| Wylie | e-texts produced with BDRC’s OCR application |
སྒྲུབ་ཐབས་རྫོགས་སོ།། །། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཡིད་རྙོག་པ་མེད་པར་མཛད་ལ་ཕྱག་འཚལོ།། ས་གསུམ་དབང་ཕྱག་ལྷ་གསུམ་འཇིག་རྟེན་འོད་མཛད་ནི།། གངས་རི་ལྟར་དཀར་སྐལ་ལྡན་ཡིད་ཀྱི་ངལ ་སའི་རྒྱུ།། བདེ་གནས་མཆོག་སྦྱིན་གཅིག་པུ་རྟག་ཏུ་དབུགས་འཕྱི་ན་བརྩོན་གྱུར་གང་།། དཔལ་ལྡན་མགོན་པོ་སྤྱན་རས་གཟིགས་དབང་ཉིད་རྟག་འདུང།། རིང་ནས་དུབ་པ་སྐྱབས་མེད་པ།། རྣམ་གཡེང་རྣམ་པར་གཟིངས་པ ་ཡིས་ཨོཾ་རྟག་ཏུ་ཉོན་མོངས་གྱུར་པ་གང་།། དེ་དག་དལ་བའི་ཐབས་འདི་བརྗོད།། ཡིད་དང་རྗེས་མཐུན་གན་སུ་ནི།། བློ་ལྡན་རྙོག་པ་མེད་ཡིད་ཀྱིས།། བལྟོས་པ་ཐུམས་ཅད་ངོར་ནས་སུ།། ལྷ་གསུམ་རྣལ་འབྱོར་བསྒོམ་པར་བྱ།། ་སྟོང་པ་ཉིད་སྐྱེས་པདྨ་དང་།། བདེ་ཆེན་ལས་གྲུབ་ཟླ་དཀྱིལ་དུ།། ལུས་ངག་སེམས་ཀྱི་རང་བཞིན་རིམ།། ཧྲཱིཿདང་ཨཱཿདངེ་ཧཱུཾ་ཞེས་པ།། དཀར་དང་དམར་པོ་སྔོན་པོ་དག། སྐུ་གསུང་ཐུགས་དག་སྦྱོར་བ་ཡིས།། བསམས་ལ་འོད ་སྤྲོ་བསྡུ་བ་ཡོས།། ཕྱག་འཚལ་ཉིད་དང་སྐུ་བལྟའོ།། དེ་ལ་དབུསུ་འཇིག་རྟེན་མགོན།། གཞོན་དུ་དཀར་སྒེག་མཛེས་པའི་གཟུགས།། གཡ་སུ་ཁྲོ་གཉེར་དེ་མར་མཛེས་ཁྲོ།། གཡོན་དུ་སྒྲོལ་མ་ལྗང་དུལ་མའོ།། རང་རང་འདབ ་སྐྱེས་འདབ་བཞིའི་ཐུགས།། རྩ་བའི་ཡི་གེ་བཞིན་མཚན་པ།། རང་གི་སྙིང་པོ་ས་བྱོན་བཅས།། གསལ་བྱས་ཡེ་ཤེས་གཞུག་པར་བྱ།། དེ་ནས་དུབ་པ་ངལ་སོའི་ཕྱིར།། ཆོ་གའི་སྦྱོར་བས་འགྲོ་བ་ཡི།། སེམས་དུལ་དལ ་བ་རྙེད་པ་ལ།། བརྩོན་པས་གསང་སྔགས་བཟླས་པར་བྱ།། རང་དང་རྗེས་མཐུན་འོད་ཟེར་གྱིས།། འགྲོ་བའི་དུབ་པ་གང་གི་རྒྱུ།། ཆགས་སྡང་མ་རིག་ལས་བཅས་འཕྲོས།། སྡུག་བསྔལ་དྲི་མ་པོསལ་བར་འགྱུར།། དེ་རྗེས་མཁས་པ ་དམིགས་བཅས་དང་།། དམིགས་བྲེལ་རྣམ་པར་མི་རྟོག་ལ།། རྣལ་འབྱོར་གཉུག་མར་གནས་ན་ནི།། མ་ལུས་མཚན་མ་རྣམ་གྲོལ་བསྒོམ།། གང་ཕྱིར་གང་དུ་གང་གིས་གླིང་།། ཇི་ལྟར་བཅིང་བས་བདག་དུབ་པ།། དེ་ཕྱིར་དེ་ཡིས་དེར ་དེ་ཉིད།། དེ་ལྟར་གྲོལ་བས་བདག་ངལ་བའོ།། ཨེ་མྲའོ་རྣལ་འབྱོར་ཟབ་མོ་ཆེ།། ཨེ་མའོ་འཆིང་བ་འཆི་ས་མ། ཨེ་མའོ་རྟག་ཏུ་བདེ་བ་ཆེ།། ཨེ་མའོ་ཨེ་མ་ངོ་མཚར་རྨད།། ཡང་ནི་དམིགས་བྲལ་ཉིད་ཡིད་ཀྱིས།། ལུས་ཅན་དམིགས་མེད ་དམིགས་བྱས་ལ།། སྟོང་ཉིད་འོད་ཟེར་དབུགས་འབྱིན་པའི།། སྦྱོར་བས་དྲུབ་པ་ངལ་སོ་བྱ།། ན་མཁའི་མཐའ་གཏུགས་སྒྱིང་ནི་འདི་དག་མི་ངལ།། སེམས་དུབ་རྣམ་པ་ཀུན་ཏུ་ཉོན་མོངས་དབང་གྱུར་སྡུག་བསྔལ་ནི།། སྣ་ཚོགས་ཀུན ་རྟོག་བག་ཚོགས་ལས་བཅས་འཛིན་པའི་བློས་བསླང་མངོན་ཞེན་འཆིང་བ་དམ་པའི་མདུད་པས་ཉེར་བཅིངས་པ།། ཆོ་ག་གང་གིས་དེ་ཤེས་གྱུར་ན་སྐད་ཅིག་དེ་ལ་དཔག་མེད་རྒྱལ་བའི་ཕྱག་གིས་རྗེས་བསྒྲིབས་དྲི་རྡུལ་མེད ་སྙིང་གི་དབུས་སུ་བདེ་བ་ཆེ་ཐོབ་གཞའ་ལུས་འདི་དང་ཚངས་པའི་ངག་ཐོབ་འགྲོ་བའི་གཉེན་གཅིག་བླ་མར་གྱུར།། གང་ཚེ་སྐྱོ་བས་ལྗང་འདོད་ན།། དྲན་པས་བརྟན་པར་བྱེད་པ་ཡི།། ཏིང་འཛིན་ལ་མཉམ་གཞག་ནས།། བརྩེ་ལྡན ་དུལ་བུས་ལྟུང་བར་བྱ།། ཁ་ན་མ་ཐོ་མེད་དྲན་བཅས།། རྣལ་འབྱོར་རྣམ་པར་མི་རྟོག་དང་།། བྱམས་ལྡན་ཀུན་ཏུ་ཡིད་བཞུངས་པ།། རྗེས་སྤྱིང་དགེ་ཆགས་བརྩམ་པར་བྱ།། སེམས་དྲལ་སོ་བའི་ཐུགས་རྗེས་ཆེན་པོའི་སྒྲུབ་ཐབས ་རྫོགས་སོ།། །། སྤྱན་རས་གཟིགས་ཡི་གེ་ང་འི་ལ་ཕྱག་འཚལོ།། དེ་ནསཱ་ཁྱོད་ལ་ཡི་གེ་མེད་ཙས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ།། ལུས་གནས་ཨ་ཧཾ་ཧཱུཾ་ཡིག་ལ།། ཀ་དང་ཨ་ཕྲེང་ཕྱོགས་པ་དཀ་བཞི། ་