CLOSE WINDOW

GT1554: 'jig rten dbang phyug gi bstod pa brgya pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་ཤ་ཏ་ཀ་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ།། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། མཐོ་རིས་མགོན་པོའི་ཡན་ལག་མཆོག་བཏུད་ཅོད་པན ་འཛིན་ལ་འོད་དང་ལྡན་པའི་ནོར་བུ་ལྟ་བུའི་འོད།། མཚོ་སྐྱེས་སྟན་ལྷུན་གུས་པས་རབ་འདུད་མགོ་བོ་ལཱ་ནཾ་ཛཱ་ཏིའི་མེ་ཏོག་རྒྱས་འཕྲེང་འོད་ལྟར་ཏེ། བདེ་བྱུང་དབུ་ཡི་དབུ་རྒྱན་རི་དག་ས་མཚན་ལྡན་དཀར་སེར་མི་དམན་དམན ་ཞིང་ཉམས་པ་ཉིད་བགྱིད་པ།། འཇིག་རྟེན་དབང་པོའི་ཞབོས་སེན་དྲི་མེད་རི་བོར་འཛིན་པའི་མཛེས་པ་ཞི་སླང་འཇིག་རྟེན་ལ་གྱུར་ཅིག། རལ་ཁུར་འཛིན་པའི་ཟླ་བ་ར་གསོལ་རལ་པ་དམར་སེར་དེང་འགྲེགས་ལྡན་ཅིག་བཀྲ ་པའི་ཟེར་རྣམས་ཀྱིས།། ངེས་པར་མི་རྫི་འཕྲོག་བྱེད་ཀྱི་ནི་དམན་པ་མིན་པའི་ཅོད་པན་ནོར་བུའི་འོད་རྣམས་ཀྱིས་ཀྱང་མིན།། ལྷ་ཚོགས་རྣམས་ཀྱི་སྒྲ་འཕྲེང་མཛེས་པ་ནག་པོ་དག་དང་འཕྲོགས་པ་ལས་ནི་རྣམ་པར་མི་ཉམས་པ།། ་མི་བཟློགས་འཇིག་རྟེན་དབང་ཕྱུག་ཞབས་སེན་འོད་ཟེར་ཁྱེད་རྣམས་ངག་གི་མུན་པ་ཞི་བའི་སླད་གྱུར་ཅིག། ཡོངསུ་རྫོགས་ཤིང་རྒྱ་ཆེའི་བང་མཛོད་རབ་ཏུ་གསལ་ཞིང་དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས་ཀྱི་རྒྱུ།། ་སྡུག་པ་དང་ནི་རིང་དུ་གྱུར་པའི་སྐྱེ་བོ་རྣམས་ཀྱི་མི་བཟང་འཇིགས་པའི་དོགས་པ་རྣམ་པར་སེལ།། སྤྲིན་རྣམས་ཀྱིས་ཀྱང་བསྒྲིབ་པར་མི་ནུས་མུན་ཅན་གདུག་པའི་གཟའ་ལས་བྱུང་བའི་འཇིགས་པ་ཞི་གྱུར་པ།། འཇིག་རྟེན ་དབང་པོའི་ཞབས་ཀྱི་སེན་མོ་བསིལ་ཟེར་ལྡན་པའི་སྔོན་མེད་ཟེར་གྱིས་ཁྱད་རྣམས་དག་གྱུར་ཅིག། ཉོན་མོངས་ཕུང་པོའི་བུད་ཤིང་དག་ནི་ལུས་པ་མེད་པར་སྲེག་བྱེད་མེ་ཆེན་པོར་གྱུར་པའི་རྩེ།། འཇིག་རྟེན ་གསུམ་པོ་དག་ཏུ་རབ་དཀར་གསལ་ཞིང་གཏི་མུག་ཏུ་གནག་དགེ་གི་སྨག་རུ་མ་འཐིབས་པ་སོལ།། དམྱལ་སྡེ་གཞིར་མ་ཡི་ཕུང་པོ་རྣམས་ལ་བདུད་རྩིའི་ཆུ་བོ་རྒྱ་ཆེན་རྒྱུན་ནི་འབྲས་བཅས་པ།། པདྨ་འཛིན་ཞབས་ལས་འཁྲུད ་སེན་ཚོགས་འོད་ཟེར་རྣམས་ཀྱིས་ཁྱེད་ཀྱི་འཁོར་བ་ཡང་དག་སེལ་གྱིར་ཅིག། རང་གི་འདུན་པས་བཅོད་པའི་འདོད་པ་སྦྱིན་ལ་ཤིན་ཏུ་མཁས་གྱུར་ཡིད་བཞིན་ནོར་བུ་བསམ་ཡས་ཤིང་།། ཤིན་ཏུ་འཇིགས་པའི་དོགས་པས ་གདུངས་གྱུར་ཞི་བར་བགྱིད་པའི་བསིལ་བུའི་འོད་ཟེར་ཡིད་ནི་རབ་འཕྲོག་ལ།། ཡོན་ཏན་དུ་མའི་ཚོགས་རྣམས་འཛིན་པ་གསལ་བར་གྱུར་ཅིང་མཛེས་པ་དང་ལྡན་མེ་ལོང་དག་གི་གཟུགས།། འཇིག་རྟེན་དབང་ཕྱུག་ཞབས་ལས ་སྐྱེས་པའི་སེན་མོ་དེས་བསྐྱེད་བོད་ཟེར་མཛེས་པས་ཁྱེད་རྣམས་སྦྱང་གྱུར་ཅིག། འོད་ཟེར་ད་པག་མེད་ལས་འཁྲུངས་ཆེ་བའི་འོད་ཟེར་རྣམས་ཀྱིས་མཛེས་པ་དང་ལྡན་གཙུག་ཕུང་ཆེན་པོ་ནི།། མཛེས་ལྡན་མགོན་པོའི་རབ་ཏུ ་མོ་ཛེས་ཞབས་སེན་མོའི་འོད་ཟེར་ཚོགས་ནི་དེ་ལ་མཆོད་མཁས་ལྷོ་རྣམས་ཀྱི།། མགོ་ཡི་རིན་ཆེན་མཆོག་གི་ཚོགས་ལས་ངེས་པར་འཕྲོས་གྱུར་ཤིན་ཏུ་རབ་བཀྲའི་འོད་ཟེར་ཚོགས་རྣམས་ཀྱིས།། བདེ་སོགས་དགའ ་བའི་གཞུ་ལ་ཉེ་བར་སྤྱོད་བྱེད་འདི་དག་གིས་ནི་ཁྱེད་རྣམས་ཡུན་རིང་དུར་གྱུར་ཅིག། མངོན་པར་འདོད་པའི་ཡུལ་རྣམས་འཐོབ་པའི་སྦྱིན་པ་ལས་ནི་དཔལ་དང་ལྡན་པའི་ལོངས་སྤྱོད་ཀྱིས་མཐོ་ཞིང་།། ཀུན་ཏུ་རྣམ་པར ་མི་གཡོའི་འོད་ནི་བསྟོན་བྱེད་སྣོད་རྣམས་དག་གི་མགུ་བ་བསྐྱེད་པར་བད་གྱུར་ལ།། དྲི་མ་དང་བྲལ་མཚུངས་པ་མེད་པའི་གཟུགས་ནི་རི་བོང་ཅན་ལས་ལྷག་ཅིང་སྐྱོན་གྱི་མུན་སོ་ལ་བ།། ནོར་བུའི་འོད་ཟེར་ལྟ་བུ་ཕྱག ་ན་པདྨའི་ཞབས་ཀྱི་སྔ་ཁྱེད་རྣམས་དག་ལ་ཚིམ་པ་སྦྱིན་གྱུར་ཙོག། རབ་མཛེས་ཕྱག་ན་པདྨའི་ཞབས་ཀྱི་པདྨ་ལས་འཁྲུངས་སེན་མོའི་ཚོགས་རྣམས་དག་གི་འོད་ཟེར་ནི།། རྒྱན་ཆང་མེད་པར་སྙིང་རྗེའི་ཆུ་ཡིས་ཉེ་བར་བྲན་པ ་དེ་ཡི་སྐུ་ལུས་ངག་གིས་གཞི་ལ།། ཁྱད་འཕགས་ཡི་ཤྲཱིས་ས་བོན་བཏབ་པ་ལས་སྐྱེས་མ་ཆུང་དཔག་བསམ་ཤིང་གི་མྱའི་ཚོགས་རྣམས་དང་།། མཚུངས་པ་གང་ཡིད་ཡིས་ཁྱེད་ཀྱི་སྲིད་པའི་འཇིགས་པ་རབ་མང་མཐུ ་ཚོགས་ཉམས་པར་བྱེད་གྱུར་ཅག། འཇིག་རྟེན་དབང་པོའི་ཞབས་པདྨ་ལས་སྐྱེས་སོན་མོའི་འོད་ཟེར་བདུད་དང་དག་སྤུ་བདག་ལ་སྐྲག་སྟེར་ཞིང་།། སུཏྤལ་དྲ་མར་མདོག་དྲོད་པར་དོན་ཡོད་མདའ་རྣམས་མདོ་རྩེ་གྱེན ་དུ་བསྟན་བཅུག་འོད་ཟེར་ལྟར་མཛེས་ལ།། འཇིགས་རུང་འཁོར་བའི་དོང་དུ་རྟོག་ཏུ་ལྷུང་བའི་སྐྱེ་བོ་འདྲེན་བྱེད་སྲ་མཁྲེགས་ཐག་པའི་དཔྱིད་ཐག་འདིས།། ཤིན་ཏུ་རྙེད་དཀའི་ཕུན་སུམ་ཚོགས་པ་ཆེན་པོ་མཐོ་བའི་གོ ་འཕང་དག་ལ་ཁྱེད་རྣམས་འགོད་གྱུར་ཅིག། འོད་དང་ལྡན་ཞིང་ཉོན་མོངས་ལུས་ཀྱིས་རང་དབང་མེད་དུ་བ་འགྲོ་བའི་སྡུག་བསྔལ་རྣམ་པར་གཅོད་ལ་དམའ།། སྐྱོན་གྱི་དམིགས་པ་ལས་རིང་གསལ་ཞིང་མཱལླ ་པའི་བླ་མ་སྐྱེ་བོ་རྣམས་ཀྱི་སྒྲོལ་བར་བྱེད་གྱུར་ལཱ།། ཀུན་དུ་དགའ་བ་རབ་སྡུག་སྟེར་ཞིང་རི་བོང་འཛིན་དཔལ་མཐའ་དག་འཛིན་གྱུར་དྲི་མ་དང་བྲལ་བ།། བསམ་ཡས་ཕྱག་ན་པདྨའི་ཞབས་འཁྲུངས་སེན་མོ་གང་ཡིན ་དེ་ཡིས་ཁྱེད་ཀྱི་བསམ་པ་རྒྱལ་གྱུརརོ་ཅིག། ཅི་ཞིག་བདེ་འབྱུང་གིས་འདི་ཟླ་དུ་མ་རྣམས་ཀྱིས་མཆོད་པར་བཀོད་བྱས་འོད་དང་ལྡན་པའི་དུམ་བུ་འམ།། ཡང་ན་ངེས་པར་ཁྱད་འཕགས་ཡིད་གྱུར་བྱང་ཆུབ་དཔལ་མོས ་རིན་ཆེན་ཕྲེང་བ་བཀོད་དམ་ཅི་ཞིག་ཡིན།། ལྷ་རྣམས་ཀྱིས་ནི་ལྷ་ཡི་མེ་ཏོག་རྨད་བྱུང་མཚུངས་པ་མེད་རྣམས་ཕྲེང་བ་རྒྱུས་དཔྱངས་པ་མིན་ནམ་ཞེས་བློ་གྲོས་བསྐྱེད་པ་འཇིག་རྟེན་མགོན་པོའི་ཞབས་ལས་འཁྲུངས་པ ་སེན་མོའི་ཕྲེང་བས་ཁྱེད་རྣམས་དགྱེས་གྱུར་ཅིག། གང་དུ་འདི་ནི་པདྨོ་ལས་སྐྱེས་ཕྱག་བགྱིད་འཆི་མེད་མགོ་བོར་ནོར་བུའི་ཁྲི་སྟོན་མཐོན་པོ་ལ།། ཞབས་རྡུལ་དག་ནི་རྒྱུན་དུ་གཟིམས་ཤིང་གང་དུ་ཡང་ནི་འཛིན་བྱེད ་གཞི་ལ་མགོ་འཕྱང་རབ་འདུད་པ།། དེ་ལྟར་རབ་བསྐྱེད་འོད་ཟེར་ཚོགས་ཀྱི་སོ་རིང་གསལ་ཞིང་བཞང་གང་བགྱིད་འདྲ་འཇིག་རྟེན་དབང་ཕྱུག་གི། ཞབས་སྐྱེས་སེན་མི་གང་ཡིན་དེ་དག་རྣམས་ནི་ཁྱེད་ཀྱི་མཐའ ་བྲལ་མུན་པ་གཞིལ་བའི་སྨད་གྱུར་ཅིག། ཚ་གདུང་སེལ་བྱེད་དཔའ་བོ་དཀ་ར་བསིལ་མཆོག་ལྡན་བདུད་བརྩིའི་ཐིགས་པའི་ཆར་གྱི་རྒྱུན་ནི་འབེབས་མཛད་ཅིང་།། མི་བཟང་མངའ་ཆེན་ཆར་གྱི་རྒྱུན་ནི་དྲག་པོ་རབ ་འགྲེམས་བདུད་ལ་གནོད་བྱེད་ཕྱིར་ལྟར་གྱུར་པ།། ཕྱག་པདྨའི་ཞབས་ཀྱི་སེན་མོའི་འོད་ཟེར་དཔལ་མཛད་དག་གིས་ཁྱེད་ཀྱི་འཁོར་བའི་རྣམ་པ་ཡི།། ཁོངས་ཆེན་བརྩོན་རར་རྒྱ་ཆེའི་སྡུག་བསྔལ་རྣམ་མང་འཇིགས་སུ ་རུང་རྣམས་ཡང་དག་འཕྲོག་པར་བྱེད་གྱུར་ཅིག། འཇིག་རྟེནི་དབང་པོའི་ཞབས་ལས་རབ་སྐྱེས་སེན་མོའི་གནས་ལ་སྣང་བ་དག་ནི་ཤིན་ཏུ་བཟློག་དཀའ་བའི།། བདུད་ཀྱིས་ཀུན་ནས་རབ་འཕངས་མདའ་ཡིས་ཁྱབ ་རྣམས་སྒྲིབ་པར་བྱེད་པའི་ཡོལ་པོར་འཁྲུལ་པ་བསྐྱེད་བྱེད་ཅིང་།། ཀུན་ནས་ཉོན་མོངས་དཔུང་རྣམས་བརླག་འགྱུར་བསལ་བར་གོ་བྱེད་མཇུག་རིངས་ཆེན་པོའི་ཚོགསུ་བརྟག་བྱ་བ།། འཇིག་རྟེན་གསུམ་གྱིས་མི་ནུས ་ནུས་པ་སྟོང་པ་གསུམ་ལས་རྒྱལ་བའི་རུ་མཚོན་ཆེན་པོས་རྒྱལ་གྱུར་ཅིག།། ཡང་དག་རྫོགས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ཀུན་ནས་མཛེས་ལྡན་འོད་ཀྱི་ཚོགས་པ་ལྟ་བུ་དང་། ཉོན་མོངས་ངེས་བསྐྱེགས ་ཐལ་བའི་ཚོགས་རྣམས་གྲོལ་བའི་ལམ་གྱི་རླུང་གིས་བདས་ནས་བགྲོད་པ་ལྟ་བུ་དང་།། མི་བཟད་བདུད་རྣམས་ཀྱིས་ནི་རྣམ་པར་མི་ཕྱེད་མི་ཆུང་རྡོ་དཀར་གྲོགས་བུ་བཀོད་པ་ལྟ་བུ་ཡིས།། ཉེ་བར་མཚོན་འོད ་ཕྱག་ན་པདྨའི་ཞབས་སྐྱེས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་བསྲུང་གྱུར་ཅིག། མཚན་མོའི་མགོན་པོ་ངེས་པ་ཁོ་ནུར་ཕྱོགས་ལ་ཟད་ཅིང་རང་ཉིད་དམན་པ་སྐྱེངས་པར་གྱུར་པས་ནི།། སྐད་ཅིག ་བརྟག་པར་བྱ་བ་མཚུངས་མེད་མུན་པ་སྤོངས་མཁས་དྲི་མ་དང་ནི་ཟད་པ་མི་མངའ་ཞིང་།། མི་དམན་དགྲ་ཡི་སྲིད་པོ་ཟང་བྱེད་ཕ་རོལ་འགྲོ་སྐྱོང་རྫི་བ་མེད་པའི་བརྟུལ་ཞུགས་ཉེར་མཚོན་པོ།། འཇིག་རྟེན་དབང་ཕྱུག་ཞབས ་སེན་གང་དེ་རྣམས་ཀྱིས་མི་ཁོམ་འཕན་པ་དག་ལས་ཁྱེད་རྣམས་བསྲུང་གྱུར་ཅིག། ཕུན་ཚོགས་དམ་པའི་སྒྲུབ་བྱེད་རབ་ཏུ་སྟོབས་ལྡན་པདྨོ་འཛིན་པའི་ཞབས་ཀྱི་རྫིང་ལ་གནས་བཅས་ཤིང་།། འཇིག་རྟེན་གསུམ་དཔལ ་རྒྱལ་བར་བཞེད་པ་སེན་མོའི་འོད་ཟེར་ཚོགས་ནི་མཚུངས་མེད་མངོན་པར་རབ་འཐོབ།། པ་ཤེས་གཉེན་འཆར་བསཽ་ཐོབ་པའི་རབ་གསེལ་རྗེསུ་འགྲོགས་ལྡན་ཤིན་ཏུ་ཕུལ་བྱུང་འཕེལ་བ་རྙེད་གྱུར་པ།། རྒུད་པ་ཀུན་གྱི ་དགྲར་གྱུར་ཐེག་ཆེན་ཡང་དག་འགྲུབ་པའི་རྒྱུ་དེས་ཁྱེད་རྣམས་ཕོངས་ལས་སྲུང་གྱུར་ཅིག། གཙུག་ཕུད་ལ་ནི་ཟླ་ཕྱེད་རྒྱུན་འཛིན་བཞེད་པར་གྱུར་པའི་ཕྱུགས་བདག་འདི་ནི་ངོ་ཚ་དང་བྲལ་ལ།། ནུབ་པར་མི་འགྱུར ་ནོར་བུས་མངོན་པར་མཛེས་འདོང་ཁྱབ་འཇུག་དག་ཀྱང་ཇི་ལྟར་མཁས་པ་ལྟ་བུ་ཡོན།། དབང་པོ་ཡི་ནི་མགོ་པོ་ཆེ་ལ་ནོར་བུ་འདི་ཡང་དོན་ཡོང་མིནི་ཞེས་ཕྱེ་ག་ན་པད་ཞབས་ཀྱི།། སེན་མོའི་ཚོགས་འདི་མཐོང་གྱུར ་གང་ཞིག་མཛེས་པས་སེམས་ཟིན་འཇིག་རྟེན་གྱིས་བསམས་དེ་ཡིས་རྒྱལ་གྱུར་ཅིག། རྒྱ་ཁྱོན་ཆེར་བྱས་རིང་དུ་སྟེང་དུ་འགྲོ་ཞིང་འོག་ཏུ་འང་དམྱལ་བ་རྣམས་ཀྱི་སྒྲོལ་བར་བྱེད་པར་གྱུར།། བསིལ་ཟེར་ལྡན་པ་འཆར་ཀར ་གྱུར་ལྟར་དཀར་ཞིང་དགྲ་རྣམས་བཞིན་ནི་ནག་པོ་ཉིད་དུ་འགྱུར་བའི་རྒྱུ།། ནུས་མཐུ་རྣམ་པར་ཤེས་པར་བྱ་བ་དཀར་ཞིང་མ་ལུས་འགྲོ་བས་མཆོག་ཏུ་གསལ་བར་མཐོང་ཞིང་སྣང་།། དབུ་ལ་སངས་རྒྱས་ཀྱི་ནི་ཞབས ་པང་ལ་གནས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱོད་རྣམས་སྲུང་གྱུར་ཅིག། ལྷ་དབང་དགྱེས་པའི་མཆོད་པ་ལ་མཁས་ལྷ་མོས་རབ་གཏེར་ག་པུར་ཕྱེ་མ་ཀུན་ནས་འཐུལ་བ་ཡི།། འོད་ལྟར་སྣང་ཞིང་གུས་པའི་ཁུར་ཐོགས། ་འཕྲོག་བྱེད་ཕྱག་འཚལ་རལ་པའི་ཐལ་བར་རྣམ་པར་འཁྲུལ་པའི་ས།། དཔལ་མོ་མཆོད་པ་འབུལ་བའི་ལག་གི་པདྨའི་གི་ས་ར་རྩེ་ཡི་རྡུལ་ཕྲན་ཟུག་པ་ལྟར་མཛེས་པ།། ཕྱག་ན་པདྨའི་ཞབས་ལས་སྐྱེས་གྱུར་སེན ་མོའི་འོད་ཟེར་ཚེགས་ཀྱིས་ཁྱེད་རྣམས་ཕྲོང་སྡེ་ལས་སྲུང་གྱུར་ཅིག། ལྷུན་པོའི་འོད་ཟེར་སེར་པོ་མིནྡ་བགྱིང་ལྷ་ཡི་གླང་ཆེན་ལི་ཁྲིའི་ཚོན་གྱིས་གསལ་བྱས་དམར་པོའི་དཔལ།། ཉམས་པར་བྱེད་པ་དཔའ ་ཞིང་རྟ་ལྗང་ཅན་གྱི་རྟ་ཡཽ་མི་དམན་ལྡང་བ་ཉིད་ནི་འཕྲོག་བགྱིད་ལ།། སྔོན་པོའི་སྣང་བ་ཉམས་བགྱིད་འཆི་མེད་བུ་མོས་འོ་མའི་ཆུ་གཏེར་ལུང་བབ་རྣམ་བརྟགས་སྐྲག་གྱུར་པ།། པདྨོ་འཛིན་པའི་ཞབས་ཀྱི་པདྨོ ་ལས་འཁྲུངས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་བསྲུང་གྱུར་ཅིག། ལྷ་རྣམས་ཁྱོད་ཀྱི་རྩཝ་ཡབ་བསིལ་ཟེར་བྱེད་ལྟར་དཀར་པ་དག་གིས་འདི་ལ་མཛེས་པར་མི་འོས་ཏེ།། ཀཱ་ཡེ་རམ་བྷེ་དགོས ་པ་མེད་པའི་ག་བུར་ཕྱེ་མ་གུས་པའི་རྩོམ་པས་ཡོངསུ་འཐོར་བ་ཅི།། བདེ་སོགས་ཁྱེད་ཀྱི་མེ་ཏོག་དཀར་པོ་རྣམས་ཀྱིས་རབ་ཏུ་གཏོར་བསོ་ཙཾ་ཞེས་མཐོ་རིས་ས་ཡི་རྗེ།། མཆོད་ལ་སྔགས་མཛད་ཕྱུག་ན་ཆུ་སྐྱེས་ཞིབས ་འཁྲུངས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག། ཀེ་ལྀ་ཤཾ་ལྟར་འབིགས་བྱེད་མཛེས་བསྐྱེད་ལྷ་མིན་ལས་རྒྱལ་ལུས་ཀྱི་ནག་པོ་ཉིད་ནི་ཉམས་པ་བགྱིད།། ནུག་མོ་རྩེད་འཛེས་མཛེས་ལྡན ་བྱུགས་ཤིང་ཉིད་མའི་རྟ་ཡི་འོད་ཟེར་ལྗང་གུ་ཉིད་ཀྱང་དཀར་པོར་མཛད།། མཆོད་མཁས་ལྷ་ཡི་སྐྱེ་བོས་གཽཏྭོར་བའི་ཀུ་ནོ་ཏའི་ཟིལ་ལུས་བསིལ་ཟེར་ཅན་གྱི་དུམ་བུ་ལྟར་གྱུར་རྣམས།། ཅི་ཞིག་ལ་དགོས་འཇིག་རྟེན ་དབང་པོའི་ཞབས་སེན་འོད་ཟེར་ཆེ་བའི་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག།། འཁོར་བའི་ཆུ་སྲན་བདག་པོ་ཕ་རོལ་བགྲོད་པ་རྣམས་ལ་བསྡམས་པའི་ལམ་ཆེན་དག་དང་མཚུངས་འགྱུར་ཞིང་།། བཟློག ་པར་དཀའ་བའི་སྡུག་བསྔལ་མེ་འབར་ཞི་བར་མཛོད་པ་བསོད་ནམས་ཆེན་པོའི་ཚོགས་ཀྱི་ཆུ་བོ་ནི།། དངས་པ་རང་དགའ་དག་ཏུ་འབབ་པ་ལྟ་བུ་དབུ་ལ་སངས་རྒྱས་ཀྱི་ནི་ཞབས་ལས་འཁྲུངས་པ་ཡི།། འོད་ཟེར ་མཆོག་ཏུ་རྣམ་པར་རྒྱལ་བར་གྱུར་རྣམས་ཁྱེད་ཀྱི་སྲིད་པ་མྱུར་དུ་སེལ་བར་མཛད་གྱུར་ཅིག། ནག་མོ་དགའ་བའི་ཟླ་བའི་མཛེས་པ་ཟིལ་གྱིས་གནོན་བགྱིད་ས་གཞི་འཛིན་པ་ཀེ་ལ་ཤ་ཡི་ནི།། སྣང་བ་རྒྱས ་པ་གསལ་བར་ཉམས་ཤིང་དཀར་པོ་ཉིད་གྱུར་ཁ་བ་ཅན་གྱི་དཀར་པ་ཉིད་ཀྱང་འཕྲོག། འོ་མའི་རྒྱ་མཚོ་རྒྱས་པ་ལུད་པ་དང་མཚུངས་ཕྱོགས་རྣམས་ཀྱི་ཡང་ལྷ་ཡི་གླང་ཆེན་པོ་རྣམས་ནི།། བཅག་པའི་དུམ་བུ་ལྟར་མཛེས ་འཇིག་རྟེན་དབང་ཕྱུག་ཞབས་སེན་འོད་ཟེར་རྒྱས་པས་ཁྱེད་རྣམས་སྲུང་གྱུར་ཅིག།། །། གང་ཞིག་ཡོངས་འདུའི་མེ་ཏོག་གིས་མཆོད་མཚོ་སྐྱེས་དཔལ་ནི་འཛུམས་ཤིང་བུང་བའི་ཚོགས་རྣམས་གར་བསྒྱུར་བགྱིད།། ག ་ལ་གནས་བཞིན་བསྙེན་བཀུར་ལ་ཆགས་པདྨ་ཅུང་ཟིང་ཟུམ་ཞིང་རང་བྱུང་འདུག་པ་དཀའ་བར་གྱུར།། གང་གིས་ལྷ་ཡི་ཆུང་མ་གདུང་པོའི་སྐྱོན་སེལ་ཉིན་མོའི་དཔལ་ནི་ནག་མོ་མིན་པར་མཚན་མོར་གྱུར།། ཕྱག ་ན་པདྨའི་ཞབས་སེནྡ་ཟླ་བ་མཛེས་པ་དང་ལྡན་ཟླ་བའི་འོད་འདིས་ཁྱེད་རྣམས་སྲུང་གྱུར་ཅིག།། ལྷ་ཡིན་ཆུང་སྐྱེ་བོ་མཛེས་མ་རྣམས་ཀྱིས་འདོད་འོ་སུ་འཁྲུལ་མིག་ཚུགས་ལྟ་ཞིང་མཆོད་གྱུར་ལ།། སེན་མོའི ་འོད་གིསལ་དཀར་ཞིང་མཛེས་པར་གྱུར་པ་པདྨའི་རྩ་བའི་ཚོགས་པ་ལྟ་བུ་འཛིན་མཛད་ཅིང་།། མི་ཆུང་འདོད་པ་རབ་རྒྱས་འདོད་ལྟ་བུར་གཞན་གྱི་དབང་གྱུར་མ་ཡི་སྤྱོད་ལ་རབ་ཏུ་འཇུག། མི་དམན་ལྷ་ཡི་གྲོང ་གི་ཅན་དན་གྱིས་བྱུགས་ཕྱག་ན་པདྨའི་ཞབས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག།། ཀུན་དགའི་ཁུར་བུ་མིང་མན་རབ་རྒྱུས་ལྷ་ཡི་ལག་པས་ཡོངས་འདུའི་མེ་ཏོག་རབ་ཏུ་གཏོར་རྣམས་ལ།། བུང་བའི། ་དོན་མཐུན་ནག་པོ་བརྩེགས་པ་ཤིན་ཏུ་གནག་པར་གསིལ་བའི་ཚོགས་པ་ལྟ་བུ་རབ་རྒྱས་པ།། ཕྱག་ན་པདྨའི་ཞབས་ཀྱི་མཚོ་སྐྱེས་དག་གི་སེཾན་མིའི་འོད་ནི་དྲི་མེད་འོ་མའི་ཆུ་གཏེར་གྱི།། དབུས་ལས་འཁྲུངས་པའི ་དཔལ་མོ་གཡོ་མེད་དགའ་བའི་རྒྱུ་འདིས་ཁྱེད་ཀྱི་དགེ་ལེགས་མཆོག་ཏུ་སྒྲུབ་གྱུར་ཅིག།། རེ་བ་རྣམས་ཚད་སྐྱོ་བས་འ་ཕེལ་བའི་མེ་ཡི་རྩེ་མོ་བཅོད་པའི་ཆུ་ཆེན་རབ་ཏུ་རྒྱས་གྱུར་ཅིག། པདྨའི་མི་ཛེས་པའི་རྗེས ་མཐུན་གྱིས་དྲངས་སྦྲང་རྩི་བྱེད་པའི་སྒྲིབ་བྱེད་རྣམས་ཀྱིས་བསྒྲིབས་པ་ར་གྱུར་པའི་དཔལ།། སེན་མོའི་འོད་ཟེར་དཀར་ཞིང་རགས་ལ་སྡུག་པོར་གྱུར་པས་རང་དགར་ཁྱབ་ཅིང་ནད་ནི་ཁེངས་གྱུར་པ།། སོར་མོ་ཆུ ་སྐྱེས་དཔལ་ལ་རེག་པའི་ཞབས་ཀྱིས་ཚེགས་མེད་མ་ཆང་ཁྱེད་ཀྱི་འདོད་པ་སྦྱིན་གྱུར་ཅིག། འཁོར་ལོའི་འོད་ནི་རབ་ཏུ་མཛེས་དང་ལྡན་གྱུ་རི་དྲི་མེད་སེ་ནུ་མོས་བསྐྱེད་པ་ངོ་ཟླ་མེད་པའི་དཔལ།། མཚུངས་མེད་ཡོན་ཏན ་གྲོགས་མེད་བསོད་ནམས་རྣམས་ཀྱིས་འཐོབ་པའི་མཚན་གྱི་ཚོགས་ནི་རྣམ་པར་འཛིན་གྱུར་ཅིང་།། མ་ལུས་གླིང་རྣམས་གསལ་བའི་མཐུ་ལྡན་ཤིན་ཏུ་ཆེ་བ་རོ་ཕུན་སུམ་ཚོགས་པས་ས་ཡི་བདག་པོ་རྣམས།། ་ཕྱག་བགྱིད་མགོ་ཡི་འཁོར་ལོ་སྒྱུར་བ་དབུ་ལ་སངས་རྒྱས་ཞབས་ཀྱིས་ཁྱེད་རྣམས་ཡུན་རིང་སྲུང་གྱུར་ཅིག། མཐོ་རིས་གངྒཱའི་གཱསེར་གྱི་པང་ལྗོན་མེ་ཏོག་ཅུང་ཟད་བྱེད་པས་འདི་ལ་གཏོར་བའི་ཡོན་ཏན་ཙི།། གསལ་ལྡན ་མཚོ་སྐྱེ་སུ་འཁྲུལ་བུང་བའི་ཕྲེང་བས་གླུ་བླངས་ཉིད་ལ་གླུ་རྣམས་ཀྱིས་ནི་ཅི་ཞིག་བྱ།། རབ་མཛེས་སེན་མོ་འདི་ལ་ནོར་བུའི་ཕྲེང་བ་རྣམས་ཀྱིས་མཛེས་པ་ཉིད་དུ་བགྱི་བར་ནུས་མིན་ཞེས།། གང་ཞིག་མཆོད་པ་ལྟ ་ཡི་དབང་པོས་གསུངས་གྱུར་ཕྱག་ན་ཆུ་སྐྱེས་བསྡམས་པའི་ཞབས་དེས་རྒྱལ་གྱུ་རོ་ཅིག།། ། གང་ཞིག་མགྲོན་པོ་ཁོ་ནའི་བདེ་བར་གཤེགས་པའི་རྒྱུར་གྱུར་འབའ་ཞིག་མ་ཡིན་སྐྱེ་བའི་སྣོད་ཀྱི་ཡང་།། གུང་དུ་ཕྱི ་མངོན་འདོད་སྦྲང་རྩི་འཐུང་བའི་ཚིགས་ཉིད་འདབ་བསྐྱོད་མ་ཡིན་སྐྱེ་བོ་རྣམས་ཀྱི་ཡང་།། གང་གིས་རབ་ལྕིས་ཉིད་ཤིན་ཏུ་བླ་མར་གྱུར་ཅིང་འདུད་རྙེད་མོ་ཡིན་འཇིག་རྟེ་གསུམ་པོ་ཡོད།། དབུ་ལ་བདེ་གཤེགས་རི ་བོང་འཛིན་པའི་འོད་ཀྱིས་རྣམ་པར་གསལ་ལྡན་ཞ་བོས་ངེས་འཇིག་རྟེན་སྲུང་གྱུར་ཅིག།། གང་ཞིག་སྟེན་བྱེད་བུང་བ་རྣམས་ལ་བཏུང་བའི་སྦྱིན་པས་དགའ་མགུ་རངས་པའི་ཚོགས་ནི་བསྐྱེད་མཛད ་ཅིང་།། གང་ཞིག་རྩ་བ་མི་དམན་ངེས་པ་ཁོ་ནར་ལྗང་ཁུ་ཉིད་མིན་མཆོག་ཏུ་མཛེས་པ་ཉེར་འཛིན་ལ།། རྡུལ་གྱི་ཚོགས་རྣམས་འཆི་མེད་མ་གོར་ཉལ་དཔལ་ནི་གནས་པའི་སར་གྱུར་སེན་མོ་འོད་ཟེར ་བཟང་པ་ཡི།། ག་སར་དང་ལྡན་འཇིག་རྟེན་མགུན་པའི་ཞབས་ཀྱི་པདྨས་ཁྱེད་ལ་ཡུན་རིངས་དགེ་ལེགས་སྦྱིན་གྱུར་ཅིག། ལུས་འཇམས་ཉམས་བྱེད་འཇིག་སུ་རུང་བའི་དགྲ་འཇོམས་སྒྲུབ་པ་ལུས་ཅན ་རྣམས་ཀྱི་མཚོན་ཏེ་འདོད་པ་ཡི།། དངོས་གྲུབ་འབོད་པར་བྱེད་ཅིང་ཀྱེ་མ་ཤིན་ཏུ་ཆེར་བསགས་མི་བཟད་སྡིག་པའི་ཚོགས་ཆེན་ཟད་མཛད་པ།། ཉོན་མོངས་བཀོད་པ་དགྲ་ཡི་བསམ་པའི་སྲེག་བླུགས་ཀྱིས་བསྐྱེད་སྡུག་བསྔལ ་མེ་ཆེན་གྱིས་ནི་བསྲེགས་དག་སེལ་བའི་ཆུ་ཀླུང་ཕྱག་ན་པདྨའི་ཞབས་ཀྱི་འོད་ཀྱིས་ཁྱེད་ཀྱི་རྣམ་མང་ཕན་པ་སྒྲུབ་གྱུར་ཅིག།། དབུ་ལ་སངས་རྒྱས་རྒྱན་ལྡན་ཞབས་ཀྱི་ཉེ་འཁོར་དུ་རྒྱུ་མ་ཚད་མེད་པོའི་པདྨོར ་འཁྲུལ་ལྡན་པ།། བུང་བ་སྒྲ་སྙན་སྒྲོགས་པ་རྣམས་ནི་སེམས་ཅན་བསྒྲུབ་པའི་བྱ་བ་གཅིག་པུར་རབ་བརྟན་ལ།། ཡུན་རིང་བཞུགས་པར་བརྟན་པོར་བགྱི་སླད་སྟོབས་ཆེན་སྙིང་རྗེ་དག་གིས་སྒོམ་ཞིང་གནས་པ ་ལྕགས་ཀཱི་ནི།། ལྕགས་སྦྲེ། དཀེར་པོ་ལྟེ་བུས་ཁྱེད་རྣམས་དགུ་གི་ཕུན་སུམ་ཚོགས་ངེས་པར་གཡོ་མེད་སྒྲུབ་གྱུར་ཅིག། པདྨའི་ནང་གི་འདབ་མའི་ཕྲེང་བ་ལྟར་མཛེས་འཛམ་ཞིང་རྡོ་རྗེ་ལྟ་བུ་སྲ་ལ་རྣམ་པར་བརྟན། ་གདུག་པའི་དགྲ་རྣམས་ཀྱིས་ནི་རབ་ཏུ་བསྣུན་བྱས་མཚན་ཆའི་ཚོགས་རྣམས་རྣམ་པར་ཉམས་པར་འགྱུར་བའི་ས།། དམར་ཞིང་ཆགས་པ་ཉེ་བར་ཞི་བ་འཁོར་བའི་ཆུ་གཏེར་དག་ལས་སྦྲེལ་བར་བགྱིད་པའི་བྱེད་པ་པོ། ་ཤིན་ཏུ་སྟོབས་ལྡན་བདེ་བར་གཤེགས་པའི་རི་བོང་ཅན་འཛིན་ཞབས་ཀྱིས་ཁྱེད་ཀྱི་སྐྱོ་བ་སེལ་གྱུར་ཅིག། དབང་པོའི་ཆུ་སྐྱེས་རབ་ཏུ་རྒྱས་ཤིང་མཛེས་པའི་ཚོགས་ལ་བུང་བ་གཡོ་ལྡན་ཡིན་ཡང་མི་གཡོ་ཞིང་།། ཀུན་ཏུ་དགའ ་བའི་ཀུན་དེ་འཕྲོག་བྱེད་ལག་ན་གནས་པའི་ཚོགས་ལ་སྲེད་ལྡན་ཡིན་ཡང་མི་སྲིད། མདུན་དུ་ཁྱབ་འཇུག་གིས་གཏོར་མཛེས་ལྡན་ཡོངས་འདུའི་མེ་ཏོག་དྲི་བཟངས་ལྡན་ལའང་དགའ་བ་མི་སྐྱེ་བཱ་ར། གང་དུ་བུང་བའི་ཕྲེང ་པ་དགར་འགྱུར་རྒྱལ་བ་འཛིན་པའི་ཞབས་ཀྱི་པདྨ་ངེས་ཁྱེད་སྲུང་གྱུར་ཅིག།། འོད་ཟེར་རབ་ཏུ་མང་བའི་ཚོགས་ལས་གྱུར་པའི་རལ་པ་གཡོ་ཞིང་ཤིན་ཏུ་རབ་མཛེས་གསལ་ལྡན་ལ།། དམོར་ཞིང་མཛེས་པས་རྗེས ་འབྲེལ་རབ་ཏུ་མཐོ་བ་སེན་མོའི་སོ་གཙིགས་ཀུན་ནས་མཛེས་ཤིང་ཡིད་དུ་འོང་།། ཉེས་པར་ཞུགས་པའི་གཉིས་འཐུང་དགྲ་བོ་སྐྲག་བགྱིད་རིང་དུ་གཡོ་བྱའི་སྤྱན་གྱིས་ཀུན་ཏུ་གཟིགས་གྱུར་པ།། པད་སྐྱེས་རལ་པའི་ནགས ་ཉལ་འཇིག་རྟེན་དབང་པོའི་ཞབས་ཀྱི་སེང་གེ་ཁྱེད་རྣམས་ཞི་བའི་སླད་གྱུར་ཅིག།། ཤིན་ཏུ་དྲི་མ་མེད་ཀྱང་མི་ཆུང་ཡང་བ་མིན་ཡང་མྱུར་དུ་ཕྱོགས་ཀྱི་སྒོ་རྣམསྡེ་འགོད་པར་བགྱིད།། འཇིག་རྟེན་གྲསུམ་པོ ་ཀུན་ཏུ་དགའ་བར་བགྱིད་ཀྱང་སྟོབས་ལྡན་ཕ་རོལ་ལུས་ཁྱབ་ཡོངསུ་གདུང་བའི་རྒྱུ།། མཛེས་སྡུག་འགྱུར་བྱེད་བྱུག་པར་ལྡན་ཡང་ཕུལ་བྱང་ཡིད་འོད་རྒྱ་དག་གིས་མེ་ཏོག་ནི།། རྣམ་རྒྱལ་ཕྲེང་བའི་ཐོད་ཅན ་ཞབས་ཀྱི་འོད་ཟེར་ཁྱེད་རྣམས་ཕོངས་པའི་ཟུག་རྔུ་འགོག་པར་མཛད་གྱུར་ཅིག། གང་ལ་རྒྱལ་པོའི་རྒྱལ་པོས་མེ་ཏོག་རྣམས་དང་འཕྲོག་བྱེད་ཀྱིས་ཀྱང་ཡོངས་འདུའི་ལྗོན་ཤིང་ཡིད་འཕྲོག་རྣམས།། ཟླ ་བས་ཀུན་དགའ་ལྡན་པར་ཀུན་ད་རྣམས་དང་ནོར་ལྷའི་རྒྱུད་ཀྱིས་འོད་ལྡན་ནོར་བུ་མང་པོའི་ཚོགས།། ཞབས་ལྡན་དགའ་བས་པཱ་ལ་ཤྲཱི་སྟེ་དེ་ལྟར་ལྷ་ཡི་སྐྱེ་བོས་མཆོད་པའི་ཁྱད་པ་རི་རབ་མང་རྣམས།། རྗེ་སུ་ཁྲིད་པའི ་སྙན་ངག་ལྟ་བུས་མཆོད་བགྱིད་ཕྱུག་ན་ཆུ་སྐྱེས་ཞབས་དེས་ཁྱེད་རྣམས་སྲུང་གྱུར་ཅིག། འོད་རྣམས་རྣམ་པར་གསལ་བ་ཉི་མས་བསྟོད་བགྱིས་སེན་མོ་རྣམས་ལ་མཐོ་རིས་མགོན་པོ་ཡིས།། སོར་མོའི་རྩེ་མོའི་ཚོགས། ་ལ་དབང་ཕྱུག་འདྲེན་བྱེད་རྣམ་པར་མི་གཡོ་མཛེས་པའི་མཐའ་ལ་མཐར་བྱེད་ཀྱང་།། ལྷ་ཡི་འཇིག་རྟེན་རྣམས་ལ་གླང་གིས་ཐུན་མོང་མིན་པའི་མཛེས་པ་ཕུལ་དུ་བྱུང་བའི་ཡུལ་རྣམས་ནི།། མ་ལུས་མཐོང་བའི་ནུསྣ ་བ་ཡོད་མི་ནཱ་མགོ་ལ་སངས་རྒྱས་གཟུགས་ཀྱིས་མཚན་མའི་ཞབས་དེས་རྒྱལ་གྱུར་ཙཱ་གི། ཡང་དག་རྫོགས་པའི་སངས་རྒྱས་འོད་ཀྱིས་རབ་གསལ་རལ་པའི་ཚོགས་ཀྱི་རྩི་ཤིང་ལྡན་པ་ཆེ་བའི་སྐུ།། འཁོར་བའི ་ཆུ་གཏེར་གཏིང་དུ་འཇུག་བྱེད་སྐྱེ་བོའི་ཚོགས་ཀྱི་ཤིན་ཏུ་ལྕི་བའི་ས་གཞི་རབ་གནོན་ཞིང་།། མཐའ་རྣམས་དག་ལས་ཡང་བྱུང་བ་ཡིད་འོང་ཟབ་ཅིང་དམར་བའི་ཁམས་ཆེན་ལྡན་པའི་ཆུ་རྣམས་འབབ།། གྲུབ་པའི་དོན ་མཐུན་གྱིས་བསྟེན་པདྨོ་འཛིན་པ་རི་བོའི་ཞབས་ནི་ཁྱེད་ཀྱི་བཟང་པོའི་སླད་གྱུར་ཅིག།། འཁོར་བའི་ལམ་ལ་རབ་བགྲོད་འགྲོ་བ་མཐའ་དག་ངལ་ཞིང་དུབ་ལྡན་ཞི་བའི་རྒྱུ་ཡི་གྲིབ་བསིལ་ཅན།། རབ་ཏུ་མཛེས་པའི་ཡལ་ག ་རབ་གསལ་སེན་མོའི་མེ་ཏོག་འཛིན་ཅིང་འདོད་དོན་འབྲས་བུ་དང་ལྡན་པ།། ལྷ་ཡི་སྐྱེ་བོས་རབ་བཏུད་མགོ་ཡི་ཕྲེང་བས་བསྐྱོར་བའི་རྩ་བར་ནོར་བུའི་བུམ་པ་གང་བ་ཡི།། དྲི་མེད་འོད་ཀྱི་ཆུས་བྲན་འཇིག་རྟེན་དབང་པོའི་ཞབས ་ཀྱི་ལྗོན་ཤིང་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག། རྩ་བ་རབ་བརྟེན་ཉོན་མོངས་ཚིགས་པའི་དགྲ་བོ་སྟོབས་ལྡན་སྟོབས་རྣམས་རྩད་བཅད་རྙེད་པ་ཆེན་པོ་ཡིས།། རངས་པ་ཐོབ་གྱུར་རྣམ་པར་སྒེག་ལྡན་སྟོབས་ལྷུན ་ལས་རྒྱལ་མགོ་ཡི་གནས་ལ་གཡོ་ཞིང་རྣམ་པར་རྩེ།། ཆུ་སྐྱེས་རྒྱས་པའི་རྒྱུན་ལ་ཆགས་ཤིང་ཀུན་ཏུ་སྲེད་ལྡན་དེར་དིར་མང་པོ་རབ་ཏུ་སྒྲོགས་པ་ཡི།། བུང་བའི་ཚོགས་པ་མི་བཟློགས་མཚུངས་མེད་དྲི་བྲལ་པདྨ་འཛིན ་པའི་ཞབས་ཀྱིས་ཁྱེད་ལ་སྦྱང་གྱུར་ཅིག།། འཇིག་རྟེན་གོ་སུམ་གྱི་དབང་ཕྱུག་དཔལ་འབྱོར་ལག་ལྡན་ཆུ་དེ་མ་གཡོ་བའི་སྡོམ་ཐག་གདུགས་སའི་དབྱུག་པ་སྟེ།། ཉོན་མོངས་སྡུག་བསྔལ་སྦྲུལ་གདུག་སྤོས་ཟིན ་འགྱེལ་པའི་འགྲོ་བ་མཐའ་དགེ་སྦྱོང་བར་བྱེད་མཁས་ན་མཁའ་ལྡིང་།། མི་ཆུང་དམྱལ་པོའི་གྲོང་ཁྱེར་ནང་ན་བཟློག་དཀར་འཇུག་པའི་སྒོ་སྡོམ་རབ་བརྟན་སྲིད་པའི་ཆུ་གཏེར་ནི།། ལེགས་པ་ར་རྒལ་བའི་གདོས་པ། ་གཅིག་པུ་འཇོག་རྟེན་དབང་བའི་ཞབས་ནི་ཁྱུད་རྣམས་འབྱོར་པའི་སླད་གྱུར་ཅིག། མདུན་ས་གང་དུ་ལྷ་ཡི་རལ་མེ་མཁན་རྣམས་མཛེས་པས་ཡིད་གཟུང་མཆོད་པ་བགྱིད་པར་མ་ནུས་ཏེ།། གང ་རྣམས་རྣམ་པ་ལས་འདས་སིལ་སྙན་རིག་བྱེད་ཁ་ན་མ་ཐོ་མེད་རྣམས་དེ་ཚེ་རྣམ་པར་ཉམས།། དམན་པོ་མིན་པའི་གླུ་དབྱངས་མི་ལེན་ཉམས་རྣམས་དག་གིས་སྨྲས་པའི་དངོས་པོ་ཉིད་མིན་ངོ་བོར་གྱུར།། དེ་ལྟས ་བརྒྱུ་བྱི་ནི་ནང་དུ་བའང་གྱུར་ལྟ་བས་མི་ངོམས་གཟུགས་ཅན་མཱཚྭ་སྐྱེས་ཅན་དེས་རྒྱལ་གྱུར་ཅིག། དཔལ་ལྡན་པར་མེདོ་རབ་ཏུ་མཚུངས་པ་མེད་ཅིང་ཆེར་གྱུར་འདོད་པ་ཆེན་པོའི་ཁང་པ་མཆོག་གི་ས་རེ།། ལྷག ་པའི་སྟོབས་ལྡན་གཡོན་གྱི་རིམ་པར་མི་བཟང་འདུད་པའི་བདུད་ཀྱི་ཡིད་རྣམས་རབ་ཏུ་འཇོམས་མཛད་ཅིང་།། སེམས་ཅན་དགའ་བདེ་རབ་བཞེད་གྲགས་པ་དང་ནི་འཇམ་པའི་ཐུགས་ལྡན་ངལ་བས་སྐྱེ་བར་མི ་འགྱུར་བ།། མགོ་ལ་འོད་དཔག་མེད་པས་ཁྱེད་ཀྱི་གཏི་མུག་གིས་བསྐྲུན་རབ་འཇོམས་རྒྱ་ཆེའི་འཇིགས་པ་འཇོམས་གྱུར་ཅིག། བརྟན་པའི་རབ་འཇིགས་རུང་བས་སྐོར་ཞིང་སྒྲ་ལྡན་བཅིངས་པས་དམ་བཅིངས་རིང ་པོར་གསལ་བའི་སྒྲ།། དྲག་པོ་ཤིན་ཏུ་འཇིགས་རུང་དམྱལ་བའི་གྲོ་ང་ཁྱེར་ཉིད་ཀྱི་རྣམ་པར་འཛིན་པ་དགྲ་བོ་རྣམས་དག་ནི།། བཙོན་ཁང་ནང་དུ་གདུང་བ་དྲག་པོས་ཤིན་ཏུ་འཇིགས་པར་གྱུར་རྣམས་དྲན་ནས་སྐྱབས། ་ལ་རབ་གཤེགས་ཤིང་།། བཀུར་སྟི་སྒྲུབ་མཛད་སྙིང་རྗེ་རབ་ལྕི་འཇིག་རྟེན་དབང་ཕྱུག་གང་ཡིན་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག། བསྐུལ་པའི་མཐའ་ཡིས་རྦ་རླབས་ལྟར་འཕྱོ་གཡོ་བའི་རླུང་གི་སྟོབས་ཀྱིས་རབ་གཙུབས་རྦ ་རླབས་ཕྲེང་བ་རྣམས།། སྒྲ་དྲག་སྒྲོག་ས་ཤིང་ཐོར་ཐོར་དང་ལྡན་ཆུ་སྲིན་ཚེགས་ཀྱིས་གང་བ་འཇིགས་རུང་ཆུ་ཡི་ཆུ་གཏེར་ནི།། གང་ཞིག་དམིགས་པ་ཉིད་ན་མཐོན་མཐིང་དྲི་མོ་མེད་པའི་ཚོགས་ཆེན་བཀྲམ་བརྩེ་དགའ་དག་གི ་གནས།། ཉམས་རབ་དགའ་བར་འགྲུབ་འགྱུར་པདྨོ་ཅན་དེ་ཤིན་ཏུ་མྱུར་བར་འགྲོ་རྣམས་སྲུང་བའི་སླད་གྱུར་ཅིག།། དུ་བའི་ཚོགས་ཀྱི་འཆིང་བས་བཅིངས་པས་ཟླ་བ་ཉི་མའི་འོད་ཟེར་ཉམས་ཤིང་འབྲས་བུ་མེད་པར་བྱེད།། ་འགོག་པ་བསྐྱེད་པའི་བགེགས་ལ་མཁས་པའི་ལྷ་ཡི་ཆུང་མ་རྣམས་ཀྱང་བརྟན་པའི་མཐུ་རྣམས་ཉམས་འགྱུར་པའི།། དུ་བའི་རྒྱལ་མཚན་ཅན་ཡང་གང་གི་མིང་བརྗོད་རྒྱུན་འཛིན་འཛིན་བྱེད་རྣམས་ལ་རབ་ཏུ་ཉམསོ། ་འགྱུར་བ།། སངས་རྒྱས་འཛིན་པས་ཁྱེད་ལ་ཉམས་དགུར་རྒྱུན་ཆད་མེད་ཅིང་སྒྲུབ་བྱེད་དང་བཅས་ལེགས་པ་སྒྲུབ་གྱུར་ཅིག།། ཁྲོ་བས་རབ་བསླང་ལག་པ་དུས་ཀྱི་མཚོན་ཆ་དང་འདྲ་འཇིག་སུ་རུང་བའི་སྲུང་ཅེས་སྒྲོགས།། ་པར་བྱེད།། ཆང་གིས་བསྒོས་པའི་འགྲམ་པ་དག་ཏུ་བུང་བའི་ཚོག་ས་གཏིབས་གློ་བུ་ར་གནག་གྱུར་ངར་ཞིང་ཆེ་བའི་ལུས།། ལག་ལྡན་དབང་པོ་འོང་བ་གང་གི་མཚན་གྱི་ལྕགས་ཀྱུ་མནག་དཀས་བཏབ་ན་ཞུམ་ཞིང་སྐྲག་འགྱུར་བ།། ་འཇིག་རྟེན་དབང་པོའི་ཐུགས་རྗེས་རབ་འདོད་ཡོ་བྱད་དེ་ནི་ཁྱེད་ཀྱི་འདོད་པའི་བྱ་བ་མཛད་གྱུར་ཅིག། སུད་ཅེས་དབུགས་ནི་འཇིགས་རུང་ཁྲོ་བའི་རང་གནས་ཟ་བས་བསྲེག་བྱེད་མི་ཆུང་དུག་གི་དུ་བར་ལྡན།། ་སོ་ཡི་བཟའ་བ་མཐོང་བས་མགོ་བོ་ཤིན་ཏུ་རབ་ཏུ་གདེངས་གྱུར་ཉེས་བྱེང་སྡེ་རྩེ་ལྡན་པ་རྣམས།། རིང་གི་མཚན་ནི་དུག་སོའི་དབང་པོའི་དགྲར་གྱུར་བློ་ལ་རྣམ་པར་བཞུགས་པས་ནུས་མེད་ཉམས་འགྱུར་བ།། འཇིག་རྟེན་དབང ་དེ་ཀུན་གྱི་ཉོན་མོངས་ཕུང་པོ་ཤིན་ཏུ་མི་བཟོད་མངོན་གྱུར་ཞི་བོའི་སླད་གྱུར་ཅིག།། སྤོས་དྲིས་རབ་ཏུ་བསླང་བའི་དྲེགས་པ་ཆེ་འཛིན་གླང་ཆེན་ཚུགས་རྣམས་ཟ་བར་སྒྲོགས་ཤིང་འཇིགས་པའི་ཤུགས།། ཁྲོ་བས་རྩེ་གཅིག་ཏུ ་འགྲོ་མགྲིན་པའི་ཕུག་ཟབ་དག་ནས་དྲག་པོའི་ངར་སྒྲ་ཟབ་མོ་སྒྲོགས་བྱེད་པའི།། རི་དགས་དབང་པོ་འཁོལ་བྱེད་ཀྱིས་བཀོལ་འོས་པ་ཉིད་དུ་ཀང་གི་ཡོན་ཏན་བརྗོད་པས་ལྡན་འགྱུར་བ།། ཡན་ལག་མཆོག་མཐོར་བདེ་གཤེགས། ་གནས་ཤིང་རྣལ་འབྱོར་ལྡན་དེས་ཁྱེད་ཀྱི་ངན་པར་འབྲེལ་པ་སེལ་གྱུར་ཅིག། རབ་མང་གནོད་པས་རྗེསུ་དཔག་བྱ་བརྩེ་བས་ཟད་པའི་སྙིང་ལྡན་འཇིགས་པ་སྒྲུབ་པར་བྱེད་གྱུར་པ།། མཁའ་ལ་གནས་ཤིང་རི་ཡིས་ཉེ་བར་གཞལ།། ་བྱ་བུང་བ་མ་ཧེ་མངོན་འགྱུར་འོད་ལྟའི་ལུས་ཀྱི་ཚོགས།། སྦྱོར་བབས་ལེགས་ལྡན་སྒྱུ་མའི་རང་བཞིན་ལྟ་བུ་གང་ཞབས་བརྗོད་པས་དམན་ཞིང་བརྩོན་འགྲུས་མེ་ང་བ་དང་།། རྣམ་པར་ཉམས་པར་བགྱིད་ལྡན་བདེ་བར་གཤེགས ་པའི་གནས་ངེས་ཁྱེད་རྣམས་རྣམ་པར་རྒྱལ་བའི་སླད་གྱུར་ཅིག། གླང་ཆེན་ཚོགས་ཀྱི་ཆུ་སྲིན་རབ་རྒྱུ་རལ་གྲི་མདུད་རིངས་འོད་དང་ལྡན་པའི་རྦ་རླབས་འཁྲུག་ཅིང་རྒྱུག།། རབ་བསླང་དཀར་ཞིང་གཡོ་བའི་ཏོག་གི་དབུ་བ ་ལེགས་པར་གསལོ་ལྡན་སྐྲག་པའི་གནས་ཀྱི་སར་གྱུར་པ།། མཚུངས་མེད་སྒྲ་རྣམས་ཡང་དག་འ་གྲོགས་པའི་སྡེ་བརྟན་ཆུ་བོ་དག་ནི་གང་ཞིག་བརྟན་པ་ལེགས་པའི་གྲུས།། སྤྲོ་བ་དང་བཅས་ཡང་དག་རྒལ་འགྱུར་མཚོ་སྐྱེས ་ཅན་དེས་ཁྱེད་ཀྱི་བདེ་མིན་བདེ་བར་སེལ་གྱུར་ཅིག།། ས་འཛིན་ཚོགས་རྣམས་འབྱེད་པའི་མཐུ་ལྡན་འོད་ཟེར་རེ་བ་མང་འབྱོར་པའི་འོད་ལ་སྤྱོད་ཅིང་འཇིགས་བྱེད་པ།། རབ་ཏུ་བཀྲ་བའི་མེ་འོད་རྣམ་འཛིན་འཇིགས་པས ་ཟིལ་གནོན་འབྱུང་པོ་རྣམས་ནི་རྨོངས་ཤིང་འཁྲུལ་བསྐྱེད་པ།། རྡོ་རྗེ་འཇིགས་པའི་སྤྱོད་ཧཱུ~ཾ་མངོན་དུ་ལྷུང་བ་དག་ནི་གང་ལ་གུས་པའི་མཐུ་ལས་མྱུར་ཉིད་དུ།། རྣམ་པར་ཉམས་པའི་སར་འགྱུར་མཛེས་ལྡན་མཚོ་སྐྱེས་འཛིན་པ་དེ ་ཡིས་ཁྱེད་ཀྱི་སྲིད་པ་འབྱེད་གྱུར་ཅིག།། ཀུན་ཏུ་གཟིར་བས་བརྟན་ཉམས་འོདྲི་པའི་སྒྲུབ་བྱེད་ཉེ་གྱུར་ལྷ་ངན་འཁྲོས་པས་མཁར་རྗེ་ཞན་གྱུར་པ།། ཟུག་གཟེར་མནག་དཀའ་དྲག་པོས་འགོག་བྱེད་རྣམ་པ་སྣ་ཚིགས་མང་པོའི ་ནད་ཀྱིས་རབ་ཏུ་གཟིར་པོའི་ལུས།། གང་གིས་བསམ་གཏན་ངེས་བརྗོད་བདུད་རྩི་འཛིན་བྱེད་ཀྱིས་གཟུང་འགྲོ་བ་བློ་ལྡན་ཟུག་རྔུས་མི་རྫི་བར།། ལྷག་པར་དགའ་བསྐྱེད་མགོ་ལ་སངས་རྒྱས་དེ་ཡིས་ཁྱེད་རྣམས་བློ་ནི་བྱང་ཆུབ་སླད་སྲུང ་གྱུར་ཅིག།། རིང་ནས་བོད་བཞིན་གཤེགས་པའི་ས་བདག་མཚུངས་མེད་དགྲ་རྣམས་ཉམས་ཤིང་རབ་ཏུ་གདུང་བར་བྱེད་པའི་གླུ། དྲག་ཏུ་ལེན་ཅིང་ཁྲིམས་ལུགས་གྲགས་པ་ཕ་མེས་བདག་པོའི་གྲགས་པ་ལས ་རྒྱལ་ཁྲིམས་ལུགས་དག་དང་ལྡན།། འབྱོར་པ་རྣམ་ཀུན་བརླག་པ་བསྐྱེད་པའི་རྒྱུར་གྱུར་ཁྲོས་པའི་བློ་ཅན་གང་ཞགས་བརྗོད་པའི་ནུས་པོ་ཡིས།། མཆོག་ཏུ་མཛའ་བར་འགུགས་བྱེད་རྒྱལ་བའི་ཁྱུ་མཆོག་གནས་ངེས་ཁྱེད་ཀྱི ་འཇིགས་པ་ཡང་དག་འཕྲོག་གྱུར་ཅིག།། ཚངས་པད་དམན་པ་ཉིད་གྱུར་བླ་མོ་ཡང་ནི་བླ་མ་མིན་དང་མ་ཉམས་པར་བརྗོད་ཉམས་པ་ཉིད།། ཁྱབ་འཇུག་མི་སྨྲའི་ངང་ཚུལ་དབང་ཕྱུག་ཀྱང་ནི་ཚིག་རྣམས་རྣམ་པར་འགོད་པའི་ཁེངས། ་པ་མེད་གྱུར་ལ།། ཚིམ་ཞིང་གསལ་བར་བསྟོད་འདོད་རྣམས་ཀྱང་དེ་ལྟར་ལྷ་རྣམས་གང་གི་ཡོན་ཏན་བརྗོད་ལ་མཁས་མིན་ཏེ།། རྒྱལ་བའི་ཐུགས་ཀྱི་སྤྱོད་ཡུལ་ནང་གི་ཡོན་ཏན་ཆགས་མངའ་ཕྱག་ན་པདྨ་དག་གིས་རྒྱལ ་གྱུར་ཅིག། ཡབ་ཀྱིས་ཡ་མཚན་ལ་སྟེ་ལྷ་དགུའི་དགྲ་ཡིས་སྤྱོད་པ་དང་ནརྀ་མིག་གསུམ་ལྡན་པས་མིག་དག་ལ།། རིགས་ཀྱི་དགྲ་ཡིས་རིགས་ལྔ་བླ་མ་ཡོས་ཀྱང་གཤེགས་པཱ་ལ་སྟེ་མཚན་མོའི་བདག་པོས་ཀུན་ལའོ།། གྲོགས།། ་པོ་ཡིས་ནི་བྱམས་པ་ལ་སྟེ་ཨ་ཏྲེའི་བུ་ཡིས་འགྲོ་ཀུན་བུ་ལྟར་གྱུར་པའི་མཉེས་གཤིན་ལེ།། འདི་བསྟོད་བསྟོད་པའི་སྣོད་གང་མཐའ་ཡས་སྦྱིན་མཛད་ཕྱག་ན་ཆུ་སྐྱེས་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག།། གང་ལ ་ཚངས་པས་རང་གི་ཞལ་རྣམས་མང་པོ་ཉིད་ལས་མང་པོ་ལེགས་པར་བཞེད་དང་ལྡན་པས་བསྟོད།། ཀུན་དགས་ཁེངས་ཤིང་ཕུང་པོས་ཀྱང་ངོ་ཀླུ་རྣམས་ངག་གི་མགོན་པོས་ཀྱང་ནི་སྤྱི་བོས་འདུད་པར་བགྱིད།། བརྒྱ་བྱིན་འདྲེན་བྱེད་བརྒྱ ་ཕྲག་བཅུ་རྣམས་བསྔགས་པ་བགྱིད་ཅིང་གང་བ་རྣམས་གཟིགས་རྒྱུན་ཆད་མེད་པར་ནི།། འདྲེན་བྱེད་དགའ་བས་ཕྱག་འཚལ་བསྟོད་པའི་སྣོད་གྱུར་འཇིག་རྟེན་གཉེན་དེས་འཇིག་རྟེན་གསུམ་རྣམས་སྲུང་གྱུར་ཅིག།། པདྨ་འཛིན ་པའི་གདུང་མེད་རབ་གསལ་འཇིག་རྟེན་པ་རྣམས་སྣང་བའི་དོན་དུ་ཡོད་པ་མིན་ནམ་ཞེས།། མཁའ་ཡི་ལམ་ལ་ཉི་མའི་འགྲོན་པོ་འདི་ནི་ངལ་ཞིང་སྣང་བྱེད་འོད་ཟེར་འབྲས་བུ་མེད་པར་གློང་།། བློ་ཡི་ནོར་ཅན་བློ་ལྡན་རྣམས་ཀྱིས་བསྟོད ་པ་བགྱིས་པས་འདུན་སར་རགས་པའི་སྣང་བ་སྒྲུབ་བྱེད་ལ།། གང་གི་བཀའ་དྲིན་མྱུར་དུ་དགྲ་རྣམས་ཉམས་པར་བྱེད་པ་དེ་ལས་འགྲོ་བ་དགེ་ལེགས་ལྡན་གྱུར་ཅིག།། ཕྱག་འོས་གང་ལ་ཕྱག་འཚལ་བཀོད་པ་ལས་ཀྱང་བསོད ་ནམས་སྣོད་རྣམས་ཤིན་ཏུ་མཐོ་བ་ཉིད་འགྱུར་ལ།། ཐུན་མོང་མིན་པའི་མཆོད་བློས་གཅིག་པུ་མཆོད་ཀྱང་གུས་པའི་སྣོད་རྣམས་ཉེ་བྱར་བསགས་པ་ཤིན་ཏུ་མང་།། གང་གི་བསམ་གཏན་གནས་པ་དྲན་པ་ཡིས་ཀྱང་འབྱུང ་བོའི་འཇིགས་པ་དག་ནི་འཕྲལ་ལ་བརྗེད་འགྱུར་ལ།། མཐའ་ཡས་བསམ་གྱིས་མི་ཁྱབ་འཇིག་རྟེན་ཕན་པའི་སྒྲུབ་ལ་འཇིག་རྟེན་མགོན་དེས་ཁྱེད་རྣམས་སྲུང་གྱུར་ཅིག།། དབང་པོའི་རྡོ་རྗེ་བརྫུན་ཏེ་ལྷ་ཡི་དགྲ་རྣམས་ཉམས ་བར་གང་གིས་བྱས་ཤིང་སྟོབས་ལྡན་འཕྲོག་བྱེད་ནི།། ཤིན་ཏུ་རྣོ་ཞིང་ཡིད་འཕྲོག་མངོན་པར་མེ་ཏོག་མངའ་ཅན་དག་ལ་མེ་ཏོག་ཅན་ནི་འབྲས་བུ་མེད།། ཁྱབ་འཇུག་འཁོར་ལོ་ལ་ནི་འཁར་ལ་དཱན་ཡོད་མུན ་ཞེས་སྐྱེ་བོ་ཚེགས་ཀྱིས་ངེས་པར་བརྗོད་ཅེས་ནས།། མཚོན་ཚོགས་བཟུང་བ་མེད་པར་དགྲ་ཡི་སྐྱེ་བོ་དགའ་བས་བཅོམ་པ་མཚོ་སྐྱེས་ལྡན་པས་རྒྱལ་གྱུར་ཅིག།། འཇིག་རྟེན་འདས་པའི་བདེ་བ་འཛིན་པར་གྱུར་ཀྱང་འགྲོ་བའི་སྡུག ་བསྔལོ་དྲག་པོ་དག་གིས་སྡུག་བསྔལ་ལྡན།། རྟག་ཏུ་རྗེ་སུ་ཆགས་པ་བཏང་བར་གྱུར་ཀྱང་སྐྱབས་མེད་སྡུག་པའི་སྲོག་ཆགས་གཏིང་བ་དག་ལས་གྲོལ།། འཇིག་རྟེན་གསུམ་གྱི་མགོན་པོ་ཉིད་དུ་གྱུར་ཀྱང་མི་མཉམ་སྲིད་ལྡན་པ་གྲོ་ལ ་བརྟེན་ཞིང་འདུད་པ་བགྱིད།། མཚུངས་བྲལ་བསམ་ཡས་སྤྱོད་པ་སྒྲུབ་མཛད་མག་ལ་སངས་རྒྱས་གང་དེས་ཁྱེད་རྣམས་ཡུན་རིང་སྲུང་གྱུར་ཅིག།། རྒྱུན་མི་འཆད་པར་འཇིག་རྟེན་གསུམ་དུ་དཔེ་མྱེད་མཉེས་གཤིནྡ་སྦྲམ་བླུགས ་སྦྱོར་བ་དག་ལས་ཞི་བར་ནི།། གང་ཞིག་མི་གཤེགས་སྟོབས་ལྡན་མི་ཆུང་མུ་སྟེགས་རླུང་འཚུ་བོ་དག་གིས་རབ་ཏུ་རྣམ་པར་མི་གཡོ་ཞིང་།། གཞན་ཕན་རྒྱུ་ལ་བརྩོན་པ་རབ་བརྟན་སྡོང་བུ་མི་ཉམས་འོད་ཟེར་དང་ལྡན་སྲིང་པའི་ཁང ་པོར་ནི།། གཏི་མུག་མུན་ནག་རབ་ཏུ་འཐིབས་པ་སེལ་བྱེད་འཇིག་རྟེན་དབང་པོའི་སྒྲོན་མ་དེ་ཡིས་རྒྱལ་གྱུར་ཅིག།། གང་དུ་འདྲི་ནི་ཀུན་ལ་བྱམས་ལྡན་མི་བཟང་མང་པོར་གྱུར་པའི་ཉོན་མོངས་དགྲ་རྣམས་ཅི་ལ་བ་སྲེག། གང་དུ་གྲོང ་བར་ནུས་པའི་མཐུ་ལྡན་སྙིང་རྗེའི་ཞགས་པ་བརྟན་པོས་གཡོ་བ་མེད་པར་ཅི་ལ་འཆིང་།། གང་དུ་བཏང་སྙོམས་ཕྱོགས་ཉིད་ལ་བརྟེན་གཞན་ལ་ཕན་པར་བགྱིད་སྐད་ནཱི་ལ་འཁྲུག་སྟེ་དེ་ཡི་ཕྱིར།། རྣམ་བཀྲ་ངོ་མཚར་ཕྱག་ན་པདྨའི་སྤྱོད་པ ་འགྲོ་ལས་འདས་པས་ཁྱེད་རྣམས་དམན་ལས་རྒྱལ་གྱུར་ཅིག།། ཀུན་ལས་ཕན་ཞིང་ཀུན་གྱི་རང་བཞིན་དུ་གསལ་རྒྱ་ཆེ་ཚུལ་ལྡན་དུས་ཀུན་དུ་ནི་ཀུན་གྱི་མགོན།། ཀུན་གྱི་དོན་ཆེན་ཐམས་ཅད་སྒྲུབ་སླང་གང་ཞིག་འདུལ ་བའི་སྒྲུབ་བྱེད་རྣམ་པ་ཀུན་ནི་སྟེར་བར་བགྱི།། བླ་མོར་གྱུར་ཅིང་ཆེ་བའི་ཡོན་ཏཱན་ཀུན་གྱིས་ཀུན་ལས་འདས་ཤིང་ཁེངས་པོ་ཀུན་ནི་ཞུམ་པར་འགོད་།། ཀུན་ནི་ཀུན་ལ་རབ་སྦྱིན་མགོ་ལ་ཀུན་མཁྱེན་དེས་ནི་སྲིད་ཆེན་ཁྱེད་རྣམས ་འབྲས་དང་བཅས་གྱུར་ཅིག།། དབང་པོ་རྗེ་བོ་སྐྱེ་དགུ་རྣམས་བདག་འཆི་མེད་བླ་མ་འཇིག་རྟེན་སྐྱོང་བ་དག་དང་དབང་པོ་ཆེ།། འོད་ལྡན་དང་ནི་དགྲ་ཐུལ་དབྱུག་པ་གཞན་ལས་རྒྱལ་བའི་སྟོབས་ལྡན་ལསྟེ་རྒྱལ་ནོར ་སྦྱིན་རྒྱལ་བའི་ཞབ་ས།། དོན་ལྡན་མིང་གི་སྣོད་ནི་རྒྱ་བོ་བོ་ཉིད་ཅེས་ཁྱོད་བཤད་ཀྱིས་ཁེངས་འཁོར་གྱི་སྐྱེ་བོས་སྐྱེས་པ་ལས།། ལྷ་མོ་སྐྱེ་བོ་ངོ་མཚར་གྱུར་རྣམས་གང་ལ་ཕྱག་བགྱིང་ཕྱག་ན་ཆུ་སྐྱེས་དེ་ཡིས་རྒྱལ ་གྱུར་ཅིག།། གཙོ་བོ་འཕགས་པ་རྣམས་ཀྱི་མཆོག་གྱུར་བསྡོམས་པ་དག་ནི་ཕ་རོལ་ཕོངས་པ་རབ་ཏུ་སེལ་བའི་མཚརབ་ཏུ་མང་བའི་མཆོག་སྦྱིན་རྒྱ་ཆེའི་ཚོགས་ཀྱི་ཆུ་ཡི་ཆར་དྲག་གསལ་ཞིང་ཆེ་བའི ་རྒྱུན་ཚོགས་ཀྱི།། སྦྱིན་པའི་མི་དམན་རྒྱན་འཛིན་གྱུར་ཅིང་བཟློག་དཀར་རབ་བརྟན་བདུད་ཀྱི་དགྲ་ཡི་དཔའ་བོས་མི་ཐུལ་པ།། དཔག་མེད་འོད་ཟེར་འཛིན་པའི་དཔའ་བོ་ཡིས་ནི་ཁྱེད་རྣམས་ངག་གི་དཔའ་བོའི ་དགྲ་རྣམས་བཟློག་གྱུར་ཅིག།། གང་དུ་ཕྱག་ན་པདྨོ་མཛེས་ལྡན་ནུས་པ་མཆོག་གྱུར་མཐུ་དང་ལྡན་ཞིང་རྟག་ཏུ་སྦྱོར་བ་ལ།། འཁོར་བའི་ཆུ་བདག་ལ་མ་ཞུགས་འཇིག་རྟེན་མགོན་པོ་མཐའ་དག་མགོན་དང་བཅས་ཞེས ་རྣམ་དེར་བསམས་ནས་ནི།། སངས་རྦྦ་སཽ་སྙིང་རྗེ་མི་ཆུང་ཀུན་གྱི་སྒྲོན་མར་གྱུར་དོན་དང་ལྡན་པ་དམ་པ་ཅིའི་ཁུར་པོ་དག། རྣམ་པར་དོར་ནས་ཡང་ཞིང་མྱ་ངན་འདས་པ་འཐོབ་པར་དགྱེས་འཕེལ་དེ་ཡིས་ཁྱེད ་རྣམས་སྲུད་གྱུར་ཅིག།། འགྲོ་བའི་བྱ་བ་ཚེགས་ཀྱི་ཁུར་ནི་བླ་མར་གྱུར་པའི་བདེ་གཤེགས་བཞིན་དུ་གཙུག་གིས་ལེགས་པར་བླངས།། བསྔགས་པར་འོས་པ་པདྨོའི་རྒྱནཱ་ནི་གུས་པའི་སྣོད་ལ་རང་ཉིད་བཞིན ་དུ་ལག་ཏུ་ལེགས་པར་གཏོད།། སེམས་ཅན་ཚོགས་ཀྱིས་ཞི་བ་དག་ནི་དམྱལ་བ་རྣམས་ཀྱི་དམྱལ་མེ་བཞིན་དུ་ཡུན་རིང་འཐོབ་པར་བགྱིད།། གང་གིས་ཉོན་མོངས་རབ་འཆིང་རྣམས་ནི ་ཤིན་ཏུ་མི་བཟད་འགྲོ་བཞིན་དུ་ཞི་མཛད་དེས་ཁྱོད་སྲུངས།། གང་ཞིག་སྒྱུ་ཅན་མིན་ཡང་རང་བཞིན་སྣ་ཚོགས་མཐའ་ཡས་སྟོན་བྱེད་གསལ་བར་གྲགས་པའི་སྒྲ་དང་ལྡན།། འཇིགས་ཀུན་ཡང་དག་ཞི་ཡང ་ཤིན་ཏུ་སྙིང་རྗེ་ལྡན་པ་ཉིད་ཀྱིས་འཇིགས་པར་གྱུར་བའི་ཀུན་སྤྱོད་མཛད།། ཁྲོ་དང་བྲལ་བ་ཡིན་ཡང་གདུག་པའི་བསམ་པ་འདུལ་ལ་མཁས་པའི་ཁྲོ་བ་རྟག་ཏུ་རྗེ་སུ་འབྲེལ།། བསམ་གྱིས་ཁྱབ་པ་མིན་ཡང་ཆེན་པོས་བས ་བྱ་མགོ་ལ་རྫོགས་སངས་རྒྱས་མཛེས་ལྡན་དེས་རྒྱལ་གྱུར་ཅིག།། ཡན་ལག་དམ་པ་ཁོ་ན་མ་ལགས་སྐུ་ལུས་མཆོག་ཀྱང་དཔག་མེད་འོད་ཀྱིས་མངོན་པར་དགའ་བ་འཛིན།། གང་གི་པདྨོ་ཁོ་ན་མ་ལགས་དགྲ་སྡེ་དག ་ཀྱང་ཅི་འཇིགས་བཟོད་པར་དཀའ་བ་དག་ཀྱང་སནྡྷུ་ལམ།། གང་གིས་རལ་པ་ཁོ་ན་མ་ལགས་ནུས་པ་དག་ཀྱང་འགྲོ་བའི་དགྲ་འཇོམས་བྱེད་པར་ཆས་ཤིང་བསྡམས།། མཁས་པ་འཇིག་རྟེ་ནི་མགོན་འདིས་གཤིན་རྗེ་ཁྲོས ་བའི་བཞིན་ནི་སྣང་བདག་ལས་ཁྱེད་རྣམས་བསྲེ་ང་གྱུར་ཅིག།། མ་ལུས་སེམས་ཅན་དོན་གྱི་བྱ་བ་བགྱི་སླད་ནུས་པ་དག་ནི་ཀུན་ནས་རབ་ཏུ་བསྔར་བྱས་ཤིང་།། ཆས་ཀྱིས་བསྡམས་པ་གང་གི་ཚེ་ན་སྲིད་པའི་ཆུ ་གཏེར་དག་ནི་སྐེམས་ཀྱིས་དོགས་ནས་འདར་བྱེད་ཅིང་།། ཉོན་མོངས་དོན་མཐུན་རབ་འབྲོས་བྱང་ཆུབ་སྙོམས་དཔའ་ངལ་སོ་ཐུབ་པ་རྣམས་ཀྱང་མྱ་ངན་འདས་པ་ལྔ།། དགེ་ཞེས་བསྔགས་ཤིང་གཞོལ་བྱེད་མགོ་ལ་བདེ་གཤེགས ་གནས་དེས་ཁྱེད་ཀྱི་རབ་འདོད་དྲི་མ་ཞི་གྱུར་ཅིག།། བགེགས་ཀྱི་ཚོགས་རྣམས་གནོད་པ་ངག་གིས་རྣམ་པར་འཇོམས་པ་མི་བཟང་ཡིད་ཀྱིའང་སྤྱོད་ཡུལ་མིན་པའི་ལས།། གཅིག་ཏུ་ངེས་པར་བདེ་བ་གཅོད་པའི་འགྲོ་བའི ་དགྲ་བོ་བཅད་པའི་ཕྱག་ན་པདྨོ་ནི་དབང་མེད་མྱོས་བཞིན་ཤིན་ཏུ་འཇིགས་ལྡན་རྣམ་པར་མི་འགྱུར་གང་གིས་སྒོ་བྱེད་མགོན་པོ་དག་གི་ཡང་།། ལྕི་བར་གྱུར་པའི་ཇོ་བོ་བརྩེ་བ་དེས་ནི་ཁྱེད་རྣམས་བརྩེ་མེད་མཐར་བྱེད ་ངག་ལས་སྲུང་གྱུར་ཅིག།། ། ཟིལ་གྱིས་མནན་པའི་ས་ཉིད་མ་ཡིན་ཤིན་ཏུ་འཇམ་པ་ཡིན་ཡང་ཇི་སྙེད་འཇིག་རྟེན་ཁམས་མཐའ་ཡས།། བརྩོན་འགྲུས་ཤིན་ཏུ་བཟློག་བྱ་མ་ཡིན་དུས་གཅིག་ལ་ཡང་རབ་ཏུ་སྣང་བ་དག་གིས་ཁྱབ་པར ་བྱེད།། མ་ལུས་ཤིན་ཏུ་གསལ་བ་མ་ཡིན་གཟི་ལྡན་གཟི་ཡང་མེ་ཁྱེར་འོད་ཀྱི་ཆ་ཤས་རྗེས་མཐུན་པ།། འཇིག་རྟེན་དབང་ཕྱུག་གཟི་བརྗིད་དེ་ཡིས་འཇོགས་པ་ཞི་སླང་ཁྱོད་ཀྱི་གཏི་མུག་མུན་ཆེན་འཕྲོག་གྱུར་ཅིག།། མ་ལུས་ནམ ་མཁའི་ཁམས་ནི་སྐྱེ་བོ་བཞིན་དུ་ཀུན་ནས་ཡོངསུ་རྫོགས་པར་བྱས་གྱུར་རེ་བུའི་ཕྱོགས།། ལྟུང་བའི་ཕུང་པོ་ཐམས་ཅད་སྣ་དཱ་བ་བཞིན་དུ་རྣམ་པར་ཉམས་པར་རབ་བརྩོན་ཕུལ་བྱུང་མེད་པར་བགྱིད།། གང་གིས་རྫུ་འཕྲུལ་ཆེ་ལྡན ་ཡིད་ཀྱི་བདུད་ནི་མུན་པའི་ཚོགས་དང་ལྷན་ཅིག་ཞི་བར་འགྲོ་བགྱིད་པ།། མཚོ་སྐྱེས་ལྡན་པའི་སྣང་བ་དེ་ནི་ཁྱེད་རྣམས་དག་ནི་རབ་མང་འབྱོར་པ་འཕེལ་བའི་སླད་གྱུར་ཅིག།། གཞན་གྱི་འོད་རྣམས་ཉམས་བྱེད་དབང་ཕྱུག ་ཅིག་ཤོས་འོད་ཀྱིས་མཚུངས་དཀའ་མུན་པའི་ཕུང་པོའི་སྟོབས་འབིགས་ཤིང་།། སེམས་ཅན་འཚེ་བའི་བསམས་པ་ཅན་རྣམས་ཁྱད་པར་དུ་ནི་གདུང་བྱེད་བཀྲ་བའི་འོད་ཟེར་མི་ཉམས་པ།། སྣ་ཚོགས་མཐའ་ཡས་གཡོ་མིང་ལ ་སོགས་བསྒྲིབས་པའི་ཡུལ་རྣམས་ངག་ནི་གསལ་བར་བྱེད་པའི་ནུས་པའི་འཛིན།། འཇིག་རྟེན་དབང་པོའི་སྣང་བ་གཅིག་ཀྱང་འཆི་མེད་ཚོགས་མཚུངས་དེ་ནི་ཁྱེད་ཀྱི་འཇིགས་སེལ་སླད་གྱུར་ཅིག།། གང་དུ་སེམས་ཅན་མ་ལུས ་རབ་མངྒ་འ་དོད་པའི་ཆུ་ལ་ཆུ་བའི་བདེ་བ་རྙེད་དཀའ་ཕུན་ཚོགས་ཤིང་།། དོན་མེད་མུ་སྟེགས་ངན་པའི་སྐྱེ་བོ་རི་བོ་ལྟ་བུ་རྒལ་བར་དཀའ་བའི་གཏིང་དུ་འགྲོ་བྱེད་ལ།། བཟློག་དཀའ་ཀུན་ནས་རབ་རྒྱས་འགྲོ་བའི་སྙིང་པ་ཉམས་པར ་བྱེད་པའི་རླབས་ཕྲེང་རབ་ཏུ་འཕེལ་ལྡན་པ།། ཕྱག་ན་པདྨའི་འོད་ཟེར་ཆུ་གཏེ་ཀྱེ་གི་ནགས་མེའི་འཇིགས་པ་ཞི་སླང་རྣམ་པར་འཕེལ་གྱུར་ཅིག།། ཆེས་ཀྱི་བདུད་རྩིའི་ཆུ་བོ་གདུལ་བྱ་ལ་ཡོད་གལ་ཏེ་དམྱལ་བའི་མེ་རྣམས་ཞི ་བ་འདི་ནི་ཅི།། བཅིང་བར་བྱས་པ་རལ་པའི་ཕུང་པོ་ལ་ཡོད་གལ་ཏེ་དགྲ་ཡི་ཚོགས་རྣམས་འགྲོ་བ་བྲལ་བ་ཅི།། སྤྱི་བོའི་ཁང་པར་རྒྱལ་བ་རབ་ལྕི་གནས་གྱུར་གལ་ཏེ་མགོན་པོ་འཇིག་རྟེན་གསུམ་རྣམས་དུད་པ་ཅི།། དེ་ལྟར་འཇིག་རྟེན ་གཉེན་གྱི་རྣམ་པར་བཀྲུ་བའི་ཐ་སྙད་དག་གིས་ཁྱེད་ཀྱི་དགྲ་རྣམས་འཇོམས་གྱུར་ཅིག། མངོན་པར་དགའ་བོས་རྒྱས་པ་གཅིག་བུ་ཉིད་ཀྱང་སེམས་ཅན་བསམ་པའི་དབང་བྱས་རྣམ་པ་ཐ་དད་པ།། དབྱེ་དཀའ་ཡང་དག་མིནྡ ་པའི་རྟོག་པ་གཡོ་མེད་མི་གཡོ་དག་ལ་རྩོམ་པ་ཆེན་པོ་རྡོ་རྗེའི་རྩེ།། དམ་པའི་བློ་གྲོས་ཀུ་མུ་ད་ལ་ཟླ་བའི་འོད་ཟེར་མུ་སྟེགས་དོན་མེད་ཅན་བརྗོད་མུན་པ་ལ།། ཉམས་པར་བྱེད་པོའི་ཉི་མ་འཇིག་རྟེན་དབང་པོས་གསུངས་པའི ་བསྟན་པ་ཁྱེད་ཀྱི་སྲིད་འབྱེད་སླད་གྱུར་ཅིག། སྣ་ཚོགས་རྣམ་པར་རྩོད་པའི་གནས་ཀྱི་འདུན་སར་འདུས་པ་རྒྱ་ཆེར་དྲེགས་པའི་ཆ་ལས་སྨྲས་པ་པོ།། བཟློག་དཀར་རབ་གྱུར་བསྐྱོན་པའི་སྒྲ་ཆེན་ལྡན་པ་རྐུན་མིག ་ལ་སོགས་དམན་པ་དང་བཅས་ཞུམ་འགྱུར་ཅིང་།། བག་མེད་མྱོས་པའི་སྐྱེ་བོ་རྣམས་ཀྱིས་རྣམ་པར་ལྟུང་བ་རབ་སེལ་མཁས་པ་རྣམས་ཀྱི་དགའ་བསྐྱེད་པ།། མགོ་ལ་རྒྱལ་བའི་སྐུ་ལུས་འོད་ཟེར་ཕུན་ཚོགས་དགེ་གི་དངོས་པོ ་སྐྱེ་མེད་གསུང་དེས་རྒྱལ་གྱུར་ཅིག། དགྲ་རྣམས་དངང་འགྱུར་རྒྱལ་ལྡན་མཚན་གང་འོད་ཟེར་ཚོགས་ནི་རབ་ཏུ་མཛེས་ཤིང་འགྲོ་བ་དག་གིས་བསྟོད།། མྱ་ངན་དམྱལ་བའི་གནས་རྣམས་ངག་ལ་རྒྱ་ཆེར་གདུང་བ་རབ་ཏུ ་འཇོམས་བྱེད་རྣམ་པར་རྒྱས་པའི་ཆུ།། དགྲ་ཡིས་འཕངས་པའི་མཚོན་ཕྲེང་དག་ལ་སྟོབས་ལྡན་རྡོ་རྗེ་སྲིད་གསུམ་མཐའ་དག་འཇིགས་པར་གྱུར་བ་རྣམས།། ཉམས་པར་བགྱིད་པ་ལ་བསྔགས་ཕྱག་ན་པདྨའི་ཕྱག་ནི ་ཁྱེད་རྣམས་ཆགས་ཉམས་མེད་པའི་སླད་གྱུར་ཅིག། འཇིག་པའི་མཐོར་རླུང་དག་གིས་དཀྲུགས་ལྟར་ཡུལ་གྱི་རི་བོ་རབ་མཐོར་ལྗོན་པའི་ཕྲེང་པོའི་རྩ་བ་རྣམས།། རྩད་ནུས་འབྱིན་པའི་སྟོབས་དང་ལྡན་ཞིང་དགྲ་ཡི་གླང ་ཆེན་དྲེགས་པ་ནི་ཆུང་ཉམས་པ་ཉིད་དུ་བགྱིད།། སློང་བའི་སྦྲང་རྩི་བྱེད་འགུགས་སྦྱིན་པའི་རྒྱུན་འབེབས་འཇིག་རྟེན་དབང་ཕྱུག་ཕྱག་གི་སྡོང་པོ་ལ་དགའ་བ།། བཟང་པོ་དག་ནི་ཁྱེད་ཀྱི་དགྲ་ཡི་གྲོང་ཁྱེར་སྲིད་པ་འཇོམས ་པའི་སླད་དུ་བརྟུལ་ཏེ་འཇུག་གྱུར་ཅིག། དམ་པའི་ཁོངས་ནི་གང་ཞིག་ནོར་ལ་སྲེད་ལྡན་སྐྱེ་བོའི་ཚོགས་ཀྱི་རེ་བ་མི་འཆང་གྲུབ་པའི་གཏེར།། གང་ཞིག་ཡུ་བ་དག་ནི་རྡོ་རྗེའི་རྗེས་མཐུན་དགྲ་རྣམས་སྐྲག་བགྱིང་འདབ་མ་དམ་པར ་བའི་རྩེ།། ཡང་དག་རྫོགས་པའི་བྱང་ཆུབ་དཔལ་མོས་གནས་བགྱིས་ཡོན་རྟེན་བསྔགས་པར་འོས་ལྡན་རྣམ་པར་མ་བདང་བ།། འཇིག་རྟེན་མགོན་པོའི་ཕྱག་གི་ཡོངས་རྫོགས་པདྨ་དེ་ནི་ཁྱེད་རྣམས་དག་གི་གྲོལ་བའི་རྒྱར ་གྱུར་ཅིག། རྟག་ཏུ་སྲེད་པ་རྣམ་པར་འཕེལ་ཞིང་མགྲིན་པའི་ཕུགས་སྐབས་དམན་པར་གྱུར་པའི་ཡི་དགས་ཕུང་པོ་རྣམས།། ཀུན་ཏུ་དགའ་བ་སྐྱེད་བྱེད་དམ་པའི་བཅུད་ལྡན་མཆོག་ཏུ་བྱང་ཆུབ་དཔལ་མོ་ལྷག་པར་གནས་པ ་ཅན་ཏུ་འབྱོར་འདོད་ཡིད་དང་ལྡན་པ་རྣམས་ཀྱིས་ལེགས་པར་བསྟེན་གནས་དམ་པའི་པདྨ་གསལ་ཞིང་མཛེས་པ་ཡི།། ཚོགས་ཀྱིས་རབ་སྤྲས་ཟོ་བ་དང་ལྡན་འཇིག་རྟེན་དབང་པོའི་ཆུ་སྐྱེས་གང་དེས་ཁྱེད་རྣམས་སྲུང་གྱུར་ཅིག། ་ཉོན་མོངས་ཉི་མ་སྡུག་བསྔལ་ཚིགས་ཀྱི་འོད་ཟེར་ཆུང་བ་མ་ཡིན་སྟུག་པོར་གྱུར་པའི་ཚེ་གདུང་གིས།། གདུང་ཞིང་དམན་པའི་སྐྱེ་བོ་གང་དག་རྣམས་ལ་ཚད་པའི་གདུགས་དང་མཚུངས་པར་རྗེ་སུ་སྒྲུབ་བྱེད་ཅིང་།། མི་དམན་གདུང་བར ་མི་འགྱུར་མི་འགྱུར་མ་ལུས་འཇིག་རྟེན་དག་ལ་མོ་ཚང་མེད་འོང་སྟེང་གི་བློ་རེར་བྲིས།། འཇིག་རྟེན་དབང་པོའི་ཕྱག་ན་འབྱོར་པའི་དྲི་མེད་པདེ་མོས་ཁྱེད་ཀྱི་སྡིག་པ་ཉམས་པར་འགྲོ་གྱུར་ཅིག། སྟོབས་རྣམས་ཀྱི་གནས་བདག་ཉིད ་ཆེ་རྣམས་ཆེ་བར་དར་བའི་གཞི་དང་འོད་ཟེར་གྲགས་པ་དག་གི་ཁྱིམ།། དགྲ་རྣམས་སྐྲག་པར་འགྱུར་བའི་གནས་དང་མནག་པར་དཀའ་བའི་འཇིགས་པ་འཇོམས་པའི་ས་གཞི་ཉིད་གྱུར་པ།། སྡུག་ཅིང་མཛེས་པའི ་བསྟི་གནས་དང་ནི་འགྲོ་ལས་འདས་པའི་བརྩོན་འགྲུས་ཕུང་པོ་རྒྱ་ཆེར་གྱུར་བའི་གནས།། འཇིག་རྟེན་དབང་པོའི་དཔུང་པ་འགྲོ་བ་རྣམས་ཀྱི་དགྲ་མང་ཚར་གཅོད་གཏུམ་པོའི་དབྱུག་པ་ཉིད་གྱུར་ཅིག། གང་ཞིག་རྣམ་མཛེས་བདུད་རྩིའི ་རྒྱན་གྱི་འགྱུར་བག་ལྡན་ཡང་དགྲ་བོ་རྣམས་ནི་འཇིགས་པ་ཁོ་ནར་བགྱིད།། མཐོང་པ་རྩོལ་བར་བགྱིད་པ་མིན་ཉིད་དེ་ལྟ་ན་ཡང་ལྟུ་བྱེད་རྣམས་ཀྱི་དགའ་བ་ཆུང་བ་མིན།། རྒྱན་རྣམས་ཀུན་གྱིས་རབ་ཏུ་མཛེས་པའི་ཁང་པ་ཡིན་ཡང ་འགྲོ་ཀུན་རྒྱན་རྣམས་མཛེས་དང་བྲལ་བར་བགྱིད།། འོད་ལྡན་ཆུ་སྐྱེས་ཅན་གྱི་གོས་ནི་གཅིག་པུ་དེ་ཡིས་ཁྱེད་ཀྱི་བདེ་མིན་བདེ་བར་སེལ་གྱུར་ཅིག། གང་ཞིག་རབ་མཛེས་རྒྱ་མཚོར་གཟུགས་ཀྱི་མངོན་པའི་ང་རྒྱལ་ནུབ་ཅིང་བསོད ་ནམས་སྣོད་ཀྱི་ལྷ་བྱེད་རྣམས།། འགྲོ་བ་འབྲས་བུ་དང་བཅས་སྲིད་པ་སྐྱེས་པ་ཡང་ནི་མི་གནས་རབ་ཏུ་གཡོ་བས་འཇོམས་འགྱུར་བ།། མཚུངས་མེད་རབ་ཏུ་མཛེས་ལྡན་རི་བོང་མཚན་མཱ་ཙན་སོགས་གྲངས་མེད་རྣམས་ནི ་གཅིག་ཏུ་བགྱིས་སམ་ཞེས།། རྣམ་པར་འགྱུར་ཞེས་དེ་ཡི་པདྨ་ལས་ཀྱང་རྒྱལ་ལྡན་ཕྱག་ན་པདྨའི་བཞིན་དེས་རྒྱལ་གྱུར་ཅིག། གང་དུ་རྒྱུན་ཚད་མེད་པར་མཛེས་པའི་ཆུ་ཚོགས་ལྡན་པའི་སྤྲིན་རྣམས་ཀྱིས་བསྒྲིབས་དགྲ་རྣམས ་སྣོད་ལ་ནི།། ཤིན་ཏུ་རབ་གསལ་ལན་ཅིག་མ་ཡིན་འཚིག་པ་སྟེར་བའི་ཡུལ་ངན་དུ་གྱུར་ལུས་ཅན་རྣམས་ལ་ཡང་།། ཤིན་ཏུ་རྗེས་འབྲེལ་དྲི་མ་མང་པོའི་སྣག་ཚའི་འདམ་གྱི་ཚོགས་ཀྱིས་རབ་ཏུ་བསྒོས་རྣམས་འཁྲུ་བར་བགྱིད།། ་མགྲོ་ལ་སངས་རྒྱས་ཁང་པའི་བཞིན་ནི་ཤིན་ཏུ་བཞིན་བཟང་ཁྱེད་ཀྱི་རྣམ་བཀྲའི་བྱ་བ་མཛད་གྱུར་ཅིག། ཕྱག་ན་བཞེད་པོའི་ཆུ་སྐྱེས་དག་གིས་སྐྱོ་བ་མེད་པའི་རལ་པའི་ཐོར་ཚུག་ས་དག་ནི་རབ་གསལ་ཞིང་།། ཆེ་བར ་བརྩིགས་ཏེ་བཀོད་པའི་ནང་ན་རྣམ་བཞུགས་གསལ་བ་དང་འདྲེས་འོད་དཔག་མེད་ཀྱི་འོད་གསལ་ཚོགས།། ཐ་དད་དུ་བྱས་འོད་ནི་གསལ་ལྡན་གྱེན་དུ་བརྩམས་ཤིང་བཅིངས་པའི་སྟེང་གི་སྟག་པོ་བཀོད་པ་ནི།། མཛེས ་པས་ཚིམ་པ་མི་མཐོང་དགྲ་རྣམས་རབ་འཇིགས་གསལ་ཞིང་སྒྲ་ལྡན་གོ་ཆ་སཱ་ཁྱེད་རྣམས་སྲུང་གྱུར་ཅིག། རྒྱུན་ཆད་མེད་པར་རྣམ་འཕྲོ་ཤིན་ཏུ་ཀུན་དགའི་རྒྱུར་གྱུར་འོང་དཔག་མེད་འོད་ཆུ་ཡི་ཚོགས་ལྟ་བུས། བྲན ་བྱ་ལས་ནི་ཤིན་ཏུ་ཕུལ་བྱུང་དག་ཅིང་མཛེས་པའི་འཕེལ་བརྙེད་གྱུ་རེ་ལྷག་པའི་དྲི་བཟང་ཅན།། ལྷ་ཡི་མེ་ཏོག་རྨད་བྱུང་ཚོགས་རྣམས་ཡོངསུ་རྫོགས་པའི་པདྨོ་འཛིན་པའི་རལ་བ་དག་གི་ནི།། དཔག་བསམ་འཁྲི་ཤིང ་ཚོགས་ནི་ཁྱེད་རྣམས་དག་གི་བསམ་པའི་དོན་རྣམས་ཕུན་ཚོགས་འགྲུབ་པའི་རྒྱུར་གྱུར་ཅིག། གང་ཞིག་བཅིངས་པར་གྱུར་ཀྱང་རྣམ་པར་གྲོལ་བར་ངེས་པར་བགྲོད་བྱེད་གང་ཞིག་ལུས་ལ་ལྷག་གནས་པ།། གཞན་རྣམས ་ངེས་པར་སྤངས་ཀྱང་ཐུན་མོང་མིན་པར་མགོན་པོ་འོད་དཔག་མེད་ཀྱིས་རྣམ་པར་བརྒྱན་པར་མཛད།། དྲི་བཟངས་ཐམས་ཅད་སྤངས་ཀྱང་གང་ཞིག་མཚུངས་མེད་དྲི་བཟངས་མང་པོས་མཱ་ལུས་ཕྱོགས་རྣམས ་བྱུགས་གྱུར་པ།། འཇིག་རྟེན་དབང་པོའི་ཤིན་ཏུ་ཆེ་བའི་རལ་པ་དེ་ཡིས་ཁྱེད་ཀྱི་ངེས་པར་ཐོབ་བྱའི་འཆིང་བ་འཕྲོག་གྱུར་ཅིག། རྭལ་ཚོགས་མ་ལགས་སྐྱེས་པོ་མ་ལུས་རྣམས་ཀྱི་ཡིད་བཟངས་འཆིང་བར་བགྱིད་པ ་ཞགས་པའི་ཕུང་པོ་ལགས།། མཛེས་སྡུག་མ་ལགས་འོན་ཀྱང་སྡུག་བསྔལ་མེ་ཡིས་རྣམ་བཅོམ་འགྲོ་རྣམས་གསོ་བྱེད་བདུད་རྩི་ངག་གི་རྒྱུན།། པདྨོ་མ་ལོགས་མ་རུངས་མཐར་བྱེད་རྟ་རྒོད་འདུལ་ལྕགས་རྒྱལ་བའི་རི ་བོང་ཅན་སྦྱར་སྐ་ཡི་དཔལ།། ཁྱེད་ཀྱི་ཉོན་མོངས་སྐྱོན་རྣམས་ཤིན་ཏུ་འཛུམས་ཤིང་མངོན་པར་འདོད་པའི་དངོས་གྲུབ་སྦྱིན་པར་མཛད་གྱུར་ཅིག། མ་ལུས་ཕྱོགས་རྣམས་སྲེག་བྱེད་ལྷག་པར་ཀུན་ཏུ་དམར་སེར ་གཟི་བརྗིད་ལྡན་པ་རྣམ་པར་བཀོད་གྱུར་པ།། འཇིག་རྟེན་གསུམ་པོ་རྨོངས་ཤིང་འཇིགས་ལ་སྐྱབས་མེད་ཟླ་བའི་ཚོགས་འབར་བསྐལ་པའི་མེ་ལྟར་བརྟག་བྱ་བ།། སོ་བསྣམས་སྡང་མིག་རབ་ཏུ་འབར་བཱའི་རྟ་མགྲིན་དག་གིས ་རྗེསུ་ཀུན་ནས་གཏད་དེ་གཟིགས་པ་ལས།། མཚུངས་མེད་བརྩེ་ལྡན་འཇིག་རྟེན་དབང་ཕྱུག་སྐད་ཅིག་འཇིགས་པའི་གཟིགས་སྟངས་སྐྱེས་པས་ཁྱེད་རྣམས་སྲུང་གྱུར་ཅིག།། འཇིག་རྟེན་རྣམས་ནི་བརླག་པར་རབ་གཏོང། ་གསལ་བ་མ་ལུས་ས་འཛིན་ཆེ་རྣམས་དེ་རིང་མྱུར་བར་ནི།། ཕྱེ་མར་འགྱུར་བགྱིད་འཛིན་པར་བྱེད་པ་ཡང་སྟེ་མཐའ་མེད་ཆུ་ཡི་གཏེར་རྣམས་སྐམ་པ་ཉིད་བགྱིད་པ།། དེ་ལྟས་གང་ཞིག་ཁྲོ་བ་བཟུང་སྟེ་ཁྲོ་གཉེར་རབ་རྒྱས ་བསྡུས་གྱུར་འཇིགསུ་རུང་བའི་དཔྲལ་བ་ལས།། དེས་མཐོན་ལྷ་མོ་མཚུངས་མེད་དཔུང་སྟོབས་ཅན་གྱིས་མཐོང་ནས་སྒེག་འགྱུར་མཚོ་སྐྱེས་ཅན་དེས་རྒྱལ་གྱུར་ཅིག། བསྟོད་འོས་རྣམས་ཀྱིས་བསྟོད་ཅིང་བླ་མ་རྣམས་ཀྱི ་འང་འགྲོ་བའི་བླ་མ་ཕྱག་བྱ་རྣམས་ཀྱི་ཕྱག་བྱས་པ།། མི་ཉུང་བསྐལ་པར་བསྒྲུབས་པའི་ཚུལ་མེད་ནུས་ལྡན་མཐའ་དགེ་འགྲོ་བའི་སྐྱབས་གྱུར་མཚུངས་པ་མེད་པ་ཡིས།། བརྩེ་བ་རཱང་ཉིད་ལུས་ཅིན་བཞིན་དུ་འཇིག་རྟེན ་སྡུག་བསྔལ་གཞིལ་ཕྱིར་པདྨོ་ཅན་ལས་ལེགས་འཐོན་པ།། སྒྲོལ་མ་ཡིས་ནི་ཁྱེད་ཀྱི་འཁོར་བའི་བཙོན་རེའི་རླུང་དུ་ལྕི་བར་གྱུར་པའི་གདུང་བྱིང་འཕྲོག་གྱུར་ཅིག། ཚིག་མཐའ་ལྡན་པའི་ཚོགས་ཀྱིས་གྲངས་ནི་བགྲང་བར་ལྷ ་ཞིང་ཚིག་བདག་མཆོག་ཚིག་གིས་སྡེ་ཆེན་ཡ.། རྡྷེ་སུ་གཟུང་བར་ནུས་པ་མ་ཡིན་དང་པའི་འགྲོ་སྣ་དང་དྲག་པོའི་ཚིག་རྣམས་ཀྱིས་ཀྱང་གསལ་བར་ནི།། བརྗོད་པར་རྟོགས་དཀའ་བརྗོད་བྱ་མིན་ཚིགས་ནི་ཆ་ཤས་ཆུང་ངུས་གུས་པས་བརྗོད ་དེ་ཡོངས་རྫོགས་པ།། བདེ་གཤེགས་ཚིག་གིས་ཡང་དག་བརྗོད་བྱ་ཆུ་སྐྱེས་ལྡན་པའི་ཡོན་ཏན་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག། སྐྱེ་བ་སྐྱེ་བ་རྣམསུ་སྤྱན་རས་གཟིགས་དབང་གི། ཞབས་ལ་གུས་ཤིང་རང་བཞིན་ཤིན ་ཏུ་དྲང་བ་དང་།། བློ་གྲོས་མི་གཡོ་གཞན་ཕན་བླ་མའི་བྱ་བ་དག། བྱ་བར་ལྡན་ཞིང་སྙན་ངག་མཁན་དུའང་འགྱུར་བར་ཤོག། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱུ་བ།། སྙན་ངག་མཁན་ཆེན་པོ་ཤྲཱི་བཛྲ་དེ་བ་ཞེས་བྱ ་བས་མཛད་པ་རྫོགས་སོ།། །། ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པ་དང་ལྡན་པས་སྤྲས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང་། མིའི་དབང་པོ་དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས།། རྒྱ་གར་གྱི་མཁན་པོ་སྙན་དག ་མཁན་ཆེན་པོ་མ་ཧཱ་པཎྜི་ཏ་ལཀྵཱཾ་ཀཱ་རཱ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཤོང་སྟོན་གྱིས་བསྒྱུར་བའོ།། །། འདིའི་བརྒྱུད་པ་ནི། སངས་རྒྱས། སློབ་དཔོན་བཛྲ་དེ་ཝ། ཀརྨ་ནཱ་ཐ། ཨཱ་རི་ཏྱ། མཧཱ་པཎྜི་ཏ་ཤྲཱི་བཱ་ན་རཏྣ་པཱ་དཿ།། རྒྱ་གར་སྐད ་