CLOSE WINDOW

GT156: bcom ldan 'das dpal 'khor lo bde mchog sgrub pa'i thabs rin po che yid bzhin gyi nor bu zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བྷ་ག་བཱན་ཙཀྲ་སུཾ་བ་ར་སཱ་དྷ་ནཱ་རཏྣ་ཙནྡྲ་མཱ་ཎི་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་སྒྲུབ་པའི་ཐབས་རིན་པོ་ཆེ་ཡིད་བཞིན་གྱི ་ནོར་བུ་ཞེས་བྱ་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། ཤྲཱི་ཆུ་རྒྱ་མཚོ་ཐ་དད་མེ་བཞིན་ཧེ་འདུས་མ་བྱས་ན་མཁའ་བཞིན།། རུ་ལྷའི་རྔ་ལྟར་གཙོ་འཁོར་ལོངས་སྤྱོད་ཀ། ནི་ཡིད་ནོར་ལྟར་དགོད་འདོད ་སྐོང་དང་རྣམ་པར་ཐར་ཞིང་དུས་གསུམ་བདུད་བཞི་རྟེན་འབྲེལ་བཅུ་གཉིས་བདེན་གཉིས་སོགས།། དེ་བཞིན་ཡེ་ཤེས་ལྔ་ཡཾ་བདག་ཉིད་བྷ་གར་ཞུགས་ལ་ཕྱག་འཚལོ།། བློ་ནོར་ལྡན་པས་གསོལ་བཏབ་པས།། འཁོར་ལོ་བདེ། ་མཆོག་སྒྲུབ་པའི་ཐབས།། ཇི་སྐད་གསུངས་པའི་དོན་བཞིན་དུ།། བདག་གིས་ལེགས་པར་བཤད་པར་བྱ།། རི་བོང་ཚང་ཚིང་སྨན་ལྗོངས་དང་།། ཆུ་བོ་ཆེན་པོའི་ངོགས་དག་དང་།། གདོད་ནས་གྲུབ་པའི་དུད་ཁྲོད་དུ།། དེར་ནི་དཀྱིལ ་འཁོར་བརྩམ་པར་བྱ།། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག། དག་བྱེད་སྡིག་པ་འཇིག་བྱེད་པ།། གསང་སྔགས་ཟློས་པའི་བཟླས་བརྗོད་དང་།། བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར།། མཆོད་བཞི་དཔའ་བོ་ཆེན་པོ་ནི།། ་ཡིད་ལ་འདོད་པ་བྱེད་པ་སྟེ།། རྒྱུད་འདི་རུ་ནི་དབང་བསྐུར་ན།། ཐམས་ཅད་ཀྱིས་ནི་སྒྲུབ་པོར་གསུངས།། བལྟས་དང་རྒོད་དང་ལག་འཛིན་དང་།། འཁྱུད་དང་གཉིས་སྤྲོད་ལ་སོགས་ལ།། དབང་བསྐུར་བར་ནི་གྱུར་པ་ཡིན།། རྒྱུད་རྣམས་ཀུན ་གྱི་དམ་པ་ཡིན།། ནང་པར་སྔར་ལངས་སེམས་བདག་ཉིད།། ལུས་གནས་བརྗོད་ཅིང་ལུས་ངག་བྱ།། རང་གི་ས་བོར་འོད་ཟེར་གྱིས།། བླ་མ་དང་ནི་དཀྱིལ་འཁོར་ལྷ།། སངས་རྒྱས་བྱང་ཆུབ་སེམས་སོགས་ཀུན།། ནམ ་མཁའ་ཀུན་གང་མདུན་ནས་བལྟ།། ལུས་སྣ་ཚོགས་ཀྱིས་ཕྱག་འཚལ་ཞིང་།། དེ་དག་འགྲོ་བའི་དོན་དུ་དབུལ།། ཧཱུཾ་གིས་འོད་ཟེར་ལས་བྱུང་བའི།། གཟུགས་མ་སྒྲ་མ་དྲི་རོ་མ།། རེག་མ་ཆོས་མ་ཞི་བ་མ།། དཀར་སྔོ་སེར་དམར་ལྗང་དཀར་མོ།། ་ཞལ་གཅིག་ཕྱག་བཞི་གཡོན་ཐོད་ཙྪ།། གཡས་རྣམས་མོ་ལོང་པི་ཝང་དང་།། དྲི་མཆོག་རོ་མཆོག་ན་བཟའ་དང་།། ཆོས་འབྱུང་དང་ནི་ཌ་མ་རུ།། ཨོཾ་ཨཱཿབཛྲ་ཨཱ་དཪྻེ་ཧཱུཾ། ཨོཾ་ཨཱཿབཛྲ་བི་ཎེ་ཧཱུཾ། ཨོཾ་ཨཱཿབཛྲ་གྷཎྜེ་ཧཱུཾ། ཨོཾ་ཨཱཿབཛྲ་རཱཾ་སེ་ཧཱུཾ། ་ཨོཾ་ཨཱཿབཛྲི་སྥརྱེ་ཧཱུཾ། ཨོཾ་ཨཱཿབཛྲ་དྷརྨེ་ཧཱུཾ། འོག་ནས་འཆང་བའི་ལྷ་མོ་ཡོས།། བདུད་རྩི་ལྔ་ཡིས་ལྷ་ཡིད་གང་།། སྙོམས་འཇུག་ལྷན་ཅིག་སྐྱེས་དགའ་ཡན།། ལྷ་མོ་རྣམས་དང་མཆོད་པས་དགྱེས།། སྡིག་པ་བཤགས་བསྡམས་རྫས ་ཡི་རང་།། དགེ་བ་ཡོངས་བསྔོ་སྐྱབས་འགྲོ་བྱ།། ཆོས་འཁོར་བསྐོར་བསྐུལ་བཞུགས་གསོལ་གདབ།། བྱང་ཆུབ་སྨོན་འཇུག་སེམས་བསྐྱེད་གཤེགས།། ཁྱད་འཕགས་བདེ་སྦྱོར་བྱམས་པ་སྟེ།། སྡུག་བསྔལ་རྒྱུ་བྲལ་སྙིང་རྗེ་ཆེ།། བདེ་བ་མི ་འབྲལ་འདོད་དགའ་བ།། ཉོན་མོངས་ཉེ་བྲལ་བཏང་སྙོམས་སོ།། ཆོས་སྐུ་ངོ་བོ་ཉིད་མེད་པ།། ཀུན་རྟོག་སྒྱུ་མ་ལྟ་བུར་ཤེས།། ཨེ་སྭ་བྷ་བ་ཤུདྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོཿཧཾ། ས་བོན་འོད་ཀྱིས་བརྟན་གཡོ་སྦྱངས།། ཐིག་ལེ་སྔགས་ཀྱིས ་དམིགས་པ་མེད།། ཨོཾ་ཤུ་ནྱ་དྷུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཆོས་ཀུན་རབ་ཏུ་གནས་མེད་པ།། འོད་གསལ་ན་མཁའ་དྲི་མ་མེང་།། ཡི་གེ་ཨེ་ལས་ཆོས་འབྱུང་སྟེ།། ཧཱུཾ་གྱུར་པད་ཆེན་ཕྱག་གཉིས་པ།། ཤར་སོགས་ལུགས་དང་མ ་མཐུན་དང་།། ལུགས་མཐུན་པ་ཡོན་མཛུབ་སཾ་གོལ་གཏོག། ཨོཾ་སུཾ་བྷཱུ་ནི་སུ་དྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བྱཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཁྭ་གདོངས་མ་སོགས ་ཕྱག་གཉིས་མ།། དམར་མོ་གཡོན་བརྐྱང་ཉི་མའི་གདན།། རང་འདྲ་སྟོང་ཕུར་གཡོན་པ་ན།། གཡས་པ་ཐོབ་ཐོགས་པའོ།། རྡོ་རྗེ་ར་བ་ས་གཞི་གུར།། བླ་རེ་མངའ་ཡི་དྲ་བ་བྱ།། ཨོཾ་བཛྲ་པྲཱ་ཀོ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་མང་ནི་བཛྲ་བྷ་བ་བཛྲ ་བནྡྷ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་དཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛྭཱ་ལ་ཏྲཾ་སཾ་ཏྲཾ་ཧཱུཾ་གྱུར་དོང་པོ་བརྒྱད་ནང་དུ།། བགེགས་རྣམས་བཅུག་ལ་ཕུར་བུ་གཟུགས།། ཨོཾ་གྷཿགྷཿགྷ་ཏ་ཡ་གྷཱ་ཏ་ཡ་སརྦྦ་དུཥྚོ་ན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ ་ཡ་སརྦྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀྵ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཧཱུཾ་ཕཊ། ཐོ་བས་བརྡུངས་ཏེ་ཕུར་པས་བཏབ།། བགེགས་རྣ་མས་རྫོགས་པའི་བྱང་ཆུབ ་འགྱུར། མོ་འོང་གྱུར་ལུས་འཕྲོས་ལ།། རྡོ་རྗེ་པདྨ་འཁོར་ལོ་མེ།། ཨཾ་བཛྲ་པཱ་ཀཱ་ར་ཧཱུཾ། ཨོཾ་བིཛྲ་ཐཱ་ཀཱ་ར་ནཱ། ཨོཾ་ཙ~ཾབ་པྲཱ་ཀཱ་ར་ཧཱུ~ཾ། ཨོཾ་བཛྲི་ཛྭ་ལ་ཨ་ར་ལརྦཱ་དྷཱ་དྷྲྀ་ནཱ། བ་ལང་གནས་དང་ལྟེང་ལྡིང་དང་།། ལྷག་མ་སྐམ་པོ་རྩི་ངན་ས། ་དུང་ཆེན་པ་ཡི་རང་བཞིན་བྱ།། ཡང་ན་དུ་སྦྲུལ་དག་གའོ།། ར་རབ་ཀྱི་སྟེང་སྣ་ཆགས་པདྨའི་ལྟ་བར་ཧཱུཾ་ཡོངས་སུ་གྱུར་པ་ལས།། རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་ཁང་པ་བརྩེགས་མ་གྲུ་བའི་པ ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། པི་ཝང་སོགས་ལྷ་སྟེགས་བུར་འཁོད།། རྒྱན་ཕྲེང་སོགས་པ་བདུན་གྱིས་བརྒྱན།། བ་དན་བཅུ་གཉིས་རླུང་བསྐྱོད་སྒྲ།། གནས་ཕྱོགས་ཤིང་ཞིང ་རླུང་སྦྱིན་དང་།། མཆོད་རྣལ་དུར་ཁྲོད་བརྒྱད་ཀྱིས་བཀོད།། ཁང་ནང་སྣ་ཚོགས་པད་འདབ་བརྒྱད།། མཐའ་མ་གྲི་གུག་ཕྲེང་འཁོར་གསུམ།། པད་སྟེང་འཛེགས་བྱེད་དུས་མཚན་བརྩེགས།། སྙིང་གར་ཉོན་མོའི་དབང་ཕྱུག་གདན། ་ཕྱོགས་འདབ་སྲོགས་སོང་སྙིང་རི་བོང་།། མཚམས་སྟེང་ཟླ་བུམ་ཐོད་བདུད་བརྩི།། རི་སྟེང་སྣ་ཚོགས་པདྨ་ཡི།། ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས།། དཀར་མ་བདག་པོ་རྣམ་གནོན་ཅིང་།། རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད།། ཉི་ཤུ་རྩ་བཞིས་ཕྱེད ་ལྡན་པའི།། དཔའ་བོ་རྣལ་འབྱོར་མ་ཚོགས་ཅན།། ཤྲཱི་ཧེ་རུ་ཀ་རྒྱལ་པོ་ཆེན་པོའོའི།། གོ་འཕང་མཆོག་ནི་བསྒོམ་པར་བྱ།། བཅོམ་ལྡན་འཁོར་ལོ་བདེ་མཆོག་ནི།། སྐུ་མདོག་སྔོན་པོ་ཞལ་བཞི་པ།། དྲུག་གཉིས་ཕྱག་གིས་རྣམ་པར ་བརྒྱན། གཡས་བརྐྱང་བ་ཡིས་གོམ་པས་བཞུགས།། རྩ་བོའི་ཞལ་ནི་མཐིང་ནག་འབར།། གཡོན་པ་པདྨོ་ར་གའི་མདོག། གཡས་པ་གསེར་དུ་འབར་བ་སྟེ།། སྟེང་ཞལ་མར་ཀེ་ཏར་འབར།། དམར་ཟླུམ་སྤྱན་གསུམ་མཆེ་བ་གཙིགས།། ་རལ་པ་ཐོར་ཚུགས་དར་དཔངས་ཅན།། ཐོད་པ་ལྔ་ཡིས་དབུ་ལ་བརྒྱན།། ཟླ་ཕྱེད་སྣ་ཚོགས་རྡོ་རྗེ་མཛེས།། དུས་མིན་འཆི་བ་ལས་རྒྱལ་བ།། ཡན་ལག་ཁ་ཊྭཱཾ་ག་དང་སྦྱར།། ཐོང་པའི་མཆོད་ཡོམ་སྣོང་དུ་ནི།། ཞལ་དུ་མཚན་ཚངས་པར་སྦྱར།། ་ལང་ཚོ་གཞོན་པ་འགྱིང་བག་ཅན།། སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་།། དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན།། སྒེག་པ་ལ་སོགས་ཉམས་དགུ་ལྡན།། སྟག་གི་སྤགས་པའི་ཤམ་ཐབས་ཅན།། ཕྱག་རྒྱ་དྲུག་གོས་རབ་ཏུ་མཛེས།། མགོ ་ཕྲེང་ངོ་ཤལ་ཆེན་པོ་ཅན།། སྟེང་ནས་གདུགས་དཀར་ལེགས་པར་འཛིན།། དེ་མདུན་གནས་པའི་ལྷ་མོ་ནི།། རྡོ་རྗེ་ཕག་མོ་རབ་འཇིགས་མ།། ཧེ་རུ་ཀ་དཔལ་ཕྱོགས་བྱས་ནས།། སྤྱན་གསུམ་དྲག་མོའི་གཟུགས་ཅན་མ།། ཀ་པཱ་ལ་ནི ་ཨནྡྲས་བཀང་།། ཁ་ནས་རུ་ཏཱི་ར་འཛག་ཅིང་།། ལྷ་དང་ལྷ་མོན་མིར་བཅས་པ།། ཕྱོགས་ཀུན་དུ་ནི་སྡིགས་མཛུབ་བྱེད།། སྐུ་མདོག་དམར་མོ་ཆེར་འབར་མ།། ཞལ་གཅོག་མ་ལ་ཕྱག་གཉིས་མ།། ཕྱག་གཡོན་ཐོང་ཁྲག་ཐབས་ལ་འཁྱུད། ་གཡས་པ་རྡོ་རྗེ་གྲི་གུག་འཛིན།། སྐྲ་གྲོལ་རྣམ་མཛེས་རྐྱེན་ལྔ་ལྡན།། སྒེག་ཅིང་ནཱ་མ་འབུར་ལ་མཁྲང་།། གཡོན་བརྐྱ་འགོམ་པ་ཐབས་དང་སྦྱར།། གཡས་པ་ཡབ་ཀྱི་བརླ་སྟེང་འཁྱུང་།། ཐུག་ཀར་ཤེས་རབ་རབ་འགྱུར་ཉུང་།། སྣ་ཚོགས ་པདྨ་ཉིད་རྡོར་ཧཱུཾ།། སྐུ་གསུང་ཐུགས་རྡོ་རྗེར་བྱིན་བརླབ།། གསུམ་གསུམ་དེ་ནི་ཡི་གེ་གསུམ།། གང་དག་རབ་སྒྲུབ་བྱེང་པའི་སྔགས།། དེ་ཡི་དབྱེ་བ་རིམ་བཞིན་བཤད། ཕན་ཚུན་བརྒྱུས་པའི་གསང་སྔགས་ནི།། ཡུལ་ཉིད་ཀྱི ་ན་པྱེ་བྱཱའོ།། ཁ་སྦྱར་སྦྱར་བར་གྱུར་པ་དང་།། རྡོ་རྗེ་ལུ་གུ་རྒྱང་བཅིངས་པབྱའོ།། ལ་སྡེ་བརྒྱད་པའི་ས་བོནྡྷ་དང་།། དེ་བཞིནྱ་གྲགྷཱ་སྐྱེད་བཅུ་གཉིས་ཀྱི།། ཡི་གེ་བར་མ་དོར་བྱས་ལ།། ཡན་ལག་དྲུགྷ་ཧེ་རུ་ཀར་བརྗོད།། ་ཡི་གེ་རེ་རེས་ཡང་དག་གནས།། ཨོཾ་ན་མཱ་སྭཱ་ཧཱུ~ཾ་བཾ་ཥོཊ། ཧཱུ~ཾ་ཧཱུ~ཾ་ཕཊ་དང་ཡང་དག་ལྡན།། ཕཊ་ཧཱུཾ་ཧྲཾ་ཧྲིཾ་ཧཱུ~ཾ་ཨ~ཾ་རྣམས། ཡི་གེ་བཾ་དང་ཡོཾ་དང་ནི།། ཡི་གེ་མོ་དང་ཉིད་དང་།། ཧཱུཾ་དང་ཕཊ་ཅེས་སྦྱར་བ་ནི།། རྣལ་འབྱོར་མ་ནི་དྲུག་ཏུ་བཤད།། ཐབས ་དང་ཤེས་རབ་གོ་ཆ་ཡིན།། མཁའ་འགྲོ་མ་ནི་རི་རི་ཡང་།། བྱེ་བ་གྲངས་མེད་པ་ཡིས་བསྐོར།། མཁའ་འགྲོ་མ་དང་ལཱ་མ་དང་།། དུམ་སྐྱེས་མ་དང་གཟུགས་ཅན་མ།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་མོ།། པདྨའི་ཕྱོགས་ཀྱི་གནས་ལ་དགོད།། སྔོན་མོ ་ལྗང་གུ་དམར་མོ་སེར།། ཞལ་གཅིག་སྐྲ་གྲོལ་ཕྱག་བཞི་མ།། གཡོན་པ་ཐོད་པ་ཁ་ཊྭཱཾ་ག། གཡས་པ་གྲི་གུག་ཌ་མ་རུ།། སྤྱན་གསུམ་ལང་ཚོ་གཞོན་ནུ་རྒྱས།། ཁྲོ་མོ་རལ་པ་མཆེ་བ་གཙིགས།། དེ་ནས་གཞན་ཡང་ལུས་དྲན་པ་ཉེ་བར་གཞིག་པ ་མཁའ་འགྲོ་མ།། ཚོར་བ་དྲན་པ་ཉེ་བར་གཞག་པ་ལཱ་མ།། ཆོས་དྲན་པ་ཉེ་བར་གཞག་པ་དུམ་སྐྱེས་མ། སེམས་དྲན་པ་ཉེ་བར་གཞག་པ་གཟུག་མ་ཅན་མ།། ཡང་དག་པིའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀ་རྡོ་རྗེའོ།། སྙིང་ག་རི་ཧཱུཾ་གི་འོད་ཟེར་གྱིས།། ཡེ ་ཤེས་དཀྱིལ་འཁོར་དབང་བསྐུར་ལྷ།། ཕྱི་གསང་མཆོད་པའི་ལྷ་མོ་རྣམས།། སྤྱན་དྲང་བགེགས་བསྐྲད་མཆོད་ཡོན་དབུལ།། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བས། དགུག་དང་བཞུག་དང་བཅིང་དང་མཉེས།། དེ་བཞིན་གཤེགས་པ ་ཐམས་ཅད་བདགུ་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པ་དང་།། དེ་བཞིན་གཤེགས་པ་རྣམས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཁུ་བས་གང་བས།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་དབང་བསྐུར་བ་དང་། ་དཀྱིལ་འཁོར་གཙོ་ལ་རྡོ་རྗེ་སེམས་དཔའི་རྒྱ།། རྡོ་རྗེ་རྣལ་འབྱོར་མ་ལ་མི་བསྐྱོད་པ།། མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ།། རྟག་པ་དོན་གྲུབ་དཔག་མེང་རིན་ཆེན་འབྱུང་།། ལྷ་མོ་དྲུག་དང་བཞི་རྣམས་ཀྱིས།། ཕྱི་དང་གསང་བས་ཡང ་ངག་མཆོད།། དཀྱིལ་འཁོར་ལྷ་རྣམས་ལེགས་བསྟོད་ནས།། རང་རང་གནས་སུ་ཡིད་ཀྱིས་གཤེགས།། དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་།། སྔགས་ཀྱི་དགོད་པར་རབ་ཏུ་གྲགས།། མྱུར་དུ་དངོས་གྲུབ་བྱེད་པར་ནི།། ཕྱག་རྒྱའི་མཆོད་འད ་ཐེ་ཚོམ་མེད།། མཚན་མ་གཉིས་ལ་སྔགས་སྦྱོར་ཏེ།། མཁའ་འགྲོ་དཔའ་མོ་གཉིས་མེད་པ།། སྙིང་པོ་སྔགས་ཀྱིས་དེ་བཞིན་དུ།། སྔགས་པས་མཁའ་འགྲོ་མ་ལ་སྦྱོར།། ཨོཾ་ཤྲཱི་མ་ཧཱུ~ཾ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀི་ཨཱཿཧཱུ~ཾ་ཧཱུཾ་ཕཊ། ལྷན་ཅིག། ་སྐྱེས་པའི་དགའ་བ་ཡིས།། དཀྱིལ་འཁོར་བར་བཅས་མཉེས་པར་བྱ།། ཕྱི་རོལ་ཤིན་ཏུ་དགའ་བྱ་ལའང་།། པད་རྡོར་བྱིན་རླབས་འདི་དག་བྱུང་།། མདུན་དུ་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུར་སྣང་སྔོན་པོ་མཐའ་གཉིས་པ་དོན་ལྡན། ་དེ་སྟེངས་ཡི་གེ་རཾ་ལས་མེ་དཀྱིལ་འཁོར།། ཟུར་གསུམ་ཉིད་ལས་དམར་པོ་འབར་བས་མཚན།། དེ་སྟེང་ཨ་ལས་པདྨའི་སྣོད།། དུམ་བུ་གཅིག་པ་ནང་དམར་པོ།། ཧཱུཾ་ཨཾ་ཁཱི་ཧཱུཾ་ཨ~ཾ་ཁཱཾ་ཨཾ་ཏྲཾ། དྲི་ཆུ་དྲི་ཆེན་ཤ་ཆེན་པོ།། བྱང་ཆུབ་སེམས་རང ་འབྱུང་མེ་ཏོག། ལཱཾ་མཱཾ་པཱཾ་ཏཱཾ། བ་ལང་ཁྱི་དང་གླང་པོ་ཆེ།། རྟ་སྨྱོན་ཀུན་ལས་བོན་ལྡན།། རླུང་གིས་མེ་སྦར་བདུད་རྩི་དམར་པོར་ཞུ། ཧཱུཾ་དཀར་ཁ་ཊྭཱཾ་དཀར་ལ་བསིལ།། ཨ་ལི་ཀཱ་ལི་ཐོག་མཐའ་ལྡན་བརྗོད་པས།། ཁ་དོག་སྣ ་ཆགས་བདུད་རྩིའི་སྟེང་དུ་འཁོད་།། ཡོངས་གྱུར་ཨཾ་ཨཱ་དྷི་ཧཱུ~ཾ་གསུམ་པོ་གོང་ནས་གོང་།། འོད་ཟེར་ཚིགས་འབྲོས་ན་མཁའིའ་མཐས་ཀླས་པའི།། བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་བདུད་རྩི་བཀུག། ཡིག་གསུམ་ལ་ཐིམ་གསུམ་ཐིམ་དེས་བྱིན་བརླག། ་བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་ལྕི།། ཡ~ཾ་གེ་བྷྲཱུཾ་བྷྲིང་རྡོ་རྗེ་རྩེ་གསུམ་པ།། དཀར་པོ་ནས་འབྲུ་ཙམ་བཀོད་སྦུ་གུས་དྲུ་ངས།། བདུད་རྩི་གསོལ་པས་ལྷ་ཚོགས་ཚིམ་པར་ལྔ།། རིག་སྔགས་བཟླས་བརྗོད་བྱ་སྟེ་རྡོ་རྗེའི་བཟླས་པ་དང་།། བཟླས ་བརྗོད་བྱེ་བའི་སྔགས་ཀྱིས་ཡི་གེ་གང་དག་ཡིན་པ་རྣམས།། རབ་མི་ཐུགས་སྡེའི་ས་བོན་ལས།། འོགྲོ་ནས་འབྱུང་བ་རང་གི་རྡོ་རྗེའི་རྩེ་མོ་ལས་ཕྱུག་རྒྱའི་བྷ་གར་བརྟན་ནས།། ཤཱདྨ་ལྷ་མོའི་ཞལ་ནས་རང་གི་ཞལ་དུ་ཞུགས་པ་རང་གིས ་ཞུགས་པར་བལྟ་ཞིང་།། ཞལ་ཐམས་ཅད་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཀྱང་ཟློས་པར་བསྒོམ་པར་བྱ་སྟེ།། ཁྲོ་བའི་བཟླས་པ་ཡང་བྱའོ།། རིམ་པ་འདིས་བཟླས་བརྗོད་ཀྱི་ཉེས་པ་དང་བྲལ་བས་སེམས་མཉམ་པར་གཞག་པ་རྫ་སྲིད ་བར་མ་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ།། བཟླས་བརྗོད་ཀྱི་གསང་སྔགས་ནི་འདི་དག་ཡིན་ཏེ།། ཨོཾ་བཛྲ་ཧེ་ཧོ་རུ་རུ་ཀཾ་ཧུ~ཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་ས~ཾ་བ་ར་སྭཱ་ཧཱ། ཨཾ་ཧྲཱིཿཧྲཱི་ཧཱ་ཧྲཾ་ཧཱུཾ་ཕཊ་ལྷའི་སྙིང་པོ་དང་ཉེ་བའི་སྙིང་པོའོ།། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ལི་བཛྲ ་ནཱི་ཡ་སུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བ་རྦནྡྷ་ནཱ་ཡེ་ཙུཧཱུཾ་བཛྲ་སཱཏྨ། ལྷྭ་མའི་སྙིང་པོ་དང་ཉེ་བའི་སྣང་བའོ།། ཨ་ཌཱ་ཀནྡྷ་ཡ་ཧཱུཾ་བྷཱུ་ཕཊ། ཨ་ལཱ་མ་ཤྩ་ཧཱུཾ་ཕཊ། ཨཱུ་ཁཱ་ར་ཧ་ཧུཧཱུཾ་ཕཊ། ཨ་རུ་བཎྜ་མ་བུཿཕྱན། དཔའ་མོ་རྣམས་ཀྱི་སྔགས།། ཨོཾ་ནམ་བྷ་ག་པ་ཏེ་ཝཱ་ར་ཉྫ ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལ་བཱགྣི་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊ་མ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པཾཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛྙེ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་ར་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱགྷྲ་ཛི ་ནཱཾ་བར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུམྦྷནྟ་ཀ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། མཆོད་པའི་སྔགསོ།། ཀེ་ར་ཀ་ར་ཀུ་རུ་ཀུ་རུ་བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧཾ་ཧ~ཾ་ཧྲཿཧྲཿཕེཾཿཕེཾཿཕཊ་ཕཊ་ད་ཧ་ད་ཧ། པ་ཙ་པ་ཙཾ། བྷཀྵ་བྷཀྵ་པ་ས་རུ ་དྷིདྷནྟཱ་མཱ་ལཱ་བ་ལིཾ་བི་ནྱཾ། གྲྀཧྞ་བྲྀསྟཱི་གྲྀབྷཾ་བཱ་ཏཱ་ལ་ག་ཏཱཥྚུ་གཾ་སརྦ་སྠཱ་ཏཿཡ་ཏརྫྫ་ཡ། ཨཱུ་ཀཱནྡྷ་ཨཱ་ཀརྡྷཱ། ཛྲྀདྷྲྀ་ཛྙཱཾ། ཌྷཾཥྐཾ། ཧྲཱིཾ་ཧཱཾ། ཧཱུཾ་ཧྲཱི་དྷྭཾ་དྦྷྱཱཾ། སཾ་ཝི་ཀི་ལི། སི་མཾ་སི་ལི། ཧི་ལཾ་ཧི་ལི། དྷི་ལི་དྷྭཾ་ལཾ། ཧུཾཏྲཱུཾ་ཕཊ། རྩ་བོའི་སྔག་སོ།། ་གང་ཚེ་བཟླས་པས་སྐྱོ་བར་གྱུར་པ་ན།། ས་བོན་འོད་ཀྱིས་ཤེས་རབ་བདག་པོ་དང་།། འཁོར་ལོ་པ་དང་ཁོང་པ་བརྩེགས་མ་རྣམས།། སྣང་བར་བྱས་ཏེ་འོང་གྱུར་རིམ་བཞིན་བསྡུ།། ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ནི།། ཞལ་གཅིག ་ཕྱག་གཉིས་གཡས་བརྐྱང་གོམ་པས་གནས།། ལང་ཚོ་གཞོན་པ་འགྱིང་བག་མཚན་དང་ལྡན།། ཕྱག་རྒྱ་དྲུག་ལྡན་དྲིལ་བུ་འཆང་།། དེ་ནས་ཡོངས་སུ་བསྔོ་བ་དང་སྨོན་ལམ་གདབ་པ་དང་། ཡི་གེ་བརྒྱ་པ་བརྗོད་པ་ཡང་བྱས་ལ་ལྷའི ་རྒྱལ་གྱིས་གནས་པར་བྱའོ།། གུ་དང་ཕྱི་དྲོའི་ཐུན་མཚམས་སུ།། བསམ་གཏན་ཁང་པར་སྟན་བདེར་འདུག། བདག་ཉིད་འོད་ཟེར་དུ་གྱུར་པ།། ཧཱུཾ་དུ་གྱུར་ཏེ་ཡེངས་གྱུར་ལས།། བཅོམ་ལྡན་འཁོར་ལོ་བདེ་མཆོག ་གི། དཀྱིལ་འཁོར་འཁོར་ལོ་ལྟ་ལྔ་ཡི།། ཁང་རྩིགས་རིན་ཆེན་ཚོགས་ལས་གྲུབ།། དུར་ཁྲོད་བརྒྱད་བསྐོར་གསལ་དམིགས་ནས།། དབང་བསྒྱུར་བ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱའོ།། ཐུན་ཐ་མེ་ལ་ནི་སྔར་བསྟན་པའི་ཆོ་ག་ཐམས་ཅད་སྤྱད ་ལ། བཟླས་བརྗོད་ཀྱི་རྗེས་ལ་ཧཱུ~ཾ་གི་འོད་ཟེར་གྱིས་ཐམས་ཅད་འོང་དུ་གྱུར་པ་དཀྱིལ་འཁོར་བདག་པོ་ལ་བསྡུས་ལ།། དཀྱིལ་འཁོར་གཙོ་བོ་དང་བཅས་པ་ཕྱག་རྒྱ་དང་བཅས་པ་ཡང་འོང་དུ་གྱུར་པ་སྙིང་གིའི་ཤེས་རབ་རབ་གྱུར་ཡབ་ཡུམ་ལོ།། ་དེ་ཡང་སྙིང་གཱའི་ཉི་བཅས་ཧཱུཾ། ཉི་མ་ཨུ་དུ་མགོ་ཟླ་ཚེས།། ཐིག་ལཾ་ནཱ་ངའི་བར་བསྡུས་ལ།། དེར་ཡང་དམིགས་མེད་གཉིས་ལ་འཇུག། ནང་པར་གྱིས་དུས་སུ་རྡོ་རྗེ་རྣལ་འབྱོར་མ་ཡིས་གླུས་བསྐུལ་བས་སད་པར་མོས་པར་བྱས་ལ། ཆོ་ག ་ཐམས་ཅད་ཉི་མ་སྔ་མ་བཞིན་དུ་བྱའོ།། དེ་ལྟར་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་བསྒོམ་པས་སེམས་བརྟན་པར་གྱུར་པ་དང་། རྫོགས་པའི་རིམ་པའི་ཏིང་འཛིན་བསྒོམ་པར་བྱའོ།། རྣལ་འབྱོར་པ་རྣམས་འབོ་ཚེ་དཔལ། ་ཁྲག་འཐུང་སོགས་པ་རྣལ་འབྱོར་པ།། མེ་ཏོག་སྣ་ཚོགས་ལག་ན་ཐོགས།། རྒྱལ་མཚན་པ་ངན་སྣ་ཚོགས་དང་།། རོལ་མོའི་སྒྲ་ནི་སྣ་ཚོགས་དང་།། གླུ་ཡི་མཆོད་པ་སྣ་ཚོགས་མྱོས།། མཁའ་སྤྱོད་གནོས་སུ་ཁྲིད་པར་བྱེད།། འཆི་བ་ཞེས ་འདི་རྣམ་རྟོག་ཡིན།། དམ་ཚིག་ལྡན་ཞིང་བླ་མ་ལ་གུས་དང་།། བསྒོམ་བསྒྲུབ་བརྩོན་ལ་དངོས་གྲུབ་ཐམས་ཅད་འབྱུང་།། ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་།། དཔལ་དང་གཟི་བརྗོད་དབང་ཕྱུག་ལས་རྣམས་འགྲུབ།། ་བསྟན་བཅོས་ཐམས་ཅད་ལ་མཁས་རྩོད་པ་ཆེན་པོར་འགྱུར།། རྡོ་རྗེ་འཆང་ཆེན་པོ་ཉིད་མྱུར་དུ་ཐོབ་པར་འགྱུརརོ།། བཅོམ་ལྡན་འཁོར་ལོ་བདེ་མཆོག་གོ། སྒྲུབ་ཐབས་ཚུལ་བཞིན་བྱས་པ་ལས།། དགེ་བ་ཐོབ་པ་གང་ཡིན་དེས།། འགྲོ ་ཀུན་རྡོར་འཛིན་རྒྱལ་གྱུར་ཅིག། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རིན་པོ་ཆེ་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ།། ་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག།། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟྟི་དང་། བོད་ཀྱི་ལོ་ཙ་བ་མཁོས་པ་མར་པ་ཆེས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་