CLOSE WINDOW

GT1555: 'jig rten dbang phyug la bstod pa
Wyliee-texts produced with BDRC’s OCR application

ཏུ་དྲང་བ་དང་།། བློ་གྲོས་མི་གཡོ་གཞན་ཕན་བླ་མའི་བྱ་བ་དག། བྱ་བར་ལྡན་ཞིང་སྙན་ངག་མཁན་དུའང་འགྱུར་བར་ཤོག། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱུ་བ།། སྙན་ངག་མཁན་ཆེན་པོ་ཤྲཱི་བཛྲ་དེ་བ་ཞེས་བྱ ་བས་མཛད་པ་རྫོགས་སོ།། །། ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པ་དང་ལྡན་པས་སྤྲས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང་། མིའི་དབང་པོ་དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས།། རྒྱ་གར་གྱི་མཁན་པོ་སྙན་དག ་མཁན་ཆེན་པོ་མ་ཧཱ་པཎྜི་ཏ་ལཀྵཱཾ་ཀཱ་རཱ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཤོང་སྟོན་གྱིས་བསྒྱུར་བའོ།། །། འདིའི་བརྒྱུད་པ་ནི། སངས་རྒྱས། སློབ་དཔོན་བཛྲ་དེ་ཝ། ཀརྨ་ནཱ་ཐ། ཨཱ་རི་ཏྱ། མཧཱ་པཎྜི་ཏ་ཤྲཱི་བཱ་ན་རཏྣ་པཱ་དཿ།། རྒྱ་གར་སྐད ་ལོ་ཀེ་ཤྭ་ར་སྟོ་ཏྲ། བོད་སྐད་དུའི་འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། འཇིག་རྟེན་བླ་མ་ས་གསུམ་གྱིས་ཕྱག་བྱས།། ལྷ་དབང་ཚངས་པ་མཆོག་གིས་བསྟོད་པ་སྟེ།། ཐུབ་མཆོག་རྒྱལ ་པོ་མྱུར་དུ་དངོས་གྲུབ་སྩོལ།། སྤྱན་རས་གཟིགས་མགོན་མཆོག་ལ་ཕྱག་འཚལོ།། བདེ་གཤེགས་རང་བཞིན་བདུད་རྩིའི་ངོ་བོ་འཆང་།། སྣ་ཚོགས་མཚན་གྱིས་སྤྲས་པའི་སྐུ་ལུས་མཆོག། བདེ་གཤེགས་འོད་དཔག་མེད་པའི་དབུ ་རྒྱན་ཅན།། གསེར་གྱི་པདྨས་གཡོན་གྱི་ཕྱག་རྒྱན་པ།། དྲི་མེད་རལ་པ་འཁྱིལ་ནག་ཅུང་ཟད་སེར།། ཟླ་བའི་དབྱིབས་འདྲ་གསལ་ཞིང་རྫོགས་པའི་ཞལ།། པདྨ་ལྟར་ཡངས་མཆོག་ཏུ་མཛེས་པའི་སྤྱན།། མཁུར་བ་གངས་ཀྱི་དུམ་བུ་ལྷ། ་བུར་དཀར།། རི་དགས་རྒྱལ་པོའི་དགའ་བཞིན་ཞལ་སྒྲོས་དམར།། ཉི་མ་འཆར་ཀ་ལྟར་དམར་བཙོད་ཀྱི་མདོག། པདྨ་གཞོན་ནུ་ལྟ་བུར་མཆུ་དམར་ལ།། སྟོན་ཀའི་སྤྲིན་ཚོགས་ལྟ་བུར་སྒྲ་སྒྲོགས་པ།། དཔུང་གཉིས་སྣ་ཚོགས་མཚན་གྱིས ་མཛེས་པ་སྟེ།། ཕྱག་མཐིལ་པདྨ་གཞོན་ནུ་ལྟ་བུར་འཇམ།། རི་དགས་པགས་པ་སྐུ་ཡི་བསྟོད་ན་མནཔས།། སྙན་གཉིས་རྣ་རྒྱན་གཡོ་ཞིང་མཛེས་པ་མངའ།། ཕྱག་ནི་ཡོངས་ཤིང་ལྟེ་བ་ཟབ་པ་སྟེ།། པདྨ་དྲི་མ་མེད་པ་ལྟ་བུ་ལགས།། གསེར ་མཆོག་སྐུ་རིགས་ནོར་བུའི་རྒྱན་ལྡན་པ།། ནི་བཟའ་མཛེས་པས་སྐུ་ཡི་སྨད་བརྒྱན་པ།། རྒྱལ་བ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན།། བསོད་ནམས་དུ་མོ་ལུས་ནི་འཁྲུངས་པའི་མགོན།། རིམས་དང་ནད་འཇོམས་བདེ་བ་མཆོག་བསྐྱེད་པ།། ་སྲིད་པ་མཐར་མཛད་མཁའ་ལེ་རྒྱུ་བ་དང་།། ཀུན་ཏུ་རྒྱུ་བའི་སྐུ་མཆོག་ལ་བོ་སྟོང་པ།། བདུད་རིས་སྣ་ཚོགས་སྟོབས་ནི་ངེས་པར་འཇོམས།། ཞབས་མཆོག་རྐྱང་གི་དུབ་མཆོག་གིས་སྒྲ་སྒྲོགས་ལ།། གླང་པོ་དྲེགས་དང་ངང་པིའོ་སྟབ ་སུ་གཤེགས།། བདུད་རྩི་ཆེན་པོ་ཐུགས་ཆུང་ཡོངས་རྫི་གས་བརྙེས་གསེར་བཞིན་རྟག་ཏུ་དགྱེས་པའི་རྒྱན་མངའ་བ།། རི་བོ་གྲུ་འཛིན་ན་ནི་དགྱེས་པར་བཞུགས།། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ།། དགེ་སློང་མ་དཔལ་མོས ་མཛད་པ་རྫོགས་སོ།། །། རྒྱ་གར་སྐད་དུ།། མ་ཎི་དཱི་པ་མ་ཧཱ་ཀ་རུ་ཎི་ཀ་དེ་བ་པཉྩ་སྟོ་ཏྲ། བོད་སྐད་དུ། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ།། རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལོ།། ནོར་བུའི་གླིང་དུ་ཐུགས ་