CLOSE WINDOW

GT1528: tshe dpag med la bstod pa
Wyliee-texts produced with BDRC’s OCR application

ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར།། སེམས་ཅན་སྡུག་བསྔལ་མ་ལུས་རྣམས།། སྐད་ཅིག་ཉིད་ལ་ཚེ་དང་དཔལ།། སངས་རྒྱས་ཚེ་དཔག་ཕྱག་འཚལོ།། རྡོ་རྗེ་སེམས ་དཔའ་ལས་བྱུང་ཞིང་།། ཉེས་པ་ཀུན་ལུས་ཁྱེད་གྲོལ་ནས།། རྡོ་རྗེ་ལུས་ཅན་རྡོ་རྗེ་ཅན།། རྡོ་རྗེ་ཚེ་དཔག་ཕྱག་འཚ་ལོ།། ཇི་ལྟར་ཉོན་མོངས་དྲི་མ་ཡིས།། ཀུན་ནས་གོས་པར་མི་འགྱུར་ཞིང་།། ཐུགས་རྗེས་ཆགས་ཚུལ་སྟོན ་མཛད་པ།། པདྨ་ཚེ་དཔག་ཕྱག་འཚལོ།། བསམ་པ་དངོས་ཀུན་སྐད་ཅིག་གིས།། རང་འདོད་བཞིན་དུ་ཚིམ་དང་དཔལ།། ཚོགས་ཀྱི་བདག་པོ་ཆེན་པོ་སྟེ།། ཡོན་ཏན་ཚེ་དཔག་ཕྱག་འཚལོ།། འདོད་པའི་དོན་རྣམས་མྱ ་ལུས་པ།། སྐད་ཙོག་ཉིད་ལ་རྫོགས་དང་དཔལ།། བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང་།། ཕྲིན་ལས་ཚེ་དཔག་ཕྱག་འཚལ་ལོ།། ཉེས་པ་ཀུན་ལས་རྣམ་གྲོལ་བས།། སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན།། ཚོགས། ་ཀྱི་བདག་པོ་ཆེན་པོ་སྟེ།། ཀུན་གཟིགས་ཚེ་དཔག་ཕྱག་འཚལོ།། སྟོབས་ཆེན་རྣམས་ཀྱི་རབ་བརྒྱན་ཏེ།། མ་ལུས་མི་མཐུན་ཚོགས་འཇོམས་པ།། སྟོན་པ་སྲིད་མེད་བུ་ཡི་མཐུ།། ཡོན་ཏན་ཚེ་དཔག་ཕྱག་འཚལོ།། མེ ་ལོང་མཉམ་ཉིད་ལ་སོགས་པ།། ཡེ་ཤེས་མང་པོའི་མཛོད་འཛིན་པ།། རྣམ་པར་རྟོག་པ་མཐའ་དག་སྤངས།། ཡེ་ཤེས་ཚེ་དཔག་ཕྱག་འཚལོ།། རྣམ་རྟོག་རླུང་གིས་ཁྱེད་མི་གཡོ།། མཐའ་བྲལ་ཏིང་འཛིན་ཞི་བ་སྟེ།། བདུད་དང ་མུ་སྟེགས་ཚོགས་འཇོམས་པ།། མི་གཡོ་ཚེ་དཔག་ཕྱག་འཚལོ།། འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས།། ཁྱེད་ཀྱི་མཚན་ཙམ་འཛིན་པ་ལ།། ཚེ་དང་ཡེ་ཤེས་རྒྱས་མཛད་པ།། ཚེ་དཔག་མེད་ལ ་ཕྱག་འཚལོ།། བྱང་ཆུབ་སེམས་དཔའ་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ།། འདིའི་རྒྱུད་པ་ནི་ཚེ་དཔག་མེད།། གྲུབ་པ་བརྙེས་པའི་སྙིང་པོ་ཞབས། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ།། རྡོ་རྗེ་གདན་པ་ཆེ་ཆུང ་གོཉིས།། པ་རི་ལོ་ཙ་བ། མཆི་མས་བརྩོན་འགྲུས་སེང་གེ། རྒྱ་ནག་ཕུག་པ། དབུས་པ་སངས་རྒྱས་འདུམ། བླ་མ་དགེ་བསྡིངས་པ། བླ་མ་བསམ་གཏན་བཟང་པོ།། ། རྒྱ་གར་སྐད་དུ། ཨཱརྱ་ཨཱ་ཡུརྞྞ་ན་ཨ ་