| Wylie | e-texts produced with BDRC’s OCR application |
གཏན་ལ་ཕབ་པའོ།། ། རྒྱུ་གར་སྐད་དུ། བྷཱ་གེ་བཱན་ཨཱརྱ་མཉྫུ་ཤྲཱིསྟྲ་ས་དྷིརྫྙཱནཱ་སྱཱ་ཏེ།། བོད་སྐད་དུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ ་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ནའང་།། བསམ་པ་བླུན་པོའང་བླ་མ་ལ ་གུས་དབང་གིས་ཀྱང་ནི་ཁྱོད་ཀྱི་ཡོན་ཏན་བརྗོད་བགྱི་སྟེ།། རབ་ཏུ་དྲེགས་བཙོས་དང་པའི་རྒྱལ་པོའི་སྡེ་དག་གིས་བསྟན་ཆུ་དང་ལྡན་པའི་ཡིད་གཞིན་མཚོར།། བཞད་རྣམས་ཀྱང་ནི་ཡིད་ལ་རབ་ཏུ་དགའ་བ་བསྐྱེད་དེ ་རྒྱུ་ཞིང་རྣམ་པར་གནས་པོར་བགྱིད།། ཟུར་ཕུང་གསལ་ལྡན་གསེར་མཆོག་སྙན་ཆས་ལེགས་པར་རྣམ་རྒྱན་མགུལ་ནི་རབ་ཏུ་སྒེག་བཅས་ཤིང་།། སྙན་གྱི་གོང་རྒྱན་ཨུཏ་པ་ལ་མཛེས་འདྲ་མངའ་སླད་ཁྱོད་ནི ་གཞོན་ནུར་རབ་གྲགས་དེ་ལྟ་ནའང་།། ཀུན་ཏུ་བཟང་པོ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཛིན་སོགས་རྔ་ཡབ་མཆོག་ཏུ་མཛེས་འཛིན་པའི།། མཁས་པ་རྣམས་ཀྱིས་བླ་མ་ལྟ་བུར་འཁོར་གྱི་དཀྱིལ་འཁོར ་རྣམསུ་ཁྱོད་ནི་བསྟེན་པར་གྱུར།། ངོ་ཤལ་ཕྲེང་བའི་སིལ་སིལ་སྒྲོགས་བྱེད་མཆོག་ཏུ་དགའ་སྤྱོད་སྙན་གདུབ་མངའ་བ་སྤྱི་གཙུག་གི། རིན་ཆེན་འོད་མཛེས་འཕྲོ་བ་དང་ལྡན་གཞོན་ནུའི་ན་ཚོད་དགེ་ལེགས་མངའ་བ་གང་ན ་ཡང་། བཅོམ་ལྡན་ས་གསུམ་དག་ན་གུས་པས་ཕྱག་བྱ་རུ་འོས་པ་ཁྱོད་ནི་རྩེ་གཅིག་ཉེར་ཞི་ཡི།། སྣོད་གྱུར་མཆོདཔར་འོས་འདི་གང་ནའང་དེ་སླད་སུ་ཞིག་ངོ་མཆེར་ཅི་ཕྱིར་སྐྱེ་མི་འགྱུར།། ཤིན་ཏུ་རྣམ་འགྱུར ་བཞིན་ལྡན་སྦྲུལ་སྟེང་དག་གི་ཆུན་པོ་གདུ་བུར་བྱས་པ་འཛིན་མཛད་ཙིངྒེ་རྣོ་བའི་མཚོན་བསྣམས་གཡུལ་དོར་རབ་དཔའ་གཤིན་རྗེ་རྣམས་ནི་རབ་ཏུ་སྐྲག་པར་མཛད་པ་ཡི།། མི་བཟད་འཕགས་པ་གཤིན་རྗེའི་གཤེད ་དང་བཅས་པར་འགྱུར་ཀྱང་ཁྱོད་ནི་ཞི་བའི་དཀྱིལ་འཁོར་ཏུ།། ཆ་ཡི་ཚོགས་ཀུན་ཡོངས་རྫོགས་ལུས་ལྡན་སྟོན་ཀའི་ཟླ་བ་ཉ་བ་ལྟ་བུར་གྱུར་པ་ལགས།། ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལྔ་མཁས་ཀྱང་ཆོས་འདིར་འགལ ་ཡང་གཟགས་པ་ཡོད་མ་ཡིན།། ཁྱོད་ནི་སེམས་ཅན་ཕན་ལ་དགྱེས་ཀྱང་སེམས་ཅན་ཉིད་ནི་འགའ་ཡང་དམིགས་པར་གྱུར་མ་ལགས།། བདེ་གཤེགས་དགྱེས་པ་ཕན་ཚུན་དུ་ནི་མི་འགྲིགས་འགྱུར་བའི་མཛད ་སྤྱོད་མང་པོ་འདི་འགལ་བས།། ཁྱོད་ནི་ས་གསུམ་ངོ་མཚར་རྒྱུ་གཅིག་གྱུར་པ་དེ་སླད་ཁྱོད་འདིར་བསྙེན་པར་བགྱིད་པ་ལགས།། གཞན་དོན་འབྲས་བུ་སྨིན་པས་ཤིང་བཞིན་རྣམ་པར་གནྡྷ་པས་གྲངས་ཆེན་ལྟ་བུར་གྱུར་པ་སྟེ། བསྟན ་པ་ཡི་ནི་རི་རབ་དང་འདྲ་གྲུབ་པས་བསྟེན་པས་རི་རྒྱལ་མ་ལ་ཡ་དང་མཚུངས།། གཏི་མུག་རབ་རིབ་ཞི་བར་མཛད་པས་ཉི་མ་བཞིན་ཏེ་ཕུན་སུམ་ཚོགས་གཟུགས་ཟླ་འདྲ་ཡི།། མགོན་ཁྱོད་གཞན་དོན་མཛད་སླད་དུ་འགྲོ་ན ་བྱིས་པ་རོལ་འདིའི་མཛད་པ་ཡིས་ནི་རྣམ་པར་རྒྱུ།། དྲི་ཞིམ་གྱིས་བསྒོས་མཆོག་ཏུ་མཛེས་པའི་ཨུཀཱ་ལ་སྔོན་པོ་བསྣམས་པས་རྫིང་བུ་ལྟ་བུ་སྟེ། ཤྲིང་ཏུ་རྣམ་སྒེག་ཚུལ་དང་ལྷུན་པོས་ཡུལ་གྱི་བྱིས་བ་ལཾ་བརྒྱད ་ལྗོན་པ་དང་འདྲ་ཞིང་།། ཆོས་ཆར་དྲི་མི་མེད་པ་འབེབས་པས?་ཆར་སྦྱིན་འབྲུག་སྒྲ་རབ་ཏུ་སྒྲོགས་པ་ལྕི་བུ་དང་།། དདཱི་པའི་རྒྱལ་པོ་ཡིད་འོང་སྒྲ་སྐད་ཟིལ་གནོན་གསུང་མངའ་ཁྱོད་ལ་སུ་ཞིག་བསྙེན་མི་བགྱིད་སྐད ་ཅིག་ཉིད་ལ་ཡོངསུ་འབར་གྱུར་གཏི་མུག་རབ་རིབ་སྐད་ཅིག་མེད་ལ་ཟད་གྱུར་ཅིང་།། ཐམས་ཅད་དུ་ནི་ལེགས་པའི་ལམ་སྟོན་བདེ་གཤེགས་སྡིག་མེད་མྱ་ངན་འདས་པར་གྱུར་པ་ན།། གཞོན་ནུའི་ཚུལ་འཛིན ་འོད་ཟེར་སྟོང་ཕྲག་འབར་བའི་རྒྱན་གྱིས་ལེགས་པར་སྤྲས་པར་གྱུར་པ་ཡིས།། ཆེན་ཞི་གཅིག་པུ་ཕྱོགས་བཅུ་རྣམས་ནི་ད་ལྟ་མཆོག་ཏུ་སྣང་བར་མཛད་པ་མ་ལགས་སམ།། མགོན་པོ་ཀྱེ་མ་ཁྱེད་གཟུགས ་རི་མོར་བྱས་པས་ཀྱང་ནི་ཇི་ལྟར་ཚིམ་པ་སྐྱེད་བྱེད་ལྟར།། སྟོན་ཀའི་མཚན་མོ་དཀར་ཞིང་རབ་ཏུ་མཛེས་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་མ་ལགས་ཏེ།། ཨུཏྤལ་སྔོན་པོ་མཛེས་པའི་དྲི་དད་ཞིམ ་པོས་བསྐྱོས་པའི་སེར་བུའི་ངད་ཀྱང་མ་ལགས་ཤིང་།། ལྷ་ཡི་བུ་མོས་བསྟབས་པར་གྱུར་པའི་ཧ་རཱི་ཙནྡ་དན་དྲི་བཟང་ལྡན་པའང་དེ་ལྕེ་མིན།། གཞོན་ནུ་ཁྱོད་ཞབས་སེན་མོའི་འོད་ཟེར་ཕྲེང་བ་རྒྱ་ཆེན་ཐུན་མཚམསུ ་ཤར་ཟླ་འོད་བཞིན།། ཤིན་ཏུ་ཡིད་འོང་དཀར་དམར་མདོག་ཅན་རབ་ཏུད་ལྷ་དང་ལྷ་མིན་གཙུག་ནོར་འོད་ཟེར་དང་།། འདྲེས་པས་གང་རེག་རལ་པ་ཅན་གྱི་མོཾ་དེ་དག་ཀྱང་སྐྱེ་བོ་ཀུན་གྱིས་ཕྱག་བྱར་འོས།། མགོན་པོ་ཁྱོད ་ཀྱི་སྔགས་འཛིན་གྲུབ་པཱ་ཐོབཱི་ནས་རབ་ཆགས་སྒེག་པ་ལུས་བྱུང་བའི།། གོམ་ཚུགས་ཀྱིས་འགྲོ་རྒྱན་ཕྲེང་རྐང་གདུབ་ཡིད་འཕྲོག་དང་ལྡན་མཛེས་མྱ་བརྒྱ་དང་ལྷན་ཅིག་ཏུ།། ས་སྟེང་ནོ་རོལ་གཞན་ནི་ལྷ་ཡི་དབང ་པོས་ཙན་དན་བཏུལ་བའི་དྲི་ཞིམ་དང་ལྡན་པའི།། ལི་ཤི་མེ་ཏྲོག་དྲི་ལྡན་སྦྱང་མས་དཀྲིགས་པའི་ཙན་དན་གྱི་ནི་ནིགས་ནཱ་གནས་པར་བྱེད།། ན་ཚོད་གཞོན་ཞིང་དྲེགས་དང་བཅས་པས་སྐྲག་ཅིང་རྣམ་པར་འཕྱེན ་བྱེད་གསལ་བར་བྱས་གྱུར་པའི།། དྲི་ཞོམ་ལ་ནི་ཆགས་པ་སྐྱེད་བྱེད་སྦྲང་མེའི་ཚོགས་རྣམས་ཀྱིས་ནི་རབ་ཏུ་དཀྲིགས་གྱུར་ཅིང་།། པི་ཝཾ་གླིང་བུ་ངང་པའི་རྒྱལ་པོ་དང་འདྲ་ཤིན་ཏུ་སྙན་པའི་དབྱངས་དང་ལྡན་གྱུར་པའི ་གནོད་སྦྱིན་བུ་མོ་མཆོག་ཀྱང་ཁྱོད་ཀྱི་སྔགས་བཟླས་པ་ཡི་མི་ཡིས་རབ་ཏུ་འགུགས་པར་བྱེད།། འགྲོ་བ་གསུམ་གྱི་མགོན་པོ་འབྲས་བུ་མེད་པའི་མང་དུ་བརྗོད་པ་ཡིས་ནི་ཅི་བགྱིར་མཆིས།། ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ཡང ་ཡང་བརྗོད་པར་ཐུབ་པའི་མཁྱེན་པ་ས་སྤྱོད་པ་མ་ལགས་པ།། དེ་ཕྱིར་འཇམ་པའི་དབྱིངས་ཀྱི་ཡོན་ཏནཱ་འདི་ཙམཱ་ཞེས་བྱ་བདག་གིས་རྟོགས་པར་ནུས་མ་ལགས།། ཀུན་ནས་དཔག་མེད་ཆུ་དང་ལྡན་པའི་རྒྱ་མཚོ་ལས་ནི ་ཕན་ཚུན་འགྲོ་བ་བསྒྲལ་བའི་ཕྱིར།། མགོན་པོ་སེམས་དང་བཅོས་པའི་མི་རྣམས་དག་ལས་སུ་ཞིག་འདིར་ནི་འཇུག་པར་འཚལ་བར་བགྱིད།། དེ་ལྟར་བཅོམ་ལྡན་འདས་ནི་མགོན་པོ་འཇམ་པའི་དབྱངས་ལ་མངོན ་པར་བསྟོད་པ་བགྱིས་པ་ལས།། བདག་གིས་དགེ་བ་གང་ཞིག་བསགས་པ་དེས་ནི་འགྲོ་བ་ཀུན་གྱི་རྙོག་པ་ཞི་གྱུར་ཅིག། དེ་ཡིས་བདག་ཀྱང་སྐྱེ་བ་དང་ནི་སྐྱེ་བར་བརྟན་ཞིང་མཚུངས་པ་མེད་པའི་སྙན་ངག་སོ་དང་། རིགས ་དང་ལྡན་ཞིང་ཚེ་རབས་དྲན་དང་སྙིང་རྗེ་རྒྱ་ཆེན་ཡིད་འཕྲོག་པ་དང་ལྡན་པར་ཤོག།། བཅོམ་ལྡན་འདས་པ་འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་བྱིན་པརླབས་དདྨ་བཅས་པ་སྙན་དགས་མཁན ་རྣམས་ཀྱི་གཙུག་གི་ནོར་བུ་བྱང་ཆུབ་སེམས་དཔའི་རིགས་ཅན་མཁས་པ་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས།། བོད་ཀྱི་ལོ་ཙྪ ་བ་དགེ་སློང་བློ་ལྡན་ཤེས་རབ་དང་། མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱིཛྙཱ་ན་གུ་ཎ་པ་ལ་ནཱ་མསྟྲ་པར། བོད་སྐད་དུ། དཔལ་ཡེ་ཤེས་ཡོན ་