| Wylie | e-texts produced with BDRC’s OCR application |
ན་མོ་ལོ་ཀེ་ཤྭ་རཱ་ཡ།། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ།། རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ལྟར་མཛེས།། ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབརུ་བཞིན།། ་དཔའ་བོ་འོད་ཟེར་སྟོང་འབར་ལྷམེ་མཱ་ག། སྨད་པ་གསུམ་གྱིས་མཁན་སྟོན་པར་གྲགས། ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ།། བྱམས་མགོན་ཐུགས་རྗེའི་ལྷ་ཁྱེད་བདག་ལ་དགོངས།། བདག་ནི་ཐོགས་མ་མེད་པའི་དུས ་མཐའ་ནས།། ལམ་ལོག་ལམ་གཏོར་སྲིད་པའི་འཁོར་བར་འཁྱམས།། སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས།། སྡིག་པའི་ལས་རྣམས་ཅི་བྱས་རང་གནོད་འགྱོང་།། དྲར་ཞིང་དྲག་པའི་ལས་དེ་དབང་བཙན་པས།། འཁོར་བའི་སྡུག་བསྔལ ་རྒྱ་མཚོར་བྱིང་གྱུར་ཏེ།། ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་བསྒྲེགས།། གཏི་མུག་མུན་པོའི་ཚོགས་ཀྱིས་ཤེས་རྒྱུད་རྨོངས།། འདིད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱེང་།། ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན།། པྲིག་དོག ་རླུང་དམར་ཆུབ་མས་འཁོར་བར་གཡེངས།། བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས།། འདོད་པ་མེ་མདག་དོང་འདྲའི་འོབ་སུ་ལྷུང་།། སྡུག་བསྔལ་དྲག་པོའི་འདོམ་རྫབ་ཆར་ལྟར་བབ།། མེ་ཁམས་ཉི་མའི་གདུགས་ནི་སྟེང ་ནས་ཆ།། ཆུ་ཁམས་ས་ཡི་རླན་ནི་འོག་ནས་གྲང་།། ཕྱི་ཡི་སེར་བུའི་ངང་ནི་ཐད་ནས་ཚ།། ཀུན་ནས་འཁྲུགས་པའི་རླུང་ནི་ཁོང་ནས་ལྡང་།། དེ་ལྟའི་སྡིག་བསྔལ་ཤིན་ཏུ་བཟོད་དཀའ་ཡང་།། སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང་། ་སྡུག་བསྔལ་ཀུན་དང་བསྡོམས་ནས་སྡོམ་བསྲུང་ཞིང་།། མོས་པའི་དད་པས་འཕགས་མཆོག་མི་འདོར་ན།། འཕགས་མཆོག་འགྲོ་དོན་མི་མཛད་ཅི་ཞིག་དགོངས།། བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ།། ་བདག་འདྲའི་བླུན་རྨོ་ངས་ལས་ངན་སྡིག་པོ་ཆེ།། ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས།། སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆང་།། ཡིད་ཆད་འགྱོད་ཀྱང་ལས་དབང་བཅོ་སུ་མེད།། ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ།། ་ལས་དབང་ཆུ་རྒྱུན་ཟློག་པར་ཤིན་ཏུ་དཀའ།། བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས།། ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང་།། སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས།། རྣམ་ཤེས་དབང་པོ་འི་མྱུ་གུ ་གདུངས་གྱུར་ཏོ།། ཕུང་པོ་སྒྱུ་མའི་ལུས་འདིས་མི་བཟོད་ན།། བྱམས་མགོན་ཐུགས་རྗེ་ཅན་གྱིས་དགོངས་ལགས་སམ།། ཉི་ལྟར་འོད་གསལ་ཟླ་ལྟར་མདེངས་གསལ་བའི།། ཐུགས་རྗེའི་ཞལ་ཉིད་བལྟ་བར་འཚལ་ལགས་ན།། ཐོག ་མ་མེད་ནས་མ་རིག་ལིང་ཏོག་གིས།། ལྗོངས་པའི་ཆུ་བུ་རཾ་མིག་གིས་མ་མཐོང་ན།། འགྲོ་བའི་མགོན་ཁྱོད་དུ་ལྟ་ག་ན་བཞུགས།། སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟོད་པ། ཤིན་ཏུ་སྐྲག་ཅིང་སྐྱི་གཡའུ་རབ་འཇིགས་ནས། ་དུང་དུང་གདུངས་པའི་སྨྲེ་སྔགས་འདི་འདོན་ཅིང་།། ཉམ་ཐག་འཕོངས་པའི་ང་རོས་འོ་དོད་འབོད།། བྱམས་མགོ་ནི་ཐུགས་རྗེ་ཅན་གྱིསི་གས་ནི་ལགས་སམ།། ནམ་ཞིག་འཆི་འཕོ་ལུས་སེམས་པ་རྗེ་བའི་ཚེ།། གཉེན་བཤེས་གྲོག ་དང་ཕྲལ་ཏེ་གཤིན་རྗེས་ཁྲིད།། དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ།། ལུས་ཀྱི་དབང་གིས་བདག་རང་ཅིག་པུར་ཁྲིད།། དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན།། བྱམས་མགོན་ཁྱེད་ཀྱིས་འཁོར་བར་བདག་གཏོང་ངམ།། ལཱ ་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ།། ཐོག་མ་མེད་པའི་དུས་ནས་ལམ་ལོག་པས།། ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ།། བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ།། སྔོན་ཆད་ལུས་བླ་མངས་ཡང་ཞིག་གྱུར་ཏེ།། ཤ་རུས ་བསགས་ན་འཇིག་རྟེན་གཏོས་དང་མཉམ།། རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ།། ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་།། ཁམས་གསུམ་བགྲང་ཞིང་སྒྲི་བ་མང་བརྒྱུད་ཀྱང་།། བྱས་པའི་ལས་རྣམས་དོན ་མེད་ཆུད་རེ་ཟོས།། སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ།། སྐྱེ་བ་གཅིག་ཅིག་ཁོ་ན་ཙམ་གྱི་ལས།། བླ་མེད་བྱང་ཆུབ་དོན་དུ་རབ་འབད་ནི།། དེ་ཙམ་བྱས་པའི་ལས་ལའང་དོན་རེ་ཡོད།། ལས་ནི་དབང་བཙན་ཉོན་མོངས་སྟོབས་ཆེ་བ། ་ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས།། སྡུག་བསྔལ་དྲག་པོའི་སྲིད་པའི་བཙོན་རར་ཆུད།། མི་བཟོད་སྡུག་བསྔལ་དྲག་པོ་འདི་མྱོང་ན།། ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་།། བྱམས་མགོན ་ཐུགས་རྗེ་ཅན་གྱིས་ཕོད་ལགས་སམ།། ཐུགས་རྗེ་ཆེན་པོས་ངན་སོང་རྒྱུན་བཅད་དེ།། ཉོན་མོངས་ལས་ཀྱི་རླུང་ནི་ཟློག་ཏུ་གསོལ།། ཉོན་མོངས་ལས་ཀྱི་རླུང་ནི་དབང་བཙན་ནས།། མ་རིག་མུན་པའི་གླིང་དུ་གཏན་འཁྱམས་ན།། ་ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ།། ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན།། ཐུགས་རྗེ་ཅན་ཁྱོད་ཕྲིན་ལས་མི་མཛད་དམ།། དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལག་ན།། ཐུགས་རྗེས་ཐབས ་མཁས་སྨན་གྱིས་མི་གསོ་འམ།། ཕྱིན་ཅི་ལོག་གི་གཡང་སར་ལྷང་ལགས་ན།། ཐུགས་རྗེས་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ།། སྡུག་བསྔལ་དྲག་པོའི་ལས་དབང་མེ་འབར་ན།། ཐུགས་རྗེས་བསིལ་བའི་ཆུ་རྒྱུན་མི་འབེབས ་སམ། སྡིག་བསྔལ་ཆེན་པོས་མནར་རོ་ར་མདའ་མཛོད།། རེ་སྲས་བསླུ་བར་མ་མཛད་སྤྱན་རསཽ་གཟིགས།། གང་ལ་གང་འདུལ་འགྲོ་བའི་དོན་མཛདེ་པར།། ཞལ་བཞེས་མང་པོའི་དམ་བཙམ་མཛད་དམ།། མཐོང་ཐོས་དྲན་རེག་འབྱུང ་བར་མ་གསུངས་སམ།། སྙིགས་མའི་དུས་ཀྱི་ངན་སྤྱོད་མ་གཟིགས་སམ།། ངན་སོང་རྒྱོ་འབྲས་བསྒྲུབ་པ་མཾ་གཟིགས་སམ།། སྡུག་བསྔལ་སྦ་ཀློང་འཁྲུགས་པ་མ་མཁྱེན་ནཱ་མ།། ནུས་མཐུ་དཔག་མེད་མངའ་བ་མ་ལགས་སམ།། བྱམ། ་མགོན་འགྲོ་དོན་མཛད་པ་འཕྱིས་པ་ཙམ།། ཁམས་གསུམ་འཁོར་བའི་གནསུ་སྦྱངས་སྦྱངས་ནས།། ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ།། འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས།། སེམས་ཅན ་ལས་འཕྲོ་རང་སར་བཞག་ན་ནོ།། འཕགས་པའི་ཐུགས་རྗེས་ལ་ཅི་ཞིག་བགྱི།། ཐུགས་རྗེས་འགྲོ་རྣམས་སྒྲོལ་བར་ཞལ་བཞེས་པའི།། དམ་བཅས་དོན་དེ་དེ་རིང་དགོངསུ་གསོལ།། འཕགས་མཆོག་ཁྱེད་ལ་ཐུགས་རྗེའི ་སྟོབས་མངའ་ན།། ཡལ་ཡོལ་ལེ་ལོ་བཏང་སྙོམས་མ་མཛད་པར།། སྙིང་ནས་གཟིགས་ཤིག་ཐུགས་རྗེ་རྒྱལ་བའི་ལྷ།། རེ་ས་གཞན་ན་མེད་དོ་ཐུགས་རྗེས་བཟུང་།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲེ་སྔགས ་ཀྱི་སྒོ་ནས་བསྟོད་པ་བྱིན་རླབས་ཅན་འདི་ཉིད།། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ།། མཐོང་ལམ་རྒྱུད་ལ་སྐྱེས་པའི་གང་ཟག། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་ཞལ་མངའ་ནས་མཛད་པོ་རྫོགས་སོ།། ་ཐུགས་རྗེ་ཆེན་པོ་འཕགས་པ་སྨན་རས་གཟིགས།། འགྲོ་ལ་ཉེ་རིང་མེད་པས་ཁྱད་དུ་འཕགས།། སེམས་ཅན་རྣམས་ལ་སྨན་རས་གཟིགས་མཛོད་ལས།། ཀུན་གྱིས་རང་ངོ་ཤེས་པར་བྱིན་གྱིས་བརློབས།། རང་དོན་དུ་ཆོས་སྐུ། ་རྟོགས་པ།། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས།། མཐོང་ཐོས་དྲན་རེག་གི་སྒོ་ནས།། འགྲོ་བ་ཡོངས་ལ་ཕན་ཐོགས་པ།། འགྲོ་བ་ཡོངས་ཀྱི་དོན་རླབས་པོ་ཆེ།། འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ན་མོ་རཏྣ་ཏྲ་ཡཱ ་ན་མ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཱ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ནི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙ་མ་ཀྲ་བ་ཏི། ཙི་ཏྲ་མ་ནི། མ་ཧ་པདྨ་མེ་རུ། རུ་ཏི་ཤྩཱ། ཛཱ་ཨ་ཀཪྵཱ་ཡ། ཧཱུཾ་ཕཊ་སྭཱ་ཧཱ། རྩ་བའི་གསང་སྔགས་ཨོཾ་པདྨ་ཙ་ནི་ཏི་མཱ་ནརྀ ་ཛྭ་ལ་ཧཱུ~ཾ་སྙིང་པོའོ།། ཨོཾ་བ་ར་ཏ་པདྨེ་ཧཱུཾ། ཉེ་བའི་སྙིང་པོ།། །། རྒྱ་གར་སྐད་དུ། ཀཱ་རུ་ཎ་སྟོ་ཏྲ། བོད་སྐད་དུ། སྙིང་རྗེ་ལ་བསྟོད་པ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལོ།། པདྨས་བརྒྱན་པ་ལྷུན་པོ་ལཱ ་