| Wylie | e-texts produced with BDRC’s OCR application |
འཁོར་ལོ་སྡོམ་པའི་བསྟོད་པ།། རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། ། @#རྒྱ་གར་སྐད་དུ། མཎྜ་ལ་དེ་བ་སྟོ་ཏྲ་རཏྣ་མཱ་ཡཱ་རཱ་ནཱ་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་གྱི་ལྷ་ལ་བསྟེ། ་པ་རིན་པོ་ཆེ་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ། བཅོམ་ལྡན་འོངས་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལོ།། ཐབས་དང་ཤེས་རབ་རང་བཞིན་དཀྱིལ་འཁོར་ཕྱག་འཚལ་ཏེ།། གུས་པས་བསྟེང་ལ་བྱིན་རླབས་མྱུར་འབྱུང་བདག་གིས་བརྗོད།། ་ཧཱུཾ་ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་བསྡུས་པའི་དཀྱིལ་འཁོར་ན།། བཅོམ་ལྡན་དཔལ་ཚོན་ཁྲོ་རྒྱལ་འཁོར་ལོ་བདེ་མཆོག་ནི།། ཡེ་ཤེས་རྣམ་པར་དག་པོ་ཐམས་ཅད་ཚོགས་པའི་སྐུ།། འཇིགས་བྱེད་འཇིགས་པར་བྱེད་པ་མཐོང་ནག་རིན་ཆེན ་འོདོད། ཞལ་བཞི་སྔོ་དང་དམར་དང་སེར་དང་ལྗང་བའི་དབུ།། རལ་པའི་ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཛེས།། དམར་འཇིགས་བརྩོན་གཟིགས་རབ་དགྲང་སྡང་མིག་གློག་ལྟར་འགྱུ།། གཏུམ་རྔམ་མཆེ་བ་གཙིགས་ཤིང་འཇིགས་པའི་ང་རོ ་སྒྲོགས།། རོལ་པ་ཆེན་པོའི་སྨིན་མཚམས་ཁྲོ་གཉེར་རླབས་ཆེན་འཁྲུགས།། ལྗགས་འདྲིལ་ལཆོག་ལས་འོད་འཕྲོ་ཧཱུ~ཾ་ཕཊ་འབྲུག་སྒྲ་ཆེ།། ལང་ཚོ་གཞོན་པ་གར་དགུའི་ཉམས་ལྡན་འགྱིང་བག་ཅན།། སུམ་ཅུ་རྩ་གཉིས ་མཚན་དང་དཔེ་བྱད་བརྒྱད་ཅུས་བརྒྱན།། རྟེན་འབྲེལ་བཅུ་གཉིས་འགགས་པའི་ཕྱག་བསྣམས་རབ་ཏུ་སྣང་།། དང་པོ་གཉིས་ཀྱི་རྡོ་རྗེ་དྲིལ་བུ་ཡུམ་མཆོག་འཛིན།། ཐབས་དང་ཤེས་རབ་ཞལ་སྦྱར་བདེ་ཆེན་མི་རྟོག་བཞུགས།། མཐའ་གཉིས་གླང་ཆེན་ཀོ། ་རློམ་མི་ལྤགས་ན་བཟར་བརྒྱངས།། གཡོན་པའི་གཉིས་པ་ཁ་ཊྭཱཾ་གསུམ་པས་ཐོད་ཁྲག་བཀང་།། བཞི་པ་རྡོ་རྗེ་ཞགས་པ་ལྔ་པ་ཚངས་མགོ་བསྣམས།། གཡས་པའི་གཉིས་པས་ཅང་ཏིའུ་གསུམ་པས་མདུང་རྩེ་གསུམ།། བཞི་པས་རྡོ་རྗེ་དགྲ་སྟ ་ལྔ་པ་གྲི་གུག་བསྣམས།། རབ་ཏུ་བརྗིད་པའི་མགོན་པོ་སྟག་ལྤགས་ཤམ་ཐབས་ཅན།། སྤྱི་གཙུག་འཁོར་ལོ་ནོར་བུ་སྙན་ཆ་གདུབ་ཀོར་དང་། མགུར་ཆུ་ཕྱག་རྒྱ་སྐུ་རིགས་ཐལ་བ་རབ་ཏུ་བརྒྱན།། ལྷ་ཡི་གདུགས་དཀར་མཛེས་པ་སྟེང་ན་འཇམ ་པའི་དཔལ།། བརྒྱ་ཕྱེད་ཁྲག་འཛག་མི་མགོའི་ཕྲེང་བའི་དོ་ཤལ་ཅན།། འཇིགས་བྱེད་དུས་མཚན་མ་རུངས་སྐྲག་ཅིང་གཙིགས་པའི་ཞལ།། ཉིན་མོའི་དབང་ཕྱུག་གདན་ལ་ཞབས་གཉིས་བརྐྱང་བསྐུམ་བཞུགས།། སྣ་ཚོགས་ཐབས་ཀྱིས ་འགྲོ་བ་མ་ལུས་བདེ་ལོ་སྦྱར།། ཁྲོ་བོའི་རྒྱལ་པོ་ཐམས་ཅད་གུས་པས་ཁྱེད་ལ་འདུད།། ཚངས་པ་ཁྱབ་འཇུག་དབང་པོ་ལྷ་ཆེན་ཚོགས་བདག་སོགས།། འགྲོ་བའི་གཙོ་བོ་ཐམས་ཅད་འཇོགས་དང་གུས་མཆེད་པོའི།། རྒྱལ་ཆེན་ཧེ་རུ་ཀ་དཔལ་ཁྱེད ་ལ་ཕྱག་འཚལ་བསྟོད།། ། ཧཱུཾ་དབུས་ཕྱོགས་རྣམ་དག་རྡོ་རྗེའི་ཞིང་གི་དཀྱིལ་འཁོར་ན།། བཅོམ་ལྡན་འདས་མ་མཁའ་འགྲོ་ཚོགས་ཀྱི་གཙོ་བོ་ནི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡེམ་པར་དག་པའི་སྐུ།། བྱི་རུའི་འོད་འབར་རྡོ ་རྗེ་ཕོག་མོ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡུམ།། འདོད་པའི་དབང་ཕྱུག་སྐལ་ལྡན་མཁའ་འགྲོ་ཀུན་གྱི་རྗེ།། རྡོ་རྗེ་དབྱིངས་ཀྱི་ཁྲོ་རྒྱལ་ཕྱག་རྒྱ་ཆེན་པོའི་སྐུ།། ཧེ་རུ་ཀ་དཔལ་ཡང་དག་སྦྱོར་བ་བཙུན་མོའི་རྒྱལ།། ཞལ་གཅིག་ཕྱག ་གཉིས་སྤྱན་གསུམ་དམར་སེར་མེ་སྟག་འཕྲོ།། ཁྲོ་འཛུམ་ཞལ་གྱི་མཆེ་བ་གཙིགས་ཤིང་རོལ་པ་མོ།། དབུ་སྐྲ་ལེགས་གྲོལ་སྐྲ་སོར་སེབ་པའི་ལྷ་མོ་ཆེ།། ཐོད་པ་སྐམ་པོས་དབུ་བརྒྱན་འགྲོ་བའི་ཞེ་སྡང་འཇོམས།། ཕྱག་གཡས་རྡོ་རྗེ ་གྲི་གུག་སྔགས་མཛུབ་གདུག་པ་འདུལ།། གཡོན་པ་ཐོད་པ་སྡང་བའི་ཁྲག་གིས་བཀང་བ་བསྣམས།། དབུ་ཡི་ནོར་བུ་སྙན་ཆ་གདུབ་ཀོར་མགུར་ཆུ་དང་།། ཕྱག་དུབ་སྐུ་རགས་ཕྱག་རྒྱ་ལྔ་ཡིས་རབ་ཏུ་བརྒྱན།། ཡི་དགས་ཕྲ་མོ་མེ་ཤེལ ་ནོར་བུའི་གདན་སྟེང་ན།། གཅེར་མོ་རིག་པོའི་རྒྱལ་མོ་ཞབས་གཉིས་བརྐྱང་བསྐུམ་བཞུགས།། རྡོ་རྗེ་ལྷ་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ།། འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་པོས་འཇོམས།། འཇིག་རྟེན་གསུམ་ཕྱོགས ་གཞན་གྱིས་བསྡོགས་མི་ཚུགས་ཤིང་།། བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་མ།། རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་།། དངོས་གྲུབ་ཀུན་འབྱུང་རྗེ་བཙུན་མ་ཁྱོད་ཕྱག་འཚལ་བསྟོད་།། ཤར ་ཕྱོགས་རྣམ་དག་སངས་རྒྱས་ཞིང་གི་དཀྱིལ་འཁོར་ན།། བཅོམ་ལྡན་འདས་མ་སངས་རྒྱས་རིགས་ཀྱི་གཙོ་མོ་ནི།། མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པའི་སྐུ།། རིན་ཆེན་བཻ་ཌཱུརྱ་ཡི་འོད་འབར་མཁའ་འགྲོ ་མ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་མཚོ་བཞི་གཙིགས།། ཐོད་པ་ཁ་ཊྭཱཾ་གྲི་གུག་ཅེང་ཏེའུ་ཕྱག་ན་བསྣམས།། འཁོར་ལོ་སྙན་ཆ་མགུར་ཆུ་ཕྱག་གདུབ་མཆོད་ཕྱིར་ཐོགས།། ཕྱག་རྒྱ་ལྔས་བརྒྱམ་ལང་ཚོ་རོལ་པ་སྒེག ་པའི་སྐུ།། གཅེར་མོ་གཡོན་བརྐྱང་སྲོག་སེང་ཟླ་བའི་གདན་ལ་བཞུགས།། ཆོས་དབྱིངས་ལས་བཞེངས་འཁོར་བ་གྲོལ་བའི་ཁྲོ་མོའི་རྒྱལ།། མ་མོ་ན་མཁའ་ཁྱབ་འགྲོ་འགྲོ་བའི་གཏི་མུག་འཇོམས།། སྒྱུ་འཕྲུལ་སྣ་ཚོགས་སེམས ་ཅན་དོན་ལ་ཁྱབ་པར་འཇུག། ཡེ་ཤེས་ཆེན་མོ་རྣལ་འབྱོར་སྐལ་ལྡན་འཆར་བ་མོ།། བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག། ལམ་ལོག་འགྲོ་བ་བདེ་ལ་ཐབས་ཀྱིས་སྦྱོར་མཛད་ཅིང་།། དངོས་གྲུབ་ཀུན་སྟེར ་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། བྱང་ཕྱོགས་རྣམ་དག་ལས་མཆོག་ཞིང་གི་དཀྱིལ་འཁོར་ནས།། བཅོམ་ལྡན་འདས་མ་ལས་ཀྱི་རིགས་ཀྱི་གཙོ་མོ་ནི།། བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པའི་སྐུ།། རིན་ཆེན་མར་ཀ་ཏའི ་འོད་འབོར་ལཱ་མོ་ནི།། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་མཆེ་བཞི་གཙིགས།། ཐོད་པ་ཁ་ཊྭཱཾ་གྲི་གུག་ཅང་ཏེའུ་ཕྱག་ན་བསྣམས།། འཁོར་ལོ་སྙན་ཆ་མགུ་ཆུ་ཕྱག་གདུབ་མཆོད་ཕྱིར་ཐོགས།། ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་གཞོན ་བསྒེག་པའི་སྐུ།། གཅེར་མོ་གཡོན་བརྐྱང་སྲོག་སོང་ཟླ་བའི་གདན་ལ་བཞུགས།། ཆོས་དབྱིངས་ལས་བཞེངས་འཁོར་བ་སྒྲོལ་བའི་ཁྲོ་མོའི་རྒྱལ།། མ་མོ་ན་མཁའ་ཁྱབ་འགྲོ་འགྲོ་བའི་ཕྲག་དོག་འཇོམས།། སྒྱུ་འཕྲུལ་སྣ་ཚོགས་སེམས་ཅན་དོན ་ལ་ཁྱབ་པར་འཇུག། ཡེ་ཤེས་ཆེན་པོ་རྣལ་འབྱོར་སྐལ་ལྡན་འཆར་བ་མོ།། བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག། ལམ་ལོག་འགྲོ་བ་བདེ་ལ་ཐབས་ཀྱིས་སྦྱོར་མཛད་ཅིང་།། དངོས་གྲུབ་ཀུན་སྟེར་ལྷ་མོ་ཁྱོད་ལ་ཕྱག ་འཚོལ་ལོ།། ། ནུབ་ཕྱོགས་རྣམ་པར་དག་པདྨ་ཞིང་གི་དཀྱིལ་འཁོར་ན།། བཅོམ་ལྡན་འདས་མ་པདྨ་རོགས་ཀྱི་གཙོ་མོ་ནི།། སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པའི་སྐུ།། རིན་ཆེན་པདྨ་རཱ་གཱ་འོད་འབར་དུམ་སྐྱེས་མ། ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་མཆེ་བཞི་གཙིགས།། ཐོད་པ་ཁ་ཊྭཱཾ་གྲི་གུག་ཅང་ཏེའུ་ཕྱག་ན་བསྣམས།། འཁོར་ལོ་སྙན་ཆ་མགུར་ཆུ་ཕྱག་གདུབ་མཆོད་ཕྱིར་ཐོགས།། ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་གཞོན་པ་སྒེག་པའི་སྐུ། ་གཅེར་མོ་གཡོན་བརྐྱང་སྲོག་སོང་ཟླ་བའི་གདན་ལ་བཞུགས།། ཆོས་དབྱིངས་ལས་བཞེངས་འཁོར་བ་སྒྲོལ་བའི་ཁྲོ་མོའི་རྒྱལ།། མ་མོ་ན་མཁའ་ཁྱབ་འགྲོ་འགྲོ་བའི་འདོད་ཆགས་འཇོམས།། རྫུ་འཕྲུལ་སྣ་ཚོགས་སེམས་ཅན་དོན་ལ་ཁྱབ ་བར་འཇུག། ཡེ་ཤོས་ཆེན་མོ་རྣལ་འབྱོར་སྐལ་ལྡན་འབར་བ་མོ།། བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག། ལམ་ལོག་འགྲོ་བ་དེ་ལ་ཐབས་ཀྱིས་སྦྱོར་མཛད་ཅིང་།། དངོས་གྲུབ་ཀུན་སྟེར་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། ་ལྷོ་ཕྱོགས་རྣམ་དག་རིན་ཆེན་ཞིང་གི་དཀྱིལ་འཁོར་ནཱ།། བཅོམ་ལྡན་འདས་མ་རིན་ཆེན་རིགས་ཀྱི་གཙོ་མོ་ནི།། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་སྐུ།། རིན་ཆེན་གཙོ་མོ་གསེར་འོད ་འབར་བ་གཟུགས་ཅན་མ།། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་མཆེ་བཞི་གཙིགས།། ཐོད་པ་ཁ་ཊྭཱཾ་གྲི་གུག་ཅང་ཏེའུ་ཕྱག་ན་བསྣམས།། འཁོར་ལོ་སྙན་ཆ་མགུར་ཆུ་ཕྱག་གདུབ་མཆོ་དེ་ཕྱིར་ཐོགས།། ཕྱག་རྒྱ་ལྔས་བརྒྱན ་ལང་ཚོ་གཞོན་པ་སྒེག་པའི་སྐུ།། གཅེར་མོ་གཡོན་བརྐྱང་སྲོག་སོང་ཟླ་བའི་གདན་ལ་བཞུགས།། ཆོས་དབྱིངས་ལས་བཞེངས་འཁོར་བ་སྒྲོལ་བའི་ཁྲོ་མོའི་རྒྱལ།། མ་མོ་ན་མཁའ་ཁྱབ་འགྲོ་འགྲོ་བའི་ང་རྒྱལ་འཇོམས།། རྫུ་འཕྲུལ ་སྣ་ཚོགས་སེམས་ཅན་དོན་ལ་ཁྱབ་པར་འཇུག། ཡེ་ཤེས་ཆེན་མོ་རྣལ་འབྱོར་སྐལ་ལྡན་འཆར་བ་མོ།། བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག། ལམ་ལོག་འགྲོ་བ་བདེ་ལ་ཐབས་ཀྱིས་སྦྱོར་མཛད་ཅིང་།། དངོས ་གྲུབ་ཀུན་སྟེར་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། དེ་ལྟར་བདག་གིས་རབ་དད་པས།། དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུ།། དཀྱིལ་འཁོར་ལྷ་ལ་གུས་བསྟོད་པས།། དུང་དང་ཀུན་ད་ལྟར་དཀར་བའི།། དགེ་དེས་འགྲོ་ཀུན་རྡོ་རྗེ་འཛིན་ཐོབ། ་ཤོག། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེ་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ། སློབ་དཔོར་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོབ་སོ།། ། མེཉྫུ་བིདྷཱ་ཏ་སུ་མ་ཏི་ཧྲྀརྟི་དང་།། བོད་ཀྱི་ལོ་ཙྪ་བ་མར་བ ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཤྲཱི་བཛྲཱ་ཌཱ་ཀཱ་སྱ་སྟ་པཱ་པཎྜ་ཀ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲུ ་