CLOSE WINDOW

GT1556: nor bu gling gi thugs rje chen po lha lnga la bstod pa
Wyliee-texts produced with BDRC’s OCR application

མཛད་པ་རྫོགས་སོ།། །། རྒྱ་གར་སྐད་དུ།། མ་ཎི་དཱི་པ་མ་ཧཱ་ཀ་རུ་ཎི་ཀ་དེ་བ་པཉྩ་སྟོ་ཏྲ། བོད་སྐད་དུ། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ།། རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལོ།། ནོར་བུའི་གླིང་དུ་ཐུགས ་རྗེས་སྐུ་འཁྲུངས་དཔལ་ལྡནྡྷ་པདྨའི་རིགས།། རི་རྒྱལ་པོ་ཏ་ལ་ཡི་རིན་ཆེན་བྲག་ཕུག་ཉམས་དགའ་བཱར།། པད་ཟླའི་དབུས་ན་ཐུགས་རྗེའི་སྐུ་ནི་འགྱིང་ཞིང་རོལ་པའི་ཉམས།། ཐུགས་རྗེའི་སྨན་གྱིས་བདག་ནད་གསོ་བ་མགོ། ་བོཔོ་ཐུགས་རྗེ་ཅན།། མ་རིག་ཐིབས་པོ་འགྲོ་བའི་མྱིན་སེལ་རྗེ་བཙུན་རབ་རིབ་སེལ།། སྐྱེ་རྒན་འཚེ་ཐར་དཀའ་ཡང་སྲིད་རྩིབས་དྲུག་འཁོར་ལོར་ཆུང་།། སྲིད་པའི་འཁྲུལ་འཁོར་བཟློག་དཀའ་སེམས་ཅན་འཁོར་བའི་རྒྱ་མཚོར་བྱེང་།། མགོན ་པོ་ཆེས་ཀྱི་འཁོར་ལོ་བསྐོར་མཛད་ཐུགས་རྗེའི་སྐུ་ཡིས་སྒྲོལ།། ཟླ་བ་ལྟར་དཀར་ཕྱག་གཉིས་པདྨ་གདུང་བ་སེལ་བའི་ཕྱག། དཔག་མེད་ཅོད་པན་རིན་ཆེ་ནི་མཛེས་བརྒྱ་ནཱ་གཞོན་ནུ་ཞི་བའི་སྐུ།། ཐུགས་རྗེ་བདུད་རྩིའི་རྒྱུན་གྱིས་ཟུག ་རྔུའི་ནང་དང་སྡུག་བསྔལ་སལ།། ཐུགས་རྗེ་རི་དགས་ལྤགས་འཛིན་སྲིད་པའི་བླ་མ་ཕྱག་འཚལོ།། ཐུགས་རྗེའི་ཐུགས་གདུངས་སྤྱན་གཡས་ཆ་བ་ལས་ལྷ་མོ་ཐུགས་རྗེའི་སྐུ།། ཡིད་འོང་སྒྲོལ་མ་ལྗང་སྡེར་བདེ་མ་རིན་ཆེན་རྒྱུན ་མཛེས་སྒེག། པདྨའི་སྐུ་ལ་ཕྱག་མཚན་ཨུད་པལ་ཁ་འབྱེད་ཕྱག་གཉིས་ཀྱིས།། བཅུད་རྒྱུས་ནུ་མས་གསོ་མཛད་འགྲོ་བའི་ཡུལ་ལ་ཕྱག་འཚལོ།། སེམས་ཅན་སྡུག་བསྔལ་གཟིགས་ནས་སྙིང་རྗེའི་ཆུ་ལས་མཛེས་མ་འཁྲུངས ་ཁྲོ་གཉེར་ཞི་བ་སེ་འི་རིན་ཆེན་སྐུ་བརྒྱན་ཐུགས་རྗེས་བགྱི་།། རྗེ་བཙུན་མགོན་གཟིགས་ཕྱག་མཚན་གུས་པའི་ཕྱག་རྒྱ་དབྱུག་པ་བསྣོམས།། མཆོད་སྦྱིན་བུམ་ཆུ་ས་འགྲོ་བའི་རེ་སྐོང་ཡུམ་ལ་ཕྱག་འཚལོ།། ཐུགས་རྗེས ་ཕྲིན་ལས་དྲེགས་པ་ཚར་སྤྱོད་དབང་མཛད་ཁྲོ་རྒྱལ་སྐུ།། སྦྲུལ་བརྒྱན་འོད་དམར་རྟ་གདོང་ལྗང་གུ་སྤྱི་བོར་རྟ་སྐད་བཞད།། མགོན་པོ་པཱ་ནེ་ལ་འདུད་པུས་བཙུགས་རྡོ་རྗེ་དབྱུག་པ་བསྣམས།། པདྨའི་རིགས་སྦྲུལ་ཐུགས་རྗེའི་བརླན་གྱིས་སྒེག་ཁྲོ ་ཕྱག་འཚལོ།། ཕྱག་ན་པདྨ་འ་དྲུང་ན་དམ་ཆོས་ཉེར་ཞུ་ཆང་དཔོན་བུ།། ནོར་བཟངས་སྦས་པཾ་གསེར་མདོག་སྐལ་ལྡན་ཉིད་བཞུགས་རིན་ཆེན་བརྒྱན།། ཨེ་མ་བླ་ངལ་གུས་ཐལ་སྦྱར་བུས་གཙུགས་པོ་ཏི་བསྣམས།། བཞིན་བཟངས་ཁྱེའུ་དང ་ལྡན་ནོར་བཟངས་བུ་ལ་ཕྱག་འཚལོ།། རྗེ་བཙུན་གསུང་གི་དབང་ཕྱུག་ཁ་སྱརྦ་ནི་འཁོར་བཅས་ལ།། བདག་གིས་གུས་པར་བསྟོད་བགྱིས་ཟླ་ལྟར་དགེ་བ་དྲི་མེད་ངེས།། སྲིད་མཚོ་སྐེམས་ཤིང་ཐུགསི་རྗེའི་ཆུ་ཡིས་སྐྱེ་འགྲོ་ཀུན ་ངོམས་ནས།། རྒྱལ་བའི་དཀྱིལ་འཁོར་ཉམས་དགའ་བོ་ཏཱ་ལ་རུ་སྐྱེ་བར་ཤོག། སྡུག་བསྔལ་རྒྱ་མཚོ་རྒྱ་ཆེན་ཕ་རོལ་རབ་ཏུ་བརྒལ་གྱུར་པ།། ཐུབ་པ་རྒྱལ་བ་འགྲོ་བའི་གཙོ་ལ་བསྟོད་པ་ཡི།། བསོད་ནམས་ཅི་མཆིསོ་དེས་ནི་འདི་ན ་འགྲོ་བ་མ་ལུས་ཀུན།། བྱང་ཆུབ་རིན་ཆེན་རབ་མཆོག་ཞི་ཞིང་བདེ་ལོ་རེག་པར་ཤོ་ག། ནོར་བུའི་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔའི་བསྟོད་པ།། སློབ་དཔོན་རྟ་དབྱངས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཱརྱ་བ ་