CLOSE WINDOW

GT1529: 'phags pa tshe dang ye shes dpag tu med pa'i sgrub thabs
Wyliee-texts produced with BDRC’s OCR application

གོཉིས།། པ་རི་ལོ་ཙ་བ། མཆི་མས་བརྩོན་འགྲུས་སེང་གེ། རྒྱ་ནག་ཕུག་པ། དབུས་པ་སངས་རྒྱས་འདུམ། བླ་མ་དགེ་བསྡིངས་པ། བླ་མ་བསམ་གཏན་བཟང་པོ།། ། རྒྱ་གར་སྐད་དུ། ཨཱརྱ་ཨཱ་ཡུརྞྞ་ན་ཨ ་པ་རི་མི་ཏ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། འཕགས་པ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལོ།། འཁོར་བ་སེམས་ཅན་ཐམས་ཅད་ཀྱི། འཚེ་བ་ལ་ནི་སྲུང་བ་དོད ་པས།། འཕགས་པ་ཚེ་དཔག་མེད་པ་ཡི།། སྒྲུབ་བབས་རིམ་པ་བྲི་བྲེར་བྱ།། དབང་དང་དམ་ཚིག་སྡོམ་ལྡན་པས།། དབེན་ཞིང་ཉམས་དགའི་ས་ཕྱོགསུ།། མཎྜལ་མཆོད་དང་ཁྲས་བྱས་ལ།། བླ་མ་སངས་རྒྱས་ལ་སོགས་ལ།། ་སྤྱན་དྲངས་པ་ལ་ཕྱག་མཆོད་ཅིང་།། བསྟོད་པ་ལུས་ངག་དང་བ་ཡིས།། སྡིག་པ་བཤགས་པ་ལ་སོགས་བྱེ།། ཚད་མེད་བཞི་བསྒོམ་ཆོས་རྣམས་ཀུན།། སྟོང་པ་ཉིད་དུ་བསྒོམས་བྱས་ལ།། སྔགས་ཀྱི་དོན་ལ་བསྒོམ་པར་བྱ།། ཨོཾ ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨྨ་སྭ་བྷཱ་བ་བི་ཤུདྡྷོ&ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་སཱཏྨ་ཀོ་ཧཾ། སྟོང་པའི་ངང་ལས་པདྨ་དང་། ཟླ་བའི་སྟེང་དུ་སེམས་ཉིད་ཧཱུཾཿ།། བྷུ་རུ་ལྟ་བུར་བསམ་བྱས་ལ།། འོད་ཟེར་འཕྲོ་ཞིང་སླར་འདུས་པས།། ་འཕགས་པ་རྗེ་བིརྩུན་ཚེ་དཔག་མེད།། སྐྲ་མདག་དམར་ཞིང་འོད་ཟེར་འཁྲིགས།། ཞལ་གཅིག་ཕྱག་གཉིས་མཉམ་པ་རོ་བཞག། སྐྱིལ་ཀྲུང་གིས་བཞུགས་འཛུམ་བཅས་དང་། འོད་དཔོག་གིས་མཛེས་ཡེ་ཤེས་བསྟིམ།། དབང་བསྐུར ་རབ་ཏུ་བརྟན་པར་བྱ།། ཇི་སྙེད་སྐྱོ་བར་མ་གྱུར་པར།། བསྒོམ་པ་འམ་ཡང་ན་སྔགས་འདི་བཟླས།། མིང་གི་སྔགས་དང་སྟོང་པོའི་སྔགས།། མིཔ་གིས་བསྒྱུར་ན་གཟུངས་ཀྱང་བཟླས།། གཟུངས་ནི་འཆི་མེད་རྔ་སྒྲའོ།། རྗེ་སུ་བདག་ནི་ཚེ ་རིང་འགྱུར།། ཡང་ན་སྐད་ཅིག་ལྷར་བསམས་ཏེ།། སྔགས་གསུམ་ཅི་རིགས་བཟླས་པ་འམ།། བུམ་པ་བདུད་བ་རྩིའི་ཆུ་རྒྱན་གྱིས།། བདག་ལ་ཡང་ཡང་འཁྲུད་པར་བསམ།། སླར་ཡང་བསྟོད་ཅིང་གསོལ་བཏབ་པས།། གཏོར ་མས་ལྷོ་རྣམས་མཆོད་པས་བསམ།། བསྲུང་འཁོར་ཅིག་དང་ཚེ་བསྒྲུབ་པས། འོན་ཀྱང་འཆི་ལྟས་བཟློག་ལ་སོགས།། བླ་མའི་མན་ངགྲ་ཡོད་པར་བྱ།། དེ་ཡི་བསོད་ནམས་མཐུ་ཡིས་ནི།། འཁོར་བའི་གྲོ་དྲུག་མ་ལུས་པས།། ཚེ་དཔག ་མེད་པའི་བཀའ་ཐོབ་ནས།། གནང་གཅོད་ལ་སོགས་སྡུག་བསྔལ་རྣམས།། ཞིག་ནས་བདེ་བ་ཅན་འགྱུར་ཤོག། འཕགས་པ་ཆེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས།། སློབ་དཔོན་མཁས་པ་ཛ་ཏ་རི་དགྲ་ལས་རྣམ་པར ་རྒྱལ་བས་མཛད་པ་རྫོགསོ།། ། རྒྱ་གར་གྱི་པཎྜི་ཏ། འཇམ་དཔའི་དབྱངས་དང་། ལོ་ཙཱ་ལྱ་དགའ་བའི་དཔལ་གྱིས་བསྒྱུར་བའོ།། མིང་སྔགས་ནི། ཨོཾ་ཏདྱཱ་ཐཱ་ཨ་པ་རི་མི་ཏཱ་ཨཱ་ཡུཛྙཱ་ན་ཧཱི ་བྷྲཱུཾ་སྭཱ་ཧཱ་ཞེས་པའོ།། །། རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ། ཨ་ཡུཛྙཱ་ན་བི་དྷི་ནཱ་མ་བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག་ཞེས་བྱ་བ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱ་ག ་