| Wylie | e-texts produced with BDRC’s OCR application |
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། དཔལ་ལྡན་འཁོར་ལོ་སྡོམ་པ་ཡི།། རྣལ་འབྱོར་ལུས་ཀྱི་དཀྱིལ་འཁོར་ནི།། སེམས་ཅན་རང་བཞིན་ཡོངས་ཤེས་ཤིང་།། རྫོགས་པའི་ལས་ལ་འཇུག ་རྣམས་ལའོ།། དང་པོ་ཚོགས་པ་ཀུན་ལྡན་པས།། བླ་མཽང་དོན་འབྱུང་དགའ་བས་ཉལ།། བཞི་ཡིས་ཉེར་བསྐུལ་ཞལ་བཞི་པ།། བདུད་འདུལ་དཔའ་བོ་ཆེན་པོ་བཞེངས།། ཁྲུས་བྱས་བདེ་བའི་སྟན་ལ་གནས།། རི་ལུ་ཁར་བཅུག་སྙིང་ཀ་ཧཱུཾ། ་སྔོན་པོའི་འོད་ཀྱིས་རང་ལུས་སྦྱངས།། པཾ་སྤུ་ལ་སྤྲོས་ཁ་དོག་ལྔས།། འགྲོ་ཀུན་ལུས་སྦྱང་སྒོ་གསུམ་དག། སྤྲིན་འདྲའི་འོད་ཀྱིས་རང་མདུན་དུ།། མཁའ་ལ་བླ་མའི་འཁོར་ལོལྀ་དང་།། ཕྱོགས་དབང་མིག་གི་ལྷ་རྣམས་ནི།། གསལ ་གདབ་རྟེན་དང་བརྟེན་པར་བྱས།། ཕྱག་དང་མཆོད་སོགས་བྱས་ནས་ནི།། མཛོད་སྤུའི་གནས་ནས་རང་ལུས་བཞུག། ལུས་ལ་རྟེན་དང་བརྟེན་པ་ཡི།། འཁོར་ལོ་གསལ་གདབ་ཉེ་བར་དམིགས།། རྟོག་དང་སྤྲོས་པ་དགའ་འགྱུར་ན།། ཆོས ་འཁོར་ལེར་འདབ་མ་བཞི།། མདོག་གསལ་ཧཱུཾ་ལས་ལྟེ་བ་རུ།། ཐབས་དང་ཤེས་རབ་བདག་ཉིད་བསམ།། ཕྱོགས་འདབ་རིགས་ཀྱི་ས་བོན་ལས།། སྙིང་པོའི་རྣལ་འབྱོར་མ་བཞི་བསྙེང་།། སྟེང་འོག་ལུས་ཀྱི་ཆ་ཤེས་ལ།། པུ་ཛཱ ་ལ་སོགས་ཉི་ཤུ་བཞིས།། འཁོར་ལོ་གསུམ་གྱི་བདག་ཉིད་དྲན།། ཆོས་འཁོར་ཕྱི་ཡི་འདབ་བརྒྱད་ལ།། རིང་པོའྀ་ཧཱུཾ་ལས་ཁྲོ་མོ་བརྒྱད་།། དེ་ལྟར་ལྷ་རྣམས་ཐམས་ཅད་ནི།། མེ་ལོང་ནང་གི་གཟུགས་བརྙན་བཞིན།། ཕྱི་ཡི་དཀྱིལ་འཁོར་ལྷ ་བུར་དམིགས།། མི་གསལ་རྩ་ཡིག་ཐམས་ཅད་ལ།། དག་པའི་ལྷ་ཉིད་མོས་ཤིང་དྲན།། ཕྱག་རྒྱ་སྔགས་ཀྱི་དོན་ལྡན་པས།། ཡེ་ཤེས་སྤྱན་དྲངས་ལེགས་མཆོད་ནས།། ཡི་གེ་བཞི་ཡིས་རང་གནས་འཇུག། ་གནས་གསུམ་བྱིན་བརླབས་གོ་ཆ་བཅིང་།། སངས་རྒྱས་དཔའ་བོ་རྣལ་འབྱོར་མ།། ཐམས་ཅད་ནམ་མཁར་ཉེར་དམིགས་ཏོ།། དབང་བསྐུར་ཡིད་ཀྱིས་གསོལ་བ་གདབ།། བདུད་རྩིས་དབང་བསྐུར་ཐམས་ཅད་ལ།། རྡོ་རྗེ་མཚན་མ་འཛིན་པའོ།། ་གཙོ་བོ་མ་ཞི་ཁྲོ་མོ་དང་།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ།། མོ་བསྐྱོད་རིན་ཚན་དོན་ཡོད་དང་།། རྟག་པ་གར་དབང་ཐུགས་རྡོ་རྗེས།། རིམ་པ་བཞིན་དུ་སྤྱི་བོར་མཚན།། བསྡུས་ལམ་བསྡུས་པའི་དབུ་རྒྱན་ཉིད།། དེ་ནས་སྔགས་རྣམས ་རིམ་གྱིས་མཆོད།། བདུད་རྩིས་ཉེ་བར་ཚོ་མི་བྱས་ནས།། དགྱེས་པ་བསྡོགས་ཀྱི་སྒྲ་བྱུང་བསམ།། བདུད་རྩི་མྱངས་ལ་བསྟོད་ཆེན་བྱ།། ལྷ་རྣམས་རང་གནས་ཐིམ་བྱས་ཏེ།། བསམ་གཏན་ཆེན་པོ་ལས་ཀྱི་ལམ།། རྫོགས་པའི་རིམ་པ་ལེགས ་གནས་བྱ།། དེ་ནས་གཏོར་མའི་ལས་རིམ་དང་།། སྨོན་ལམ་བཏབ་སྟེ་ལྡང་བར་བྱ།། སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པའི་མན་ངག་ལུས་ཀྱི་དཀྱིལ་འཁོར་གྱི་མངོན་པར་མངོན་པར་རྟོགས་པ་རྫོགས་སོ།། ་