CLOSE WINDOW

GT1544: a ra pa tsa na'i sgrub thabs
Wyliee-texts produced with BDRC’s OCR application

རྣལ་འབྱོར་བྱས་ན་རིང་པོ་མི་ཐོགས་པར་བློ་མཽ་ཆོག་ཏུ་འགྱུར་རོ།། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་ཆོ་ག་སློབ་དཔོན་ཤྭདྡྷ་ཀཱ་ར་ཝ་རྨྨས་མཛོད་པ་རྫོ་གས་སོ།། །། རྒྱ་ག་རཱི་སྐད་དུ། ཨ་རུ་པ ་ཙཱ་ན་སཱ་དྷཽ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། བཅོམ་ལྡན་འདས་འཛུམ་པའི་དབྱངས་ལ་ཕྱག་འཚལྱ་ལྷོ། རི་བོང་འཛིན་པ་ལྟར་དཀར་ཕྱག་མཚན་གླེགས་བམ་རལ་གྲི་ཅན།། རབ་མཛེས ་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུང་ལྔ་དང་ལྡན། དགའ་བ་རྒྱ་ཆེར་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས།། བློ་གྲོས་ངན་པ་སྲེག་མཁས་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས།། ལོ་ཕྱེད་རྒྱན ་དུ་བསྒོམས་པ་མངོན་སྦྱོར་སྐྱེ་བོ་གང་།། ངེས་པར་གནས་ཀུན་ཁོང་དུ་ཆད་འགྱུར་མཆོག་གི་བློ།། ཐོབ་འགྱུར་ཨ་ར་པ་ཙ་ན་ནི་ལེགས་འགྲུབ་ཕྱིར།། འཁོར་ལོ་རིན་ཆེན་ཤིན་ཏུ་བསྡུས་པའི་གདུམ་སཱ་པཱ་བརྩམ།། ་མཱཉམ་ཞིང་གཙང་ལེགས་ཡིད་འོད་དྲི་ཞིམ་མེ་ཏོག་བཀྲམ།། དྲྀ་ཡཾ་དུསཱ་བཏང་ས་ཕྱོགས་འགར་ནི་སྔགས་འོག་པས།། ཤིན་དུ་ཉམས་དགའ་འཇམ་པའི་སྟོན་ལ་ཉེར་འདུག་ནས།། བདེ་བའི་ཡིད ་ཀྱིས་མཚན་མེད་བྱང་ཆུབ་སེམས་མ་སྒོམ་པ།། སྭ་བྷཱ་པ་ཤྩདྷཱའི་སྔགས་བརྗོད་ཅི་དཱ།། དངོས་པོ་ཀུན་ནས་མ་ལུས་སྟོང་ཉིད་དུ།། རྣམ་པར་བསྒོམ་བྱ་སླར་ཡང་བདག་གི་ལུས།། སྐད་ཅིག་ཉིད ་ལ་འོད་གསལ་ཉིད་དུ་བལྟ།། དེ་ནས་ན་མཁའ་དབྱང་ས་ཡིག་དང་པོ་ལས།། ཟླ་བའི་དཀྱིལ་འཁོར་འོད་ཟེརརཱ་འཕྲོ་བ་བསྒོམ།། དེ་ནས་དེ་ལ་དྷཱིཿཡི་གཱ་ཤྲཱིན་ཏུ་དཀར།། དེ་ནི་འཛུམ་དབྱངས་དྲི་མ ་མེད་པར་བསྒོམ།། རྩེ་གཅིག་བཱ་སམ་གཏན་གྱིས་ནི་བང་སྟངས་གནས།། ཆགས་བཅས་ཅུང་ཟད་འཛུམ་ཞིང་ཡིད་དུ་འོང་།། རི་བོང་གིས་མཚན་བྱེ་བའི་འོད་ཟེར་ཅན།། རྒྱནི་ཀུན་གྱི་ས་བོ་རྒྱན་རབ ་གསལ་བསྒོམ་པར་བྱ།། རང་གི་སྙིང་གར་རབ་འཕྲོ་ས་ཡིག་མཆོག་བསྒོམ་སྟེ།། འོད་ཀྱང་དཔག་མེད་རྩིབས་བརྒྱད་འཁོར་ལོའི་ཚུལ།། དེ་སྟེང་ཟླ་གཟུགས་བསྒོམ་བྱ་དེ་ལས་སྔགས་པ ་xxx ་xxx ་xxx ་xxx ་xxx ་xxx ་ཐོབ།། མཆོག་གི་བླ་མ་དགའ་བའི་རྡོ་རྗེ་དྲམ་ཆོས་མཆོག་གིས་མཛོད་གྱུར་པས།། བདྲེ་བར་གཤེགས་ཚོགས་མདུན་དུ་གང་ཞིག་ཆོ་ག་ཇི་བཞིན་དབང་བསྐུར་བའི།། བློ་གྲོས་བཟང་པོ་མི་འཕམ་བཤེས་གཉེན་དེ་ཡིས ་སྐྱེ་བོ་རྣམས་ཀྱིས་ནི།། བློ་གྲོས་འགྲུབ་ཕྱིར་ཨ་ར་པ་ཙ་ན་མཆོག་འཁོར་ལོའི་གཞུང་འདི་བྱས།། འཁོར་ལོའི་ཆོ་གོ་མཆོག་ནི་ལེགས་བསྒྲིགས་ལས། བསོད་ནམས་མཐའ་ཡས་དྲི་མེད་གང་ཐོབ་པ།། དེ་ཡིས ་འཇིག་རྟེནཱ་མ་ལུས་སྡིག་སྤངས་ཤིང་།། འཇམ་དབྱངས་བདེ་བ་གཅིག་པུར་གནས་གྱུར་ཅིག། ཨ་ར་པཱ་ཙ་ནའི་སྒྲུབ་ཐབས།། དངོས་གྲུབ་བརྙེས་པའི་སློབ་དཔོན་མི་འཕམ་པའི་བཤེས་གཉེན་གྱིས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བོ་བྷཱུ་ཏི་ཙིནྡྲ་དང་། ཆག་ལོ་ཙ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨརྱ་མཱཉྫུ་ཤྲཱི་སཱ་དྷ་ནཾ།། བྱེད་སྐད ་