན་ཏན་དྲན།། འཇིག། ་རྟེན་མགོན་ལ་ཡིད་སྟོན་པས།། སྐྱེ་བོའི་མྱ་ངན་མྱ་ངན་སེལ།། ཨོཾ་ཨཱཿཧྲཱིཿཀ་ར་ཀ་ར་ཨ་ཙ་ར་ཙ་ར་ཨི། ཊ་ར་ཊ་ར་ཨུ། ཏ་ར་ཏ་ར་ཨེ། པ་ར་པ་ར་ཨོ། ས་ར་ཡ་ར་ཨོཾ། \ུ0f7fཧཱུཾ་ཧཱུ~ཾ་ཧཱུཾ། ཤོ་ཀཽ་ཤནྡྷ་པ་ཧ་ར་ཧ་ར། ཨ་ཤོ་ཀ་པྲ་ཧ་ར་པྲཱ་ཧ་ར་ཨ་ཤོ་ཀ་ནི། སྭཱ་བྷཱ་བ་ཤཱ་ནྱཱ་ཏཱ་ཨ ་ཕཊ་སྭཱ་ཧཱ།། ཡིད་འགྱོད་པ་བསལ་བ་རྫོགས་སོ།། ། འཕགས་པ་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་མི་ཟད་པ་ལ་ཕྱག་འཚལ་ལོ།། རེ་ཤིག་སྒྲུབ་པ་པོ་འབྱོར་པ་དམན་པ་དང་། ཕུན་སུམ་ཚོགས་པ་རྒུད་པས་ཟིལ་ནོན་ཏེ་བག་ཞུམ་པ་དང་།། ཡོད་ཀྱང ་