| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སིད་དྷེ་ཀ་པཱི་ར་མཉྫུ་ཤྲཱིཿསཱ་དྷ་ནཾ།། བོད་སྐད་དུ། འཇམ་པའི་དབྱངས་དཔའ་པོ་གཅིག་ཏུ་གྲུབ་པའི་སྒྲུབ་པའི་ཐབས།། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པ་ལ་ཕྱག་འཚལ་ལོ།། ་དེ་ལ་དང་པོར་སྔགས་པས་གདོང་བཀྲུ་བ་ལ་སོགས་པ་བྱ་སྡེ་ཡིད་དང་མཐུན་པའི་བསམ་གཏན་གྱི་གནས་གཙང་ཞིང་། མེ་ཏོག་དྲི་ཞིམ་པོས་གཅལ་དུ་བཀྲམ་པར། སྟན་གཙང་ལ་བདེ་བར་སྐྱལ་མོ་ཀྲུང་གིས་འདུག་སྟེ། ་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ཀྱིས་གཏོར་མ་བྱིན་གྱིས་བརླབས་ལ།། ཨོཾ་ས་པ་གྷྲྀ་ཏ་ཀྲཏ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ལན་བཅུའི་བར་དུ་བརྗོད་དེ་ཕྱོགས་བཅུ་ན་གནས་པའི་བགྲོགས་ཐམས་ཅད་བསྐྲང ་པར་བྱའོ།། དེ་ནས་རང་གི་སྙིང་གར་ཨེ.་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྐྱེ་བ་མེད་པ་སྟོན་པར་བྱེད་པོ། སྟོན་ཀའི་ཟླ་བ་ལྟར་དཀར་བ། འོད་ཟེར་དཀར་པོ་འཕྲོ་བས་རང་གི་ལུས་གསལ་པར་བྱེད ་པ་ཤིན་ཏུ་ཕྲ་པ་བསམས་ལ།། དེ་ཡོངསུ་གྱུར་པས་འོད་ཟེར་དཀར་པོའི་ཐིག་ལེ་ཤེ་བ~ཾ་སྒོང་དག་པ་ལྟེ་བུ། དེ་རིམ་གྱིས་འཕེལ་བར་གྱུར་པས་ཟླ་བའི་དཀྱིལ་འཁོར་གྱི་གཟུགསུ་བསམ་ཞིང་། དེའི་སྟེང་དུ་ཡོ ་གེ་དྷིཿདེའི་འོད་ཟེར་གྱི་ཚོགས་འཕྲོ་བ་རིན་པོ་ཆེའི་སྒྲོན་མ་ལྟར་དཀར་བ་རྣམ་པར་བསམ་མོ།། དེ་ནས་ཡི་གེ་དྷཱིཿདེའི་འོད་ཟེར་ཤིན་ཏུ་དཀར་བའི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས ་པ་སྔོན་དུ་འགྲོ་བསྡུ་འཕགས་པ་འཇམ་དཔལ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། བླ་མ་རྣམས་བསྐུལ་ཏེ་སྤྱན་དྲངས་ལ་མདུན་གྱི་ན་མཁའི་ཕྱོགས་ལ་རྣམ་པར་བསྡམས་ལ ་ཕྱག་བྱའོ།། དེའི་འོག་ཏུ་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད་པར་བྱ་བ་ཡིན་ལ།། དེ་ལ་མཆོ་ད་ཛྲ་ཀྵིཥི་མ་པ་ནི་འདི་ཡིན་ཏེ།། ཨཾ་བཛྲ་པུཥྤཾ་ཧཱུཾ་ཞེས་བྱ་བའི་སྟོགས་བརྗོད་ལུ།། ཡི་གྲེ་དྷིཿལས་བྱུང་བྱའི་མེ་ཏོག་གི་མཆོད ་པོའི་ཚོགས་ཀྱིས་མཆོད་པར་བྱའོ།། དེ་ནས་ཨོཾ་བཛྲ་དྷཱུ་བེ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་ལ། ཡི་གེ་དྷཱིཿདེ་ཉིད་ལས་ཡང་དག་པར་སྤྲོས་པའི་བདུག་པའི་མཆོད་པའི་ཚོགས་ཀྱིས་མཆོད་པར་བྱའོ།། དེའི་འོག་ཏུ ་བཛྲ་དཱི་པེ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་ལ། ཡི་གེ་དྷཱིཿདེ་ཉིད་ལས་རྒྱན་པོ་ཆེའི་སྒྲོན་མ་སྤོས་ལ་མཆོད་པར་བྱའོ།། དེ་ནས་ཨོཾ་བཛྲ་གན་དྷེ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་ལ།། ཡི་གེ་དྷཱིཿདེ་ཉིད་ལས་བྱུང་བའི་དྲིའི ་མཆོད་པའི་སྤྲིན་ཡང་དག་པར་སྤྲོས་པར་མཆོད་པར་བྱའོ།། དེ་ནས་ཨོཾ་བཛྲ་ནཻ་བི་དྱཾ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་པས།། ཡི་གེ་དྷྭཾ། དེ་ཉིད་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་དུ་བཅུག་པའི་ཞལ་ཟས་རློ་མ་ཚིག་དང ་ལྡན་པའི་མཆོད་པའི་སྤྲིན་རྣམ་པ་སྣ་ཚོགས་ཡང་དག་པར་སྤྲོས་པས་མཆོད་པར་བྱའོ།། དེ་ནས་ཨོཾ་སརྦ་བི་ཤིཥྞ་པཱུ་ཛ་མེ་གྷ་པྲ་སཾ་ར་ས་མུ་དྲ་ཨཱ། ཧཱུཾ་ཞེས་བྱི་བའི་སྔགས་བརྗིད་ལ།། དེ་ཉིད་ལས་རིན་པོ་ཆེ་སྣ་ཚོག ་ཀྱི་གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དུན་དང་། བླ་བྲེ་ལ་སོགས་པ་དང་། འཁོར་ལོས་སྒྱུར་བའི་རིན་པོ་ཆེ་སྣ་མདུན་གྱིས་མཆོད་པར་བྱའོ།། དེ་ལྟར་མཆོད་པ་བྱས་ནས་དེ་དྲུག་གི་སྤྱན་སྔར་སྡིག་པ་བཤགས ་པ་དང་། བསོད་ནམས་ཀྱི་རྗེ་སུ་ཡི་རང་བ་དང་། གསོལ་གཏབ་པ་དང་། བསྐུལ་པ་དང་། བསོད་ནམ་ས་ཡོངསུ་བསྔོ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་བྱས་ལ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང ་སྙོམས་ཏེ་ཚུངས་པའི་གནས་བཞི་སྒོམུས་ནས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱའོ།། དེ་ནས་ཨཱཾ་སྱཱ་བྷཱ་བི་ཤུད་དྷ། སརྦུ་དྷརྨྨ། སྭ་བྷཱ་པ་ཤོདྡྷོ་ཧཱཾ། ཞེས་བྱ་བའི་སྔགས་ལྡན་བདུན་བརྗོད་ལ། འགྲོ་བ་ཐམས་ཅད་སྒྱུ ་མཱ་དང་། རྨི་ལམ་དང་སྨིག་རྒྱུ་ལྟ་བུར། སྟོང་པ་ཉིད་ཀྱི་རླུང་བཞིན་དུ་དམིགས་པར་བྱའོ།། དེ་ནས་རང་གི་སྙིང་ག་རྭ་ཆུང་པའི་ཡི་གེ་དྷི། དེའི་འོ་ད་ཟེར་གྱི་ཚོགས་སྤྲོས་པས་རང་གི་ལུས་སྟོང་པར་བལྟ་ཞིང་།། དེ་ནས་བདག ་ཉིད་འཇམ་དཔལ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་ཡི་གེ་དྷཱིཿཙམ་དུ་གནས་པར་བྱའོ།། ཕྱིས་ཡི་གེ་དྷིཿདེ་ཡོངསུ་གྱུར་པའི་ཨུཏྤལ་སྔོན་པོ་བསྒོམས་པ་ལ་དེའི་དབུ་སུ་ཡང་ཡི་གེ་དྷིཿགནས་པར་བས་མོ།། ་འོད་ཟེར་དེ་ཡིས་འགྲོ་བ་ཀུན། ཀུན་ནས་ཡོངས་སུ་སྦྱངས་ནས་ནི།། རང་གི་འདོད་ལྷའི་གཟུགས་དག་ཏུ།། གྱུར་པ་ཨུཏྤ་ལར་བསྟིམ་མོ།། དེ་ནས་དེ་ཡོངསུ་གྱུར་པ་ལས་ཤེལ་སྒོང་དག་པ་དང་འདྲ་བ། ་དབུ་གཅིག་པ་དང་ཕྱག་གཉིས་པ།། ཟླ་བའི་གདན་བཞུགས་ཟླ་བ་འདྲའོ།། ཟུར་ཕུང་ལྔ་པོ་ངག་གི་ཐོད། ཞི་བ་རིན་ཆེན་ཅོད་པན་འཆང་།། རྒྱུན་ཀུན་རྣམ་པར་འཛིན་འགྱུར་དང་།། གཡས་ཀྱིས་མཆོད ་སྦྱིན་གཡོན་དག་གིས།། ཨུཏྤལ་སྔོན་པོ་འཛིན་འགྱུར་བ་ཨུཏྤ་ལའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་པ་མ་ཡང་དག་པར་འཛིན་པའོ།། འཇམ་དཔའི་དབྱངསུ་བདག་ཉིད་བསྒོམས་ལ།། རང་གི་ལུས་ལས་འོང ་ཟོར་འཕྲོས་པས་ན་མཁའི་ཁམས་མེ་ལུས་པ་ཁྱབ་པར་བྱའོ།། ངོའི་འོག་ཏུ་ཉིད་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལཱ་ཡཱི་ཀེ་དྷཱིཿདཀར་པོ་འབར་བའི་ཕྲེང་བ་གཏིབས་པར་བསམ་ལ།། དེ་ནས་རང་གི་སྙིང་ག་ལ ་གནས་པའི་ཡི་གེ་དྷིཿལས་འོད་ཟེར་གྱི་ཚོགས་ཀྱི་སྤྲིན་ཀུན་ཏུ་སྤྲོས་པ་དེས།། དམ་ཚིག་སེམས་དཔའ་དང་འདྲ་བའི་ཡེ་ཤེ་ས་སེམས་དཔའ་བསྐུལ་ནས།། སྤྱན་དྲངས་པ་མདུན་གྱི་ནམ་མཁའ་ལ་རྣམ་པར་བསམས ་ལ།། སྔ་མ་བཞིན་ཡང་དག་པར་མཆོད་དེ།། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་ཡི་གེ་བཞིས་དྲུངས་ནས། དམ་ཚིག་སེམས་དཔའ་བདག་ཉིད་ལ་དགུག་པ་དང་། བཅིངས་པ་དང་། དགྱེས་པ་བྱས་ལ། ཨོཾ་དྷརྨྨ་དྷཱ་ཏུ་བཱ་གཱི ་ཤྭ་རི་སཱ་བྷཱ་བ་ཨཱཏྨ་ཀ&ཧཾ།། ཞེས་ང་རྒྱལ་བྱའོ།། དེའི་རྗེས་ལ་ཡི་གེ་དྷཱིཿལས་འོད་ཟེར་སྤྲོ་བ་བྱས་ལ་དེ་བཞིན་གཤེགས་པ་མདུན་གྱི་ནམ་མཁའ་ལ་རྣམ་པར་བསམས་ལ། དབང་བསྐོར་བའི་ཚིག་སུཾ་བཅིང་པ་འདིས ་དོན་དུ་མཉེས་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཇི་ལྟར་མཆོད་ཆེན་གསོལ་མཛད་པ།། བདག་ལའང་བསྲུང་བའི་དོན་གྱི་ཕྱིར།། ནམ་མཁའི་རྡོ་རྗེ་དང་བདག་གསོལ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་གི ་སྐུ་ལས་བྱུང་བའི་ལོ་ཙ་ན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། ཏཱུ་ར་རིན་པོ་ཆེའི་བུམ་པ་ཡ་ཤེས་ཀྱི་བདུད་རྩིས་བཀང་བ་ཕྱག་ན་བསྣམས་པས་རྡོ་རྗེ་ཆེན་པོའི་དབང་བསྐུར་བ།། ཁམས་གསུམ་པོ་ཡིས་ཕྱག ་བྱས་པ། གསྡང་བ་གསུམ་གྱི་གནས་ལས་བྱུང་། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། ཞེས་བྱ་བ་བདོན་ཅིང་དཔུང་བསྐུར་བར་བསམ་མོ། དབང་བསྐུར་རྫོགས་མ་ཐག་རིན་པོ་ཆེའི་ཅོད་པན་གྱི་སྟེང་དུ། དེ་བཞིན ་གཤེགས་པ་མི་བསྐྱོད་པ་བསམས་ལ།། ལ་སཱ་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབས་པའི་ཕྱིར། སྤྱི་བོ་ལ་ཡི་གེ་སོ་དཀར་པ་ཟླ་བའི་དཀྱིལྔ་འཁོར་ལ་གནས་པ་དང་། ལྐོག་མར་ཡི་གེ་ཨཱཿདཱ་མར ་བའི་དཀྱིལ་འཁོར་ལ་གནས་པ་དང་། སྙིང་གར་ཡི་གེ་ཧཱུཾ་ནག་པོ་ཟླ་བའི་དཀྱིས་འཁོར་ལ་གནས་པ་རྣམ་པོར་བཀོད་པ་ལ།། སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཇི་སྲིད་མངོན་སུམ་དང་འདྲ་བར་སྣང་བ་དེ་སྲིད་དུ ་བསྒོམ་པར་བྱ་ཞིང་།། སྒོམ་པས་སྐྱོ་བར་གྱུར་ན་སྔགས་བཟླ་བར་བྱའོ།། སྡུག་ཇི་ཙམ་འདོད་པ་བཟླས་པ་བྱས་ནས། ཆོ་ག་ཉམས་པ་བསྐང་བར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་བརྒྱ་པ་ཞེས་བྱ་བའི ་སྔགས་བཟླས་ནས།། ཡེ་ཤེས་སེམས་དཔའ་ཡང་དག་པར་མཆོད་དེ་བསོད་ནམས་བསྔོས་ལ་གཤེགསུ་གསོལ་ལོ།། དེ་ལ་ཡེ་ཤེས་སེམས་དཔའ་གཤེགས་གསོལ་པའི་ཚིགསུ་བཅད་པ ་ནི། ཨོཾ་ཁྱོད་ཀྱིས་སེམས་ཅན་དྲོན་དུ་ཀུན་མཛད།། རྗེསུ་མཐུན་པའི་དངོས་གྲུབ་སྩལ།། སངས་རྒྱས་ཡུལ་དེ་གཤེགས་ནས་ཀྱང་།། སླར་ཡང་འབྱོན་པར་མཛད་དུ་གསོལ།། མུཿཞེས་བྱ་བ་འདི་ཡིན་ནོ།། ་དེ་ལ་རྡོ་རྗེ་སེམས་དཔའི་སྙིང་པོའི་ཡི་གེ་བརྒྱ་པའི་སྔགས་ནི།། ཨོཾ་བཛྲ་སཏྭ་སྱ་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏེཥྛ། དྲྀ་ཌྷོ་མེ་བྷ་པ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མཱཾ་བྷ་བ། སུཾ་པོ་ཥྱོ་མེ་བྷ་བ།། སརྦ ་སིད་དྷི་མྨེ་པྲ་ཡཙྪཿ། སརྦ་ཀརྨ་སུ་ཙ་མཽ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧི་ཧོཿབྷ་ག་བ་ནི་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མ་མུཉྩ་དཱ་ཛྙེ་བྷི་བ་མ་ཧཱ་ས་མ་ཡ་སཏྭོ་ཨཱཿ། ཞེས་བྱ་བ་འདི་ཡིན་ནོ། དྭེ་ལྀ་བཟླས་པའི ་སྔགས་ནཱི། ཨོཾ་ཨཱཿདྷཱིརྞྞ་ཧཱུཾ་ཞེས་བྱ་བ་འདི་ཡིན་ནོ།། ཡ་ཨཽ་བཛྲ་ཏིཥྛཱ་དུཿཁཱཙྪེ་ད་པྲཛྙཱ་ཛྙཱ་ན་མྱཱ་ཏ་ཡེ། ཛྙཱ་ནི་ཀཱ་ཡ་བྷཱུ་གཱཾ་ཤྭར། ཨ་ར་བ་ཙ་ན་ཡ་ཏི་ན་མཿཞེས་བྱ་བ་ནི་བཟླས་པའི་སྔགས་སོ།། ་འཇམ་པའི་དབྱངས་དཔའ་བོ་གཅི་ག་ཏུ་གྲུབ་པ་ཞེས་པའི་སྒྲུབ་ཐབས།། སློང་དཔོན་ཆེན་པོའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང་།། བོད་ཀྱི་ལོ་ཙ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་