| Wylie | e-texts produced with BDRC’s OCR application |
སཾ་བྷ་ར། སཾ་ཧ་ར། ཨཱ་ཀཪྵ་ཡ། ཨ་ཀཪྵ་ཡ། སརྦ་ཏ་ཐཱ་ག་ཏ་ཏྲི་ད་ཡ་གནྡྷེ་ཛྭ་ལ་ཧཱུཾ་ཕཊ་སྭཱ་ཧཱ།། དེ་ནས་གང་བདོག་པ་འབྱོར་པ་རྣམས་ཀྱི་བསྟི་སྟང་བྱ་བ་དང་། གུས་པས་མེ་ཏོག་བླངས་ནས་སྤྱོད་ཡུལ་ཀུན་ལ་ཁྱབ་པར་གཏོར། སྙིང་པོ་མཆོག་ཉིད་ཤིང་ལོའི་ག་འུདུ ་གཞུག་ཅིང་དྲི་བཟང་བྱུག། དེ་ཡི་ཁྲུས་ཆབ་བདག་གདོང་བཀྲུ་སྒོ་ཐམས་ཅད་བསྒྲུབ།། མེ་ཏོག་ལ་བརྟན་པའི་སྒྲུབ་ཐབས་རྫོགསོ།། །། ཐུགས་རྗེ་ཆེན་པོ་རེ་ཁྲོད་པ་ལ་ཕྱག་འཚལོ།། རབ་ཏུ་ཡིད་དགའ་ནགས་ཀྱི་དབུས།། མེ་ཏོག་འབྲས་བུ་དུད་པ་ཡི།། ཤིང་དྲུང་རྩ་ཡི་སྤྱིལ ་བུ་ཉིད།། ཆགས་བྲལ་རྙོག་པ་མེད་བཞུགས་འདུད།། དེ་ནས་སྒྲུབ་པོ་སྤྲོས་པས་འཇིགས་པ་དང་།། རྣམ་པར་གཡེང་བས་དལ་བ་མ་ཐོབ་པ་ཡང་རུང་སྟེ། གཅིག་པུ་དག་དབེན་པ་དང་ཡིད་བྱུང་བའི་བློ་ཅན་གྱིས། དུས་བཟང་པོའི་ཚེ་ནགསུ་སོང་ལ་གང་ན་ལྗོན་ཤིང་བཟང་བ་ལ་ཡལ་ག ་དང་ལོ་འབྲས་ཀྱི་ནོམ་པ་དང་ལྡན་པ། གྲིབ་མ་བསིལ་བས་ལུས་སྐྱོབ་ཅིང་དྲུང་ན་འདུག་ཏུ་སྙེད་ལྟར་སྣང་བ་ཡོད་པ་ཞིང་ལ་ཙལ་ཏེ། དེའི་འགྲམ་དུ་གཏོར་མ་སྦྱིན་པ་སྔོན་དུ་བཏང་ནས་རྩཝ་སྤྱིལ་བུ་མཛེས་པ་བཅོས་པར་བྱའོ།། དེའི་ནང་གི་སྟེང་གི་གཞིར་རྗེ་བཙུན་སྤྱན་རས་གཟིས ་སྤྱིལ་བུ་ཅན་གྱི་རྟེན་བྱིན་གྱིས་བརླབས་པ་དང་ལྡན་པ་ཞིག་བཞུགས་ལ། མཆོད་པ་ཐམས་ཅད་ཀྱིས་མཆོད་ན། མེ་ཏོག་གིས་སྙིམ་པ་བཀང་སྟེ། ཅོག་པུར་འདུག་ལ་སྔགས་འདི་བརྗོད་དོ།། ཨོཾ་ཨཱཿཧྲཱིཿབ་ན་ལོ་ཀ་ནཱ་ཐ། མ་ཧཱ་ཀཱ་རུ་ཎི་ཀ། སརྦ་བུདྡྷ་ཛྙཱ་ན་གརྦྷ་མ་མ ་ཧྲཱི་ནྣ་ཧཱུཾ་ཧཱུཾ་སྭཱཏྨ། དེ་ནས་སྤྱིལ་བུང་དང་རྟེར། པ་ཐང་མཆོག་དང་སྒྲ་ཉིད་དུ།། བྱིན་གྱིས་བརླབས་ལ་མེ་དག་སྐང་ར་གང་ལེ་བསམ་གཏན་བྱེ།། སྙོམས་མེད་མི་གཡེངས་བརྟན་པ་ཡིས།། ཟླ་བདག་གམ་གསུམ་མམ་གཅིག་ངེས་པར་བྱས་ན ་ནགས་ཀྱི་ནང་།། མགོན་པོ་གང་རུང་གཟུགས་སུ་སྟོན།། དེ་ཡི་སྨིན་མཚམས་པདྨོ་འདྲའི།། རི་མོ་འམ་ཐིག་ལེ་གསལ་བར་འགྱུར།། བརྩོན་པས་མ་འཁྲུགས་དཀྱིལ་འཁོར་བྱ།། མགོ་བཏུད་ཞབས་ལ་གཏུགས་ཏེ་གསོལ།། ཨོཾ་ཨཱཿཧྲཱིཿཔཱུ་ར་བེ་པྲ་ཏིཙྪ་སུརྨ ་ར་ཧོ། ཐལ་སྦྱར་མིག་མི་འཛུམས་པ་ཡིག། མེ་ཏོག་བསྟབས་ལ་སྔགས་འདི་བརྗོད།། དེ་ཚེ་བདག་ནི་ཅི་འདྲ་ཡང་།། སྐྱོབ་པས་རྗེས་སུ་འཛིན་པར་འགྱུར།། སྤྱིལ་བུ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ། ཐུགས་རྗེ་ཆེན་པོ་རྔ་བོ་ཆེ་སྒྲ་དབྱངས་རྣམ་པར་རོལ ་པབ་ལ་ཕྱག་འཚོལ་ལོ།། རྔ་ཆེན་གང་ཞིག་ཙན་དན་སོགས་ཤིང་གླ་རྩི་ག་བུར་གུར་ཀ་མ་བྱུགས།། ཕྱོགས་གཉིས་དྲང་སྲོང་རི་དགས་མོ་ལྗགས་འབྲུག་སྒྲོ་གྲག་དང་ལྷན་ཅིག་གཡོགས།། པདྨོ་དམར་དང་འཁོར་ལོ་དཀར་དབུས་ང་རོ་ཆེ་བཅིབས་རྔ་ཆེན་བརྡུང་།། ་གྲགས་ཆེན་དབང་ཕྱུག་སྒྲ་དབྱངས་རོལ་པས་ས་སྟེང་མ་ལུས་རྒྱལ་གྱུར་ཅིག། དང་པོ་རེ་ཞིག་རིག་པོ་གོམས་པས་མཐུ་ཐོབ་པ་འམ།། གང་ཡང་བསྟན་ལ་དགྲ་བོ་རྣམ་པར་གནོན་པ་ཉིད།། དེ་བཞིན་སྔགས་མྱུར་གྲགས་པས་གྲོང་ཁྱེར་འཁྲུགས་འདོད་པ།། དེ་དག ་ཀུན་ཡིད་སྙིང་རྗེ་ལྡན་སྦྱར་ཆོ་ག་པོརྩམ།། འདབ་ཆགས་ང་རོ་ཆེན་པོའི་ལོ།། སྐར་མ་རྒྱལ་ལ་བབ་པ་འམ།། ཡང་ན་དབྱར་གྱི་སྒྲ་སྒྲོགས་དུས།། མཁས་པས་རྔ་ཆེན་བཅོས་པར་བྱ།། ཙན་དན་སྡོང་བུ་དཀར་དམ་རི་རམ།། སྒྲ་སྒྲོགས་ཤིང་དང་སྙན་པའི་འདབ།། སང ་ལྡེང་གླང་སྣ་བུ་འབོད་དང་།། ཏི་ཏི་ར་སོགས་རྒྱུ་ཡིན་རྟག། ཉི་མ་ཤར་དང་ཟླ་བ་ཤར།། སྲོད་ཀྱི་དུས་ལ་བབ་པ་ན།། གློ་རྩིག་བུར་གུར་ཀུམ་བྱུག། རྡོ་རྗེ་ཁྲོས་པས་བགེགས་ཚར་བཅད།། བྱམས་པའི་ཉི་མ་གང་ལ་བབ།། ཁྲི་གཉེན་མོ་ཡི་པགས་པ་སྦྱངས།། ནམཁའི ་