CLOSE WINDOW

GT1534: rje btsun 'jam dpal shes rab 'khor lo'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཉྫུ་ཤྲཱི་བྷ་ཊྚཱ་ར་ཀ་སཱུ་དྷ་ན་པྲཛྙཱ་ཙ།། བོད་སྐད་དུ་རྗེ་བཙུན་འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས། འཕགས་པ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། གང་མཐུས་སྙིང ་གི་མ་རིག་མུན་སེལ་ཤེས་རང་སྣང་བ་ཀུནྡ་སྐྱེ་མཛད།། སྣ་ཚོགས་པ་སྟན་བཅོས་རིག་པ་དང་ནི་གསང་སྔགས་ཕན་པ་རྣམ་སྦྱིན་པ། འདོད་དགུའི་གཏེར་གཅིག་གཞོན་ནུ་ཡིད་འོད་ཟུར་ཕུང་ལྔ་དང་ལྡན་པ་གང་།། འཇམ་དཔྱད ་མགོན་ལ་གུས་པས་བཏུད་དེ་དེ་བིསྟེན་ན་ནི་ངག་བྲི་བར་བྱ།། སྔགས་པས་རྗེསུ་མཐུན་པའི་གནས།། བྱ་བོར་བྱུག་པ་བ་ཟང་བྱས་ལ།། ཁྱད་པར་སྐྱངས་བརྟེན་སེམས་བསྐྱེད་ནས།། གཞན་ནུ་ཤེས་རབ་འཁོར ་ལོ་བསྒོམ།། སྙིང་དབུས་བུ་གར་རི་བོང་འཛིན།། ཡེ་ཤེས་ས་བོན་དྷི་ཡིག་འོད།། སྐར་མདོག་རྣམ་པར་གསལ་བར་བལྟ།། དེ་ལས་ཚིགས་རྟེན་དཀྱིལ་འཁོར་དགུག། དངོས་དང་ཡིད་ལས་བྱུང་དང་གཞན།། ཡང་དག་དོན ་ཤེས་མཆོད་པས་མཆོད།། ཕྱག་འཚལ་བ་དང་སྡིག་སེལ་དང་།། བསོད་ནམས་ཕུང་པོ་གཞན་ཡང་ངོ་།། བྱམས་དང་སྙིང་རྗེ་དགའ་བ་དང་།། བཏང་སྙོམས་ཚངས་པའི་གནས་བཞི་ཡིས།། སྐྱེ་བོ་མ་ལུས་རྗེས་ཆགས ་ཤིང་།། ཆགས་བྲལ་སྡོམ་པ་གཟུང་བར་བྱ།། དེ་རྗེས་གསང་སྔགས་གཉིས་བརྗོད་པས།། ཡུལ་དང་ཡུལ་ཅན་དག་བྱིའི་ཕྱིར།། སྤྲིན་མེད་ན་མཁའི་དཀྱིལ་ལྟ་བུར།། མཁས་པས་སྟོང་ཉིད་བསྒོམ་པར་བྱ།། ཨོཾ་སྭ་བྷཱ ་པ་ཤྱདྡྷཿསརྦ་དྷརྨྨཿསྭཱ་བྷཱ་བ་ཤུདྡྷོ&ཧཾ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། བཾ་ཡིག་ཨཱ་དང་དྷཱི། ཡིག་ལས་གྲུབ་ཆུ་སྐྱེས་དང་།། ཟླ་རྒྱས་གདན་ལ་ཤེས་རབ་རལ་གྲི་ས་བོན་མཚན། ་དཀར་བསིལ་ཟླ་བ་བྱེ་བའི་གཟི་འོད་ལས་ལྷག་པའོ།། དཔལ་གྱེས་ས་གསུམ་ཤེས་རབ་སྣང་བ་བསྐྱོད་པར་བསྒོམ།། དུས་གསུམ་གཤེགས་དང་ཕྱོགས་བཅུའི་ཆར་བཞུགས་སངས་རྒྱས་དང་།། དེ་སྨྲས་དེ་བཞིན་དྲང ་སྤོང་དང་ནི་རིག་འཛིན་ཚོགས།། མ་ལུས་ཡོན་ཏན་བློ་གྲོས་སྣང་བ་བསྡུས་ནས་ཀྱང་།། སྐད་ཅིག་རྣམ་པས་འཇིག་རྟེན་གསུམ་མགོན་འཇམ་དབྱངས་གྱུར།། གཞོན་ནུའི་ངང་ཚུལ་རལ་གྲི་པོ་ཏི་འཁོར་ལོ་འཛིན།། རབ ་སྒེག་བརྟན་མཛེས་དུལ་བའི་རང་བཞིན་བློ་བཟང་པོ།། སྐྱིལི་ཀྲུང་རབ་གསལ་རིན་ཆེན་དཔག་མེད་འཕྲོ་བ་ཡི།། བློ་ངན་སེལ་མཁས་སངས་རྒྱས་སྤོས་ནི་སྒྲུབ་པོས་བལྟ།། དེ་སྙིང་ཟླ་སྟེང་དྷཱིཿཡིག་ལས་བྱུང་འོད ་ཟེར་གྱིས། ཡེ་ཤེས་མགོན་བཀུག་མཚོན་གང་གཟུགས་ཀྱིས་སྙིང་གར་གནས།། དེ་སྐད་དབུས་སུའང་དྷིཿཡིག་འབར་བས་བརྒྱུན་བསམས་ཏེ། དྲི་མེད་དཀར་གསལ་འོད་ཚོགས་ཕྲེ་བ་པས་བརྒྱན་པོར་བསྐུམ ་སེམས་དཔའ་གཉིས་ཀྱི་གདན་གང་ཡིན་རང་སྙིང་པརྩིབས་བརྒྱད་ནོ།། ཤེས་རབ་རིག་པ་བརྒྱད་ཀྱིས་མ་ཚན།། རྫ་མཁན་འཁོར་ལོ་ལྟ་བུར་འཁོར།། རབ་དཀར་སྣང་བས་མུན་སེལ་བྱེད།། རྣོན་པོས་མི་ཤེས ་བྲག་རུམ་འཇིག། ཤུགས་དྲག་ལས་དང་ཉོན་མོངས་གཅོད།། ཕནུ་ཚུན་བཟློག་པས་འཁྲུལ་པ་འཇོམས། ཨ་ར་པ་ཙ་ན་དྷིཿཧཱུཾ་ཨོཾ་གྱིས་ཐོག་མར་བརྒྱན་པ་ནི། རིག་པའི་རྒྱལ་པོ་བརྒྱད་པར་གྲགས།། ལོ་ཕྱེད་འབྲས ་བུ་མཐོང་བར་གྱུར།། གཟུགས་བརྙན་བྲག་ཅ་དེ་བཞིན་དུ།། འཇའ་ཚོ་ན་ལྟ་བུར་སྐུ་གསུང་ཐུགས།། མི་རྟོག་གསལ་བར་གང་གིས་དྲན།། མ་ཡེངས་ཡིད་ཅན་དེ་ཡིས་འགྲུབ།། ལྡང་བར་འདོད་ཚེ་འོད་འཕྲོས་པས།། ་སླར་ཡང་སྲིད་གསུམ་བསྡུ་བ་འམ།། ཡང་ན་དངོས་གྲུབ་བླངས་ནས་སུ།། བསོད་ནམས་འགྲོ་ལ་སྦྱིན་པར་བྱ།། གང་ཕྱིར་འདི་ན་ལ་ལས་སྔོན་ཆད་དགེ་མ་བསགས།། ལ་ལུས་ལམ་འཆོལ་ལ་ལས་ལེགས་སྤྱད་པར ་ཆད་བྱས།། གཞན་གྱིས་དེ་བཞིན་ཡུན་རིང་ལྷ་མཆོག་མཉེས་མ་བྱས།། དེ་ཕྱིར་སྐྱེ་བོ་མ་རིག་མུན་འཐོམས་རྣམས་འཁྱམས་སྙམ། བྱེ་བྲག་བརྩེ་བས་རབ་ཏུ་འབད་པའི་ཤུགས་ནི་འདིར་བསྐྱེད་པའི།། མཐུ་ཡིས ་དངོས་གྲུབ་མཚན་མ་ཅུང་ཟད་རྙེད་པ་ལ་བརྟེན་ཏེ།། འཁོར་ལོ་དྲི་མོད་རབ་ཏུ་དཀརོ་རྒྱུས་ཟླ་བ་ཉྩ་འདྲའི་ཚུལ།། བརྗོད་པས་སྐྱེ་བོ་རྣམས་ནི་འཇམ་དབྱངས་ཉིད་མྱུར་མཐོང་གྱུར་ཅིག། རྗེ་བཙུན་འཇམ་པའི་དབྱངས ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས།། སློབ་དཔོན་ཆེན་པོ་ཙནྡྲེ་ཀ་ར་གུཔྟས་མཛད་པ་རྫོགས་སོ།། ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་བྱིས་པ་དཔལ་གྱི་ས་བསྒྱུར་ཅིང་གཏན་ལ་ཕག། ་