CLOSE WINDOW

GT1545: 'phags pa 'jam dpal gyi sgrub pa'i thabs
Wyliee-texts produced with BDRC’s OCR application

རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བོ་བྷཱུ་ཏི་ཙིནྡྲ་དང་། ཆག་ལོ་ཙ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨརྱ་མཱཉྫུ་ཤྲཱི་སཱ་དྷ་ནཾ།། བྱེད་སྐད ་འཕགས་པ་འཇམ་དཔལ་གྱི་སྒྲུབ་པའི་ཐབས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཚད་མེད་པ་དང་བྱང་ཆུབ་སོ་མས་བསྐྱེད་དེ་སྔགས་འདི་བརྗོད་ཅིང་མི་དམིགས་སྟོང་པར་བསྒོམ།། ཨོཾ་སྭ་བྷཱ་བ ་བི་ཤྲདྡྷཿསརྦ་དྷརྨཱ་སབྷཱ་བི་ཤུདྡྷཧཾ།། སྟོང་ཉིད་དང་ལས་པ་པི་ཨཾ་དཀར་ལོས།། རྒྱ་མཚོའི་སྟེང་དུ་པདྨ་ཟླ་བ་བས་མ།། དེ་སྟེང་རང་སེམས་ཨ་དཀར་ཉིད་གྱུར་ལས།། འོད་འཕྲོས་ངན་བྱས་འདུས་པ ་ལྷར་གྱུར་ཏེ།། ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་བསྣམས།། རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བ།། དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས།། སྔོན་ཟླའི་མདོག་ཅན་ལང་ཚོ་ལྡན ་པ་བསྒོམ།། ཨོཾ་བཱཀ་ཀྱཻ་དཾ་ན་མ། རིག་སྔགས་རྒྱལ་པོ་འབུམ་ཕྲག་གཅིགྲོ་གིས་འགྲུབ།། ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན།། དངོས་སམ་རྨི་ལམ་ཉིད་དུ་མཐོང་ཐོས་འགྱུར།། གྲུབ་པའི་མཚན་མ་གཞན་ཡང ་སྣང་བར་འགྱུར།། ཉི་ཟླ་གཟས་ཟིན་དུ་སུ་མེ་ཤུ་ཉིད།། ད་རོ་དཀར་གྱིས་དྲིལ་ལྕེ་འོག་བཅུག་ལ་བཟླས།། མྱུ་གུ་ཕྱུང་འགྱུར་འདི་ནི་གྲུབ་པ་ཡིན།། ཡང་ནུ་རལ་གྲི་ཉིད་བཟུང་རཱིག་འཛིན་འགྱུར།། གྲེ་ཕུགས་ཨ་དཀར ་དག་ལས་འོད་འཕྲོས་པས།། རྒྱལ་བ་ཀུན་གྱི་བློ་གྲོས་དཔག་མེད་དག། འདུས་ནས་ཁོང་དུ་ཐིམ་པས་ལུས་ཀུ་ནི་ཁེངས།། མི་བརྗོད་དྲན་པའི་གཟུངས་ནི་ཐོབ་པར་འགྱུར།། སྙིང་དབུས་ཟླ་བའི་དཀྱིལ་འཁོར་རྩིབས ་དྲུག་ལ།། འབྲུ་དྲུག་ཡི་གེ་བཀོད་ལ་གཡས་གཡོན་བསྐོར།། ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས།། ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར།། ཕ་རོལ་ཕྱིན་དང་བསྟོད་པ་མང་པོ་དང་།། མཚན ་དང་བརྗོད་དང་མཆོད་པ་སྣ་ཚོགས་དང་།། མཎྜལ་དབུལ་ཞིང་གསོལ་བ་གདབ་པར་བྱ།། འདི་ནི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན།། འཇ་མོ་དཔའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་མ་ཏེས་མཛད་པ ་རྫོགས་སོ།། ། རྒྱ་གར་ཤར་ཕྱོགས་ཛ་ག་ཏཱ་ལའི་པཎྜི་ཏ་ཆེན་པོ་དཱ་ནུ་ཤི་ལས་བོད་ཡུལ་གྱི་དབུས་དྲདུ་སློང་སྲིན་པོའི་རར་ལྷའི་སྐད་ལས་བོད་ཀྱི་བརྡར་འཁྲུལ་པ་མེད་པར་བསྒྱུར་བའོ།། ་