| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྱཱ་ཙརྡྷ་ཊི་རུ་ཙི་ཏཱ་སྟོ་ཏཱ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུ་ཀཱ་ལ་ཙཎྜཱ་ཊཱིས་བསྟོད་པ།། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། ་ལྷ་མི་ལྷ་གྱིས་ནི་ཞབས་ལ་བཏུད།། སྐྱེ་རྒ་ན་དེ་འཆི་བ་རབ་ཏུ་བཙོམ།། ཐུགས་རྗེའི་ངང་ཅན་འཇིག་རྟེན་དབང་པོ་ཁྱེད།། སྐྱབས་མེད་བདག་ལ་སྙིང་རྗེ་མཛོད་ཅིག་ཀྱི།། ཉོན་མོངས་རླབས་ཆེན་ཚོགས་ཀྱིས་འཇོམས ་བྱེད་ཅིང་།། སྣ་ཚོགས་སྒྲ་སྒྲོགས་འཁོར་བའི་ཆུ་གཏེར་དབུས།། བྱིང་བ་བདག་ནི་ཟུང་ལ་བསྲུང་བར་མཛོད།། བརྩེ་བ་ཆེན་པོ་ཁྱེད་ལ་བསྟོད་པ་བགྱིད།། སྲིད་པའི་མུན་པས་མིག་ལ་ཉེ་རུ་འཚོ་ཞིང་།། འཆི་བའི ་འཇིགས་པ་ཆེན་པོས་ལུས་ཉི་མ་ཆུང་།། ཇི་སྲིད་མནར་མེད་མི་མཉམ་འགྲོ་མིན་པར།། བསྲུངས་ལ་བཅོམ་ལྡན་བདག་ལ་ཀུན་ཏུ་གཟིགས།། རྟག་ཏུ་གཞན་གྱི་བུད་མེད་གཟུང་བ་བྱས།། མི་ཤེས་པ་ཡིས་སྲོག ་ཆགས་སྟོང་ཕྲག་བསད།། བདག་གིས་སྡིག་བྱས་དང་དུ་མགོན་པོ་ཡིས།། ལུས་ཅན་སྐྱོན་རྣམས་མ་ལུས་ཉམས་པར་མཛོད།། གང་ཞིག་འཚེ་བ་དང་ནི་བཀུར་སྟིའི་ཕྱིར།། བདེན་མིན་འཇིག་རྟེན་འདོད་པ་མིན་པ ་སྨྲས། དམྱལ་བ་ཡུན་དུ་གོམས་པའི་སྨེ་བ་ཅན།། དེ་ཀུན་འཇིག་རྟེན་དབང་པོས་ཞི་བར་མཛོད།། བདག་གིས་སེམས་ཅན་ཕན་མིན་གང་བསམས་དང་།། གཞན་གྱིས་བྱས་ལའང་རྗེ་སུ་ཡི་རང་བ།། མགོན་པོ ་དེ་ལ་དུ་བར་བགྱིད་པ་ན།། དེང་བདག་ཡིད་ཀྱི་སྡིག་པ་བསལ་དུ་གསོལ།། ལྷ་དང་མི་དང་ལྷ་མིནཱ་རིས་རྣམས་དང་།། དུད་འགྲོ་དམྱལ་བ་ཡི་དགས་འགྲོ་བར་ནི།། གནས་ཤིང་རྟག་ཏུ་གདུང་བའི ་སེམས་ཅན་གང་།། ཁྱོད་ནི་དེ་རྣམས་བསྲུང་ཞེས་བདག་ལ་གྲགས།། དྲི་ཕྱིར་གཞོན་དུ་ཉིད་སྲོང་ལུས་ལ་ནི།། ཐུགས་རྗེའི་གཟིགས་པ་བདག་གི་སྟེང་སྤྲོསོ་ཤེས།། དམྱལ་བར་ཞུགས་པ་མིན་པ་ཇི་སྲིད་དུ།། སྨྲ་བར་བགྱི ་ཡིས་བཅོམ་ལྡན་ཁྱེད་ཀྱིས་གསོན།། འོན་ཀྱང་གཞན་གྱི་དོན་ལ་བཏང་སྙོམས་པ།། དོར་ཞིག་བཅོམ་ལྡན་བདག་དོན་མ་མཛད་དོ།། ཡང་ན་བརྩེ་བའི་དབང་གྱུར་ཁྱོད་ཀྱིས་ནི།། བསོད་ནམས་བསྐྱེང་མཛོད་རྒུད་པ་མ་གཟིགས ་སམ།། དྲན་པས་ཀྱང་ནི་ཁྱོད་ནི་ཡོངས་ཚིམ་ན།། སྡིག་པ་དོར་བར་མཛོད་ཅིག་མ་གཟིགས་སམ།། དེ་སླང་བཅོམ་ལྡན་གཞན་ཕན་ལ་མཁས་པ།། བདག་ནི་འདོར་བར་མ་མཛད་འདི་རུ་བསྲུངས།། གླང་ཆེན་རྟ་དང་བུར ་བཅས་ཆུང་མ་དང་།། དམོག་བཅས་རྒྱལ་སྲིད་ཁང་པོ་སྣ་ཚོགས་དང་།། ཤ་རུས་མགོ་དང་ཁྲག་གི་མཐར་ཐུག་པ།། དོན་དུ་གཉེར་ལ་མཐའ་དག་ཁྱོད་ཀྱིས་བྱིན།། སུ་ཞིག་འཇིག་རྟེན་དབང་པོ་ཁྱོད་མཉེས་བྱེད།། རི་ལུ ་མིག་སྨན་འཆིལ་ལྷམ་གྲུབ་པ་དང་།། གྲུབ་པའི་སྨན་དང་ནོར་བུ་རྣམ་དག་སྔགས།། གནོད་སྦྱིན་མོ་དང་གྲོང་འཇུག་སྒྲུབ་པར་བྱེད།། གང་དག་མིག་དང་རྐང་ལག་སྨན་པ་ཡི།། སྣ་ཚོགས་ནད་ཀྱི་འཇིགས་ཆེན་ཉམས་ཐག་པ།། ་ཁྱོད་མཉོས་ན་ནི་ངོ་རྣམས་ཡོངས་རྒྱས་ལུས།། རྣམ་སྒོག་ནད་མེད་ཡོན་ཏན་ཟང་མོར་འགྱུར།། ཁྱོད་དགྱེས་གང་ལགས་རྒྱལ་འགྱུར་ག་ར་ཌ།། གཅན་གཟན་གཟའ་དང་མཁའ་འགྲོ་རྣལ་འབྱོར་མ།། རྟག་ཏུ་ཞི་འགྱུར་དེ་ཡི་མདུན ་དུ་ནི།། གཤིན་རྗེའི་ཕོ་ཉ་རྒྱུ་བར་མི་བྱེད་དོ།། འཇིག་རྟེན་དབང་ཕྱུག་དགྱེས་བཞིན་སྐྱབས་མེད་བདག། འདོར་བ་ཅི་ཞེས་བཅོམ་ལྡན་བདག་སྨྲེ་ཏེ།། ཉི་མ་སོ་སོར་ལག་པ་བསྒྲེང་བྱས་ནས།། ཚིག་འཁྲུགས་པ་ཡི་སྐྲག་པ་ཞི་བར ་མཛོད།། འཁྲུགས་པའི་ལུས་ཀྱིས་སོང་བའི་སྐྱེ་བར་བདག། ཡུལ་དྲུག་ལ་ནི་དབང་པོ་གཡོ་བའི་ཡིད།། སྡིག་པ་མང་བྱས་འདིར་ནེ་མ་ལུས་པ།། བཀྲེས་པའི་རྒྱུ་ཡིས་འཁོར་ཞིང་རྣམ་པར་འཛིངས།། གང་གིས་ངན་སོང ་སྡུག་བསྔལ་མ་མྱོང་བར།། བདེ་འགྲོ་མངོན་སུམ་འགྲོ་དེ་ཁྱེད་ཀྱིས་མཛད།། དེང་བདག་འཇིག་རྟེན་དབང་ལ་ཕྱག་དང་ཞིང་།། སྣ་ཚོགས་ཐལ་སྦྱར་འདི་ནི་ཕྱག་གིའོ།། ཁྱོད་ནི་རྨོངས་དང་སྡང་བ་འཇིག་པའི་རྒྱུ།། འཁོར ་བའི་ཆུ་གཏེར་ཆེན་པོའི་ཟམ་པ་ལགས།། ལྟུང་ཞིང་སྐྲག་པོ་སློང་བའི་དཔུང་པ་ཁྱོད།། སྡིག་ལྕི་མཚན་མོར་བྱེད་པའི་སྒྲ་གཅན།། བླ་མེད་བདེ་གཤེགས་ཀྱིས་གསུངས་དེ་ཉིད་ཀྱིས།། ཁྱོད་ཀྱིས་སེམས་ཅན་སྡུག་བསྔལ ་མང་པོ་སྦྱངས།། རྒྱལ་དཀའ་ཡིད་བསྲུངས་བདུད་ལས་ཁྱོད་རྒྱལ་ཏེ།། ཀུན་ཏུ་གྲོལ་བ་སྲིད་མཆིའི་ཕ་རོལ་ལོ།། ནང་ཀུན་གཙང་པར་མཛད་པ་ཁྱོད་ཀྱི་སྐུ།། མ་ལུས་འགྲོ་བར་མཆོག་ཏུ་ལུས་མཛེས་པ།། བཅོམ་ལྡན་དཔེ་མེད་སྙིང་རྗེའི ་སྲིན་དྷཱ་ཁྱོད།། རྒྱུ་མེད་གཉེན་དུ་སྐྱེ་བོ་རྣམས་ལ་གྲགས།། རོལ་པས་དབང་པོ་འཇོམས་ཤིང་རྣམ་པར་འབྱེད།། ཁྱོད་ནི་ཡུལ་ལ་ཀུན་ནས་ཆགས་པ་འདིར།། ལྷ་ཡི་བསམ་གཏན་མཉམ་བཞག་ཁྱོད་ཀྱི་ཐུགས།། ་ནོར་ནི་སློང་བ་པོ་དང་ཐུན་མོང་ལོགས།། བརྩེ་ལྡན་ཁྱོད་ནི་གཞན་ལ་ཕན་མཛད་ཀྱང་།། གཏི་མུག་ལྟོ་འཕྱེ་ཆེན་པོས་སོས་ཟིན་ཅིང་།། ཡུལ་ལ་ཀུན་རྟོག་དགེ་བ་ལས་ལྟུང་བ།། བདག་ནི་ཚིམ་པར་མི་མཛད་ཅི་ལྟར་ལགས།། མཐའ་དག་འགྲོ། ་པའི་དོན་བསྟེན་སྙིང་རྗེ་གང་།། ཁྱོད་ཀྱིས་སྨོས་དེ་ངེས་པ་ལགས་སམ་ཅི།། ཁྱོད་ཀྱི་སྤྱན་སྔར་སྣ་ཚོ་གོས་སྒྲ་སྒྲོགས་པའི།། སྡིག་ལྡན་བདག་ལས་གང་ལས་བསྲེ་བ་མི་མཛད།། མགོན་ཁྱོད་སྙིང་རྗེ་ན་མཁའ་ལས་ཡངས་ཏེ།། སེམས ་ཅན་རྣམས་ལ་ཆུ་འཛིན་ཆུ་རྒྱུན་ལྟར།། མྱ་ངམ་ཆུ་དང་མཐོ་དམའི་ཡུལ་ཀུན་དུ།། མ་ལུས་ཉིན་མཚན་པར་མེད་འབེབ་པར་འགྱུར།། བཅོམ་ལྡན་བྲན་ལས་བདག་གི་བསོད་ནམས་གང་།། དེ་ནི་འགྲོ་འདིས་བདེ་བླག་ཐོབ་གྱུར ་ཏེ།། དཔལ་ལྡན་པོ་ཏ་ཡི་རོ་བོར་གནས།། མཛེས་ཤིང་སྣ་ཚོགས་རོལ་པས་སྐྱེ་བར་ཤོག། འཕགས་པ་འཇིག་རྟེན་དབང་ཕྱུག་གི་བསྟོད་པ་གྲུབ་ཐོབ་ཆེན་པོ་ཙཎྜ་ཊིས་མཛད་པ་རྫོགས་སོ།། །། རྒྱ་གར་ཤར་ཕྱོགས་ཀྱི་པིཎྜ་ཏ ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང་། ལོ་ཙྪ་བ་འགོས་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། ། ་