CLOSE WINDOW

GT1536: ngag gi dbang phyug la bstod pa
Wyliee-texts produced with BDRC’s OCR application

དམིགས་ལ།། ཨོཾ་ཨ་ར་པ་ཙ་ནཱ་དྷཱིཿཉེས་བྱ་བའི་སྔགས་བཟླསོ།། འདིའི་བསྟེན་པའི་ཚད་ནི་ཡི་གེ་རེ་རེ་ལ་འབུམ་རེ་རེ་ལ་ཡིན་ནོ།། འགྲང་བའི་དུས་ནི་རྒྱུན་མི་འཆང་པ་དང་གུས་པའི་སྒོ་ནས་བསྒྲུབས་ན ་འགྲུབ་པར་འགྱུ་རོ།། འཕགས་པ་འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག། ཁ་ཚའི་པཎྜི་ཏཱ་ཤཱཀྱ་ཤྲཱི་བྷ་དྲེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་ག་རེ་སྐད་དུ། བཱ་གཱི་ཤྭ་ར་སྟོ་ཏྲ། བོད་སྐད་དུ ་ངག་གི་དབང་ཕྱུག་ལ་བསྟོད་པ། འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལོ།། གཞོན་ནུའི་སྐུ་ལུས་འཆང་བའོ།། ཡེ་ཤེས་སྒྲོན་མས་རབ་བརྒྱན་ཅིང་།། འཇིག་རྟེན་གཏི་མུག་མུན་སེལ་བ།། འཇམ་པའི་དབྱངས ་ལ་ཕྱག་འཚལ་བསྟོད།། ཉིད་ཀྱི་མདངས་བཟང་ཚོམས་ཀྱིས་ནི།། ཟླ་བ་རྒྱས་པ་དྲིལ་གནོན་ཅིང་།། རིག་པ་རྣམ་པར་གསལ་འགྱུར་བ།། འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད།། མ་བཱསྒྲོས་ཟུར་ཕུད་གསལ་པོ་ལ།། ་ནོར་བུ་འབར་བའི་སྐུ་མངའ་ཞིང་།། ཉིད་ནི་ཀུན་ཏུ་འབར་བའི་སྐུ།། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།། བདུད་རྩི་དྲི་ཞིམ་འཇམ་ལ་ཟང་།། ཡིད་འོད་གསུང་གི་སྒྲ་སྒྲོགས་པ།། དམ་པའི་ཆོས་ཀྱི་རིན་ཆེན་མཛོད།། ་འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།། གངྒཱའི་ཆུ་ཐིགས་ལྟར་གྲངས་མེད།། འཇིག་རྟེན་ཁམས་ཀུན་མ་ལུས་པ།། ཉོན་མོངས་དྲི་མ་རབ་སྤངས་པའོ།། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།། མཆེ་བ ་གཙིགས་ཤིང་བསྒྱིངས་པ་ཡི།། འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི།། གཤིན་རྗེའི་དྲེགས་པ་འཇོམས་མཛད་པ།། འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད།། རང་གི་སྤྱན་དང་མདངས་འདྲ་བའི།། ཨུཏྤལ་སྔོན་པོ་རབ་མཛེས ་པ།། ལྷུང་བཟེད་ཕྱག་མཆོག་བསྣམས་པ་ཡི།། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ།། རྒྱ་ཆེར་བསྟོད་པ་སྤྱོད་པ་དང་། འགྲོ་བའི་ལམ་ནི་སྟོན་པ་པོ།། འཇམ ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།། ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ་རྫོགས་སོ།། ། རྒྱ་གར་སྐད་དུ་ཨཱརྱ་མཉྫུ་ཤྲཱི་སྟོ་ཏྲཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་ལ་བསྟོད་པ།། ་འཕགས་པ་འཇམ་དཔལ་ཕྱག་འཚལོ།། དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ།། མཐའ་དག་བྱམས་པས་ཁྱབ་པས་འཇམ་པའི་དང་།། འཇམ་དང་དཔལ་དུ་གྲགས་པས་དོན་དང་ལྡན།། འཇམ ་དཔལ་ཡང་དག་དཔལ་ལ་ཕྱག་འཚལ་བསྟོད།། གཞོན་ནུའི་སྐུ་མདོག་གསེར་མདངས་འོད་ལམ་འབར།། རཱིནྡ་ཆེན་མཆོག་གིས་བརྒྱན་པས་ས་ལེ་སྦ།། བྱིན་ཆེན་དང་པའི་ཐུགས་མངའ་འཛུམ་པ་པོ།། གཟི ་བརྗིད་མཛེས་དང་ལྡན་ལ་ཕྱག་འཚལ་བསྟོད།། ཡོན་ཏན་གཏེར་གྱི་ཨུཏྤལ་ཕྱག་ན་བསྣམས།། པདྨ་རྒྱས་པའི་སྙིང་པོའི་གདན་ལ་བཞུགས། ལྷ་ཡི་ཆ་ལུགས་ལྷ་ལས་ཁྱད་པར་འཕགས།། བལྟ་བས་མི་སྐྱོ་ཁྱོད ་