| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭ་ར་ས་ཧ་སྲ་བྷུ་ཛ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། སྤྱན་རས་གཟིགས ་དབང་འཇིག་རྟེན་གསུམ་གྱི་མགན།། འདས་པའི་དུས་སུ་མངོན་པར་སངས་རྒྱས་ཀྱང་།། ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ།། ཐབས་ཚུལ་དཔག་མེད་རིག་ལ་ཕྱག་འཚལོ།། དེ་ལ་དང་པོ་རེ་ཞིག་འཇིག་རྟེན་དང་ཕྱག་སྒྲུབ་པར ་འདོད་པའི་རྣལ་འབྱོར་པས།། འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་མི་བསྐྱོད་པ་རི་ལྟ་བུའི་རྣལ་འབྱོར་པས་ས་ཕྱོགས་ཤིན་ཏུ་ཉམས་དགའ་བ་མེ་ཏོག་དང་འབབ་ཆུ་དང་ལྗོན་ཤིག་འབྲས་བུ་སྣ ་ཚོགས་ཡོད་པའི་སར་གནས་ཁང་ཤིན་ཏུ་ཉམས་དགའ་བར་སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་པར་བཀོད་པའི་སར་སྟན་ནང་ཚངས་ཅན་ལ་ཁ་ནུབ་ཕྱོགསུ་བལྟས་ནས་ཁྲུས་ཀྱི་རྣལ་འབྱོར་རྣམས་བྱས་ལ།། ཨོཾ་ཨཱཿ ་བིགྷྣཱཾ་ཏཱ་ཀྲྀཏྟ་ཧཱུཾ་ཕཊ། ཅེས་བརྗོད་པས་ཕྱོགས་བཅུའི་བགེགས་རྣམས་བསལ་བར་བྱའོ།། དེ་ནས་རང་གི་དོན་ཡོངས་སུ་དོར་བའི་བསམ་པས་གསུམ་ལ་སྐྱབསུ་འགྲོ་བར་བྱའོ།། ཆིངས་པོའི་གནས་བཞི་བསྒོམ་པར ་བྱའོ།། དེ་ལ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འཛིན་པ་ནི་བྱམས་པའོ།། ཀྱེ་མའོ་སེམས་ཅན་འདི་དག་ནི་འཁོར་བའི་རྒྱ་མཚོར་ནུབ་ཅིང་ཡུན་རིང་དུ་སྡུག་བསྔལ་ཉམ་སུ་མྱོང་བར་གྱུར་ཏེ་ཞེས ་བསམ་ལ།། འདི་ནས་ལག་ཚར་དུ་ང་ཡིས་འཁོར་བ་སྡུག་བསྔལ་གྱི་མཚོ་ལས་གདོན་པར་བྱའོ།། སྙམ་པ་སྙིང་རྗེ་ཆེན་པོའོ།། སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བ་རྒྱན་མི་འཆད་པ་ལ་འཇོག་པར ་འདོད་པ་ནི་དགའ་བའོ།། བདེ་བ་དང་སྡུག་བསྔལ་བ་དང་གྲགས་པ་དང་། མ་གྲགས་པ་དང་། རྙེད་པ་དང་། མ་རྙེད་པ་དང་། བསྟོད་པ་དང་། སྨད་པ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་པོ་མགོ་མཉམ་པར་རྟོགས་པ་ནི་བཏང་སྙོམ་སོ།། ། ་དེ་ནས་ན་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྱན་རས་གཟིགས་ཀྱི་དབང་པོའི་གོ་འཕང་ཐོབ་པར་བྱས་ལ།། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ ་སྐྱེས་པའི་སེམས་ཅན་འདི་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་གཞག་པར་བྱའོ་ཞེས་པ་བསམ་པ་བརྟན་པོ་བསྐྱེད་ལ།། དེ་ནས་རང་གི་སྙིང་ཁར་ཆོས་ཀྱི་དབྱིངས་སྐྱེ་མེད། སྟེན་པར་བྱེད་པའི་ཡི་གེ་ལས་ཟླ་བའི ་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ཧྲཱིཿདཀར་པོ་ཚིག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ལུས་ཁྱབ་སྡིག་སྒྲིབ་སྦྱངས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཕྱོག་སྟོང་པར་བསྐྱེད།། དེའི་སྙིང ་ཁ་ནས་ཧྲཱིཿལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཕྱག་སྟོང་པ་འཁོར་དང་བཅས་པ་དང་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསམས ་ལ།། དེ་རྣམས་ལ་ཕྱག་འཚལ་བའི་སྔགས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྵཱི་ཏྟ་པྲ་ཎཱ་མྱེ་ན་བཛྲ་བནྡྷ་ནཱཾ་ཀཱ་རོ་མི་ཞེས་བརྗོད་དོ།། དེ་ནས་གདན་དབུལ་བའི་སྔགས།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་པཱུ་ཛ་སྭ་སྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མིཿཞེས ་བརྗོད་དོ།། དེ་ནས་ཧྲཱིཾཿལས་འོད་ཟེར་འཕྲོས་པས་མེ་ཏོག་ཐོགས་པའི་ལྷ་མོ་དཀར་མོ་དཔག་ཏུ་མེད་པས་མཆོད་པར་བསམས་ལ།། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ།། དེའི་རྗེས་ལ་ཨོཾ་བཛྲ་དྷཱུ་པཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་བདུག་སྤྲོས ་ཐོགས་པའི་ལྷ་མོ་གཟུགས་དང་ལང་ཚོ་ལྡན་པ་ན་མཁའ་ཁེངས་པས་མཆོད་པར་བྱའོ།། དེའི་རྗེས་ལ་ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་རིན་པོ་ཆེའི་སྒྲོན་མ་ཐོགས་པའི་ལྷ་མོ་དཔགི་ཏུཾ་མེད་པས་མཆོད་པར་བྱའོ།། དེའི ་ས་ལ་ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་དྲི་མཆོག་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པས་མཆོད་པ་རཱི་བྱའོ།། དེ་ནས་ཨོཾ་བཛྲ་ནཻ་བི་ཏྱ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་ཞལ་ཟས་ཐོགས་པའི་ལྷ་མོ་སེར་སྱ་མ ་སྦྱིན་བཱསྒྲིབས་པ་ཙམ་གྱིས་མི་ཆུད་པར་བྱའོ།། དེ་ནས་ཨོཾ་སརྦ་བཱི་ཤཾ་སྠཱ་པཱུ་ཛ་མཱི་གྷཱ་པྲ་ས་མུ་དྲ་ཨཱཿཧཱུཾ། ཞེས་བརྗོད་ཅིང་སྐྱོང་ཁའི་ས་བོན་ལས་འཕྲོས་པའི་གདུགསྭཾ་དང་། རྒྱལ་མཚན་དང་། བ་དན་དང་། པླ་བྲེ་དང་། འཁོར་ལོ ་སྦྱོར་བའི་རིན་པོ་ཆེ་སྣ་བདུན་ལ་སོགས་པོས་མཆོད་པར་བྱའོ།། དེ་ན་ས་སྡིག་པ་བཤགས་པར་བྱ་སྟེ། ཐོགས་མེད་འཁོར་བའི་འགྲོ་བར་གཏོགས་པ་ཡིས།། བྱས་པའི་ཉེས་བྱས་མ་ལུས་མི་བཟད་འདི།། གང་ཞིག ་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ན།། བཞུགས་པའི་རྒྱུལ་བའི་སྤྱན་སྔར་བཤགས་པར་བ།། ཨོཾ་སརྦ་པཱ་པོ་ཤོ་དྷ་ད་ཧ་ན་བཛྲ་སྭཱ་ཧཱ། སྡིག་པ་བཤགས་པའོ།། སངས་རྒྱས་རྣམས་དང་བྱང་ཆུབ་སེམས ་དཔའ་ནི།། སྣ་ཚོགས་ཐབས་མཁས་པ་ཡིས་ཕན་མཛད་དང་།། ཕྱོགས་བཅུའི་ལོ་ཀཱ་དགོ་ན་གང་དག་གཞན།། བསོད་ནམས་བྱེད་པ་དེ་ལ་ཡི་རང་ངོ་།། ཨོཾ་སརྦ་ཏེ་ཐཱ་ག་ཏ་ཤཱུནྟ་ཛྙཱ་ཨ་ནུ་མོ་ད་ན་པཱུ་ཛ་མཻ་གྷ་ས་མུ་དྲྀ་སྥ་ར་ཎཱ་ས་མ། ་ཡེ་ཧཱུཾ། རྗེ་སུ་ཡི་རང་བའོ།། སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ནི།། འགྲོ་བའི་སྐྱབས་གྱུར་པ་ལ་གསོལ་བ་ནི།། ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཐམས་ཅད་ལ།། ཆོས་ཀྱི་སྦྱིན་ལས་ཆེར་ཆེན་དབབ་ཏུ་གསོལ། ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷཱིཥྛཱ་ན་པཱུ་ཛ་མེ་གྷ་ས་མུ་དྲྀ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བསྐུལ་བའོ།། སོ་སོའི་སྤྱི་བྲོའི་ས་དང་ཉེས་བྱས་རྣམས།། མཱ་ལུས་པར་ནི་མྱུར་དུ་སྤངས་ནས་ནི།། སྦྱིན་མེད་ཆོས་ཀྱི་སྐུ་ནི་རྣམ་དག་པར།། བཤུད་པ་མྱུར་དུ ་རྟོགས་པ་ཉིད་མཛོད་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ན་ཡ་དྷི་ས་མ་ཡེ། སརྦ་སཏྭེ་ཧེ་དཱརྠ་དྷརྨྨ་དྷཱ་ཏུ་སྠི་ཏིནྣ་པ་ཏུཿགསོལ་བ་གདབ་པའོ།། སེམས་ཅན་ཐམས་ཅད་ལ་ནི་ཕན་པའི་ཕྱིར།། བདག་གི་དགེ་བ་གང་དག་ཅི་བསགས་པ། ་སྐྱེ་བ་ལ་སོགས་སྡུག་བསྔལ་ཐམས་ཅད་ནི།། ཉེ་བར་ཞི་ཕྱིར་བདག་གིས་བསྔོ་བར་བགྱི།། ཨོཾ་སརྦ་ཏི་ཐཱ་ག་ཏ་པཱུ་ཎྱ་ནིརྱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བསྔོ་བའོ།། སྐྱེ་སོགས་སྡུག་བསྔལ་རྣམས་ཀྱིས་ཉེར་གཙེས ་ཤིང་།། མི་ཤེས་ལོག་པས་ཉེར་བཅོམ་བདག་ཉིད་ཅན།། སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱང་ཆུབ་སེམས།། རིན་ཆེན་མཆོག་གྱུར་བདག་གིས་བསྐྱེད་པར་བགྱི།། རྟག་ཏུ་སྲོག་ཆགས་རྣམས་ཀྱི་སྐྱབས་དང་ནི།། གནས་དང་དཔུང་གཉེན ་པ་ཉིད་གྱུར་ཅིག། ཨོཾ་བོ་དྷི་ཙིཏྟཾ་ཨུ་པཱ་ད་ཡཱ་མི། བོ་དྷི་ཙི་ཏཱཾ་མུད་པཱི་ཏ་ཏཾ་ཏ་ཐཱ་ཧ་ས་མ་པི་ཏ་བོ་དྷི་ཙི་ཏྟ་ཨུ་ཏྶ་ཏ་ཡ་མི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ།། དེ་ནས་རང་གི་དགོས་པའི་དོན་ཐམས་ཅད་གསོལ་བ་གདབ་པར ་བྱོའོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ཀྱི་བུ་ལེགསོ་ཤེས་གསུངས་ནས་རང་རང་གི་གན་སུ་གཤེགས་པར་བས་མོ།། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་བི་ཤུདྡྷོ་ཧཾ་ཞེས་བརྗོད་པས ་ཆོས་ཐམས་ཅད་རང་བཞིན་དྲི་བཞིན་དེ་ཉིད་ལས་མི་འདུའ་བར་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་ཨོཾ་ཤཱུ་ནྱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པས་ཆོས་ཐམས་ཅིང་སྤྲོས་བྲལ་ན་མཁའི་ངོ་བོ་ལྟ་བུར་བསམ་མོ།། ་དེ་ནས་སྟོང་པ་ཉིད་དུ་གནས་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པས་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བས་པཾ་ལས་པདྨ་འདབ་མ་བརྒྱད་པ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་དབྱིངས་མཐའ་དང་དབུས་མེད་པར ་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་བསམ།། དེའི་སྟེང་དུ་ཧྲཱི། དཀར་པོ་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འཇའ་ཚོན་ལྟ་བུར་གྱུར།། ནང་བཅུད ་ཀྱི་སེམས་ཅན་ཐམས་ཅད།། སྤྱན་རས་གཟིགས་ཀྱི་དབང་པོར་གྱུར་ནས།། ཧྲཱིཿལ་ཐིམ་པས་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་གཅིག་ཏུ་བསམ།། དེ་ལ་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་སྤྱན་རས ་གཟིགསུ་བསྒྲུབས་ནས་ཐིམ་པས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་པ་སྐུ་མདོག་དཀར་ལ་འཚེར་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྷའི་པཉྩ་ལི་ཀའི་དར་དམར་པོས་ཤམ་ཐབས་པ་རི་དགས་ནག ་བོའི་པགས་པས་ནུ་མ་གཡོན་པ་བཀབ་པ་རིན་པོ་ཆེའི་རྒྱནི་རྣམ་པ་སྣ་ཚོགས་དུ་མས་བརྒྱན་པ་ཁྱད་པར་དུ་ཡང་ལྷའི་རིན་པོ་ཆེ་རྣམ་པ་བདུན་གྱིས་བརྒྱན་པ།། རྩ་བའི་ཞལ་ཀུན་ནས་དཀར་བ་སྤྱན་གསུམ་མངའ་བ་གཡས ་པ་ལྗང་གུ། གཡོན་པ་དམར་བ། ཞལ་ཐམས་ཅད་ཀུན་ནས་འཛུམ་པིའི་ཉམས་ཅན་དེའི་སྟེང་མ་ལྗང་གུ། དེའི་གཡས་དཀར་བཱ། གུཡོན་པ་དམར་བ།། དེའི་སྟེང་མ་དམར་པོ། དེའི་གཡས་ལྗང་གུ། གཡོན་དཀར་པོ།། དེའི ་སྟེང་ན་ཁྲོ་བོའི་ཞལ་མཐིང་ནག་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་ཞལ་བཅུ་པོ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ།། དེའི་སྟེང་མ་བནྡྷ་ཀའི་མེ་ཏོག་ལྟར་དམར་བ་མགྲིནྡྲ་པ་ཡན་ཆོད་འཐོན་པ་ཚངས་པར་སྤྱོད་པའི་ཆ་ལུགས་རྒྱན ་སྤངས་པ་དབུའི་ཐོར་ཚུགས་དང་ལྡན་པའོ།། དེས་ནི་སྐྱེ་བ་རྣམ་པ་བཞིས་སངས་རྒྱས་སྒྲུབ་པར་བྱེད་པའོ།། རྩ་བའི་ཕྱག་གཉིས་ཐུགས་ཀར་ཐིལ་མོ་སྦྱར་བ།། དེའི་འོག་མ་གཡོན་པ་གསེར་གྱི་པདྨོ་རྩེ་བ་དང་བཅས་པ་འཛིན ་པ།། གཡས་ཀྱི་འོག་མ་བགྲངས་ཕྲེང་འཛིན་པ།། གཡོན་གྱི་གསུམ་པ་ན་རིལ་བ་སྤྱི་བླུགས་འཛིན་པ།། གཡས་ཀྱི་གསུམ་པཱ་ན་ཡི་དྭགས་ཀྱི་བཀྲེས་སྒྲོམ་གྱི་གདུང་པ་སེལ་བའི་མཆོག་སྦྱིན་མཛད་པ།། གཡས་ཀྱི་བཞི་པ་ན་འཁོར ་ལོ་འཛིན་པ།། གཡོན་གྱི་བཞི་པ་ན་གཞུ་འཛིན་པའོ།། དེ་ནས་གཡས་ཀྱི་ཕྱག་རྣམསུ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་།། སྤྲུལ་པའི་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་དང་། མེ་ལོང་དང་། ཤེལ་གྱི་གདུ ་བུ་དང་། དགྲ་སྟ་དང་། ཕུ་བ་དང་། རིལ་བ་བྷི་ག་ར་དང་། རྔ་ཡབ་དཀར་པོ་དང་། རིན་པོ་ཆེ་མེད་པ་དང་། རིན་པོ་ཆེ་ཆུ་ཤེལ་དང་། སྐྱབས་སྦྱིན་པ་དང་། རིན་པོ་ཆེའི་ཁ་ཊྭཱཾ་ག་དང་། རྡོ་རྗེ་དང་། རལ་གྲཱི་དང་། ལྷུང་བཟེད་དང་། རྡོ་རྗེའི ་ཞགས་པ་དང་། རིན་པོ་ཆེ་བསྣམས་པའོ།། གཡོན་པའི་ཕྱག་རྣམ་སུ་གོ་རིམ་ཇི་ལྟ་བ་བཞིན་དུ་རྒུན་འབྲུམ་གྱི་སྣོད་ཐོགས་པའི་ཕྱག་དང་།། པདྨོའི་སྟེང་དུ་འོད་དཔག་མེད་པ་དང་།། རིན་པོ་ཆེའི་ཟ་མ་ཏི་ག་དང་། རིན་པོ་ཆེའི ་ཤིང་དང་། རིན་པོ་ཆེའི་གཞལ་མེད་ཁང་དང་། རིན་པོ་ཆེའི་དུང་གཡས་སུ་འཁྱིལ་བ་དང་།། འཁར་སིལ་དང་། རིན་པོ་ཆེའི་མདའ་དང་། རིན་པོ་ཆེའི་དྲིལ་བུ་དང་། ཐོད་པའི་འཁོར་བ་དང་། རིན་པོ་ཆེའི་ལྕགས་ཀྱུ་དང་། ་རིན་པོ་ཆེའི་མདུང་དང་། པདྨ་ལེ་བརྒན་དང་། སྤྲིན་རྣམ་པ་ལྔ་དང་། རིན་པོ་ཆེའི་ཕྱག་རྒྱ་དང་།། རིན་པོ་ཆེའི་གླེགས་བམ་དང་། པདྨ་སྔོན་པོ་བསྣམས་པའོ།། ཕྱག་སྟོང་གིས་ཉེ་བར་མཛེས་པ་དེ་ལས་གཞན་པའི་ཕྱག ་ཐམས་ཅད་མཆོག་སྦྱིན་པ་ཕྱག་གི་མཐིལ་ན་སྤྱན་རེ་མངའ་བའོ།། འཇིགས་པ་ཐམས་ཅད་སྐྱོབ་པའི་སྤྱན་རིས་གཟིགས་དཔག་ཏུ་མེད་པ་འཕྲོས་གཡསུ་དོན་ཡོད་ཞགས་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས ་འདུད་པའོ།། གཡོན་དུ་རྟ་མགྲིན་དང་སྒྲོལ་མ་འདུད་པའོ།། ཕྱོགས་བཞིར་རྒྱལ་པོ་བཞི་རང་རང་གི་འཁོར་དཔག་ཏུ་མེད་པོ་དང་བཅས་པའོ།། སྟེང་གི་ཕྱོགསུ་ལྷའི་བུ་དང་དྲང་སྲོང་མཆོད་པ་ཐོགས་པ་དཔག་ཏུ་མེད་པ་ལྷགས ་པའོ།། དེ་ནས་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་ཕྱག་དང་མཆོད་པས་མཉེས་པར་བྱས་ལ།། ཛཿཧཱུ~ཾ་བཾ་ཧོ་ཞོས་བརྗོད་པ་དང་། དགུག་པ་དང་། གཞུག་པ་དང་། བཅིངས་པས་མཉེས་པར ་བྱའོ།། དེ་ནས་ཐུལ་མོ་སྦྱར་ལ་པདྨ་ཁ་ཕྱེ་བའི་བྱས་ཏེ་སྙིང་གར་གཞག་པ་འདི་ནི་པདྨ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ།། ཨོཾ་པདྨོ་ཧྞཱ་བཱ་ཡ་སྭཱ་ཧཱ། དེ་ནས་ཧྲཱིཿལས་འོད་འཕྲོས་པས། རིགས་ལྔ་སྤྱན་དྲངས་ལ་སྔ་མ་བཞིན་དུ་མཆོན ་དཽ།། བྱང་ཆུབ་རྡོ་རྗེ་ས་སངས་རྒྱས་ལི།། ཇི་ལྟར་མཆོད་ཆེན་གསོལ་མཛད་པ།། བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར།། ན་མཁའི་རྡོ་རྗེ་དང་བདགེ་སྩོལ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ལྔ་ཡུམ་དྲང་བཅས་པས་དབང ་བསྐུར་བར་བསམ་ཞིང་ཚིག་ཏུ།། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། གསང་བ་གསུམ་གྱི་གནས་ལས་བྱུང་།། ཁམས་གསུམ་པོ་ཡིས་ཕྱག་བྱས་པ།། དེ་རིང་ཁྱོད་ལ་སྦྱིན་པར་བྱ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་བརྗོད ་བྱས།། དེ་བཞིན་གཤུགས་པ་འད་དཔག་མེད་པ་ཟླན་སྦྱང་དུ་བ་སྟུ།། དུན་ས་དུཎྜལ་གྷུནྡྷ་མྦྷ་ཤཱངྒཱ་ན་དུ།། མ་དྷཱམཱ་ཅུ་ས་ཐཱ་སས་ཨཱ་རྦཱ་། ནས་པས། དྷཱམ་བརྒྱུན་གྱུ།། དནས་གམས་ཅན། ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནུས་གསང་སྔགས་འདི་འབུམ་ཕྲག། ཅིག་བཟླས་པར་བྱའོ།། མ་ཙྪ་དྷཱུ་མཱཾ་ཡཱ། ན་མ་། བིདྡྷི་སཏྭཱ་ཡཱི། མཱུ་ཧཱ་སཏྭཱ་ཡ། མཱརྡྷ་ཀཱ་ཎཱཾ་ཀཱ་ཡ། སརྦྦཱ་ཝཱན་ཙྪ་ན ་ཀ་རཱ་ཡ། སརྦྦ་བྷ་བཾ་ས་མུ་དྲོ་ཙྪེ་ཥ་ཎོ་ཡཾ་ཀ་རཱ་ཡ། སརྦྦེ་བྷཱུ་དྷི་པྲ་ཤ་མ་ན་ཀ་རཱ་ཡ། སརྦྦཾ་ཏྱཾ་པ་དྲ་བ་བོནྟ་ཤཾཀ་རཱ་ཡ། སེརྦྦཱ་བྷ་ཡེ་ཥུཏྶཱ་ཎཱ་ཡ། ཏ་སྱ་ན་མཿཀྲྀ་ཏཱ་ཨི་དཾ་ཨཱཪྵཱ་བ་མྲྀ་ཀི་ཏེ་ཤྭ་རྀ་ཏ་བ་ནཱི་ལེ་ཀཻརྟྲྀ་ནཱ་མ་བ་ར་མ་ཧཱུཾ་དཾ་ཡཽ ་བརྞྞ་ཡི་ཥྱ་མཾ། སརྦྦ་ཨརྠ་སཱ་དྷ་ནཱཾ། ཤུ་བྷུ་ཙི་ཏྭཱ་ནཱཾ། སརྦྦཾ་སཾཏྭཱ་ནཱཾ། པཱ་པ་མཱརྒེ་བི་ཤོ་དྷཾ་ཀཾ། ཏདྱ་ཐཱ་ཨ་བཱ་ལོ་ཀཱི་ལོ་ཀ་མ་ཏཾ། ལོ་ཀཾ་ག་ནི། ཨཱ་དི་བ་ཏི། ལོ་ཀཱ་ཏི་ཀྲནྟེ། ཨཽ་ཧྱེ་ཧི། མ་ཧཱ་བོ་དྷི་སཏྭ། ཧེ་བོ་དྷི་སཏྭེ། ཧེ་མཱ་ཧཱ་བོ་དྷི་སཏྶུ་ཧ་མ ་བིདྡྷི་ས། ཧཱུཾ་བྷཱུ་ཡ་བིདྡྷི་སཏྭཱ། ཀྵཱརྲ་ཀ་སྣེ་རཱི་ཛ་ད་ཡཾ། ཨོཾ་ཧཱུ~ཾ། སྱཱཪྻཱ་བ་མོ་ཀིཏྟི་རཱ། པཱུ་ར་མ་མཾ་དྷཱི་། ཀྲཱརྻ། གྷཪྻ་གྷཪྵཱ་ཀམྨཱ། སྱཱདྦྷ་ཡ་བིཿ། ཙྪིདཱི་ཧྲཱི། མོ་ཨ་རཱྀ། གྷུ་མ~ཾ་གཱ་མ། བཾ་ཧི་གྲཱ་མ། སིདྡྷ་སིདྡྷི་ཡོ་ཀ ་དུ་ཧུ་དུ་ཧུ་བཱིརྱནྟེ། མ་ཧཱ་བཱིརྱནྟེ། དྷ་ར་དྷ་ར་དྷཱ་ར་ཎཱི་ཤྭ་ར། ཛ་ལ་ཛྭ་ལ་བི་མ་ལཱི་མཱུཏེ། ཨཱརྱཱ་བ་ལོ་ཤི་ཏེ་ཤྭ་ར། གྲྀཥྞ་ཛཽ་ནེ་ཛ་ཊཱ་མུ་ཀུ་ཊཱ་ལི་ཀྲྀ་ཏ་ཤི་རཱི་ར་ལམྦ་པྲ་ལཾ་བ་བི་ལཾ་བ། མ་ཧཱ་སིདྡྷ། བི་དྱཾ་དྷ་ར་པ་ལ་པ་ལེ་མ་ཧཱ་བཾ་ལ་མཾ་ལ་མ་ལ། ་མཧཱ་མ་ལ། ཙ་ལ་ཙ་ལ། མཧཱ་ཙ་ལ། ཀྲྀཥྚཾ་བཀྵཱ། ཀཱིཥྞཱ་བརྞྞ་ཀཥྚ་པཱ་ཤ་ནཱིནྣ་ཏ་ན། ཧེ་པདྨ་ཧྭཱསྱཱ། ཙ་རཱ་ཙཱ་ར་ནཱི་ཤྣ་ར་ཝ་ར། ཀྲྀཥྞཱ་སརྦྦ་ཀྲྀ་ཏ་ཡ་ཛྙོ་པ་བཱི་ཏ། ཨ་ཧྱ་ཧི་བཱི་ར་མུ་ཁ། ཏཱི་པུ་རདྱ་ཧུ་ནུ་ཤྭ་ར། ནཱ་རཱ་ཡ་ནཱ། བ་ལ་རུ་པ་བེ་ཥཱ ་རཱི། ཧ་ནཱི་ལ་ཀཱརྞྞ། ཧཾ་མ་ཧཱ་ཧཱ་ལ་ཧཱ་ལ་བི་ཥ་ནི་ཛི་ཏཱ། ལོ་ཀཾ་སྱ་རཱ་ག་བིཾ་ཥ་ནཱ་ཤ་ནཾ། དྲྀ་ཥཥ་ནཱཾ་ཤ་ནཾ། མོ་ཧཾ་བི་ཥ་ནིར་མོ་ཀྵ་ནཾ་ཧུ་ལུ་ཧུ་ལུ་མ~ཾ་ལ། ཕ་ལ་ཕ་ལ་ཧཱ་རེ། མ་ཧཱ་པདྨཱ་ནཱ་བྷཱ། ས་ར་ས་ར། སི་རེ་སི་རི། སུ་རུ་སུ་རུ། བུདྡྷ་བུདྡྷ། བོ་དྷྱ་བོ་དྷཱ། ་བིབོ་དྷ་ཡཱ་མི། མི་ཏི་ནཱི་ལ་ཀརྞྞ་ཨེ་ཧྱེ་ཧི་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི་བཱ་མསྠི་ཏི། སཾ་ཧ་མུ་ཁ་ཧ་ས་ཧ་ས། མུཉྩ་མུཉྫ་མ་ཧཱ་ཊྚ་ཌྷཱ་ཧཱ་ས་ནཱིརྣཱ་དེ་ནི། ཨེ་ཧྱེ་ཧི་བྷོ་བྷོ་མ་ཧཱ་སྲིདྡྷ་ཡཻ་གཱི་ཤྭ་ར། བནྡྷ་བནྡྷ། བ་ཙ། སྭ་དྷ་ཡ་སཱ་དྷ་ཡ། བི་དྷྱཾ། སྨར་\ུ0f7fསྨ་ར་ཏཱ། ་བྷ་ཀྐ་པཱནྡྷེ། ལོ་ཀ་བི་ལ་ཀི་ཏཱ~ཾ། ཏ་ཐཱ་ག་ཏཱ། ད་དྭཽ་ཧི་མེ་དཪྴ་ནཾ། ཀ་མ་སྱཱ་དཪྴ་ནཾ། པྲ་ཧཱ་ད་ཡ་མ་ནཾ་སྭཱ་ཧཱུ~ཾ། སིདྡྷ་ཡ་སྭཱ་ཧཱ། མ་ཧཱ་སིདྡྷ་ཡ་སྭཱ་ཧཱ། སྱཱདྷ་ཡོ་གཱི་ཤྭ་རཱུ་ཡཾ་སྭཱ་ཧཱ། ནཱི་ལ་ཀཥྞཱ་ཡ་སྭཱ་ཧཱ། བ་རུ་ཧ་མུ་ཁཱ་ཡེ་སྭཱཧཱ། སིདྡྷ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་མ ་ནཱི་རི་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། སིདྡྷ་བིདྱཱ་དྷཱ་རཱ་ཡ་སྭཱ་ཧཱ། པདྨ་ཧ་སྠཱ་ཡ་སྭཱཧཱ། མ~ཾཉྫུ་པདྨ་ཧསྟཱ་ཡ་སྭཱ་ཧཱ། བཛྲ་ཧསྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སརྦ་ཀཾ་ཏཾ་ཡ་ཛྙོ་པ་བཱི་ཏ་ཡ་སྭཱ་ཧཱ། མཧཱ་ཀཱ་ལ་མུཾ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲ་ཨ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ། ཤཾ ་ཤེ་བྷ་ནིནྟ་ང་ན་ཀ་རཱ་ཡ་སྭཱ་ཧཱ། ནི་ཁོ་དྷེ་ནཾ་ཀ་རཱ་ཡ་སྭཱ་ཧཱ། བྷྲྀ་མ~ཾ་སྐནྡྷ་དཾ་ཤ་སྠི་ཏ་ཀིཥྛ་ཛ་ནཱི་ཡ་སྭཱ་ཧཱ། བཱ་མ་ཧསྟ་བྱ་གྷ་ཙརྨ་ནི་བ་ས~ཾ་ནཱ་ཡ་སྭཱ་ཧཱ། ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། མ་ཧཱ་ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སིདྡྷི་ཤྭ་རཱ་ཡ་སྭཱ་ཧཱ~ཾ། ནེ་མོ་བྷེ་གེ་བ་ཏཾ། ་ཨཱནྟྲ་བ་མ་གཽ་ཏ་ཤྭ་རཱ་ཡ། བྷ་དྷ་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སདྡྷནྟྲ་མ་མནྟ་པ་དཱ་ནི་སྭཱ་ཧཱ། ཨོཾ་ཧྲཱིཿཏྲཻ་ལོཀྵ་བ་ཙ་མ་ཨ་མོ་བྷཱ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧེཿཧཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པདྨོཥྚཱ་ཥ་བི་མ་ལེ་ཧཱུཾ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏཱ་རེ་སྭཱ་ཧཱ།། གཟུ། ་འདི་ལན་ཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་བྱུང་བ་ཡང་མ་ལུས་པར་འབྱུང་བར་འགྱུ་རོ།། འདི་འཛིན་པའི་གང་ཟག་དེ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་རྒྱུན་མི་འཆད་པར་མིག་སྟོང་དང་ལྡན་པའི་ཐུགས ་རྗེས་གཟིགས་པར་འགྱུར་རོ།། ཕྱག་སྟོང་གིས་སྐྱོབ་པར་འགྱུར་རོ།། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དགེ་འདུན་གྱི་དཀོར་རྐུ་འཕྲོག་བྱས་པ་རྣམས་ཀྱང་ལན་ཅིག་བརྗོད་པ་ས་མ་ལུས་པར་ཟད་པར་འགྱུར་རོ།། ཐེ་ཚོམ་ཟ་བ ་ནི་མ་གཏོག་སོ།། གཤེས་ངན་དུ་འཆི་བའི་འཆི་ལྟས་བཅོ་ལྔ་འབྱུང་བར་མི་འགྱུ་རོ།། ། སྐྱེ་བ་བཟང་པོ་བཅོ་ལྔ་ཡོངསུ་འཛིན་པར་འགྱུ་རོ།། སུས་སྙིང་པོ་འདིའི་མིང་ཐོས་པ་དེ་ནི་བསྐལ ་པ་དུ་མའི་སྐྱེ་བ་དང་འཆི་བའི་བསགས་པའི་ལས་ལྕི་བ་རྣམས་ཀྱང་བྱང་བར་འགྱུར་ན་བརྗོད་ཅིང་འཛིན་པ་ལྟ་ཅི་སྨོས།། རྒྱུན་མ་འཚོད་པར་བཟུང་ནས་བཅུའི་འབྲས་བུ་ཐོབ་པ་ལ་དཀའ་བ་མེད་ན། འཇིག་རྟེན་པའི་བསོད ་ནམས་ཀྱི་འབྲས་བུ་ཐོབ་པ་ལྟ་ཅི་སྨོས།། ཡུལ་གང་དུ་ཡམས་ཀྱི་ནད་བྱུང་ལ་ཡུལ་དེར་རྒྱལ་པོས་ཆོས་ཀྱི་ཡུལ་སྲུང་ཞིང་རྒྱ་ཆེ་བ་དང་གཙང་མར་བྱ།། སེམས་ཅན་ཐམས་ཅད་གཏམས་ལས་མི་གཅད་དོ།། ཉེས་པ་བྱུང་བ ་རྣམས་ལ་བཟོད་པར་བྱའོ།། ཞག་བདུན་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བཟླས་བརྗོད་བྱས་ན་ཡུལ་དེར་ཡམས་ཀྱི་ནད་ཐམས་ཅད་ཞི་བར་འགྱུར་རོ།། ཡུལ་གནས་པའི་མི་མ་ཡིན་པ་རྣམས་ལ་གཏོར ་མ་བྱིན་ལ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་ལྡན་པའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ།། རིག་པ་ལན་ཉི་ཤུ་རྩ་གཅིག་བརྗོད་ནས་རོལ་མོ་སྣ་ཚོགས་ཀྱི་ལན་གསུམ་དུ་བསྐོར་བ་བྱས ་ན་རིམས་ནད་ཐམས་ཅད་ཞི་བར་འགྱུ་རོ།། ཚོན་སྐུད་སྣ་ལྔ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་མགུལ་དུ་གཏག་སོ།། གལ་ཏེ་ས་རིས་སོ་སོར་དགྲ་རྒྱུན་དུ་འོང་ཞིང་ཡུལ་དུ་གནས་པའི་སེམས་ཅན་རྣམས་ལ་གནོད། ་པར་བྱེད་པ་དང་ཡུལ་དེར་ནད་བྱུང་བ་དང་།། ཆར་ཆུ་དུས་སུ་མི་འབབ་པ་དང་།། ཟླ་བ་དང་ཉི་མ་དྲང་པོར་མི་འགྲོ་བ་དང་། ལྟས་ངན་པ་དེ་སྙེད་བྱུང་ན་རྒྱལ་པོ་དེས་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་ལྡན་པའི་གཟུགས ་བྱས་ལ་གང་དུ་ཡམས་ཀྱི་ནད་བྱུང་བ་དེའི་ངོས་སུ་བཞིན་བསྟན་ལ་གཞག། ཤིན་ཏུ་དུད་པ་བདུག་པ་དང་མེ་ཏོག་དང་གདུགས་དང་། རྒྱལ་མཚན་ལ་སོགས་པ་ཅི་འབྱོར་པས་མཆོད་པར་བྱའོ།། དེ་ནས་སྒྲུབས་པ་པོས་ཞག། ་བདུན་དུ་བརྩོན་འགྲུས་བརྟན་པོར་བྱས་ནས་རིས་སོ་སོའི་དགྲ་ཐམས་ཅད་ཕྱག་འཚལ་བར་འགྱུར།། སེམས་མཐུན་པར་འགྱུར། ཕན་ཚུན་གྲགས་པོར་འགྱུར། སྐྱེ་བོ་ཡོངས་དང་རྒྱལ་བུ་རྣམས་ཀྱང་བྱས་པས་ག ་ཞིང་ལེགས་པར་བྱེད་པར་འགྱུར།། རྒྱལ་བའི་བཙུན་མ་ན་འ་བར་རྣམས་ཀྱང་དེ་ལ་དགའ་བ་བསྐྱེད་པར་འགྱུ་རོ།། ནད་དང་གནད་པ་གླང་བྱུང་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྣང་། ་དང་ལྡན་པའི་མདུན་དུ་མཆོད་པ་བྱས་ལ་གཟུངས་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུ་རོ།། སུ་ཞིག་ཧ་ལ་ཧ་ལའི་དུག་ཟས་ན་དེ་གུ་ཕུལ་གྱི་བདུག་པ་དང་། གཱ་བུ་ར་ཆ་བསྣམས་། ་ཁྲོན་པོ་ཆུ་ལྷག་མར་མ་གྱུར་པ་བསྐོལ་ལ་ཁྱེར་གང་ལུས་པ་དང་། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་འཐུངས་ན་དུག་ཞི་བར་འགྱུར་རོ།། སུ་ཞིག་མིག་ཉམས་ཏེ་འོང་བར ་གྱུར་པ་དང་། མིག་གི་འབྲས་བུའི་སྟེང་དུ་ལིང་ཏོག་བྱུང་བ་དང་། མིག་ཏུ་རུ་སྐྱེས་ཏེ་མི་མཐོང་བར་གྱུར་པ་དེས་ཨ་རུ་ར་དང་བཻ་རུ་ར་གཅིག་དང་། སྐྱུ་རུ་རེ་གཅིག་ཞིབ་ཏུ་གཏགས་ལ་སྦྲང་རྩི་དཀར་པོ་དང་། ཁྱེའུའི་མའི་འོ་མ་དང ་སྦྱར་བར་བྱ་སྟེ། སྦྱོར་བའི་ཚེ་སངས་རྒྱས་ཀྱི་མཚན་ནས། བརྗོད་ཅིང་བྱིས་པ་གསར་པ་བཙས་པའི་བུད་མེད་དང་། ཁྱི་དང་ཕག་གིས་མ་མཐོང་བ་རོ་རོལ་དུ་བྱས་ཏེ། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ལན ་སྟོང་རྩ་བརྒྱད་བཟློས་བརྗོད་བྱས་ལ། དབེན་པ་རླུང་མི་འོང་བར་འདུག་སྟེ། ཉི་མ་བདུན་གྱི་བར་འདུག་སྟེ། ཉི་མ་བདུན་གྱི་བར་དུ་སྨན་འདི་མིའི་འོ་མ་དང་སྦྲང་རྩི་དང་སྦྱར་ཏེ་མིག་གི་ནང་དུ་བླུགས་ན་མིག་གི་འབྲས་བུ་སྐྱེ་བར ་འགྱུར་རོ།། ལིང་ཏོག་མུད་ཅིང་ལགས་པར་མཐོང་བར་འགྱུརརོ།། སུ་ཞིག་འབྱུང་བའི་གདོན་ནམ་མི་མ་ཡིན་པའི་ནད་ཀྱིས་བཏབ་པར་གྱུར་ན་གླུ་ཡུལ་གྱི་དུད་པ་ལ་ལན་ཉི་ཤུ་རྣ་གཅིག་བཟླས་བརྗོད་བྱས་ལ་སྣར ་བདུགོ། ཡང་ན་རི་བོང་གི་སྡུག་པ་ཙམ་གྱི་རི་ལ་བུ་བྱས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་བཟའོ།། ཤ་དང་ཆང་དང་སྒོག་པ་དང་འཐབ་མོ་སྤོང་ངོ་།། འོན་ཀྱང་སོས་པར་འགྱུ་རོ།། ཤུ་དག་དཀར་པོ་ལ་ལན་བརྒྱ ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ།། དཔུང་པ་གཡས་པར་གཏགས་ན་འཐབ་མོ་ལས་རྒྱལ་བར་འགྱུར་རོ།། བ་ལང་དཀར་པོའི་གིའུ་ཝང་ལག་འཐིལ་དུ་བཅུག་ལ་བྱང་ཆུབ་སེམས་དཔའི་དྲུང་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད ་བྱས་ཏེ་ཡན་ལག་རྣམས་བསྐུས་དཔྲལ་བར་ཐིག་ལེ་བྱས་ན། ལྷ་དང་ཀླུ་དང་འབྱུང་པོ་དང་། མི་ཐམས་ཅད་དགའ་བར་འགྱུར་རོ།། ཁྱོ་ཤུག་མེ་དང་ཆུ་ལྟར་མཽ་མཐུན་པར་གྱུར་ན་བྱང་ཆུབ་སེམས་དཔའི་མདུན་དུ་ངུར་བའི ་མཇུག་སྒྲོ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་ལུས་ལ་བཏགས་ན་མཛའ་བར་འགྱུར་རོ།། རིན་པོ་ཆེ་སྣ་ཚོགས་ཕུནུ་སུམ་ཚོགས་ཤིང་ཕྱུག་པར་འདོད་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པའི་ཕྱག་ལ་མཆོད་པར ་བྱའོ།། མི་བདེ་བ་རྣམ་པ་སྣ་ཚོགས་ཀྱིས་གཙེས་པར་གྱུར་ན་ཞགས་པ་ཐོགས་པའི་ཕྱག་ལ་མཆོད་དོ།། ཁང་པ་རི་ནད་རྣམས་ཡོད་པར་གྱུར་ན་རིན་པོ་ཆེའི་ལྷུང་བཟེད་ཐོགས་པའི་ཕྱག་ལ་མཆོ་དོ།། འདྲེ་གདོན་ཐམས་ཅད་གདུལ ་པར་འདོད་ན་རིན་པོ་ཆེའི་རལ་གྲི་ཐོགས་པའི་ཕྱག་ལ་མཆོདདོ།། ལྷའི་བུའི་བདུད་ཐམས་ཅད་གདུལ་བར་འདོད་ན། རྡོ་རྗེ་ཐོགས་པའི་ཕྱག་ལ་མཆོདོ།། ཕས་ཀྱིས་རྒོལ་བར་དགྲ་གཞོམ་པར་འདོད་ན་རྡོ་རྗེའི་ཐོ་བ་ཐོགས་པའི་ཕྱག་ལ ་མཆོ་དོ།། འཇིགས་ཤིང་བག་ཚ་བའི་གནས་ཐམས་ཅད་ལ་ཐར་བར་འདོད་ན་འཇིགས་པ་མེད་པའི་སྦྱིན་པའི་ཕྱག་ལ་མཆོདདོ།། མིག་མི་གསལ་ཏེ་འོད་དང་མི་ལྡན་པར་གྱུར་ན་མེ་ཤེལ་གྱི་ནོར་བུ་ཐོགས་པའི་ཕྱག་ལ་མཚ ་ཚ་བའི་རིམས་ཀྱིས་ཐེབས་ཏེ་བསིལ་བྱར་འདོད་ན་ཆུ་ཤེལ་གྱི་ནོར་བུ་ཐོགས་པའི་ཕྱག་ལ་མཆོདདོ།། བློ་ན་ཐབས་མཐོན་པོར་འདོད་ན་རིན་པོ་ཆེའི་གཞུ་ཐོགས་པའི་ཕྱག་ལ་མཆོདདོ།། གྲོགས་པོ་མཛའ་བཤོས་དང་མྱུར ་དུ་ཕྲད་པར་འདོད་ན་རིན་པོ་ཆེའི་མདའ་ཐོགས་པའི་ཕྱག་ལ་མཆོད་དོ།། ལུས་ལ་ནད་སྣ་ཚོགས་ཀྱིས་ཐེབས་པར་གྱུར་ན་ལྷག་མ་ཐོགས་པའི་ཕྱག་ལ་མཆོདདོ།། ལུས་ཀྱི་བགེགས་མ་ལུས་པ་བསལ་བར་འདོད་ན་རྔ་ཡབ ་དཀར་པོ་ཐོགས་པའི་ཕྱག་ལ་མཆོད་དོ།། ཐམས་ཅད་མཐུན་པའི་འཁོར་དུ་འགྱུར་བར་འདོད་ན་བུམ་པ་ཐོགས་པའི་ཕྱག་ལ་མཆོད།། སྟག་དང་འཕར་སྦྱང་དང་དོམ་དྲེད་དང་གཅན་ཟན་མ་རུངས་པ་ཐམས་ཅད་སྤོང་བར ་འདོད་ན་ཕུབ་ཐོགས་པའི་ཕྱག་ལ་མཆོ་དོ།། གནས་དང་དུས་ཐམས་ཅད་དུ་རྒྱལ་པོའི་བགེགས་ལ་ཐར་བར་འདོད་ན་དགྲ་སྟ་ཐོགས་པའི་ཕྱག་ལ་མཆོདདོ།། བུ་དང་བུ་མོ་དང་གཡོག་འཁོར་གྱི་ཕྱིར་ཤེལ་གྱི་གདུབ་འཁོར ་ཐོགས་པའི་ཕྱག་ལ་མཆོདདོ།། ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ནི་པདྨ་དཀར་པོ་ཐོགས་པའི་ཕྱག་ལ་མཆོད་དོ།། ཕྱོགས་བཅུའི་ཞིང་ཡོངསུ་དག་པར་འདོད་ན།། པདྨ་སྔོན་པོ་ཐོགས་པའི་ཕྱག་ལ་མཆོདོ།། ་ཤེས་རབ་ཆེན་པོ་དང་ལྡན་པར་འདོད་ན།། རིན་པོ་ཆེའི་མེ་ལོང་ཐོགས་པའི་ཕྱག་ལ་མཆོ་དོ།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མངོན་སུམ་མཐོང་བར་འདོད་ན། པདྨ་ཐོགས་པའི་ཕྱག་ལ་མཆོ་དོ།། ས་གཏེར ་འབྱིན་པར་འདོད་ན། རིན་པོ་ཆེའི་ཟ་མ་ཏོག་ཐོགས་པའི་ཕྱག་ལ་མཆོད་དོ།། དྲང་སྲོང་གི་ལམ་མངོན་པར་བསྒྲུབ་པར་འདོད་ན། སྤྲིན་རྣམ་པ་ལྔ་ཐོགས་པའི་ཕྱག་ལ་མཆོད་དོ།། ཆིངས་པར་སྐྱེ་བར་འདོད་ན། རོལ་པ་ཐོགས ་པའི་ཕྱག་ལ་མཆོ་དོ།། ལྷའི་གཞལ་མེད་ཁང་དུ། སྐྱེ་བར་འདོད་ན། པདྨ་ལེ་བརྒན་ཐོགས་པའི་ཕྱག་ལ་མཆོད་དོ།། ཕྱོགས་གཞན་གྱི་ཕྱིར་རྒོལེ་བཱ་བསལ་བ་འདོད་ན་རལ་གྲི་དང་མདུང་ཐོགས་པའི་ཕྱག་ལ་མཆོདདོ།། དགེ ་བའི་ལྷོ་འདྲེ་ཐམས་ཅད་དགུག་པར་འདོད་ན་རིན་པོ་ཆེའི་དུང་ཐོགས་པའི་ཕྱག་ལ་མཆོ་དོ།། ལྷོ་འདྲེ་ཐམས་ཅད་འཁོར་བར་འདོད་ན་ཐོད་པའི་ཁར་བ་ཐོགས་པའི་ཕྱག་ལ་མཆོད་དོ།། ཕྱོགས་བཅུའི་སངས་རྒྱས་མྱུར ་དུ་གཤེགས་ནས་ཕྱག་གིས་བྱུག་པར་འདོད་ན་བགྲང་ཕྲེང་འཛིན་པའི་ཕྱག་ལ་མཆོད་དོ།། ཚངས་པའི་སྒྲ་དབྱངས་མཆོག་ཐམས་ཅད་མངོན་པར་འགྲུབ་པར་འདོད་ན་རིན་པོ་ཆེའི་དྲིལ་བུ་ཐོགས་པའི་ཕྱག་ལ་མཆོ་དོ།། ་ཚིག་གི་སྤོབས་པ་གྱ་ནོམ་པ་དང་ལྡན་པར་འདོད་ན་རིན་པོ་ཆེའི་ཕྱག་རྒྱ་ཐོགས་པའི་ཕྱག་ལ་མཆོ་དོ།། དགེ་བའི་ལྷ་རྣམས་དང་ཀླུ་རྣམས་རྟག་པར་འོངས་ཏེ་བསྲུང་ཞིང་ཡོངསུ་སྐྱོབ་པར་འདོད་ན་ལྕགས་ཀྱུ་ཐོགས་པའི ་ཕྱག་ལ་མཆོདདོ།། བྱམས་པ་དང་སྙིང་རྗེས་སེམས་ཅན་ཐམས་ཅད་སྐྱོབ་པར་འདོད་ན་འཁར་གསིལ་ཐོགས་པའི་ཕྱག་ལ་མཆོད་དོ།། སེམས་ཅན་ཐམས་ཅད་ཀྱིས་རྟག་པར་ཕོན་ཚུན་གུས་པར་བསྙེན་བཀུར་བརྩེ ་བར་སེམས་པར་འདོད་ན་ཐལ་མོ་སྦྱོར་བའི་ཕྱག་ལ་མཆོད་དོ།། སྐྱེ་བོའི་སྐྱེ་གནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་མི་བྲལ་བར་འདོད་ན་སྤྲུལ་པའི་སངས་རྒྱས་ཐོགས་པའི་ཕྱག་ལ་མཆོ་དོ།། སྐྱེ་བའི ་ཚེ་རབས་ཐམས་ཅད་དུ་རྟག་ཏུ་རྟོག་པར་དེ་བཞིན་གཤེགས་པའི་ཕོ་བྲང་དུ་གནས་ནས་མངལ་གྱི་སྙིང་པོར་སྐྱེ་བར་མི་འདོད་པར་གྱུར་ན་གཞལ་མེད་ཁང་ཐོགས་པའི་ཕྱག་ལ་མཆོད་དོ།། མང་དུ་ཐོས་པའི་ཤེས ་རབ་རྒྱ་ཆེན་པོ་དང་ལྡན་པར་འདོད་ན་རིན་པོ་ཆེའི་མདོ་སྡེའི་གླེགས་པར་ཐོགས་པའི་ཕྱག་ལ་མཆོད་དོ།། ད་ལྟར་གྱི་ལུས་འདི་ནས་སངས་རྒྱས་ཀྱི་སྐུ་ལ་ཐུགས་པའི་བར་དུ་རྟག་ཏུ་བྱང་ཆུབ་ཀྱི་སེམས་ལས་ལྡོག ་པར་མི་འགྱུར་བར་འདོད་ན་ཕྱིར་མི་ལྡོག་པའི་གསེར་གྱི་འཁོར་ལོ་ཐོགས་པའི་ཕྱག་ལ་མཆོདདོ།། མི་འཇིགས་པ་ལ་སོགས་པ་སྦྱིན་པ་རྣམ་པ་བཞིས་འགྲོ་བ་ཚིམ་པར་འདོད་ན་མཆོག་སྦྱིན་པའི་ཕྱག་ལ ་མཆོ་དོ།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མྱུར་དུ་གཤེགས་ནས་སྤྱི་བོ་ནས་ཕྱག་གིས་བྱུགས་ཏཱཾ་ལུང་བསྟན་པར་འདོད་ན་སྤྱི་བོ་ནས་སྤྲུལ་པའི་སངས་རྒྱས་ཐོགས་པའི་ཕྱག་ལ་མཆོདདོ།། ཤིང ་ཐོགས་དང་འབྲས་བུ་རྣམས་འགྲུབ་པར་འདོད་ན་རྒུན་འབྲུམ་ཐོགས་པའི་ཕྱག་ལ་མཆོདདོ།། དེ་ལྟར་མངོན་པར་སྒྲུབ་པའི་མཆོག་རྣམས་སྟོང་ཡོད་ཀྱང་།། དེ་མངོན་བསྡུས་ནས་བསྟན་པ་ཡི་ནོ།། ལུསོ་དྲང་པོར་སྲུང་སྟེ་སྙིང་ག ་ཐལ་མོ་སྦྱར་ནས་སོར་མོ་ཐམས་ཅད་ཕན་ཚུན་ཐད་ཀར་བསྣོལ་ལྔ་གཡོན་པའི་སོར་མོ་རྣམས་ཀྱིས་གཡས་པའི་སེར་མོ་རྣམས་ལུ་འཁྱུད་དེ་མཛུབ་མོ་གྱེན་དུ་བསྒྲེངས་ལ་རྩེ་མོ་གཉིས་སྒྲངོ་།། མཐེ་བོ་གཉིས་ཀྱི་ཚིགས་དང ་པོར་རིག་པར་བགྱི།། ལག་མཐིལ་ལ་མ་འབྱོར་བར་བགྱིའོ།། འདི་ནི་གཟུང་སྔགས་ཐམས་ཅད་ཀྱི་ཕྱག་རྒྱ་ཡི་ནོ།། བསྐལ་པ་དུ་མར་ཚེ་རབ་སུ་བསགས་པའི་ལས་ཀྱི་སྒྲིབ་པ་མི་དགེ་བ་རྣམས་བྱང་བར་འགྱུར་རོ།། ཚེ་ཕྱི་མ་ལ ་སངས་རྒྱས་ཀྱི་ཞིང་རྣམསུ་སྐྱེ་བར་འགྱུར།། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་བརྙེས་པར་མཛད་པའི་ཚེ་བདུད་ཐམས་ཅད་ཀྱི་མཐུས་བརྩམས་པས་ན་ཕྱག་རྒྱ་འདིས་བཏུལ་ཏེ། དེའི་ཚེ་ཞི་བ་དང་བདེ ་བ་དང་བསམ་གཏན་དང་སྙོམོས་པར་འཇུག་པ་ཡང་བརྙེས་པར་གྱུར་ཏོ།། དེའི་གསང་སྔགས་ནི་འདི་ཡིནོ། ཏདྱ་ཐཱ། སརྦ་དྷརྨཱ་མཎྜ་ལཱ་ཡེ་ཨེ་ཧྱེ་ཧ་སརྦ་ཤུདྡྷ་སཏྭཱ་ཡ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་པའི ་དཀྱིལ་འཁོར་གྱི་ཆོ་ག་བརྗོད་པར་བྱ་སྟེ། ཐོག་མར་རི་རྣམས་དང་ཉེ་བ་མ་གཞིས་གཅད་ཅིང་བཀྲ་ཤིས་པའི་ས་ཕྱོགས་བཙལ་བར་བགྱིའོ།། དེར་ས་བརྐོས་ཏེ་གསེག་མ་དང་གྱོ་མོ་དང་རུས་པ་དང་མི་གཙང་བ་རྣམས་བསལ ་ལ་དྲི་ཞིམ་པོ་དག་དང་བའི་ལྕི་བ་དང་འཇམ་པ་བསྲེས་ཏེ་བྱུག་པར་བྱ། དཀྱིལ་འཁོར་དཔངས་མཐོ་གང་གི་ཚད་དུ་སྒོ་བཞི་གདོད་དོ།། རིན་པོ་ཆེ་དུ་མས་སྤྲས་པའི་རྟ་བབས་དང་སྒོ་ཁྱུད་དང་བཅས་པ་ཚང་བར་བགྱིའོ།། ཤར ་གྱི་སྒོར་ནི་ཡུལ་འཁོར་སྲུང་།། ལྷོའི་སྒོར་ནི་འཕགས་སྐྱེས།། ནུབ་ཀྱི་སྒྲར་ནི་སྤྱན་མི་བཟང་།། བྱང་གི་སྒོར་ནི་རྣམ་ཐོས་སྲས།། དེ་དག་གཡས་གཡོན་དུ་རང་རང་གི་འཁོར་ཐམས་ཅད་དྲིའོ།། དཀྱིལ་འཁོར་གྱི་དབུསུ་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པ་གཞག་པར་བགྱིའོ།། དེའི་མདུན་དུ་སྒྲོལ་མ་དང་ཁྲེའུ་བཞག་སྟེ་ཁྲེའུའི་སྟེང་དུ་གཟུངས་སྔགས་འདི་གཞག་པར་བགྱིའོ།། གཡས་ཕྱོགསུ་ནི་དོན་ཡོད་པའི་ཞགས་པའོ།། རྒྱབ་ཏུ ་ནཱ་ནོར་བཟངསོ།། གཡོན་དུ་ནྱེ་རྟ་མགྲི་ན།། མཚམས་བཞིར་གོ་རིམས་ཇི་ལྟ་བ་བཞིན་དུ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱམས་པ་དང་། འཇམས་དཔལ་དང་། ཕྱག་ན་རྡོ་རྗེའོ།། དཀྱིལ་འཁོར་དེ་ལ་བདུག་པ་སྣ་ཚོགས ་ཀྱིས་བདུག་གོ། མེ་ཏོག་སྣ་ཚོགས་དགྲ་མ་མཆོད་པ་རྣམ་པ་སྣ་ཚོགས་གཞག་པར་བྱའོ།། སྒོག་པ་རྣམ་དགུ་དང་ཤ་ཆང་མི་དབབ་བོ།། ཞག་ཉི་ཤུ་རྩ་གཅིག་ཏུ་རྒྱུན་མི་ཆད་པར་མཆོད་པ་གསར་བ་རྣམས་བརྗེའོ།། བསྟོད ་པའི་དབྱངས་དང་རོལ་མོ་སྣ་ཚོགས་ཀྱིས་མཆོད་པར་བྱའོ།། དཀྱིལ་འཁོར་གྱི་མཐའ་མར་ནི་མཆོད་རྟེན་བདུན་བདུན་ལ་ཚོན་སྣ་ལྷའི་བ་དན་བཙུགས་ལ་གཞག་པར་བྱའོ།། དེའི་ཚེ་རྩ་བའི་སྔགས་སྟོང་བརྒྱ་རྩ ་བརྒྱད་བཟླས་བརྗོད་བགྱིའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་དང་ཀུན་དགའ་བོའི་གཟུགས་ཀྱིས་དེར་འོངས་ནི་ས་སྒྲུབ་པ་པོ་དེ་ལ་ཅི་འདོད་ཅེས་གཏམ་སྨྲ་བར་འགྱུར་རོ།། སྒྲུབ་པ་པོ་དེས་མཆོད ་པ་སྣ་ཚོགས་ཀྱིས་མཆོད་ལན་གདབ་པར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་གཟུངས་སྔགས་ཀྱི་རང་བཞིན་འཚ་ལོ་ཞེས་བརྗོད་པར་བགྱིའོ།། ཡང་འདི་སྐད་དུ་འདི་ནི་ལུ་ང་བསྟན་པའི་དུས ་ལགས་པ་སྙམ་བགྱིད་ན་ཐུགས་རྗེ་དང་ལྡན་པས་བདག་ལ་ངེས་པར་ཐུགས་རྗེ་ཆེན་པོ་བསྐྱེད་དུ་གསོལ།། བདག་ནི་ཅི་རྙེད་པ་དང་བཀུར་སྟི་དང་གྲགས་པ་མི་འཚལ་གྱི་ནམ་ཞིག་ན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན ་དུ་ལྟ་བ་དང་ཡོངསུ་སྐྱོབ་པར་འགྱུར་སྙམ་དུ་སེམསོ།། ཡང་འབྱུང་པོ་གཉུག་མར་གནས་པོ་ཐམས་ཅད་བདག་གིས་བསྒོ་བ་བཞིན་དུ་གནས་པར་གྱུར་ཅིག་སྙམ་དུ་སེམསོ་ཞེས་བརྗོད་པར་བགྱིའོ།། གལ་ཏེ་ཡིད་ལ་བསམས ་པ་འདི་ཐོབ་ཅིང་དངོས་གྲུབ་དེ་ཐོབ་ན་གཞན་ལ་མ་བརྗོད་པར་བདག་ཉིད་འཚལ་བར་བགྱིའོ།། གལ་ཏེ་ཆོས་འདི་གྲུབ་ན་བཟླས་པར་བགྱི་གཅིག་ཏུ་གཟུང་བར་བགྱིའོ།། འདི་ནི་བསླབ་པ་གཅིག་ཏུ་གསང་བའོ།། སུ་ཞིག་སྣ་ཚོགས ་འཚལ་བ་དེས་ཨ་ཀ་རུ་ནག་པོའི་ཆབ་ཀྱིས་དཀྱིལ་འཁོར་གྲུ་བཞི་པ་བགྱིས་ལ་རྩ་བའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ།། ཡིད་ལ་བསམས་པ་ཡོངསུ་རྫོག་བགྱིད་པ་ཕྱག་རྒྱ་བཅིང་བར་བགྱིའོ།། འོན ་ཀྱང་འཚལ་བ་ཡོངསུ་རྫོགས་པ་རྙེད་པར་འགྱུར་རོ།། དེའི་ཚེ་གླེགས་པ་མ་འདི་བཞིན་དུ་སེམས་ཤིང་སུ་ཞིག་འདི་བཞིན་དུ་མཆོད་པར་བགྱིད་ན་གཞན་དུ་མི་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་སངས་རྒྱས ་རྣམ་པར་གཟིགས་འཇིག་རྟེན་ཏུ་བྱོན་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱིས་བདུད་བཏུལ་བའི་ཚེ་ལུས་ལས་མིག་སྟོང་སྤྲུལ་ཏེ་མིག་རེ་རེ་ལས་སངས་རྒྱས་རེ་རེ་སྤྲུལ་ཏེ། དེ་དག་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང ་འབྱུང་ངོ་།། ལག་པ་སྟོང་ལས་ལག་རེ་རེ་ལས་འཁོར་ལྟོས་སྒྱུར་བའི་རྒྱལ་པོ་རཱི་རེ་སྤྲུལ་ཏེ་དེ་དག་ལ་ནི་འཁོར་ལོས་སྒྱུར་བའི་རྒྱ་ལ་པོ་སྦྱོང་འབྱུངངོ་།། བདུད་བཏུལ་བའི་ནང་ན་བྱང་ཆུབ་སེམས་དཔའི་ལུས་ནི་མཆོག། དེ་ནས ་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ་ཟབ་པ་དང་ཕྲ་བའི་རྫོག་ས་རིམ་ནི་བླ་མའི་མ་ན་ངག་ལས་ཤེས་པར་བྱའོ།། དེ་ནས་ཛ་ཧི་ཞེས་བརྗོད་པས་མདུན་གྱི་ན་མཁའ་ལ་གཤེགས་ལ་བསྟོད་པ་དང་མཆོད་པས་མཆོད་ལ། ་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཁོར་དང་བཅས་པ་དགོངསུ་གསོལ།། བདག་ཉིད་གཅིག་པུ་སྡུག་བསྔལ་ལས་ཐར་ནས་བདེ་བ་ལ་གནས་པར་འདོད་པ་མ་ལགས་ཀྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕྱག ་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཆེད་དུ་འཕགས་པ་སྒྲུབ་པ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱིན་གྱིས་བརླབས་དམྱ་པ་མཛད་དུ་གསོལ་ཞེས་བརྗོད་ལ།། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན ་ཀུན་མཛད།། རྗེ་སུ་མཐུན་པའི་དངོས་གྲུབ་གསོལ།། སངས་རྒྱས་ཡུ་ལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསོལ་ཞེས་བརྗོད་ལ།། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ ་སཏཥྛ་ཥེ་བྷག་ཀྱེ+ེ5ཥྛ། ཨ་ནུ་རཀ་ཏོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙྪ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧཾ་ཧ་ཧ་ཧོཿབྷ་གེ་བན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ། ཞེས་པ་ལ་ནཱི་བདུན་བརྗོད་ལ ་གཤེགསུ་གསོལ།། གཞན་ཡང་དམ་པའི་ཆོས་པདྨ་དཀར་པོ་ནས་གསུངས་པ། སྤྱན་རས་གཟིགས་ཀྱི་དབང་པོ་དྲན་པ་ཡིས།། ངན་སོང་སྡུག་བསྔལ་དབུལ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་འཚེ་བའི་སྡུག་བསྔལ་བ། ་ཀུན་ནས་ཐར་བར་སྤྱན་རས་གཟིགས་ཀྱིས་གསུངས།། གལ་ཏེ་གསོད་པས་མོ་ཡི་དོང་དུ་ཡང་།། གསད་པར་བྱ་བའི་ཕྱིར་ནཱི་བྱེར་བ་ཡིས།། སྤྱནྡ་རཱས་གཟིགས་ཀྱི་དབང་པོ་དྲན་ནས་ནི།། ཆུ་བཏབ་བཞིན་དུ་མེ་དག་ཞི ་བར་འགྱུར།། རྒྱ་མཚོ་དང་ནི་མྱ་ངན་རྒལ་ན་ཡང་།། སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ནས་ནི།། ཆུའི་ནང་དུ་ན་མོ་ཡང་མི་འཆིའོ།། རབ་ཏུ་སྡང་བའི་ཡིད་ཀྱིས་གསད་པའི་ཕྱིར། རི་རབ་ལྷུན་པོའི་རྩེ་ནས་བོར་ན་ཡང་།། སྤྱན་རས ་གཟིགས་ཀྱི་དབང་པོ་དྲན་ན་ནི།། ཉི་མ་ལྟ་བུར་བར་སྣང་གནས་པར་འགྱུར།། གལ་ཏེ་རྡོ་རྗེ་ཡི་ནི་རི་དགས་དང་། གསད་པའི་ཕྱིར་ནི་སྤྱི་བོར་འོངས་ན་ཡང་།། སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི།། བ་སྤུའི་ཁུང་ཙམ་གཙེས ་པར་མི་ནུསོ།། གསད་པའི་སེམས་ཀྱིས་ལག་ན་མཚན་ཐོགས་ཏེ།། དགྲ་ཚོགས་མང་པོས་ཀུན་ཏུ་བསྐོར་ན་ཡང་།། སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི།། དེ་མི་ཐག་ཏུ་བྱམས་པའི་སེམས་སུ་འགྱུར།། གལ་ཏེ་གསོད་པ ་ཉེ་བར་འོངས་ནསུ།། གཤེད་མའི་མིའི་དབང་དུ་གྱུར་ན་ཡང་།། སྤྱན་རིས་གཟིགས་ཀྱི་དབང་པོ་དྲན་ན་ནི།། དེ་ཡི་མཾ་ཚོ་ནུ་ཆ་དུམ་བུ་དུམ་བུར་འགྱུར།། སྔགས་དང་སྟོབས་དང་སྨན་དང་རིགས་སྔགས་དང་།། རོ་ལངས་པ་དང ་འབྱུང་པོ་ལུས་འཇིགས་པ།། སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི།། གང་ནས་རབ་ཏུ་བཏང་བ་དེ་སླར་འགྲོ། དྲི་མ་མེད་པ་དྲི་བྲེལ་བ་ཡི་འོད།། འོད་དཔག་མེད་པ་ཡེ་ཤེས་ཉི་མའི་འོད།། སྤྲིན་གྱིས་ཆོད་པ་མེད ་པར་གྱུར་བའི་འོད།། འཇིག་རྟེན་དག་ན་ལྷང་བྱེ་ལྷག་གེར་མཛེས།། འཕགས་པ་ལྷ་ཡིས་གསོལ་བ་ལེགས་བཏབ་ནས།། འཕགས་པ་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་བྱས།། མི་དབང་རྒྱལ་པོ་བདེ་སྤྱོད་འཁོར ་བཅས་རྣམས།། ཚེ་འདིར་འཇིག་རྟེན་མགོན་པོ་མཐོང་བར་ཤོག། སློབ་དཔོན་འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་ས་དྲུག་པའི་བྱང་ཆུབ་སེམས་དཔའ་ཡིན་ཡང ་ས་དང་པོའི་བྱང་ཆུབ་སེམས་དཔར་བྱིན་གྱིས་བརླབས་པ། དཔེར་ན་ངའི་ཉེ་གནས་ཀུན་དགའ་བོ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་ཡང་སོ་སོའི་སྐྱེ་བོར་བྱིན་བརླབས་པ་ལྟ་བུའོ།། ཞེས ་བཅོམ་ལྡན་འདས་ཀྱིས་ཀྱིས་གསུངས་པ་ལ།། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་གཤེགས་ཏེ། ས་བརྒྱད་པ་ལ་གནས་ནས་ལུས་གཉིས་སུ་བྱས་ཏེ། གཅིག་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད ་པ་ལ་མཆེད་པར་བྱེད། གཅིག་ནི་དགའ་ལྡན་དུ་བྱམས་པ་ལ་མདོ་འདི་ཉིད་ཀྱི་དོན་འདྲིའོ་ཞེས་གསུངས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས ་འོད་ཅེས་བྱ་བར་ལུང་བསྟན་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ ་སློང་རིན་ཆེན་བཟང་པོས་པ་སྒྱུར་བའོ།། ། ་