| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་པཉྩ་ཀྲ་མ་བྲྀཏྟི། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་འགྲེལ་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལོ།། སྙིང་གའི་ཧཱུཾ་ལས་འོད་ཟེར་སྤྲོས་ལ།། ཨ་བ་དྷཱུ་ཏཱི་ནས་གྲེ་བར་བྱུང ་ནས་སྣ་བུག་གཡས་པ་ནས་བྱུང་སྟེ་ས་ལ་བབས་པ་ཙམ་གྱིས་ཧཱུཾ་དུ་གྱུར་ཏེ། ཧཱུཾ་ཞུ་བ་ལས་སྣ་ཚོགས་རྡོ་རྗེ་དབུས་དང་། ཤར་དང་། བྱང་དང་། ནུབ་དང་། ལྷོ་སྒོ་རིམ་བཞིན་དུ་མཐོང་ག་དང་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོའི་རྡོ། ་རྗེ་རྩེ་མོ་ལྔ་རུ་གྱུར་པར་བསྒོམ་མོ།། དེ་ལས་འོད་ཟེར་ཕྱོགས་བཞིར་བྱུང་བར་བསེམས་ནས། ཤར་དང་བྱང་དང་ནུབ་དང་། ལྷོར་རིམ་པ་བཞིན་དུ་རྡོ་རྗེ་རྩེ་མོ་ལྔ་པ་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོའི་ཐམས་པས་རླུང་ཡང ་མི་ཐར་བར་གྱུར་པར་བསམ་མོ།། རྡོ་རྗེ་དེ་དག་གི་རྩེ་མོ་ལྀས་འོད་འཕྲོས་པས་ཤར་ཕྱོགས་དང་། བྱང་ཕྱོགས་དང་། ནུབ་ཕྱོགས་དང་། ལྷོ་ཕྱོགས་ཀྱི་སྟེང་གི་ཆ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་སེར་པོའི་ཐམས་པས་མིག ་མངས་རིགས་སུ་གནས་པས་རླུང་ཡང་མི་ཐར་བར་གྱུར་པར་བསམས་ཏེ། དེ་ནི་རྡོ་རྗེའི་གུར་རོ།། སྣ་ཚོགས་རྡོ་རྗེའི་དབུས་ཀྱི་ལྟེ་བར་ཧཱུ~ཾ་དེ་ཞུ་བ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པར་བསམ། དེའི་ལྟེ་བར་ཤར་དང་བྱང་དང་ནུབ་དང་། ་ལྷོར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་ཉམས་སུ་མྱོང་བ་བདེ་བ་ཙམ་དང་བཅས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དཀར་བ། འཚིར་བ། གསལ་བ། གཟི་མདངས་དང་ལྡན་པ་མཐིང་ཀ་དང་། སྔོན་པོ་དང་། ལྗང་གུ་དང་། དམར་པོ ་དང་སེར་པོ་རྣམས་ཆུ་ལས་ཉ་འཕར་བ་བཞིན་དུ་སྲན་མོ་སྦོམ་པོའི་ཚད་ཙམ་པ་ལྔ་བསམས་ལ། དེ་ཞུ་བ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་མཚན་ཁུང་ན་ཁ་ཊྭཱཾ་ག་བསྣམས།། ཞབས་གཡས ་བརྐྱང་བས་བཞུགས་པ། གཡོན་བསྐུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཟླ་བ་ཕྱེད་པས་དབུལ་བརྒྱན་པ། སྤྱན་གསུམ་པ། སྨིན་མ་ཁམ་པ། ཕྱག་རྒྱ་དྲུག་དང་ལྡན་པར་བདག་ཉིད་གྱུར་པར་བསམ་མོ།། ་ཐིག་ལེ་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་སེར་པོ་ཞུ་བ་ལས་རིམ་པ་བཞིན་བཛྲ་ཌཱ་ཀི་ནཱི་དང་། ལཱ་མ་དང་། ཁ~ཾཎྜ་རོ་ཧ། རཱུ་པི་ཎི་རྣམས་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་རྣམས་ལྷ་མོ་བཞིར་གྱུར་པར་བསམ། ལྷ ་མོ་རྣམས་ཀྱང་ཞལ་གཅིག་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཟླ་བ་ཕྱེད་པས་དབུ་བརྒྱན་པ། གཅེར་བུ་གཡོན་བརྐྱང་བས་བཞུགས་པ། ཕྱག་རྒྱ་ལྔ་དང་ལྡན་པ། གཡས་ན་གྲི་གུག། གཡོན་ན་ཐོད་པ་བསྣམས ་པ། ལྷ་ལྔ་ཀར་ཡང་རོའི་གདན་ལོ་བཞུགས་པ། མཚམས་ཀྱི་འདབ་མ་བཞི་ལ་རིན་པོ་ཆེའི་བུམ་པ་བཞིའོ།། སྟེང་དུ་རང་བཞིན་གྱི་བདུད་རྩི་རྣམ་ལྔས་བཀང་བའི་ཀཱ་པཱ་ལ་བཞི་བཞག་པ་སྐད་ཅིག་གིས་བསྒོམ་སྟེ། དེ་ནི་གནས་དང ་ལུས་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པས་བསྐྱེད་པའི་རིམ་པའོ།། རྫོགས་པའི་རིམ་པ་གང་བསྒོམ་ཡང་རུང་། ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་པར་བྱ་སྟེ། དེའི་རྗེས་ལ་རྫོགས་པའི་རིམ་པ་བསྒོམ་པ ་ལ་གསུམ་སྟེ། ཧཱུཾ་ལ་དམིགས་པ་དང་། ཐིག་ལེ་ལ་དམིགསོ་པ་དང་། ནཱ་ད་སྥ་རིས་ཕྲ་མོ་སོར་གཅིག་ལ་དམིགས་པའོ།། དེ་ལ་ཧཱུཾ་ལ་དམིགས་པ་བསྒོམ་པ་ནི། སྙིང་ཁོང་སྟོང་གི་ནང་དུ། འོག་ཏུ་ཉི་མའི་དཀྱིལ་འཁོར་རོ།། དེ ་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམ་མོ།། ཉི་མ་དང་ཟླ་བའི་བར་དུ་ཐིག་ལེའི་རྒྱལ་པོ་ཡི་གེ་ཧཱུཾ་རྒུན་འབྲུའི་ས་བོན་གྱི་ཚད་ཙམ་མམ། སྲན་མ་འམ། ཡུངས་དཀར་སྦོམ་པོའི་ཚད་ཙམ་ཤེས་རབ་ཀྱི་དབང་གི་དུས་སུ་ཉམས་སུ་མྱོང་བའི ་བདེ་བ་དེ་ཉིད་དྲན་པར་བྱ་ཞིང་། འོག་གི་རླུང་ཡང་བསྐུམ་པ་དང་། རྒྱུ་ཞབས་ཀྱི་ནང་ན་ཡར་དྲངས་པ་དང་། ལྕེ་ཡང་རྐན་ལ་སྦྱར་བའི་སྦྱོར་བ་ཡང་བྱ་སྟེ། ཐིག་ལེའི་རྒྱལ་པོ་ཡི་གེ་ཧཱུཾ་སྔ་མའི་ཚད་ཙམ་དུ་བྱས་ལ། དཀར་ལ་འཚེར ་བ་བདེ་བ་དང་བཅས་པ་གཟི་མདངས་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་གྱིས་བུ་གུར་ཆུན་འབྲུའི་ས་བོན་གྱི་ཚད་ཙམ་མམ། ཡོངས་ཀརྀ་སྦོམ་པོའི་ཚད་ཙམ་དུ་དམིགས་པར་བྱའོ།། དེ་ནས་ཧཱུཾ་ལས་འོད་ཟེར་འཕྲོས་པས་མ་དག་པའི ་སྣོད་དང་བཅུད་ལ་རེག་པ་ཙམ་གྱིས་ལན་ཚྭ་ལ་ཆུས་ཕོག་པ་བཞིན་དུ་འོད་ཀྱི་གོང་བུར་བཞུ་སྟེ་དག་པོའི་སྣོད་བཅུད་ལ་བསྟིམ།། ངག་བིའི་སྣོད་བཅུད་ཀྱང་བདག་ལ་བསྡུ།། བདག་ཉིད་ཀྱང་ཞུ་སྟེ། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ ་བསྟིམ། ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཡང་ཞུ་སྟེ། ཧཱུཾ་ལ་བསྟིམ། ཧཱུ~ཾ་ཡིག་ཀྱང་ཞབས་ཀྱུ་ལ་བསྟིམ། ཞབས་ཀྱུ་ཧ་ལ་བསྟིམ། ཧ་ཟླ་ཚེས་ལ་བསྒོམ། ཟླ་ཚེས་ཐིག་ལྀ་ལ། ཐིག་ལེ་ནཱ་ད་སྐཱ་རིས་ཙམ་ཕྲ་མོ་ལ་ཐིམ་པའོ།། ནཱ་ད་སྐ་རས ་ཕྲ་མོ་ཡང་ནམ་མཁའ་ལ་ཐིམ་མོ།། ཐིམ་པ་དེ་ཉིད་ལ་སེམས་བསྟད་ནས། དེ་ནས་ཆུ་ལ་ཉ་འཕར་བ་བཞིན་དུ་འམ། ནམ་མཁའ་ལ་གློག་འབྱུང་བ་ལྟར། སྐད་ཅིག་ཙམ་གྱིས་སྔ་མ་ལྟར་དྲན་ཏེ། སྣང་ལ་རང་བཞིན་མེད་པའི་ལྷའི ་སྐུར་བསམས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ངག་དང་། ཡིད་དང་། ཛི་ན་ཛཾ་ཀ་དང་། བཛྲཱ་དྷྲྀ་ཀ་དང་། རཏྣ་ཛཱ་ཀ་དང་། པྲཛྙཱ་དྷྲྀ་ཀ་དང་། བཛྲ་སཏྭ་དང་། སྐུ་དང་གསུང་དང་ཐུགས་རྡོ་རྗེར ་མོས་པ་བྱ་སྟེ། མཉམ་པར་མ་བཞག་པོའི་སྤྱོད་པས་གནས་པར་བྱའོ།། ཐོག་ལེ་ལ་གནས་པ་ནི་བསྐྱེད་པའི་རིམ་པོའི་གནས་དང་། ལུས་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པ་བསྒོམ་པ་སྔ་མ་དང་འདྲའོ།། ཉི་མ་དང་ཟླ ་བའི་དཀྱིལ་འཁོར་གྱི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་དཀར་ལ་འཆོར་བ་གཟི་མདངས་དང་ལྡན་པ། ཤེས་རབ་ཡེ་ཤེས་ཀྱིས་དུས་སུ་མྱོང་བའི་བདེ་བ་དེ་ཉིད་དྲན་པར་བྱ་སྟེ། འོག་གི་རླུང་བསྐུམ་མོ།། འོག་གི་རླུང ་བསྐུམ་པ་དང་། རྒྱུ་ཞབས་ཀྱི་ཤ་ཡར་དྲངས་པ་དང་། ལྕེ་ཡང་རྐན་ལ་སྦྱར་བའི་སྦྱོར་བ་བྱས་ནས། ཟླ་བའི་བུ་གུ་རྒུན་འབྲུའི་ས་བོན་ཙམ་མམ། སྲན་མོ་ཙམ་མམ། ཡུངས་ཀར་ཙམ་ནས་སྔ་མའི་ཐིག་ལེ་མུ་འབྲུའི་ཐིག་ལེ་ཙམ་མམ།། ་སྲན་མ་འམ་ཡུང་ས་ཀར་ཙམ་ལ་རྣམས་པར་ཤེས་པའི་ཚོགས་ལྔ་ཆ་རོ་བཀུག་ལོ། ཀུན་གཞི་རྣམ་པར་ཤེས་པ་ལོས་བསྡུས་ཏེ་བསྟང་པར་བྱའོ།། ཐིག་ལེ་ལ་སེམས་ཟིན་ཅིང་གཞན་དུ་མི་འཕྲོ་བའི་དོན་དུས་སུ་རླུང་འགགས་ཤིང ་བདེ་བའི་ཡེ་ཤེས་ཀྱང་ཆོས་ཉིད་ཁོ་ནས་སྐྱེ་བར་འགྱུར་རོ།། ནཱ་ད་སྥ་རིས་ཕྲ་མ་ལ་དམིགས་པ་ནི་གནས་དང་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པས་བསྡུས་པའི་བསྐྱེད་པའི་རིག་པ་སྔ་མ་དང་འདྲའོ།། རྫོགས་པོའི་རིམ་པ་ནི་སྙིང ་ཁོང་སྟོང་འོད་གསལ་བའི་གནས་ནཱ་ད་སྐཱ་རིས་ཕྲ་མོ་སོར་གཅིག་པ་ལ་སྦོམ་ཕྲ་སྐྲའི་ཉག་མ་ཙམ་ལ་བྱང་ཆུབ་ཀྱི་སེམས་དཀར་ལ་འཚེར་བ་གཟི་མདངས་དང་ལྡན་པ་བདེ་བ་དང་བཅས་པ་འོག་གི་རླུང་བསྐུམ་པ་དང་། རྒྱུ་ཞབས་ཀྱི་ཤ་ཡར ་དྲངས་པ་དང་། ལྕེ་རྐན་ལ་སྦྱར་བས་སྦྱོར་ཞིང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་མྱོང་བའི་བདེ་བ་དེ་ཉིད་དྲན་པར་བྱས་ལ་ནཱ་ད་སྒྲ་རོས་ཕྲ་མོ་ལ་དམིགས་པར་བྱའོ།། ནཱ་ད་སྐ་རིས་ཕྲ་མོ་ལ་རྩ་གཉིས་ཟུག་སྟེ། གནས་པ་ལས་སྣ་བུག ་གང་ནས་དབུགས་འབྱུང་བ་བརྟགས་ཏེ། གང་ནས་དབུགས་རྒྱུ་བ་ཞིག་ནས་ནཱ་ད་སྒོ་རས་ལ་རླུང་དང་སེམས་འདྲེས་པའི་བདེ་བ་དང་བཅས་པ་དཀར་ལ་འཚེར་བ། གཟི་མདངས་དང་ལྡན་པའི་ཕྱིར་བྱུང་བ་ལ་དམིགས་སོ།། དེ་ཉིད་ནང་དུ་འཇུག ་པ་ལ་དམིགས་ཏེ། འབྱུང་བ་དང་འཇུག་པ་ཡུན་བསྡུ་ཞིང་གནས་པ་ལ་ཡུན་རིང་དུ་སེམས་བསྟད་ཅིང་གནས་པར་བྱའོ།། དེའི་རྗེས་ལ་ནཱ་ད་སྐཱ་རིས་ཕྲ་མོ་དང་བཅས་པའི་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པར་བསྒོམ་པར་བྱའོ།། དེ་ནས་སྐད ་ཅིག་ཙམ་གྱི་སྒྱུ་མ་ལྟ་བུའོ་སྐུར་བསམས་ལ། དབང་པོ་དྲུག་དང་ལུས་ངག་ཡིད་གསུམ་སངས་རྒྱས་དྲུག་དང་སྐུ་གསུང་ཐུགསུ་བསམ་ཞིང་ཤེས་པར་བྱ་སྟེ། མཉམ་པར་མ་བཞག་པའི་སྤྱོད་པས་གནས་པ་བྱའོ།། དེ་ཙམ་གྱིས་ནི་བདག ་བྱིན་གྱིས་བརླབས་པའི་རིམ་པོའི་མན་ངག་བསྟན་ཟིན་ཏོ།། ། སྣ་ཚོགས་རྡོ་རྗེ་དྲི་མེད་ཀྱི་རིམ་པ་ལ་གཉིས་ཏེ། འཇིག་རྟེན་པོའི་དངོས་གྲུབ་སྒྲུབ་པའི་རིམ་པ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒོམ་པའི ་རྣམ་པའོ།། དང་པོ་འཇིག་རྟེན་པའི་དངོས་གྲུང་སྒྲུབ་པའི་དམ་པ་ལ་གཉིས་ཏེ། བསྐྱེང་པོའི་རིམ་པ་དང་རྫོགས་པའི་རིམ་པའོ།། བསྒྲེང་བའི་རིམ་པ་བསྒོས་པ་ལ་གཉིས་ཏེ། ན་རྡོ་རྗེའི་གུར་དང་པདྨ་བསྒོམ་པ་དང་། ་བསྟེན་པ་ལ་བསྒོམ་པའོ།། རྟེན་བསྒོམ་པ་སྔ་མ་དང་མཐུན་ནོ།། བརྟེན་པ་ལྷ་བསྒོམ་པ་ནི་པདྨའི་དབུས་སུ་ཧཱུཾ་བསམ་མོ།། ཧཱུཾ་ཞུ་བ་ལས་རྡོ་རྗེ་བསམ་མོ།། རྡོ་རྗེ་ཞུ་བ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་དབུ་སྒྲ་སེར་པོ་གྱེན་དུ་བརྫེས་པ། ་སྨིན་མ་ཁམ་པ། ཐོད་པ་ལྔ་ཡིས་དབུ་བརྒྱན་པ། ཟླ་བ་ཕྱེད་པས་དབུ་ལ་མཛེས་པ། མཆེ་བ་གཙིགས་པ་ལ་སོགས་པ་དང་ལྡན་པ། སྐུ་མདོག་སྔོན་པོ་དང་དམར་པོ་གང་ཡང་རུང་བའོ།། དབུ་ལ་དང་པོའི་སངས་རྒྱས་ཀྱིས་བརྒྱན་པ། གཡས ་བརྐྱང་བ། གཡོན་བསྐུམ་ལ་ཕྱག་རྒྱ་ལྔ་དང་ལྡན་པ། མི་མགྲོ་རྣོན་པོའི་རྡོ་ཤལ་ཅན་ཉི་མ་ཕྱེད་པའི་འོད་དང་ལྡན་པའི་རྡོ་རྗེ་དང་ཕྱུག་གི་སྐུར་བསྒོམ་པར་བྱའོ།། དེ་ནི་བསྐྱེད་པའི་རིམ་པའོ།། རྫོགས་པའི་རིམ་པ་བསྒོམ་པ་ནི། མག་སྟོང་པ་ཉིད་དུ ་བསྒོམ་པ་དང་། མིག་གི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་སྲན་མ་ཙམ་དཀར་ལ་འཆོར་བ་གཟི་མདངས་དང་ལྡན་པ་བདེ་བ་དང་བཅས་པ་ལ་སེམས་བསྟད་པར་བྱའོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་ལུས་རྣམས་སྟོང་པ ་ཉིད་དུ་བསྒོམ་ལ། རྣ་བ་ལ་སོགས་པ་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་དཀར་ལ་འཚར་ལ་བ་སྣུམ་ལ་འདྲིལ་བ་གཟི་མངངས་དང་ལྡན་པ་བདེ་བ་དང་བཅས་པ་རེ་རེ་ནས་ཡུལ་རྣམས་ལ་སེམས་བསྟད་པར་བྱའོ།། སྙིང་གར་བྱང་ཆུབ ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་སྲན་མ་ཙམ་དཀར་ལ་འཆོར་བ་གཟི་མདངས་དང་ལྡན་པ་བདེ་བ་དང་བཅས་པ་སྲན་མ་སྦོམ་པོའི་ཚད་ཙམ་ལ་སེམས་བསྟད་པར་བྱའོ།། མགོ་བོ་བདེ་བ་ཆེན་པོའི་འཁོར་ཁྲོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གོང་མ་དང ་འདྲ་བ་ལ་སེམས་བསྟད་པར་བྱའོ།། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྔ་མ་དང་འདྲ་བ་ལ་སེམས་བསྟད་པར་བྱའོ།། ལྟོ་བ་སྤྲུལ་པའི་འཁོར་ལོར་བྱང་ཆུབ་ཀྱི་ཐིག་ལེ་སྔ་མ་དང་འདྲ་བ་ལ་སེམས་བསྟུད་པར ་བའོ།། འཇིག་རྟེན་ལས་འདས་པོའི་དངོས་གྲུབ་སྒྲུབ་པའི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ།། བསྐྱེད་པའི་རིམ་པ་ལ་སྔ་མ་དང་འདྲའོ།། རྫོགས་པའི་རིམ་པ་བསྒོམ་པའི་མཛོད་སྤར་བདེ་བའི་ཐིག་ལེ་དཀར ་པཽ་འཚེར་བ་དང་བདེ་བ་དང་ལྡན་པ་སྲན་མ་སྦོམ་པོ་འི་ཚད་ཙམ་ལ་སེམས་བསྟད་པར་བྱའོ།། དེ་ལ་སེམས་བརྟན་པ་ཐོབ་པ་དང་། དམ་རཽ་ཏིང་པའི་རྟགས་འབྱུང་བར་འགྱུར་རོ།། དེ་བྱུང་བ་དང་དཔྲལ་བའི་ནང་དུ་བདེ་བའི་ཐིག་ལེ་དཀར་ལ་འཚེར་བ ་གཟི་མདངས་དང་ལྡན་པ་སྲན་མ་སྦོམ་པོའི་ཚད་ཙམ་ལ་བསྡད་པར་བྱའོ།། དེ་ལ་སེམས་བརྟན་པ་ཐོག་པའི་མཚན་མ་ནི་དཀར་ཏིང་པ་འབྱུང་ངོ་།། དེའི་རྗེས་ལ་མཆོགས་མའི་གནས་སུ་བདེ་བའི་ཐིག་ལེ་གནག་ལ་འཆོར་བ་གཟི ་མདངས་དང་ལྡན་པ་བདེ་བ་དང་བཅས་པ་སྲན་མ་སྦོམ་པོའི་ཚད་ཙམ་པ་ལ་སེམས་བསྟད་པར་བྱའོ།། དེ་ལ་སེམས་བརྟེན་པ་ཐོབ་པའི་མཚན་མ་ནི་ནག་ཏིང་བ་འབྱུང་ངོ་།། དེའི་རྗེས་ལ་རྟོག་པ་དང་བྲལ་བའི་བདེ་བ་ཆེན་པོ་རང་རིག་གཉིས་སུ ་མེད་བིཥྚ་ཡེ་ཤེས་རང་གིས་སྐྱེས་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེ་ལ་སྲས་སངས་རྒྱས་འཁྲུངས་པར་དེ་ནི་སྣ་ཚོགས་རྡོ་རྗེ་དྲི་མེད་ཀྱི་རིམ་པ་སྟེ་གཉིས་པའོ།། ་ནོར་བུ་དགང་བའི་རིམ་པ་ལ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པ་དང་། ཝ་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང་། ཚྭ་ཀྱཻ་ཕྱག་རྒྱལ་བན་པ་དང་ཕྱག་རྒྱ་ཆེན་པོ་ལ་བརྟེན་པའོ།། དེ་ལ་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པ་ནི་ལེགས་པར་བརླབས་པའི་མིའི་ཡོ་ཤི་དྷའི ་རིགས་དང་། སྤྱོད་པས་ཉེ་བ་དང་། མ་སྲིང་ལྟར་སྙིང་བརྩེ་བས་དགའ་བས་གནས་པ་དང་། སྔགས་དང་ཕྱག་རྒྱ་འཛིན་པོའི་ནུས་པ་དང་ལྡན་པ་དང་། ལོ་བཅུ་གཉིས་ནས་ཉི་ཤུའི་བར་སྨིན་པཱི་ལམ་གྱིས་སྨིན་པར་བྱས་པས་དབང་བསྐུར་དང ་ལྡན་པ་ཉེར་བསྡོགས་བྱས་ཏེ། གནས་ཡིད་དུ་འོང་བར་མེ་ཏོག་དམར་པོས་གཅལ་དུ་བཀྲམ་པའི་བར་དུ་ལུས་ཀྱི་དྲིང་བ་མི་ཚོར་བ་ཙམ་དུ་གོས་མཛེས་པ་གོན་ཞིང་སྟན་འཇམ་པ་ལ་གནས་ཏེ།། བཟའ་བའི་དམ་ཚིག་ཞག་བདུན་གྱི་བར་དུའོ། ་མེ་དང་། ཀ་ར་གཉིས་སྦྱར་བའི་བཏུང་བ་དང་། ལུག་གཞོན་ནུ་མའི་ཤྭ་སར་པ་མི་དྲག་པ་ཙམ་དུ་གཏང་བར་བྱས་ཏེ། ཆགས་པའི་མིག་གི་ཕན་ཚུན་དུ་བལྟ་ཞིང་གནས་པར་བྱའོ།། དེ་ནས་མཉམ་པར་སྦྱོར་བའི་དུས་སུ་བདག་དང ་ཤེས་རབ་ཧེ་རུ་ཀཱ་དང་བདོག་མེད་མར་ང་རྒྱལ་བསྐྱེད་ལ། ཤེས་རབ་ཀྱི་མགོ་བོ་དང་། ལྐོག་མ་དང་། སྙིང་ཀཽ་དང་། ལྟེ་བ་དང་། གསང་བ་དང་། བརླ་རྣམས་སུ་ཡི་བེ་དགོད་དོ།། ཨོཾ་ཨཱཿཧཱུཾ་ཧོ་ཧིཀྵ་སྭཱ་ཧཱ། ཞེས་པ་རྣམས་བཀོད ་ལ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ། རོལ་རྩེ་དམ་ཆུ་བཞིབ་པ་དང་། ཙུམྦ་བྱ་བ་དང་། རྩ་རྨེ་བ་དང་། གནས་དགུར་སེན་མོ་གདབ་པ་ལ་སོགས་པ་དེ་ལྟར་བྱས་ལ།། དེའི་རྗེས་སུ་ཕན་ཚུན་འཁྱུད་ཅིང་ཆགས་པའི་ང་རྒྱལ་བྱའོ།། དེ་ནས་གོལ ་ཆེ་བའི་ལག་པས་ཨ་བ་དྷཱུ་ཏཱཾ་བྲུང་བཅིང་གསལ་བར་བྱའོ།། ཨ་བ་དྷཱུ་ཏཱ་དང་གོལ་ཆེ་བའི་ལག་པ་ཕྲད་པའི་དུས་སུ་བཞིན་འགྱུར་བ་དང་། ཤེས་སྐད་འབྱིན་པ་དང་། སྙིང་འདར་བ་ལ་སོགས་པའི་རྟགས་བློ་ལ་བཞག་སྟེ། རྡོ་རྗེ་དང་པདྨ ་མཉམ་པར་སྦྱོར་བའི་དུས་སུ་སྔར་གྱི་རྟགས་ལྟ་བུར་འབྱུང་བའི་དུས་སུ་རྡོ་རྗེ་དེ་ཉིད་སྦྱར་ཏེ། གཅེར་བུ་ཁ་སྦྱར་གྱི་སྦྱོར་བ་འཁོར་ལོ་ལྟ་བུ་བསྲུབ་ཅིང་བསྲུབ་པར་བྱའཐབས་དང་ཤེས་རབ་ཀྱི་ཐུར་སེལ་གྱི་རླུང་དང་། སྲོག་དང་རྩོལ་བའི་རླུང ་སྡོམ་ཞིང་འཁྲུལ་འཁོར་གྱི་སྦྱོར་བ་ཡང་བྱའོ།། རྒྱུ་ཞབས་ནས་ཡར་སྦྱར། ལྕེ་ཡང་རྐན་ལ་སྦྱོར་བའི་སྦྱོར་བ་ཡང་བྱའོ།། ཏང་ཀུ་ལིའི་སྦྱོར་བ་ཡང་བྱའོ།། དེ་ནི་འཁྲུལ་འཁོར་གྱི་སྦྱོར་བའོ།། སྨན་གྱི་སྦྱོར་བ་ནི་ཙ་ཏྲ་ཀ་དང་། ཨརྒ་དཀར ་བོའི་རྩེ་བ་དང་། རྡོ་རྗེའི་འོ་མས་འཇུབ་མཉམ་དུ་བསྲེས་པའི་རི་ལུ་སྲན་མའི་ཚད་ཙམ་དང་མིང་ལ། སེམས་འབྱུང་འདོད་པའི་དུས་སུ་སྨོན་གྱི་རི་ལུ་དེ་གསུམ་ལས་མཉམ་པ་གཅིག་ཀྱང་མེད་པར་བྱའོ།། རྡོ་རྗེ་འོ་མ་དང་བའི་འོ་མ་གཉིས་སྦྱར་བས ་རྐང་མཐིལ་གཉིས་ཀྱང་བསྐུ་བར་བྱའོ།། བི་ནུ་ཀན་ཏའི་རྩ་བ་དང་པདྨ་དཀར་པོ་ནང་ན་དཀར་པོ་ནར་ནར་པོ་གཉིས་བསྐུར་བར་བྱ་སྟེ། རྐེད་པ་བཅིང་བར་བྱའོ།། དེ་ནི་དྷ་ར་ཨ་ཤོ་ཀ་ཞེས་བྱ་བ་སེམས་འཛིན་པའི་སྨན་ནོ།། མཉམ་པར་སྦྱོར་པོ་གཟུང ་བའི་དུས་སུ་འགྲོན་དྲུག་འགྲོན་བུ་ལྐུགས་པའི་ནང་དུ་དང་ལྟ་ཆུས་བཀདྲ་པའི་སེ་ཀཱའི་ཕྱོགས་སྒྲ་ཚིལ་གྱིས་བཀག་སྟེ། སྣེ་རྩཝར་བཞག་ལ་སེམས་འབྱུང་འདོད་པའི་དུས་སུ་ལྐུགས་པའི་ལྕེ་ཅར་སྦྱར་བར་བྱའོ།། དེ་ནི་ན ་བུ་རིན་པོ་ཆེ་ལྐུགས་པས་སེམས་གཟུང་བའི་ཐབས་སོ།། ཤེས་རབ་ཀྱི་འཕོངས་སུ་གློང་གཞུག་སྟེ། རང་གི་རྡོ་རྗེའི་ཚོང་བས་སོར་གཅིག་པས་རིང་བའི་ཕྱིང་བའི་དྲ་བ་བྱས་ལ་སྣ་ཚལ་གྱིས་གཏུམ་པར་བྱའོ།། ཤེས་རབ་ཀྱི་རྐེང་པ་དོར་གྱིས་བ ་ཞིང་གསང་བའི་པདྨའི་ནང་རྡོ་རྗེའི་གཟུགས་སོར་གཅིག་ཙམ་བཅུག་ལ་རྐེད་པ་ཡར་གྱི་ཅུང་ཞིག་བསྡམ་མོ།། སོར་གཉིས་ཙམ་ཞུགས་པ་དང་། ཅུང་ཟད་ཀྱང་བསྡམ་མོ།། དེ་བཞིན་དུ་རྡོ་རྗེ་ཅུང་ཞིག་བཅུག་ཅིང་རྐང་པ་བསྡམ་པར་བྱའོ།། སོར་གཅིག ་ལུས་ལུས་ཀྱི་བར་དུ་བཙུག་ཅིང་དེ་ཡང་ཤིན་ཏུ་བསྡམ་མོ།། སོར་གཅིག་པོ་ཤེས་རབ་ཉིད་ཀྱིས་གྱེན་དུ་བཙུགས་པས་པདྨ་ཕྱིར་ལོག་སྟེ། ཨ་བ་དྷཱུ་ཏཱི་སོར་གཅིག་པས་ཕྱིར་བྱུང་བས་རྡོ་རྗེའི་བུག་པར་བཅུག་ཅིང་འཁོར་ལོ་ལྟ་བུའི་སྦྱོར་ཐབས་ཀྱིས ་གཙུབ་ཅིང་གཙུབ་པར་བྱའོ།། མན་ངག་དེ་རྣམས་ཀྱིས་སྟོབས་ཀྱིས་དཔེའི་ལྷན་ཅིག་སྐྱེས་པའི་མེ་ཏོག་ལྟ་བུའི་བདེ་བ་ཆེན་པོའི་རང་རིག་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བར་འགྱུར་རོ།། དེའི་རྗེས་ལ་འཁོར་ལོ་འམ། ཐིག་ལེ ་འམ་ཁ་སྦྱོར་རམ་མ་ནིང་གི་བཟླས་པ་འམ། མན་ངག་དེ་བཞི་ལས་གང་ཡང་རུང་བ་ཅོག་ལ་སེམས་བསྟོད་ཙང་སྔར་གྱི་བདེ་བ་དྲན་ཞིང་དོན་གྱི་ལྷན་ཅིག་སྐྱེས་པའི་མེ་ཏོག་གི་དྲིལ་བུའི་བདེ་བ་ཆེན་པོའི་རང་གི་གཉིས་སུ་མེད་པའི་ཡེ་ཤེས ་ལ་བསླབ་པར་བྱའོ།། མཉམ་པར་མ་བཞག་པའི་སྐབས་སུ་ཡང་བསྐྱེད་པའི་རིམ་པ་བསྒོམ་པའི་སྐབས་སུ་རང་གི་སེམས་ཀྱི་མཚན་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་ཅི་མཐོང་བ་ཐམས་ཅད་ལ་མོས་པར་བྱ་སྟེ། ངམ་མཐོང་བ་འགྲོ་མ་མཐོང་།། ་ས་གསུམ་པོ་ཡང་ང་ལས་སྐྱེས། བདྲེ་བ་སེར་པོ་བདེ་བ་དཀར། བདེ་བ་དམར་མོ་བདེ་བ་ལྗང་། དེ་བཞིན་ཀུན་ཏུ་རུ་སྐྱེས་བདེ། ཞེས་བྱ་བའི་ཚུལ་གྱིས་བསླབ་པར་བྱའོ།། ཡོན་ཏན་དང་ལྡན་པའི་ཤེས་རབ་དགུག་པར་འདོད་ན་འབྲས་བུ ་གསུམ་དང་། བིལ་བ་དང་། བལ་པོའི་སིའུ་དང་། སྟར་ཀ་དང་། པོ་སོ་འཆའ་དང་། ད་ཏྲི་ག་དང་། བ་ལི་ཀ་དང་། ཤུ་ཀློ་རྣམས་གཉིས་ཏེ། སྨན་སྣ་བཅུ་གཅིག་པོ་ཆེ་མོཉམ་པར་བསྲེས་པའི་ལྡེ་གུས་བསྐུས་པའི་མེ་ཏོག་བསྣོལ་དུ་གཞུག་གོ།། ་ཁྱིའོ་རུས་པ་དང་། མི་རུས་པ་དང་། བྱ་རྒོད་ཀྱི་རྟུག་པ་གསུམ་སྦྱར་ཏེ་བདག་ཉིད་ཀྱི་དཔྲལ་བར་བསྐུའོ།། གཞན་གྱི་སེམས་མི་བསྒྱུར་བའི་ཐབས་ནི་ཕ་ཝང་ཚེས་བཞིའི་རྒོངས་ཀ་བཏགས་ལ་དེའི་རིལ་མ་བཏགས་པས་བདག་ཉིད་ཀྱི་གསང ་བའི་རྡོ་རྗེའི་རྩེ་མོ་ལ་བསྐུས་ནས་སྙོམས་འཇུག་བྱས་ན་གཞན་གྱིས་སེམས་བསྒྱུར་བར་མི་འགྱུར་རོ།། འཁོར་བ་མི་སྤེལ་བིའི་མན་ངག་ནི་ལག་པའི་མཐིལ་དག་པར་བཀྲུས་པའི་སྟེང་དུ་དངུལ་ཆུ་སྲིན་ལག་ངག་པ་ལ་བསྐུས་ལ་འབྲུ ་མར་མི་ཆེ་བ་བསྡུས་ཏེ་བླངས་ལ་ལག་པ་ཆང་གི་ནང་དུ་བཅུག་སྟེ། བསྐམས་ཙམ་ནི་དཔྲལ་བ་ལ་བསྐུས་ཏེ། ཡོ་ཤི་ཏི་ལྡན་དུ་བཞག་གོ།། ཡང་ན་མཚལ་སྨག་པོ་ཞེ་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་སྔ་དྲོའི་དུས་སུ་ཆང་ཞིམ་པོ་དང་སྔུར ་ལ་བླུད་དོ།། ལྕགས་ཀྱི་ལྕུག་ལ་སཱུ་པི་ཀའི་རྩ་བས་བཀྲིས་པ་ཐོགས་སུ་གཞུག་གོ།། ཡང་སྥུ་པི་ཀའི་རྩབས་རྐེད་པ་དཀྲི་བར་བྱའོ།། ལྕགས་ཀྱི་ཁུ་བས་སྲོད་ཀྱི་དུས་སུ་པདྨ་བཀྲུ་བར་བྱའོ།། བུ་རམ་དང ་ཏིལ་མར་དང་། ལན་ཚྭ་དང་རྒྱ་ཤུག་གི་འབྲས་བུ་དང་། འབྲས་དང་། ནས་རྣམས་འོ་མ་དང་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པའི་ནང་དུ་སྲིན་ལག་བཅུག་སྟེ། པདྨའི་ནང་དུ་བཅུག་ལ་ཡུན་རིང་དུ་བཀྲུགས་པར་བྱའོ།། རོ་རྩའི ་བྱ་བ་ནི་ང་རུ་རའི་རྩ་བ་དང་། ག་པུར་དང་། སྦྱར་བ་རྡོ་རྗེ་ལ་བསྐུ་བར་བྱའོ།། ཤ་ཁ་ར་དང་བའི་མར་སྲུང་ཕྱེད་སྦྱར་བ་ཟས་ཟོས་པའི་འོག་ཏུ་བཟའོ།། མཆིལ་པའི་ཤ་ཞག་གཅིག་ལོན་པ་མཚམས་ཀྱིས་དུས་སུ་ཟོས་ལ་འོ་མ་བསྐོལ ་འ་ཚང་དུ་བཏུང་བར་བྱའོ།། ཏིལ་མར་དང་མོན་སྲན་གྲེའུའི་ཕྱེ་མའི་མ་དང་བསྲེས་པ་བཟའ་བར་བྱའོ།། གོ་ཚོ་དང་བའི་འོ་མ་དང་ཤིང་མངར་རྣམས་མར་དང་སྦྱར་བ་བཏུང་བར་བྱའོ།། བ་འམ་རའི་འོ་མའི་ནང་དུ་དབང་པོ་ལག་པའི་ཕྱེ་མ ་རང་ཀ་རིའི་ཕྱི་མ་ཞིབ་ཏུ་བཏགས་པ་བཏབ་སྟེ་བཏུང་བར་བྱའོ།། དམ་ཚིག་མི་ཉམས་པའི་མན་ངགོ་ནི་དགེ་སློང་གི་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམ་སུ ་གྱུར་ཏེ་གནསོ།། སྤྱིར་གསང་སྔགས་ཀྱི་དམ་ཚིག་ཉམས་ན་སྡོམ་པ་གསུམ་འཇིག་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་གི་ལུགས་ཀྱི་ཁ་ན་མོ་ཐོ་བ་གཉིས་ཏེ། རང་བཞིན་གྱི་ཁ་ན ་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོབ་གཉིས་སོ།། དེ་ལ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། དེ་བཞི་ལས་དང་པོ་གཉིས་དང་། ་མ་ནི་རིག་པ་འཛིན་པའི་སྡེ་སྣོད་ལ་ཉམས་སུ་བླང་བར་བྱ་སྟེ། འདི་རུ་མ་བཤད་དོ།། འདོད་པས་ལོག་པར་གཡེམ་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བར་རྟོགས་པས་ཉམ་སུ་བླང་བར་འདི་རུ་མ་བཤད་དོ།། མི་ཚངས་པ་སྤྱོད་པ་ནི་བཅས ་པའི་ཁ་ན་མ་ཐོ་བ་ཡིན་པས་དེ་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱིས་ཤེས་པར་སྤྱོད་ཅིག། དོན་ཆེན་པོ་ཡོད་པས་གདམས་ངག་ཡོད་པ་ན་མི་འགལ་བར་རྩ་བའི་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཀྱིས་བཤད་དོ།། འདོད་པས་ལོག་པར ་གཡེམ་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་དང་། གཞན་གྱི་ལུས་བསྲུངས་པ་ཡོད་པའི་ཕྱིར་ཉམས་སུ་བླང་བར་བཅོམ་ལྡན་འདས་ཀྱིས་འདི་རུ་མཾ་བཤད།། མི་ཚངས་པར་སྤྱོད་པ་ནི་ཉམས་སུ་བླང་བར་གསུངས་ཏེ། དེ ་ཡང་ལོ་བཅུ་གཉིས་པ་འམ་བཅུ་དྲུག་པ་འམ། ལོ་ཉི་ཤུ་ཚུན་ཆད་ཀྱི་གཞོན་ནུ་མ་ཞེས་གསུངས་པོས་ནི་མ་འགལ་ལོ།། དེ་ཡང་གཞན་གྱི་དབང་མ་བྱས་པ་དང་མཉམ་པར་སྦྱོར་བ་སྣང་ངོ་།། འདིར་ཡང་དོན་ཆེན་པོ་ཡོད་པས་དུས ་རྣམ་པ་བཞིར་ཉམས་སུ་བླང་བར་བྱའོ།། དུས་བཞི་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་མཆོད་པའི་དུས་དང་། དཀྱིལ་འཁོར་གྱི་ལྷ་སྒྲུབ་པའི་དུས་དང་། སློབ་མ་ལ་གསང་དབང་བསྐོར་བའི་དུས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར ་བའི་དུས་སོ།། མཚད་བས་ནྀ་ལྷ་མཉེས་པས་དངོས་གྲུབ་རྣམ་པ་གཉིས་ཐབ་པའི་དོན་ཆེན་པོ་ཡོད་ཕྱིའི་ཕྱིར་དང་། དཀྱིལ་འཁོར་བསྒྲུབ་པས་ནི་སྐུ་གསུང་ཐུགས་དང་། མས་ཀྱུས་འགྲོ་བའི་ངམརྣན ་མཛད་པས་ཆོས་ཀྱི་ཐོབ་པའི་འགྲོ་བའི་དོན་ཆེན་པོ་ཡོད་པའི་ཕྱིར་དང་། གསང་བའི་དབང་བསྐུར་བས་ནི་སློབ་མ་ཐེག་པ་ཆེན་པོའི་སྣོད་དུ་རུང་བའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དོན་ཆེན་པོ་ཡོད་པའི་ཕྱིར་རོ།། ཤེས་རབ ་ཡེ་ཤེས་ཀྱི་དབང་བསྐུར་བས་ནི། རང་གི་སེམས་ཀྱི་མཚན་ཉིད་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བར་ཉམ་སུ་མྱོང་བའི་ཕྱིར་དོན་ཆེན་པོ་ཡོད་པས་འདོར་དམ་ཚིག ་ལས་མི་འགལ་བར་བསྟན་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་པར་ཤེས་པར་བྱའོ།། མཁས་པ་ང་རྒྱལ་དང་ལྡན་པས་བྱས་པ་ལ་ནི་མ་ཡིན་ནོ།། དེ་ནི་སྤྲོས་པ་དང་བཅོས་པའི་སྤྱོད་པ་དང་། སྤྲོས་པ་མེད་པའི ་སྤྱོད་པའོ།། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་ནི་དངོས་པོ་ལ་རེག་པ་མེད་པས་ཉེས་པར་མི་བཞག་གོ། མྀ་དད་པ་སྤྲང་པོའི་མཱན་ངག་ནི།། ག་པུར་གླ་རྩཝ་གུར་གུམ། ཙན་དན། མ་སེ་ཤུ་ཀྲ་བསྲེས་པའི་ལྡེ་གུས་དཔྲལ་བར་བསྐུ་བར ་བྱོའོ།། དེ་ནི་དམ་ཚིག་གི་ཕྱག་རྒྱ་ལ་རྟེན་པོའི་ནོར་བུ་དགང་བའི་རིམ་པའོ།། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ནོར་བུ་དགང་བའི་རིམ་པ་ནི་གནས་ཀྱི་དམ་ཚིག་དང་། བཟའ་བའི་དམ་ཚིག་དང་། སྤྱོད་ལམ་གྱི་མན་ངག་ནི་སྔ་མ་དང་འདྲའོ།། ་རྣལ་འབྱོར་པ་གན་རྒྱལ་དུ་གནས་ཏེ། རྐང་པའི་མཐེ་བོང་གཉིས་ན་མཁའ་ལ་བསྒྲེངས་ཏེ། གནས་པས་སོར་མོ་ལྷག་མ་ཐུར་དུ་བསྐུམས་ལ་བཞག་གོ།། ཏང་ཀུ་ལའི་སྦྱོར་བ་ཡང་བྱ་སྟེ། འོག་གི་རླུང་བསྐུམ་པ་དང་། རྒྱ་ཞབས་ཀྱི་ཤ་ཡར ་ལ་དྲང་བ་དང་། ལྕེ་རྐན་ལ་སྦྱར་བའི་སྦྱོར་བ་ཡང་བྱས་ཏེ། ལག་པ་ཞེས་བྱ་བའི་ཕྱག་རྒྱའི་སྦྱོར་བའི་བྱེ་བྲག་གིས་བྲུང་པའི་སྦྱོར་བ་བྱས་ལ་བདེ་བ་རྟོག་པ་མེད་པའི་ཡེ་ཤེས་ཉམསུ་མྱོང་བར་བྱའོ།། ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་པའི ་ནོར་བུ་དགང་བའི་རིམ་པ་ནི་སེམས་ཀྱི་སྣང་བའི་ལྷ་མོ་བསམས་ཏེ། སྔ་མོའི་མན་ངག་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་ཀྱི་བདེ་བ་དྲན་པར་བྱས་ལ། འཁོར་ལོ་འམ། ཐིག་ལེ་འམ། ཁ་སྦྱོར་རམ་མ་ནིང་གི་བཟླས་པའི་མན ་ངག་ལ་སེམས་གཏད་པར་བྱའོ།། ཕྱག་རྒྱ་ཆེན་པོ་ལྔ་བརྟེན་པའི་ནོར་བུ་དགྲང་བའི་རིམ་པ་ནི་སྔར་སྐྱེས་པའི་བདེ་བ་དེ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བསྒོམ་པའོ།། དེ་ནི་ནོར་བུ་དགང་བའི་རིམ་པའོ།། ཛཱ་ལནྡྷ་རའི་རིམ་པ་ལ ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ།། བསྐྱེད་པའི་རིམ་པ་ནི་སྔུར་དང་འདྲའོ།། རྫོགས་པའི་རིམ་པ་བསྒོམ་པ་ནི་རང་གི་ལྟེ་བའི་འོགུ་ཆུ་སོའི་གོང་དུ་ཆོས་འབྱུང་གི་ཕྱག་རྒྱ། གྲུ་གུ་སུ་མྱཾ་དཀར་ལ་དམར ་ཆགས་པ་བསམས་ལ། དེའི་ནང་དུ་འཁོར་ལོ་དཀར་ལ་དམར་ཆགས་པ། རྩིབས་བཞི་དབུས་ཀྱི་ལྟེ་བ་ལ་བསམས་ཏེ། དབུས་སུ་བདེ་བའི་ཐིག་ལ་དཀར་པོ་དང་ཕྱོགས་བཞོར་སྔོན་པོ་དང་དམར་པོ་དང་། སོར་པོ་དང་། ལྗང་གུ་དང་། ་སྲན་མའི་ཚད་ཙམ་བསམས་ལ། དེ་ཉིད་སངས་རྒྱས་ལྔར་མོས་པ་བྱ་སྟེ། འོག་སྒོ་དང་སྟེང་སྐེའི་རླུང་བཀག་པས་ཐིག་ལེ་ལྔའི་འོད་ཟེར་འཕྲོས་ཏེ་སྣའི་བུ་གིའམ་མ་ལྡན་བྱུང་བ་དབྱུར་ག་ནས་རྒྱུ་བའི་སྣ་བུག་ན་སོར ་བཅུ་གཉིས་ཀྱི་བར་དུ་འབྱུང་སྟེ། སླར་ནང་དུ་བཅུག་སྟེ། ཐིག་ལེ་ལྔ་ལ་ཐིམ། སྒོམ་པའི་དུས་ཕྱིས་འབྱུང་བ་དང་། ནང་དུ་འཇུག་པའི་དུས་ན་ཡང་ཇེ་ཐུང་ཇེ་ཐུང་ལ་གྲངས་ཀྱང་ཇེ་ཉུང་ཇེ་ཉུང་ངུ་བྱ་ཞིང་། ནང་ན་གནས་པ་ལ་ཡུན་ཡང་ཇེ་རིང་ཇེ་རིང་དུ ་སེམས་བརྟན་པར་བྱའོ།། མིག་གིས་མཐོང་བ་བས་ཐོག་ལེ་ལྔ་གསལ་བར་མཐོང་བ་དེ་སྲིད་དུ་བསྒོམས་ལ་དེ་ནས་ལྕེ་དང་དཔུང་པ་དང་མིག་དང་། རྣ་བ་དང་། སྣ་དང་ལྕེ་ལ་སྔ་མའི་ཐིག་ལེ་དེ་ཉིད་བསམས་ན་འཇིག་རྟེན་པའི་དངོས་གྲུབ་ཇི་ལྟར་འདོད ་བ་འགྲུབ་པར་འགྱུར་རོ།། བསམ་གྱིས་མི་ཁྱབ་པའི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ།། བསྐྱེད་པའི་རིམ་པ་ནི་སྔ་མ་དང་འདྲའོ།། རྫོགས་པའི་རིམ་པ་ནི་སེམས་ཡུལ་རྣམས་ལ་བཟློག་སྟེ། ཆོས་ཐམས ་ཅད་སེམས་ཙམ་དུ་བསྒོམས་ཏེ། སེམས་དེ་ཉིད་བདེ་བ་རྟོགས་པ་མེད་པར་མོས་པར་བྱ་སྟེ། ཤེས་པ་དེ་ཉིད་ཀྱང་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། མཉམ་པར་མ་གཞག་པའི་སྤྱོད་པ་ནི་སྔ་མ་དང་འདྲའོ།། སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པས ་མཛད་པ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་འགྲེལ་པ་པཎྜི་ཏ་སུ་མ་ཏཱི་ཀཱིརྟི་དང་། ལོ་ཙ་བ་མར་བ་བནྡེ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། རྫོགས་སོ།། ། @#།། རྒྱ་གར་སྐད་དུ། ས་ཧ་ཛ་སཾ་བ་ར་སྭ ་