CLOSE WINDOW

GT1531: 'jam dpal rdo rje blo gros 'phel ba zhes bya ba
Wyliee-texts produced with BDRC’s OCR application

#རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཛྲ་པྲཛྙཱ་བརྡྷ་ན་ནཱ་མ། བོད་སྐད་དུ། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་ཞེས་བྱ་བ།། བཅོམ་ལྡན་འདས་འཇམ་དཔལ་མགོན་ལ་ཕྱག་འཚལོ།། ཤེས་རབ་འཕེལ ་བར་འདོད་པས་གནས་ཁང་དབེན་ཞིང་ཉམས་དགའ་བར་གཙང་བ་དྲི་ཞིམ་པོའི་ཆུས་ཆག་ཆག་བཏབ་ལ།། མཎྜལ་ཁྲུ་གང་པ་ཞིག་བྱས་ཏེ། དེའི་དབུསུ་པདྨ་འདབ་མ་བརྒྱད་པོ་སེར་པོ་དབུས་དཀར་པོར་བྱས ་ལ།། དེའི་སྟེང་དུ་ལྷུང་བཟེད་དུ་ཤེས་རབ་འཕེལ་བར་བྱེད་པའི་རྫས།། དབང་པོ་ལག་པ། གླ་རྩི་གི་ཝཾ་སྤང་རྒྱན་དཀར་པོ།། ཙན་དན་དཀོར་པོ་རྣམས། བ་ད་མ་རི་མོའི་འོ་མས་སྤྲས་ཏེ། རཱི་ལ་ལུ་སྲནཱ་མ་ཙམ ་བྱའོ།། དེའི་སྟེང་དུ་འཇམ་དཔལ་དང་དབྱངས་ཅནཱ་མོ་གཉིས་ཞལ་སྦྱོར་གྱི་ཙ་ཀ་ལ་གཅིག་བཞུགས་པར་བྱའོ།། དེ་ནས་ཨོཾ་སཱ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨྨཿསྭ་བྷཱ་བ་བི་ཤུ་དྷྭེ&ཧཾ་གི་སྔགས་ཀྱིས་ཆོས ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེའི་ངང་ལས་པདྨ་དམོར་པོ་འདབ་མ་བརྒྱད་པ་ཞིག་བསམ། དེའི་སྟེང་དུ་ཨ་ལས་ཟླ་བའི་དུ་དཀྱིལ་འཁོར་གྱི་སྟེང་དུ་དྷིཿསེར་པོ་གུར་གུམ་གྱི་མདོག་ཅན ་ཞིག་བསམ།། དེ་ཡོངསུ་གྱུར་པ་ལས་བདག་ཉིད་འཕགས་པ་འཇིམ་དཔལ་སྐུ་མདོག་དམར་པོ་ཕྱག་གཡས་ན་ཤེས་རབ་ཀྱི་རལ་གྲི་གཡོན་ན་ཤེས་རབ་ཀྱི་པོ་ཏི་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས ་བརྒྱན་པ།། ཞལ་འཛུམ་བག་དང་ལྡན་པ་བསྒོམ་པར་བྱའོ།། མདུན་གྱི་ལྷུང་བཟེད་ཀྱི་ནང་དུ་ཧྲཱིཿདཀར་པོ་ཡོངསུ་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ།། དབྱངས་ཅན་མ་དཀར་མོ་གཡས་ན་རལ་གྲི། གཡོན ་ན་པོ་ཏི་བསྣམས་པ།། རིན་པོ་ཆེའི་རྒྱན་དང་བཅས་པ་ཞལ་འཛུམ་བག་དང་ལྡན་པ་དག་བསྒོམ་པར་བྱའོ།། དེ་ནས་ས་བོན་གཉིས་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས།། ཡེ་ཤེས་སེམས་དཔའ་སྤྱན་དྲང་ནས་སོ་སོར ་བསྟིམོ།། ཡང་ན་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་མཐུ་དང་ནུས་པ་ཐམས་ཅད་བསྡུས་ནས་རང་དང་རྫས་ལ་བསྟིམ་པར་བྱའོ།། དེ་ནས་བཟླས་པ་བྱ་སྟེ། ན་མོ་མཉྫུ་ཤྲཱི་བཱ་གཱི་ཤྭ་རི་མུ། ་བཱ་གཱི་ཤ་རི་ཧོ།། ཨུ་པ་དེ་ཤ་པྲ་མོ་ད་དྷཱུ་བ་ནི་ཧྲཱིཿསྭཱ་ཧཱ། སྔོགས་ཀྱི་འོད་ཟེར་བདག་གི་ཞལ་ནས་ལྷ་མོའི་ཞལ་དུ། ལྷ་མོའི་ཞལ་ནས་བདག་གི་ཐུགས་ཀར་ཐིམ་པར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན ་དུ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས། གཏི་མུག་ལ་སོགས་པ་ཐམས་ཅད་བསལ་བར་བསྒོམ། འཇིག་རྟེན་དྲག་བྱེད་ཀྱི་པྲཛྙཱ་ཐམས་ཅད་བསྡུས་པར་བསྒོམ།། སྨན་གྱི་རི་ལུ་དང་བདག་ལ་ཐིམ་པས་ཇི་ལྟར་འདོད་པའི་མཚན ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམོ།། འདིའི་ཕན་ཡོན་ནི་ཉིན་གཅིག་བསྒྲུབས་ན་ཉིད་གཅིག་ཚིག་སུ་བཅད་པ་སྟོང་ཟིན་པར་འགྱུར་རོ།། ཉི་མ་གཉིས་སྒྲུབས་ན་བསྟན་བཅོས་ཐམས་ཅད་ལ་མཁས་པར ་འགྱུར་རོ།། ཉི་མ་གསུམ་བསྒྲུབས་ན་སྐྱེ་བ་དྲན་པར་འགྱུར་རོ།། ཉི་མ་བཞི་ཡིས་སངས་རྒྱས་དང་པྲཛྙཱ་མཉམ་པར་འགྱུར་རོ།། ལྔ་ཡིས་མ་བསླབས་པའི་ཆོས་ལ་མཁས་པར་འགྱུར་རོ།། དྲུག་གིས་འཇམ་དཔལ་གྱི་ཞལ་མཐོང་བར ་འགྱུར་རོ།། བདུན་གྱིས་གཞན་གྱི་སེམས་ཤེས་པར་འགྱུར་རོ།། སྒྲུབ་པའི་ཚད་ཞག་བདུན་དུ་བྱའོ།། རྟགས་ནི་འོད་དང་སྒྲ་ལ་སོགས་པ་འབྱུང་།། ཞག་བརྒྱད་ན་དཀྱིལ་འཁོར་གྱི་ལྷ་རང་དང་རི་ལུ་ལ་བསྟིམ་རིལ་བུ་དེ་སྒྲུབ་པ་པོས ་ཟོས་པས།། འཇམ་པའི་དབྱངས་དང་ཤེས་རབ་མཉམ་པར་འགྱུར་རོ།། ཐུན་མོང་ཚེའི་དངོས་གྲུབ་ཀྱང་འཐོང་སླ།། དེ་ལྟར་ཡང་།། འདི་ཟོས་ཡོན་ཏན་བསམ་མི་ཁྱབ།། ལོ་བརྒྱ་ཐུབ་པ་བརྒྱད་བརྒྱར་འགྲོ། དགུ་བཅུ་ལོན་པ་བཅུ ་དྲུག་ལྟ་བུར་འགྱུར།། སྐྲ་དཀར་བུད་ནས་ནག་པོར་འགྱུར།། བད་ནི་རྟ་དང་མཉམ་པར་འགྱུར།། སྒྲ་ནི་མེ་ཏོག་པདྨ་འདྲ།། ལུས་ནི་དཀར་ལ་སྡོམ་པར་འགྱུར།། ཉམས་སྟོབས་ལུས་ཟུངས་འཕེལ་བར་འགྱུར།། ལྷ་འདྲེ་རྣམས ་ཀྱང་སྟོང་གྲོགས་བྱེད།། ཡོན་ཏན་སྨོན་འཇུག་སེམས་དང་ལྡན།། སེམས་སྐྱེད་དེ་དང་ལྡན་པ་ཡི།། སྐྱེས་བུ་དེ་ནི་དམ་པ་ཡིན།། ཡོན་ཏན་དེ་དང་ལྡན་ཞེས་སྨྲ།། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་ཞེས་བྱ་བ་ཀུན་གྱི་ཐུན ་མོང་མ་ཡིན་པ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱེ་མཛད་པ་རྫོགས་སོ།། །། མནོས་ནས་སུ།། བླ་མ་དེ་ལ་གུས་པས་ཕྱག་འཚལ་ནས།། ཅི་སྙེད་པ་ཡི་ཡོན་མཆོག་ཚུལ་བཞིན་དབུལ།། གཞུང་ལས་འབྱུང་བའི ་