CLOSE WINDOW

GT1573: spyan ras gzigs 'khor lo gsum sgom pa
Wyliee-texts produced with BDRC’s OCR application

སེམས་དཔའི་སྒྲུབ་ཐབས་རྫོགས་སོ།། །། འཕགས་པ་སྤྱན་རས་གཟིགས་འཁོར་ལོ་གསུམ་ལ་ཕྱག་འཚལ་ལོ།། ས་བླ་དང་ནི་ས་སྟང་ས་འོག་དུད་འགྲོ་ལ་སོགས་སྦྱོང་བ་ཡི།། འཁོར་ལོ་དྲི་མཽད་དཀར་དང་དམར་པོ་རྣམ ་པར་སྔོ།། སྤྱི་བོ་སྙིང་ག་ལྟེ་བའི་དབུས་བཞུགས་ཟླ་བ་དང་།། པདྨོ་ཉི་མ་རིང་དང་ཧཱུཾ་དང་ཨཱསཿམཚན་པའོ།། དེ་ལ་སྤྱི་བོ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་རྩིབས་སུམ་ཅུ་རྩ་གཉིས་པའི་འཁོར་ལོ་ཟླ་བའི་ཁ་དོག་ཅ་ནོ།། དེའི་སྙིང ་པོཔོ་ལ་ནི་གསལ་བྱེད་དམར་པོས་བརྒྱན་ཏོ།། སྙིང་ཁར་ནི་ཆོས་ཀྱི་བདག་ཉིད་ཀྱི་རང་བ་མ་པཅུ་དྲུག་པའི་པདྨ་འབུར་བ་བྱ་རུའི་ཁ་དོག་ཅ་ནོ།། དེའི་སྙིང་པོ་ལ་ནི་དབྱངས་ཡིག་དཀར་པོས་བརྒྱུན་ཏོ།། ལྟེ་བར་ནི་སྤྲུལ་པའི་བདག་ཉིད་ཀྱིས ་རྩིབས་དྲུག་ཅུ་རྩ་བཞི་རལ་གྲིའི་ཁ་དོག་ཅ་ནོ།། དེའི་སྙིང་པོ་ལ་ནི་འབེབས་པ་སྔོན་པོས་པ་རྒྱན་དེ།། གསུམ་ཀིའི་སྲོག་ཤིང་ནི་རྩ་མཆོག་གོ།། ལྕགས་ཀྱུ་ཞེས་བྱ་བའི་རླུང་གིས་བསྐོར་བར་བྱའོ།། འོག་མས་ནི་སྦར་བར་བྱའོ།། ཐོག་མས་ནི ་དབབ་པར་བྱའོ།། བྱར་མས་ནི་བསྐྱེ་བར་བྱའོ།། ཐམས་ཅད་ལས་ནི་ཡེ་ཤེས་རང་བྱུང་ངོ་།། འཛག་པ་ལ་སོགས་པའི་རིམ་པ་ཡང་ཕྲེང་བའི་འཁོར་ལོ་ལའོ།། རབ་ཏུ་གསལ་བ་དང་བདེ་བ་ཆེན་པོ་དང་རྣམ་པར་མི་རྟོག་པ ་འབྱུང་བར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། རྩ་དང་རླུང་དང་ཐིག་ལེ་ཉིད་སྦྱོར་བར་བཤད་དོ།། ཕ་དང་མ་དང་བདེ་བར་གཤེགས་པའི་སྙིང་པོ་ཡི་ས་བོན་ཏེ། ཐོག་མ་དང་ཐ་མ་དང་བར་རོ།། སྐུ་གསུང་ཐུགས་རྣམ་པར་སྦྱོང་བ་ཉིད ་འདུས་བྱས་འདུས་མ་བྱས་གཉིས་མེད།། ཟབ་མོ་མངོན་པར་འབྱུང་བའི་ལམ།། རྟོག་པའི་རྒྱལ་པོ་ལས་བསྡུས་པ།། རྣལ་འབྱོར་ལ་ཕན་བྱེད་པ་ཡིན།། སྤྱན་རས་གཟིགས་འཁོར་ལོ་གསུམ་བསྒོམ་པ་རྫོག་སོ།། །། ཐུགས་རྗེ ་