CLOSE WINDOW

GT1558: 'phags pa thugs rje chen po la bstod pa smre sngags su gsol ba
Wyliee-texts produced with BDRC’s OCR application

ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ།། རྣམ་དག་འོད་གསལ་ཟླ་བའི་དཀྱིལ་བཞིན་མཛེས།། ཇི་ལྟར་མཁའ་ལ་ཉི་སྟོང་འབར་བ་བཞིན།། དཔའ་བོ་འོད ་ཟེར་ཚོགས་ཀྱིས་རྣམ་པར་མཛེས།། སྲིད་པ་གསུམ་གྱིས་མཁན་སྟོན་པར་གྲགས།། ཁམས་གསུན་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པོ།། ཐུགས་རྗེའི་ལྷ་ཁྱེད་བདག་ལ་དགོངསུ་གསོལ།། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན ་རས་གཟིགས།། བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས།། ལམ་སྟེར་ལམ་ལོག་སྲིད་པའི་འཁོར་བར་འཁྱམས།། སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་གནོད།། སྡིག་པའི་ལས་ནི་ཅི་བྱས་རང་གནོད་འགྱོད།། དྲར་ཞིང་རྒྱས་པའི་ལས ་དབང་དེ་བཙན་པས།། འཁོར་བའི་སྡུག་བསྔལ་རྒྱ་མཚེར་བྱིང་གྱུར་ཏེ།། ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་བསྲེགས།། གཏི་མུག་མུན་པ་ཆེན་པོས་ཤེས་རང་རྨོངས།། འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང་།། ང་རྒྱལ ་མཐོན་པོའི་རི་བྲིས་ངན་འགྲོར་མནན།། ཕྲག་དག་རླུང་ན་ཚུབ་མས་འཁོར་བར་གཡེངས།། བདག་ཏུ་འཛིན་པོའི་མདུད་པ་དམ་པོས་བཅིངས།། འདོད་པ་མེ་དང་འདྲ་བའི་འོབ་སུ་ལྟུང་།། སྡུག་བསྔལ་དྲག་པོའི་མདའ་དྲག་ཚོར་དུ་བབ།། མེ ་ཁམས་ཉི་མའི་གདུགས་ནི་སྟེང་ནས་ཚེ།། ཆུ་ཁམས་ས་ཡི་བརླན་ནི་འོག་ནས་དྲང་།། ཕྱི་རོལ་སེར་བུའི་དང་ནི་མཐའ་ནས་ཚེ། བང་ཀན་རླུང་མཁྲིས་ནད་ནི་ཁོང་ནས་ལྡང་།། དེ་འདྲའི་སྡུག་བསྔལ་དྲག་པོ་བཟོད་དཀའ་ནས།། སྡོམ་པའི ་དམ་ཚིག་གཤིག་པར་ག་ལ་རུང་།། སྡུག་བསྔལ་ཀུན་དང་བསྔོས་ནས་སྡོམ་བསྲུངས་ཞིང་།། མོས་ཤིང་དད་པས་འཕགས་མཆོག་མི་གཏོང་ན།། འཕགས་མཆོག་འགྲོ་དོན་མི་མཛད་ཅི་ལ་དགོངས།། བྱམས་མགོན་ཅི ་སླང་བདག་ལ་ཐུགས་མི་བརྩེ།། ཡེ་ཤེས་སྤྱན་ཅན་ཁྱོད་ཀྱི་སྒྲ་ནི་སྟཱ་རུ།། བདག་འདྲེས་སྨྲེ་སྡིགས་གསོལ་བར་མི་རིགས་ཀྱང་།། ཤིན་ཏུ་བསྒྲག་པའི་སྨྲེ་སྔགས་གསོལ་ལགས་ན།། ཐུགས་རྗེ་ཆེན་པོས་བདག་ལ་དགོངསུ་གསོལ།། ་བདག་འདྲའི་སྐྱེ་བོ་ལས་ངན་སྡིག་པོ་ཆེ།། ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས།། སྐྱེས་པས་འགྱོད་ཀྱང་ལས་དབང་བཅོས་སུ་མེད།། ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ།། ལས་དབང་ཆུ་རྒྱུན་འཕྲལ་ལག ་ལ་བླུགས།། བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོག། ལུས་ངག་ཡིད་གསུམ་ལྡོག་པའི་དབང་དུ་ཐལ།། ལས་ཀྱི་འབྲས་བུ་དྲན་པས་ཤིན་ཏུ་བསྲེག། ལས་དབང་བསྲེག་པའི་མེ་ནི་རབ་འབར་ཞིང་།། རྣམ་ཤེས་དབང་པོ ་མྱུ་གུ་གདུངས་གྱུར་ན།། ཕུང་པོའི་སྒྱུ་མའི་ལུས་ཀྱིས་མི་བཟོད་པས།། བྱམས་མགྲིན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམྦྷ།། ཡེ་ཤེས་སྤྱན་ཅན་ཁྱེད་ཀྱི་སྤྱན་སྔ་རུ།། སྡིག་པའི་རྣམ་གྲངས་མཱུ་ལུས་འཐོལ་བཤགས་ན། ་ཐུགས་རྗེ་ཆེན་པོས་དག་པར་མཛད་དུ་གསོལ།། དེ་ནས་བཟུང་ནས་སྡིག་པ་མི་བགྱིད་སྤོང་།། བཀའ་ཡི་དོན་ལ་མངོན་སུམ་ཕྱོགས་པར་བགྱིད།། ནམ་ཡང་སྡིག་པའི་དབང་དུ་མ་གྱུར་ཅིག། ཉི་ལྟར་འོད་གསལ་ཟླ་ལྟར་འོད ་དངས་པ།། ཐུགས་རྗེ་ཆེན་པོའི་ཞལ་མཐོང་འཚུལ་ལགས་ན།། ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས།། སྒྲིབས་ཤིང་ནོངས་པའི་ནཱི་ག་གོས་མྱ་མཐོང་ན།། འགྲོ་བའི་མགོན་ཁྱེད་ད་ལྟ་གང་ན་བཞུགས།། སྡུག་བསྔག ་དྲག་པོ་ཤིན་ཏུ་མི་བཟད་པས།། ཤིན་ཏུ་བསྲེགས་པས་སྐྱི་གཡའ་རབ་འཇིགས་ཤིང་།། ད་དུང་གདུང་བའི་སྨྲེ་སྔགས་ཉིད་འདོད་ན།། ཉམ་ཐག་ཕོངས་པའི་འོས་འོ་དོད་འབོད།། བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས ་སྔམ་ལཕོངས་པ་གང་གིས་དཱ་ཡ་མཚན་ཐོས་ན།། དེ་ཡི་སྡུག་བསྔལ་ཞི་བར་བྱའོ་ཞེས།། འགྲོ་ལ་ཉིད་ཀྱི་ཐུགས་རྗེས་ཞལ་བཞེས་ནས།། བདག་ཅག་འགྲོ་བ་སེམས་ཅན་ཐམས་ཙོད་ལ།། དུག་ལྔ་དུག་གསུམ་ནད་གྱི་བཟིར་ལགས་ན ་མི་བཟད་ནད་ནི་ཐུགས་རྗེས་ཞི་བར་མཛོད།། ཐུགས་རྗེའི་ཐུགས་ཀྱིས་བདག་ལ་དགོངསུ་གསོལ།། ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགསུ་གསོལ།། ཐུགས་རྗེའི་གསུང་གིས་བདག་ལེ་སྒྲོག་ཏུ་གསོལ།། བདག་ནི་ཤི་འཕོས ་ལུས་སེམས་བརྗེས་པའི་ཚེ།། གཉེན་བཤེས་གྲོགས་དང་བྲལ་ནས་གླུ་ཤིན་རྗེས་འཁྲིད།། དེ་དུས་འཇིག་རྟེན་ཉེ་དུས་མཾ་ཕན་པས།། ལས་ཀྱི་མནར་བས་བདག་རང་གཅིག་པུར་འཁྱམ།། དེ་དུས་བདག་ལ་མགོན་སྐྱབས་མ ་མཆིས་ན།། ཐུགས་རྗེ་ཆེན་པོས་མགོན་སྐྱབས་མཛད་དུ་གསོལ།། ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ།། ཐོག་མ་མེད་ནས་ཕྱིན་ཅི་ལོག་རྟོག་པས།། ཁམས་གསུམ་འཁོར་བའི་འོདམ་ལས་མ་ཐར་སྟེ།། སྐལ་པོ་དཔག་མེད ་སྐྱེ་བ་གྲངས་མེད་དུ།། གདོས་བཅས་ལུས་བླངས་སྐྱེ་བ་དཔག་མེད་ཞིག། ཤ་རུས་བསྔགས་ན་འཇིག་རྟེན་གཏོས་དང་མཉམ།། སྣག་ཁྲག་བསྔགས་ན་རྒྱ་མཚོ་ཆེན་པོ་ཙམ།། ལས་འཕྲོ་བསགས་ན་མཐའ་ཡས་བརྗོད ་མི་ལང་།། ཁམས་གསུམ་གྲངས་ཤིང་སྐྱེ་བའི་ཁ་རྒྱུད་ཀྱང་།། བྱསྔོ་པའི་ལས་རྣམས་དོན་མེད་ཆུད་རེ་གསན།། བཀའ་ཡི་གཏན་ཚིགས་ཟབ་མོ་མ་ཁྲོལ་ཅིང་།། ཤེས་རབ་ཟབ་མོའི་མིག་དུ་མ་བྱེ་བས།། སྲིད་པའི་ཡོ་བྱད་གཏོང ་བ.རམ་ཕོད་ཅིང་།། ཕུང་པོ་སྒྱུ་མའི་ལུས་ལ་ཚོགས་ཤིང་ཞེ་ན།། ལས་ཀྱི་དབང་བརྩན་ཉོན་མོངས་སྟོབས་ཆེ་བས།། ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་ཁྱམས།། སྡུག་བསྔལ་དྲག་པོའི་མི་བཟད་འདི་ལྟ་བུའོ།། ཉེས་པ་ཐམས་ཅད ་རང་གི་ལས་ལས་བྱུང་།། ཐུག་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ།། ཉོན་མོངས་ལས་ཀྱི་རྒྱུན་ནི་བཟློག་དུ་གསོལ།། ཉོན་མོངས་ལས་ཀྱི་རྒྱན་ནི་དབང་བཙན་པས།། མ་རིག་མུན་པའི་ནང་དུ་གཏན་འཁྱམས་ཏེ།། ཡེ་ཤེས་ཉི ་མའི་འོད་ཀྱིས་བསལ་དུ་གསོལ།། ཉེས་བྱས་ལས་ཀྱི་འབྲས་བུ་མི་ཟད་ན།། ཐུགས་རྗེ་ཆེན་པོས་འཕྲིན་ལས་མཛད་དུ་གསོལ།། དུག་ག་སུམ་སྡུག་བསྔལ་ནད་ཀྱིས་གཟིར་ལེགས་ན།། ཐབས་མཁོས་ཐུགས་རྗེའི་སྨན་གྱིས ་གསོལ་བར་གསོལ།། ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན།། མྱུར་འགྱོད་ཐུགས་རྗེའི་ཕྱག་གིས་གཟུང་དུ་གསོལ།། སྲིད་པའི་ཆུ་བོས་བདག་ཅིག་ཁྱེར་ལགས་ན།། ཟག་མེད་ཡེ་ཤེས་གྲུ་ཡིས་བསྒྲལ་དུ་གསོལ།། རྒྱལ ་བའི་མཚན་བརྗོད་ཡོན་ཏན་བས་མ་མི་ཁྱབ།། ཡོན་ཏན་གཞུང་ལས་ཇི་ལྟར་བྱུང་བ་བཞིན།། མ་ལུས་བདག་ལ་མྱུར་དུ་སྩལ་དུ་གསོལ།། རྒྱལ་བའི་ཐུགས་ཀྱིས་བདག་ལ་བྱིན་གྱིས་རློབས།། ཕྱག་འཚལ་བསྟོད་དང་སྡིག ་བཤགས་སྐྱེ་གསོལ་དང་།། དགེ་བའི་ལས་ནི་ཅུང་ཟད་ཅི་བསགས་པ།། ཐམས་ཅད་བླ་མེད་བྱང་ཆུབ་ཆེན་པོར་བསྔོ།། མི་དམིགས་བསྔོ་དཔ་གསོལ་བཏབ་སྨོན་ལམ་དང་།། སྤྱན་རས་གཟིགས་དབང་ཐུགས་རྗེའི་བྱིན་བརླབས ་ཀྱིས། ཞིང་རབ་དམ་པའི་གན་སུ་སྐྱེ་བར་ཤིག། ཞིང་རབ་དམ་པའི་གནསུ་སྐྱེས་ནས་ཀྱང་།། རྒྱལ་བ་སྲས་བཅས་ཞལ་མཐོང་གསུང་ཐོས་ཤོག། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། མཆོད་པའི་ཡོ་བྱད། ་བདག་ལ་མ་མཆིས་པས།། སྨྲེ་སྔགས་ཆེན་པོས་ཁྱེད་ལ་གསོལ་འདེབས་ནཱ།། མཆོག་གི་དངོས་གྲུབ་མ་ལུས་སྩལ་དུ་གསོལ།། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟི་གས།། གང་དང་གང་ལ་མགོན་དང ་སྐྱབས་མེད་པ།། དེ་དང་དེ་ཡི་མགོན་སྐྱབས་ཞལ་བཽ་ཞེས་ནས།། སྐྱབས་མེད་སྡིག་ཅན་རྣམས་ལ་སྐྱབ་ཏུ་གསོལ།། སྐྱབས་མེད་ཚེ་འདས་རྣམས་ལ་སྐྱབ་ཏུ་གསོལ།། སྐྱབས་མེད་འཁོར་པར་འཁྱམས་ལ་སྐྱབ་ཏུ་གསོ ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། ཉིན་རེ་བཞིན་དུ་སྡིག་པས་ཟིལ་གྱིས་ནན།། ལས་ངན་སྒྲིབ་པ་ཅི་མ་ཆེས་བསལ་དུ་གསིལ།། ཐུག་ས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགསོ།། བདག་ནི་ཉོན་མོངས ་དབང་དུ་མི་འགྲོ་བར།། སྡིག་པའི་ལས་ནི་གང་ཡང་མི་བྱེད་ཅིང་།། ཉིན་དང་མཚན་དུ་ཆོས་ལ་སྤྱོད་པ་རུ།། ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ།། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། ་ནས་བརྗོད་པ་ཙམ་གྱིས་སྡུག་བསྔལ་རྣམས།། ཞི་བར་མཛད་པ་ཁྱེད་དོང་འཇལ་གྱུར་ན།། བདག་གིས་འབད་ཀྱང་འབྲས་བུམ་མཆིས་ན།། ཐུགསོ་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། ཁྱེད་ཀྱི་གཟུང་སྔགས་བརྗོད་པའི་ཕན ་ཡིན་ན་མེ།། ཡོན་ཏན་བཞུང་ལས་ཛཱཾ་ལྟར་བཤད་པ་བཞིན།། མཱ་ལུས་བདག་ལ་མྱུར་དུ་སྦྲུལ་དུ་གསོལ།། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། བདག་གོས་ཁྱེད་བསྒོམས་སྙིང་པོ་བཟླས་པ་དང་།། ཕྱག་འཚལ ་བསྟོད་དང་སྡིག་བཤགས་སྐྱེ་གསོལ་བས།། མགྲོན་པོ་ཁྱེད་ཀྱི་ཞལ་མཐོང་གསུང་ཐོས་ནས།། ཁྱོད་ཀྱི་གོ་འཕང་མྱུར་དུ་ཐོབ་ནས་ཀྱང་། བདག་ཀྱང་ཁྱེད་ལྟར་འགྲོ་དོན་བྱེད་པར་ཤོག། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། ་ཇི་སྲིད་བདག་ནི་འཁོར་བའི་ཚེ།། དེ་སྲིད་བདག་གིས་ལུས་བསྐྱེད་པས།། ལུས་ཀྱི་མགོན་པོ་མཆོད་བྱེད་ཅིང་།། ལུས་ཀྱི་ཚོགས་ནི་རྫོགས་པར་ཤོག་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། ཇི་སྲིད་བདུག་ནི ་འཁོར་བའི་ཚེ།། དེ་སྲིད་བདག་གིས་ངག་སྐྱེས་པས།། ངག་གི་མགོན་པོའི་མཚན་བརྗོད་ཅིང་ངག་གི་ཚོགས་ནི་རྫོགས་པར་ཤོག། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།། ཇི་སྲིད་བདག་ནི་འཁོར་བའི་ཚེ།། དེ ་སྲིད་བདག་གི་ཡིད་སྐྱེས་པས།། ཡིད་ཀྱི་མགོན་པོ་རྗེས་དྲན་ཞིང་།། ཡིད་ཀྱི་ཚོགས་ནི་རྫོགས་པར་ཤོག། དེ་ལྟར་ལུས་ངག་ཡིད་གསུམ་གྱིས།། ཐུགས་རྗེའི་དབང་ཕྱུག་བསྟེན་བགྱིས་པས།། ལུས་ངག་ཡིད་གསུམ་སྐྱོན་བྲལ ་ནས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག། དེ་ལྟར་ལུས་ངག་ཡིད་གསུམ་གྱི།། ཐུགས་རྗེའི་དབང་ཕྱག་སྐུ་གསུང་ཐུགས།། རྟག་ཏུ་དང་གུས་བགྱིས་པས་ན།། ཐུགས་རྗེས་དབང་ཕྱག་སྤྱན་རས་གཟིགས།། སྲིད་གསུམ་རེ་བའི ་གནས་གཅིག་པོ།། ཡོན་ཏན་བསམ་གྱིས་མི་ཁྱབ་པ།། དེ་འདྲ་བ་དག་ཀྱང་འགྲུབ་གྱུར་ནས།། སྲིད་གི་སུམེ་རེ་བ་རྫོགས་པར་ཤོག། སྲོད་གསུམ་འདོད་དགུ་འབྱུང་བར་ཤོག། སྲིད་པ་གསུམ་གྱི་སེམས་ཅན་ལ།། དཔེས་སམ ་བརྒྱུད་པས་ཕན་ཐོགས་ཤོག། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ།། སློབ་དཔོན་ཙནྡྲ་གོ་མིས་བསྟོད་པ་སྨྲེ་སྔགས་སུ་གསོལ་པ་རྫོགས་སོ།། ། ་