| Wylie | e-texts produced with BDRC’s OCR application |
ཕྱོགས་བ་རེཎཱིའི་ཛྙཱ་ག་ཏཱ་ལའི་པཎྜི་ཏ་ཆེན་པོ་དཱ་ནཱ་ཤཱི་ལས་བསྒྱུར་བ།། རྒྱ་གར་སྐད་དུ། མཽ་ཧཱ་ཀཱ་རུ་ཎི་ཀ་སྟཽ་ཏྲ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ།། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ ་ཕྱོག་འཚལོ།། ཐུགས་རྗེ་ཆགས་པས་རྣམ་གཟིགས་བཅོམ་ལྡན་འདས།། སྤྱན་རས་ཀྱིས་གཟིགས་སྤྱན་ཟུར་བདག་ལ་གཟིགས་སྤྱན་ཟུར་གཟིགས་པ་ཙམ་གྱིས་འགྲོ་རྣམས་ཀྱི།། སྡུག་བསྔལ་ཉམ་ཐིག་ཞི་མཛད ་ཁྱོད་ལ་མངའ།། མཐའ་མེད་གཡང་སརརྱ་ལྷུང་ནས་ས་འོག་གི། མུན་ནག་ཐིབས་པོར་གཏན་དུ་འཁྱམས་པ་བདག། ཉམ་ཐག་ཕོངས་པས་ཐུགས་རྗེ་མཆོག་སྦྱིན་ཅིང་།། ཡོངསུ་བསྐྱབ་པའི་དུས་ལ་དྲི་རིང་བ་བྱ།། སྡུག ་ཕོངས་གང་གིས་ང་ནི་དྲན་བྱས་ན།། དེ་ཡི་ས་ཉམས་ཐག་ང་ཡིས་བསིལ་ལོ་ཞེས།། ཁྱོད་ཀྱིས་ཞོལ་བཞེས་མངོན་མཛད་དེང་བདག་ནི།། ཉམ་ཐག་བསལ་ཏེ་འབྲས་བུ་མཆིས་པོར་མཛོད།། མཐོང་དང་ཐོས་དེ་ང་རེག ་དང་དྲན་པ་ཡིས།། ནད་གནོད་ཐམས་ཅད་ངེས་བསལ་ཞེས་གསུངས་པས།། ནད་ཀྱིས་གདུངས་པའི་འགྲོ་བ་བདག་ཅག་ལའང་མཆོག་སྦྱིན་ཉིད་ཀྱིས་ཞལ་བཞེས་མ་བསྙེལ་མཛོད།། འགྲོ་རྣམས་གང་དག་སྡུག་བསྔལ ་དེ་དག་གིས།། ཉམ་ཐག་ཀུན་ཏུ་བཅད་པར་བྱའོ་ཞེས།། དགོངས་ནས་མགྲིན་པོ་གཞན་དུ་རྣམ་རྒྱ་ན།། བདག་ཅག་སྡུག་བསྔལ་ཁྱོད་ཀྱིས་མ་གཟིགས་སམ།། གང་གིས་ཁྱོད་ཉིད་དྲན་པ་ཙམ་གྱིས་ཀྱང་།། དེ་མོད ་ཉམ་ཐག་མ་བསལ་འགའ་མེད་ལ།། བདག་གླིང་རྟག་ཏུ་ཉམ་ཐག་གཟིར་བཞིན་དུ།། ཁྱོད་ཀྱི་དྲིན་ཀྱིས་མ་སྐྱབས་བསྐལ་ཚུངསོ།། མཐུ་ལྡན་ཁྱོད་ཀྱི་ཐུགས་རྗེའི་བློ་གྲོས་ཀྱིས།། ལན་ལ་མི་རེ་བཞིན་དུ་ཕན ་འདོགས་ལ།། བདག་ཀྱང་ཁྱོད་ལ་སྐྱབསུ་མཆི་བཞིན་དུ།། སྡུག་ཕོངས་འདི་འདྲའང་མི་གཟིགས་ཀྱེ་མའོ་བརླག། ཇི་ལྟ་ཇི་ལྟར་ཉོན་མོངས་གྱུར་པ་དང་།། ཇི་ལྟ་ཇི་ལྟར་རྟེན་མེད་ཕོངས་གྱུར་པ།། དེ་ལྟ་དེ་ལྟར ་ཁྱོད་ཀྱི་ཐུགས་རྗེ་ཡང་།། དེར་ནི་ཕྱི་ཕྱིར་མངོན་པར་འཕེལ་ལོ་སྐད།། སྡིག་ལྡན་བདག་གི་ཉམ་ཐག་སྡུག་བསྔལ་ཡང་།། ཤིན་ཏུ་མནག་དཀའ་རྟེན་མེད་སྐྱབས་མེད་བཞིན།། དེ་དག་ལས ་བདག་ཐུགས་རྗེས་བཀོལོ་མཛད་ན།། ཁྱོད་ཀྱི་ཐུགས་རྗེ་ཕྱོགས་གཅིག་ཅི་རུ་རུང་།། འགྲོ་བ་གང་གིས་སྐྱེས་མཆོག་ཁྱོད་དྲན་ན།། དོན་མེད་གྱུར་པ་སྔོན་ཆད་འགའ་མ་མཆིས།། སྡུག་བསྔལ་ཤིན་ཏུ་དྲག་པོ་ཉམ ་ཐག་འདས།། བརླག་ལ་ཁད་ཀྱིས་མགོན་ཁྱོད་བདག་ལྀ་དགོངས།། ཐུགས་རྗེའི་གནས་གྱུར་སྡུག་ཕོངས་མ་ལུས་པ།། ཕོངས་པ་ཐུགས་རྗེ་ཆེན་པོས་འཕྲོགས་མཛད་པ།། ཁྱོད་ཀྱིས་གལ་ཏེ་བདག་ལ་མ་གཟིགས ་ན།། བདག་གི་རྟེན་གཞན་གང་ལགས་གསུང་དུ་གསོལ།། མགོན་པོ་ཁྱོད་ལ་སྒྲུབསུ་མཆི་དགུ་ལི།། མོད་ལ་སྡུག་བསྔལ་མ་ཞི་འགའ་མ་མཆིས།། བདག་ཀྱང་སྐྱབསུ་མཆི་ཡིས་བརྩེ་བ་ཡིས།། སྡུག་བསྔལ ་ཉམས་ཐག་འདི་ལས་བསྒྲུབ་ཏུ་གསོལ།། ཁྱོད་ཀྱི་མཚན་ཙམ་གྲག་ལ་བོརྟེན་པས་ཀྱང་།། སྡུག་ཕོངས་མ་ལུས་ཞི་བར་འགྱུར་ལགས་ན།། བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་པ།། དེ་འདྲིའི་ཐུགས་རྗེ་ཅི ་ལས་གྱུར་པ་ལགས།། ཁྱོད་ཀྱིས་གྲུབ་བརྙེས་བཞིན་དུ་སེམས་ཅན་རྣམས།། ཡོངས་སུ་བསྐྱབ་ཕྱིར་སྨོན་ལམ་མཛད་ལགས་ན།། བདག་ཀྱང་སེམས་ཅན་གྲངས་ལས་མ་འདས་པས།། མཆོག་སྦྱིན་བདག ་གི་སྡུག་བསྔལ་དབྲོག་ཏུ་གསོལ།། ཉི་མའི་འོད་ཀྱིས་མུན་པའི་ཚོགས་བཅོམ་བཞིན།། ཟླ་གསལ་དྲི་མེད་ཁྱོད་ནི་རབ་བཞུགས་ཀྱང་།། ད་རུང་བདག་ནི་སྡུག་བསྔལ་གྱིས་ནོན་ཅིང་།། སྡིག་པའི་མུན་པས་ནོན་པ་སྐལ་ཆུང་སོ།། ་སྐྱེ་བོ་རྣམས་ཀྱིས་གང་ཞུས་སྐྱོང་མཛད་པ།། དེ་ཉིད་བདག་གིས་ཞུས་བཞིན་མི་གནང་བ།། མཚམས་ལས་ཐར་བར་སྐལ་བ་མེད་དམ་ཅི།། ཤིན་ཏུ་ངན་ན་མེ་ཅིར་ཐལ་ཡི་རེ་མུག། མགོན་པོ་ཁྱེད་ནི་སེམས་ཅན་ཕན ་པོའི་ཕྱིར།། ཐུགས་རྗེ་ཆེན་པོ་མ་སྤངས་བཞིན་དུ་ཡང་།། སྡུག་བསྔལ་བརྣག་དཀའི་རང་བཞིན་གསོལ་འདེབས་ལ།། སྐྱོབ་པ་མདུན་ན་གནས་བཞིན་འོ་དོད་འབོད།། འཇིག་རྟེན་སྐྱེ་བོའི་ཕ་མངའང་འདི་ལྟར་དུ།། ཁ ་མཚུངས་བཏབ་པར་གྱུར་ཀྱང་མི་སྐྱོ་བཞིན།། སེམས་ཅན་ཕན་བརྩོན་ཁྱོད་ལའང་འཁོར་བ་ནས།། འཁོར་བའི་ཚེ་ན་བདག་ནི་སྐྱབས་མཆི་ཞིང་།། ནག་པོའི་ལས་ཀྱིས་ཉིན་དང་མཚན་དུ་ནི།། མངོན་པར་ཟིལ ་གྱིས་ནོན་པར་གྱུར་པ་དང་།། སྡུག་བསྔལ་ཆེར་གདུངས་འདི་ལས་ཐར་བྱའི་ཕྱིར།། ཉིན་རེར་འོ་དོད་འབོད་ཀྱིས་མ་སྐྱོ་སྲུངས།། དེ་ལྟར་བདག་གིས་བོས་ཤིང་སྨེ་བ་ཡིས།། ཁྱོད་ཐུགས་རྗེས་བརླན་གྱུར་བ།། དེ ་ལྟར་སྐྱེ་བོ་སྡུག་བསྔལ་བ་རྒྱས་གཟིར་བ།། ཀུན་ལའང་སྲིད་བཅོམ་ཁྱོད་ནི་དགོངས་མཛད་ཅིང་།། ཐུགས་རྡོའི་དབང་གྱུར་ཐུགས་ནི་བརྟན་པ་ཡིས།། གཞིན་དོན་འབའ་ཞིག་ལྷུར་ལེན་ཡོན་ཏན་ནི།། བླ་མའི ་གནས་གྱུར་ཁྱོད་ནི་སྡུག་བསྔལ་ཀུན།། འཕྲོག་པའི་ནུས་མཐུ་ལྡན་པ་དེ་བཞིན་ཤོག། བདག་གི་སྲོད་པ་མཐར་མཛད་སྤྱན་རས་གཟིགས་དབང་ལ།། བསྟོད་བསྐུལ་འདི་བགྱིས་བསོད་ནམས་ཐོབ་པ ་གང་ཡིན་དེས།། བཅོས་མིན་རབ་ཞིའི་བདེ་ལྡན་བདེ་བ་ཅན་དུ་ནི།། འགྲོ་ཀུན་སྡུག་བསྔལ་གཟིར་སྤངས་རབ་ཏུ་ཕྱིན་གྱུར་ཅིག། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་པ་ཉེར་བཞི་པ།། དགེ་བསྙེན་ཆེན་ཟླ་བས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བ་ར་མྲྀ་ཤྭ་ར་དང་།། བོད་ཀྱི་ལོ་ཙ་བ་དགོས་ལྷས་བཙས་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སྥོ་ཏྲ་ནཱ་མ། བོད་སྐད་དུ། འཇིག ་