| Wylie | e-texts produced with BDRC’s OCR application |
མཛད་པ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་འགྲེལ་པ་པཎྜི་ཏ་སུ་མ་ཏཱི་ཀཱིརྟི་དང་། ལོ་ཙ་བ་མར་བ་བནྡེ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། རྫོགས་སོ།། ། @#།། རྒྱ་གར་སྐད་དུ། ས་ཧ་ཛ་སཾ་བ་ར་སྭ ་དྷན། བོད་སྐད་དུ། བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ།། ཤེས་བྱ་རྣལ་འབྱོར་ཆོག་གསུམ།། བྱིན་གྱིས་རློབ་དང་རབ་ཏུ་རྟོག། བསམ་བྲལ་གཟུགས་བརྙན་ཡོངས་སུ་རྫོགས།། སངས་རྒྱས་ཀྱིས ་གསུངས་རྣལ་འབྱོར་དུ།། སེམས་ཅན་རྫུས་ཏེ་སྐྱེས་བྱ་བཞི་ནི།། གང་ཞིག་སྐུད་ཅིག་སྦྱོར་བ་ཡིས།། ས་བོན་མེད་པར་རྣམ་པར་བསྒོམ།། རང་ཉིད་རྡོ་རྗེ་མཁའ་འགྲོར་གྱུར།། ཟླ་བ་ཕྱེད་པ་སྤྱི་བོར་འཛིན།། དཔྲལ་བར་ཐོད་པའི་ཕྲེང་བ་བསྣམས།། ་ཕྱག་རྒྱ་དྲུག་ལྡན་མགོ་བོའི་ཕྲེང་།། སྤྱན་གསུམོ་སྣ་ཚོགས་རྡོ་རྗེ་ཅན།། སྣ་ཚོགས་པོདྨ་ཉི་མར་གནས།། འཇིགས་བྱེད་དུས་མཚན་བཅས་པར་དགོད།། གཡས་བརྐྱང་བ་ཡིས་ཞིབས་ཀྱིས་གཅིབས།། རྡོ་རྗེ་དྲིལ་བུ་རལ་བར་ལྡན།། གནག ་ཙོང་མོ་བསྐྱོད་སྤྱི་བོའི་གཙུག། སྟག་གི་སྔགས་པས་ཡང་དག་བཅིངས།། དཔའ་བོ་རྡོ་རྗེ་ཕག་མོ་ནི།། སྤྱན་གསུམ་དོམར་ཞིང་མགོ་ཕྲེང་ལྡན།། རྡོ་རྗེ་ཐོད་པ་ཁྲག་གིས་བཀང་།། རྐེང་རྒྱུན་དུམ་བུས་མཚན་པ་འཛིན།། ཕྱོགས་ཀྱི་གོལ་ཕྱག ་རྒྱ་ལྔ།། དོའུ་སྒོ་གྲོལ་ཞིང་སངས་རྒྱས་གཙུག། འདི་ལྟར་སྐད་ཅིག་གིས་རྫོགས་པའི།། བདག་ཉིད་ལུས་ནི་བསྒོམ་པར་བྱ།། ཡེ་ཤེས་ལྔ་ཡི་རང་བཞིན་གཟུགས།། སངས་རྒྱས་འོད་ཟེར་རྣར་སྤྲོ།། སྤྱོད་ཡུལ་གཅིག་གིས་སེམས་ཀྱིས ་སུ་དེ། འདི་ཉིད་ཁོ་ན་ཡུན་རིངས་སམ།། གོ་འཕང་འདི་ལ་སེམས་ཅན་དགོད།། ཆོས་དབྱིངས་རྒྱལ་མཚན་ཡང་དག་སྦྱོར།། གཉིས་གཉིས་སྦྱོར་བ་བདེ་ལས་བྱུང་།། དགའ་བ་ཟག་པའི་ཕུན་ཚོགས་ཀྱིས།། རང་རིག་དགའ་བས་ཡོངསུ ་ཁེངས།། ཟག་པས་སྐྱེད་པར་བྱེད་པ་གང་།། དེས་ནི་རྒྱ་ཆེན་ཡིད་ལ་བྱེད།། འདུས་བྱས་སྤྲོས་པའི་རྒྱུན་འདི་ནི།། འདི་ལྟར་རྟག་ཏུ་སྒོམ་པ་པོས།། འོད་གསལ ་རྗེས་སུ་དྲན་པར་བྱ།། སྣ་ཚོགས་པདྨ་ཉི་མ་དང་།། འཇིགས་བྱུང་དང་ནཽ་དུས་མཚན་མོ།། སྡུག་མ་བདག་མོ་མཁའ་ནོར་བུ། དེ་བཞིན་གཤེགས་པ་ལྔ་ཡི་འོག། སྐུ་དང་ལ་ཡན ་ལག་མཆོག་དང་ནི། ཟླ་བ་ཐིག་ལཱ~ཾ་ནཱ་རྣམས། འདི་རྣམས་རྣམ་གྱིས་མ་སྣང་གཞུཇི་ལྟར་མ་ལོང་དབུས་ཀྱི་རླུང་།། ཐམས་ཅང་ཐིམ་པར་གྱུར་པ་ལྟར།། ཡང་དག་པ ་རུ་ཡང་ནས་ཡང་།། དེ་བཞིན་རྣལ་འབྱོར་རབ་ཏུ་གཞུག། གྲུབ་ཐོབ་རྡོ་རྗེ་དྲིལ་བུ་པས་མཛད་པའོ།། བདེ་མཆོག་ལྡན་སྐྱེས་ཀྱི་སྒྲུབ་ཐབས་རྫོགས་སོ།། ་པཎྜི་ཏ་རྡོ་རྗེ་གངན་པ་ནི་ས་ཀ་ལཾ་ཀའི་ཞལ་སྔ་ནས། དམྱལ་ལོ་ཙ་བ་དཔལ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ་