| Wylie | e-texts produced with BDRC’s OCR application |
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་སླེབ་དཔོན་ཆེན་པོ་གུཔྟས་མཛད་པ་བཞུགས་སོ། ་རྒྱ་གར་སྐད་དུ། ཨཥྚོཏྟ་རཱ་ས་ཏ་ཨཱརྱ་བ་ལོ་ཀི་ཏེ་ཤཱུ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རུས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ། རྗེ་བཙུན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག ་འཚལོ།། གང་གིས་ཚོགས་རབ་གཉིས་བསགས་པས།། དེ་ཉིད་ཟབ་མོ་མངོནི་གཟིགས་ཏེ།། བརྩིབས་འགྲོ་ལ་སྣ་ཚོགས་ཐབས།། སྟོན་མཛད་འཇིག་རྟེན་གསུམ་མགོན་འདུད་།། སྟོང་ཉིད་སྙིང་རྗེ་ལས་བྱུང་བ།། རྣམ་ལྔ་བྱང་ཆུབ་ཆེ་བདག་ཉིད ་སྐུ་གསུང་ཐུགས་ཀྱི་ཐུགས་དག་པ།། འཇིག་རྟེན་མགོན་པོ་མཁས་པས་སྒྲུབ།། པདྨོ་ཟླ་དབུས་གཞོན་ནུའི་སྐུ།། སྐྱིལ་ཀྲུང་ཕྱེད་བརྐྱང་འགྱིང་བག་བརྟན།། ཟླ་བ་རྒྱས་པའི་ཞལ་མཛེས་ལས།། ས་གསུམ་བདག་གི་རཱི་མཛད་གཟིགས་པའོ།། མཆོག ་སྦྱིན་པདྨོའི་གཡས་དང་གཡོན།། རྒྱལ་བའི་ཅོད་པན་རིན་ཆེན་བརྒྱན།། འོད་དཔག་མེད་ཀྱི་སྣ་སྤྱི་གཙུག་མཛེས།། དེ་ཡི་ཐུགས་ནི་པདྨར་རྒྱས།། ཧྲཱིཿཡིག་རང་སེམས་འོད་གསལ་བ།། ས་གསུམ་སྦྱོང་མཛད་ཡི་གེ་བཞི།། འཁོར་ལོ་རྣམ་གསུམ ་ངོམ་ཆོག་བཞི།། སྒྱུ་མ་བྲག་ཆ་མཁའ་འདྲའོ།། ཐུག་ས་རྗེ་ཆེན་པོ་ཁཾ་སརྦྦ་དྷྲྀའི་སྒྲུབ་ཐབས་ཚིག་སུ་བཅད་པ་བཞི་པ་རྫོགས་སོ།། །། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལོ།། སྲིད་གསུམ་གཙོ་བོ་ཞི་བའི་ལྷ།། ཐུགས་རྗེས་མི་བརྙེལ་ཤེས ་རབ་ཀྱིས།། ཆག་ས་བྲལ་འཇིག་རྟེན་དབང་ཕྱུག་གི། ཞབས་ཀྱི་པདྨོར་སྤྱི་བོ་ས་འདུད།། གསུམ་ལ་སྐྱབས་སོང་སེམས་བསྐྱེད་པས།། བྱམས་སོགས་ཚད་མེད་ལེགས་སྦྱངས་ཤིང་།། བརྩེ་ཆེན་ཡེ་ཤེས་སྙིང་གི་མེས།། ལུས་ཅན་སྒྲིབ་བཱི ་