| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་དཱི་བྷུ་ཛ་ས་ཧ་ཛ་ས~ཾ་བ་ར་ས་དྷ་ནཾ། བོད་སྐད་དུ། དཔལ་བདེ་མཆོག་ཕྱག་གཉིས་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ།། བདག་གི་དག ་བས་ཁམས་གསུམ་སྲིད་མཐའི་སྡུག་བསྔལ་མ་ལུས་པ། བསལ་ནས་བདེ་བ་མཐའ་དག་ལ་ནི་དགོད་པར་བྱ་བའི་ཕྱིར།། སངས་རྒྱས་ཐོབ་པར་བགྱིའོ་ཞེས་ཀྱང་སྨོན་པ་བསྐྱེད་ནས་སུ།། གཞན་དག་འཇུག་པའི་རང་བཞིན་ཡང་ན་ཡོངས ་སྦྲེལ་བར་བྱ།། རྣལ་འབྱོར་རྣམས་གསུམ་ཤེས་བྱ་སྟེ།། བྱིན་གྱིས་བརླབ་དང་རབ་བརྟགས་དང་། བསམ་གྱི་མི་ཁྱབ་གཟུགས་རྫོགས་པའི།། རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། ་གང་ཡང་སྐད་ཅིག་སྦྱོར་བ་ཡིས།། རང་ཉིད་རྡོ་རྗེ་མཁའ་འགྲོ་གྱུར།། རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན།། ས་བོན་མེད་པར་བསྒོམ་བྱ་སྟེ།། དཔྲལ་བར་གནས་པའི་ཐོང་ཕྲེང་ཅན།། ཟླ་བོ་ཕྱེད་པ་སྤྱི་བོར་འཆང་།། ཕྱག་རྒྱ་དྲུག་དང ་མགོ་ཕྲེང་ཅན།། སྤྱན་གསུམ་སྣ་ཚོགས་རྡོ་རྗེ་ཅན།། གཡས་བརྐྱང་གོམ་སྟོབས་བཀོད་པ་ཡིས།། སྣ་ཚོགས་ཆུ་སྐྱེས་ཉི་མ་ལ།། གནས་པའི་འཛེགས་བྱེད་དུས་མཚན་བཅས།། མནན་ཅིང་སྟག་གི་ལྤགས་པ་འཆང་།། ནག་པོ་མི ་བསྐྱོད་ཅིང་པམ་ཅན།། རྡོ་རྗེ་དྲིལ་བུཾ་རལ་པར་ལྡན།། དཔའ་བོ་རྡོ་རྗེ་ཕག་མོ་ནི།། རྡོ་རྗེ་ཐོད་པ་ཁྲག་བཀང་བསྣམས།། དམར་པོ་སྐེ་རགས་དུམ་བུས་མཚན།། སྤྱན་གསུམ་མགོ་བོའི་ཕྲེང་བ་ཅན།། ཕྱག་རྒྱ་ལྡུ་མ་སྐྲ་གྲོལ་མ།། ཕྱོགས ་གོས་སངས་རྒྱས་དབུ་བརྒྱན་མ།། དེ་ལྟར་སྐད་ཅིག་གིས་རྫོགས་པར།། བདག་གིས་ལུས་ནི་བསྒོམ་པར་བྱ།། ཡེ་ཤེས་ལྔརང་བཞིན་གསལ།། སངས་རྒྱས་འོད་ཟེར་རྣམ་པར་འཕྲོ།། སེམས་ཀྱི་སྤྱོད་ཡུལ་གཅིག་ཏུ་ནི།། དེ་དག ་ཁོ་ན་ཡུན་རིང་བསམ།། སེམས་ཅན་གནས་དེར་བཞག་ནས་སུ།། དེ་ནས་སངས་རྒྱས་དགའ་བ་བརྩམ།། ཆོས་དབྱིངས་རྒྱལ་མཚན་ཀུན་ཆགས་ལས།། དམན་མིན་འཛག་པ་ཕུན་ཚོགས་རྣམས།། ཡང་དག་རིག་པ་དགའ་བོའི་ཚོགས།། ་འཛག་པ་ཅན་མ་འཆར་བ་གང་།། དེ་ནི་རྒྱ་ཆེན་ཡིད་བྱེད་པ།། འཕྲོ་བ་འདུས་བྱས་རྒྱུན་རྣམས་ལ།། རྟག་ཏུ་བསྒོམ་ཞིང་འདི་བཞིན་དུ།། འོད་གསལ་རྗེས་སུ་དྲན་པར་བྱ།། སྣ་ཚོགས་མཚོ་སྐྱེས་ཉི་མ་དང་ནི་འཇིགས་བྱེད་དུས་མཚན ་མོ།། མཛེས་མ་བདག་པོ་ནམ་མཁའི་ནོར་བུ་དེ་བཞིན་གཤེགས་ལྔ་ཡི་ཡི་འོག། ལུས་དང་ཡན་ལག་མཆོག་དང་འོད་དཀར་ཐིག་ལ་ནཱ་ད་སྟེ། འདི་རྣམས་སྒྲིབ་པ་མེད་པའི་གནས་སུ་རིམས་ཀྱིས་གཞུག་པར་བྱ།། ཇི་ལྟར་དབུགས ་རླུང་མེ་ལོང་ལ།། ཀུན་ནས་ཡལ་བར་འགྱུར་བ་ནི།། དེ་བཞིན་རྣལ་འབྱོར་ཡང་དག་མཐར།། ཡང་དང་ཡང་དུ་བཞུག་པར་བྱ།། ཐམས་ཅད་ཁྱབ་པ་སྣང་བ་མེད།། སྙིང་རྗེ་རོ་གཅིག་ཡིད་ཀྱིས་ནི།། བདག་པོ་ཡིན་བཞིན་སྟོང་པ་ཉིད།། ་སྐད་ཅིག་ཁོ་ནར་འཁྱུད་པར་འགྱུར།། རྣམ་བཅས་རྣམ་པ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་དེ་ཡིས་འཁྱུད་པ་པོ།། སྐྱེ་འཇིག་སྤངས་པ་མི་འགྱུར་བདེ་བ་རྒོད་པ་ལ་སོགས་བདེ་བ་སྤངས་པ་པོ།། སངས་རྒྱས་རྣམས་ནི་སྐྱེད ་བྱེད་སྐུ་གསུམ་ལྡན་པ་མི་ཁམས་གསུམ་ཡང་དག་རིག་པ་པོ།། ཐམས་ཅད་མཁྱེན་པ་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་དེ་ཉིད་ལ་ཕྱག་འཚལ།། མི་འགྱུར་བདེ་བ་ཡེ་ཤེས་དུས།། ཐབས་དང་ཐུགས་རྗེའི་བདག་ཉིད་དེ། ཤེས་བྱའི ་རྣམ་པར་འགྲོ་འཁོར་ལོ།། ཤེས་རབ་སྟོང་ཉིད་བདག་ཉིད་དོ།། ཀཽ་དེ་བདེ་བ་རྒྱུ་མེད་བློ།། སྙིང་རྗེ་ཡེ་ཤེས་མི་འགྱུར་བ།། སྟོང་ཉིད་པྲི་ཏི་སེ་ན་བཞིན།། དངོས་པོ་ཐམས་ཅད་མཐོང་བའོ།། ཀུན་ནས་ཕྱག་དང་ཞབས་ལྡན་པ།། ཀུན་ནས་སྤྱན་དང་དབུ ་དང་ཞལ།། ཀུན་ནས་དྲན་ལྡན་འཇིག་རྟེན་དུ།། ཐམས་ཅད་ཀུན་ཏུ་གཡོགས་ནས་བཞུགས།། འདི་ནི་ངོ་བོ་ཉིད་ཀྱིས་སྐུ།། སྟོང་ཉིད་སྙིང་རྗེ་གཉིས་མེད་པ།། མ་ནིང་ཞེས་བྱར་གྲགས་པ་སྟེ།། འགའ་ཞིག་ཏུ་ན ་ཟུང་འཇུག་ཅེས།། སྒྲིབ་པ་མེད་པའི་ཆོས་ཀྱིས་ནི།། ཕུང་པོ་ལ་སོགས་འདི་ན་གནས།། རྟེན་དང་བརྟེན་པའི་མཚན་ཉིད་འདི།། ཐམས་ཅད་དཀྱིལ་འཁོར་ཉིད་ཡིན་ནོ།། ། དཔལ་བདེ་མཆོག་ཕྱག་གཉིས་པའི་ལྷན་ཅིག་སྒྲས ་བིའི་སྒྲུབ་ཐབས། དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་དཔལ་རྡོ་རྗེ་དྲིལ་བུ་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ལྔ་རིག་པ་ཎ་ཆེན་གྲུབ་པ་བརྙེས་པ་རྗེ་བཙུནྡ་རཏྣ་རཀྵི་ཏའི་ཞལ་སྔ་ནས ་དང་ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྒྱུ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ཀུན་གྱིས་སངས་རྒྱས་མྱུར་ཐོབ་ཤོག།། ། རྒྱ་གར་སྐད་དུ། ག་ཎ་ཙཀྲ་བོ་དྷི། བོད་སྐད་དུ། ཚོགས ་