| Wylie | e-texts produced with BDRC’s OCR application |
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ན་མཁའི་མཛོད་ལ་ཕྱག་འཚལོ།། དེ་ནས་ན་མཁའི་མཛོད་ནི་མཉེས་པས་ཏེ་ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ།། ས་བཅུའི་དབང་ཕྱུག་ལྷ་དང་མི་ཡི་གཙྪ།། བསོད་ནམས་ཡེ་ཤེས་ཡོན་ཏན་རྒྱ ་མཚོ་ཡི།། མཐར་ཕྱིན་གཏེར་ཕྱིན་ན་མཁའ་མཛོད་བརྙེས་པ།། འཇིག་རྟེན་མགོན་ལ་མགོས་བཏུད་དེ་བསྙེན་བརྗོད།། སྔགས་འཆ་ང་བདག་དོན་གཞན་དོན་ཐམས་ཅད་དུ།། མེ་འོབས་འབར་བ་བསིལ་ཁང་ཉམས་དགའ་ལྟར།། ཤེས་ནས ་མི་ཆགས་ཆགས་ཆེན་རྣལ་འབྱོར་སྤྱོད་།། མཐའ་ཡས་ན་མཁའི་མཛོད་གཏེར་རྒྱལ་བས་གསུངས།། ཕུན་ཚོགས་ཚུལ་ལམ་ཡང་ན་པོ་འམ།། ཡང་ན་དགོན་དབེན་ཡིད་དགའི་གནས་རྣམ་སུ།། ཤིང་ཤུན་གོས་གྱོན་མེ་ཏོག་མཎྜལ་བྱས།། ་གདུང་བ་སྤངས་པས་མགོན་པོ་དྲན་པར་བྱ།། པདྨོ་ཟླ་སྟེང་རིན་ཆེན་པུ་མ་བཟང་དང་།། འདབ་སྟོང་ཨུ་དུཾ་བཱ་རའི་གེ་སར་རྩེ།། མཉམ་མེད་སྐུ་གསུམ་ཁ་ལོ་སྦྱར་མཛད་པ།། ཆོས་རྒྱལ་གསེར་མདོག་འབར་བར་བསྒོམ་པར་བྱ།། ཧྲཱིཿལས་སྐྱེས་པཱི ་གཞོན་ནུ་བལྟ་ན་སྡུག་པའི་ཡིད་བཞིན་གྱི་ཤིང་ལ་སྐུ་བརྟེན་པ། གཡོན་ན་པདྨོ་འཛིན་ཅིང་གཡས་ཀྱིས་ནོར་རྣམས་ཐམས་ཅད་སྦྱིན་པར་མཛད་པ་དང་། ཕྱོགས་གཅིག་ན་འཕགས་པ་ནོར་འཕེལ་རྔ་ཡབ་ཐོགས་ནས་ནོར་གྱི་རྒྱུན་འོ་བེབས ་བ་དང་། ཕྱོགས་གཅིག་ནུ་ལྷ་མོ་ནོར་སྦྱིན་མ་རིལ་པ་འཛིན་པ་ནོར་བུ་དམར་པོའི་ཕྲེང་བས་བརྒྱན་པ་སྭ་ཏེ། འདི་དག་ནི་བཙུན་པ་སྐྱོན་རས་གཟིགས་ན་མཁོའི་མཛོད་བརྙེས་པའི་བདེན་པའི་བྱིན་བརླབས་ཀྱི་རྣམ་པར་འཕྲུལ་པ་ཡིན་པར ་རིག་པར་བྱའོ།། འདི་ནི་བསྒོམ་པར་བྱ་བའི་གནས།། འགྲོ་བའི་གདུང་བ་སེལ་བྱེད་པ།། བསོད་ནམས་སྤྲིན་ཆེན་གསལ་བའི་རྒྱུ།། གསང་སྔགས་ཆར་ཆེན་ནོར་སྦྱིན་གཞན།། སྙིང་བརྩེ་དགའ་དང་ཡིད་བཞུངས་པས།། དོན་ཆེན་བྱེད་པ་རིག ་སྔགས་ཆེ།། ནམ་མཁའ་མཐའ་ཡས་གཟུངས་དང་ནི།། སྤྲིན་ཆེན་མཛོད་ཀྱི་རྟོག་པའོ།། ཇི་སྐད་བསྟན་པའི་སྙིང་པོ་བཞི།། ནུ་མོ་གཉིས་ལྡན་སྔོན་འགྲོ་བས།། འབུམ་ཕྲག་ལྔར་ནི་བཟླས་ན་སུ།། ཅི་ཡོད་ལམ་ཆེན་གནས་སུ་སྦྱིན།། ཤིན་ཏུ ་པན་འདོད་གདུང་བ་ཡིས།། མགོན་པོ་ལ་ནི་མཆོད་པ་དང་།། རང་གི་འཚོ་བ་མ་གཏོགས་པས།། ཐམས་ཅད་ཡོངསུ་མི་གཟུང་ངོ་།། དེ་ལྟར་ཆོ་ག་ཤེས་གཞན་དབང་གཡོ།། སོམ་ཉི་སྤངས་དང་ཡང་མེད་དེ།། དེ་ནི་ཉིན་རེ ་སྦྱིན་ན་ཡང་།། འབྱོར་པས་གཏུགས་པར་མི་འགྱུརརོ།། ཐུགས་རྗེ་ཆེན་པོ་ན་མཁའ་མཛོད་ཀྱི་སྒྲུབ་ཐབས་རྫོགས་སོ།། །། དཔལ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ལ་ཕྱག་འཚལོ།། དེ་ནས་ན་མཁའ་ཀུན་ཁྱབ ་