CLOSE WINDOW

GT1527: dam tshig gsum bkod pa'i rgyal po yi ge brgya pa'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏྲཾ་སམྦྷ་ཡ་བྱཱ་ཧ་རཱ་ཛཱ་ཤཱ་ཏ་ཨ་ཀྵ་རྱ་སཱ་དྷཱ་ན། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བཱརྒྱུ་པའི་སྒྲུབ་ཐབས།། དུས་གསུམ་གྱི་དེ་བཞིན་གཤེགས་པ ་ཐམས་ཅད་ལ་ཕྱག་འཚལ།། གང་འདིར་ངན་འགྲོའི་རྒྱུན་གཅོད་ཅིང་།། མངོན་མཐི་དངོས་གྲུབ་ཀུན་འབྱུང་གནས།། སྟོན་བསགས་སྡིག་པ་དག་བྱའི་ཕྱིར།། བླ་མར་གྱུར་པ་ཀུན་ལ་འདུད།། དེ་ལ་དང་པོ་རྣལ ་འབྱོར་པ།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་།། བླ་མོ་མཉེས་བྱས་རྗེས་གནང་ཐོང་།། མན་ངག་ཇི་བཞིན་རྙེད་པ་དང་།། འཇིག་རྟེན་ཆོས་དག་རྣམ་པར་སྤངས།། སེམས་ཅན་ཀུན་ལ་སྙིང་བརྩེ་བ།། རྟག་ཏུ་བསྒོམ་དང ་བཟློས་ལ་དགོའ།། དེ་ནི་རྒྱལ་བས་རྣལ་འབྱོར་གསུངས།། དགོན་པ་ཆེན་པོའི་ས་ཕྱོགས་སམ།། དུར་ཁྲོད་ནགས་ཚལ་མཆོད་རྟེན་དྲུང་།། མེ་ཏོག་འབྲས་བུའི་ཚོགས་ཀྱིས་བརྒྱུན།། ཨ་ཤོ་ཀ་ཡཽ་ཤིང་དྲུང་དུ།། ་དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ།། ཡོན་ཏན་ཀུན་ཚང་རྣལ་འབྱོར་པས།། ཡིད་དང་རྗེས་མཐུན་ནག་སུ་ནི།། འཇམ་དཔལ་སྟན་ལ་ལེགས་འདུག་ནས།། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ།། ཁྲོ་བོ ་འདོད་པའི་རྒྱལ་པོ་ཡི།། སྔགས་ཀྱིས་བགེགས་རྣམས་གནོམ་པར་བྱ།། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲ་ཎཱནྟ་ཀྲྀཏ་ཧཱུཾ་ཛ།། དེ་ནས་ས་ཆ་གསུམ་ལ་གོ་རིམ་བཞིན་དུ་སྔགས་བཟླས་ནས་ལུས་ཀྱི་ཆ་གསུམ ་བསྲུང་བར་བྱ་སྟེ། ཨོཾ་བྷཱཪྵ་སྭཱ་ཧཱ། ཨོཾ་བྷཱ་བ་སྭཱ་ཧཱ། ཨཱ~ཾ་དྷཨཱརྱཱ་བྷཱ་བ་སྭཱ་ཧཱ། རིགས་ཀྱི་སྙིང་པོ་ལེགས་བཟླས་ཤིངྒ།། གསར་ཞིང་མ་གླགས་ཀུ་ཤ་ཡཱི།། དག་བྱེད་སོར་ནི་བཅུ་གཉིས་ཚད།། ་སྲིན་ལག་ལ་ནི་གདགས་པར་བྱ། ཨཾ་ཨ་ཛཱི་ནཽ་ཛཾ་ཀཱ། དམར་སེར་པ་མི་འོ་མྱ་དང་།། བ་ཡི་ཞོ་དང་བ་མར་དང་། བ་ཡི་ཆུ་དང་ལྕི་བ་རྣམས།། ཤར་བལྟས་མི་སྨྲ་ཙོག་ཙོག་པོར།། འདུག་སྟེ་སྦྱར་ལ་སྲང ་གསུམ་ཙམ།། པ་ལ་ཤ་ཡི་འདབ་མས་བཏུང་།། ཨོཾ་བཱ་གཱ་བི་ཤུདྡྷ་ཡེ་སྭཱ་ཧཱ།། དེ་ནས་ཆུ་ངོགསུ་ཕྱིན་ལ་ལུས་ཐམས་ཅད་དམ་ཡང་ནེ་ཡན་ལག་ལྔ་བཀྲུས་ཏེ།། ཆུའི་བགེགས་བཟློག་པ་ནི།། གཡས་པ་འི་ཁྱོར་བས ་ཆུ་བཅས་ཏེ།། གཡོན་པའི་སྡིགས་འཛུབ་བསྒྲེངས་ལ།། ཨོཾ་དུ་པི་ཀཱི་ཡ་དུ་པ~ཾ་དུ་པི་སྭཱ་ཧཱ། ཞེས་བཟླས་པས་ལུས་ལ་གཏོང་བར་བྱའོ།། ལུས་ཐམས་ཅད་འཁྲུ་བའི་སྔགས་ནི། ཨོཾ་པྲ་ཀི་ཏི་རི་ཤུདྡྷ་སརྦ་དྷརྨཱ་པྲ་ཀྲྀ་ཏ~ཾ་པ་རི ་ཤུདྡྷོ་ཧཾ། དེ་ནས་ལག་པ་གཡས་པའི་ཁུ་ཚུརརྱ་བཅངས་པའི་མཐོ་བོ་བསྒྲེངས་ནས་མཛུབ་མོ་བཀུག་པས་སྙིང་ག་དདྱ། ལྐོག་མ་དང་སྤྱི་གཙུག་དང་དཔུང་པཱ་གཉིས་ཏེ། གནས་ལྔར་གཏུག་ཅིང་ཁྲོ་བོ་གཙང་སྨེ་མེད ་པིའི་སྔགས་ཀྱི་བདག་ཉིད་བསྲུངས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཛ། ལག་པ་གཡས་པའི་གུང་མོ་དང་སྲིན་ལག་བཀུག་སྟེ། ཨོཾ་ཤུདྡྷཱ་ནྟ་ཤོ་དྷི་ཡ་སྭཱ་ཧཱ། དེ་ནས་སེམས་མ་ཡངས་པར་བསམ་གཏན་གྱི་ཁང་པར་སོང་སྟེ། ་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་འོག་ནས་འཆང་པ་བཞིན་འཁོར་དང་བཅས་པ་མདུན་གྱི་ན་མཁའ་ལ་དམིགས་ཏེ། ཨོཾ་སརྦ་ཏཱ་ཐཱ་ག་ཏཱ་པཱ་ད་བནྡྷ་ནཾ་ཀཱ་རོ་མི་ཞེས་པས་ཞབྲས་ལ་ཕྱག་བྱའོ།། ཨ ་པྲཱ་བཱ་ར་སིཏྐཱ་རཾ་པྲཱ་ཏཱིཙྪ་ར་སེ་སྭཱཧཱ། ཞེས་པས་ཞབས་བསིལ་དབུལ་བ་དང་། ཇི་ལྟར་རྙེད་པའི་མཆོད་པ་ལྔའམ། མ་རྙེད་ནའང་ཡིད་ཀྱིས་སྤྲུལ་ནས། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུ~ཾ། ཨོཾ་བཛྲ ་ནཻ་པི་དྱེ་ཧཱུཾ། ཨོཾ་བཛྲེ་ཨཱ་ལོ་ཀཾ་ཧཱུཾ། ཞེས་པས་གོ་རིམས་ཇི་ལྟ་བ་བཞིན་དུ་མཆོད་པ་དབུལ་བ་དང་། སྡིག་པ་བཤད་པ་ལ་སོགས་པ་བྱ་སྟེ། དབང་མེད་བདག་གིས་སྡིག་པ་བགྱིས་པ་དང་། བགྱིད་དུ་སྩལ ་ལམ་རྗེ་སུ་ཡི་རང་གང་། དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི།། སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས།། བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། རྒྱ་ཆེར་འགྲོ་བ་མ་ལུས་པ་ཡི་དོན།། ་སྒྲུབ་པར་མཛད་དང་དེ་ལས་གཞན་པ་ལའང་།། བདག་ནི་གུས་པར་རྗེ་སུ་ཡཽ་རདྭ་ངོ་།། ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་།། བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ།། མ་ལུས་རིགས་ཀྱི ་པད་མའི་ནང་བཞུགས་པའི།། བདེ་བར་གཤེགས་པ་རྣམས་ལ་སྐྱབསུ་མཆི།། བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ།། དམན་པ་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ།། སྲིད་པའི་འབྱོར་པ་ཟིལ་གྱིས་གནོན ་པའི་མཆོག། གསུང་མཆོག་ཆོས་ལ་བདག་ནི་སྐྱབ་སུ་མཆི།། འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་།། བློ་ལྡནྡ་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་པའི།། བརྟུལ་ཞུགས་བཟང་པོའི ་ཚོགས་ལ་སྐྱབསུ་མཆི།། སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལོ། ཞེས་བརྗོད་ཅིང་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བྱ་དང་། གསོལ་བ་གདབ་པ ་དང་དགེ་བའི་རྩ་བ་བསྔོས་པས་དེ་ལྟར་ཚོགས་བསགས་ནོས་བརྟན་པ་དང་གཡོ་བ་ཐམས་ཅད་སྡོང་པོ་ཉིད་དུ་བལྟས་ནས། དེ་བརྟན་པར་བྱེད་པའི་སྔགས་བརྗོད་པ་རཽ་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷཱརྨཿསྭ་བྷཱ ་བ་ཤུདྡྷོ་ཧཾ། དེ་ནས་སྟོང་པའི་ངང་ལས་མཾ་ལྗང་གུ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་ལྟེ་པ་དང་། ཟེ་འབྲུ་མཾ་གིས་མཚན་པ་དང་བཅས་པ་བསམས་ལ།། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི ་སྟེང་དུ་ཏྲྀ་ལས་བྱུང་བའི་བཅོམ་ལྡན་འདས་དེམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་མདོག་གསེར་བཅོམ་ལྟ་བུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ།། ཆོས་འཆད་ཀྱི ་ཕྱག་རྒྱ་ཅན་དུ་བདག་ཉིད་བསྒོམས་ལེ། དེའི་གཡས་ཕྱོགསུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་སྟོན་ཀའི་འདམ་བུ་ལྟར་སེར་སྐྱ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ཀྱི་རྡོ་རྗེ་གཟུང་ནས་སྙིང་གར་ཐལ ་མོ་སྦྱར་བའོ།། གཡོན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་ཆེན་པོ་སྐུ་མདོག་སེར་པོ་གཡས་ན་ནོར་བུ་བཟང་པོ་བསྣམས་པ། མཆན་ཁུང་གཡོན་པས་དུང་ངམ་རྡོ་རྗེ་གཟུང་བ། རྒྱན་ཐམས་ཅད་ཀྱིས་སྤྲས་པའོ།། གཡས ་ཀྱི་མདུན་རོལ་དུ་ཁྱེའུ་མཐའ་ཡས་ཁོ་བོའི་ཆ་བྱད་ཅེན། སྐུ་མདོག་མེ་ཏོག་པ་ལ་ཤ་ལྟ་བུ་གཡས་ན་ཤན་པའི་ཟིངས་གྲི། གཡེན་ན་ཀ་པཱ་ལ་མེ་ཏོག་གི་རིགས་ཀྱིས་བཀང་པ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྦྲུལ ་དཀར་པོའི་མཆོད་ཕྱིར་ཐོགས་པ་འཆང་བའོ།། གཡོན་གྱི་མདུན་རོལ་དུ་བུ་མོ་མཐའ་ཡས་ཞི་བའི་ཆ་བྱད་ཅན་སྐུ་མདོག་དྲང་པོ་མྱུ་གུ་ལྟ་བུ་གཡས་པའི་ཐལ་མོས་ར་གི་གཙོ་བོ་ལ་ཕྱག་འཚལ་བ། གཡོན་པས་པདྨ་ཡུ ་བ་དང་བཅས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་པར་བྱའོ།། དེ་ནས་རླུང་གི་སྙིང་གའི་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་ཏྲཾ་ལས་རྙེད་ཟེར་ཁུ་དོག་ལྔ་པ་ཤིན་ཏུ་གསལ་བ་སྤྲོས་པས་བཅོམ་ལྡན་འདས ་འཁོར་དང་བཅས་པི་མདུན་གྱི་ན་མཁའ་ལ་སྤྱན་དྲངས་ཏེ། མཆོད་པ་རྣམ་པོ་ལྔ་ཕུལ་ནས་དེའི་སྤྱན་སྔར་འཁོར་བ་ཐེག་མ་མེད་པ་ནས་བསྔགས་པའི་སྒྲིབ་པའི་ཚོགས་དག་པར་བྱ་བའི་ཕྱིར་ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་ལ ་དམིགས་ཏེ་བཟླས་བརྗོད་བྱའོ།། བཟླས་པ་རྗོད་བྱེད་པ་མི་མྱུར་མི་དལ་ཞིང་།། ཧ་ཅང་ཆེ་མིན་ཧ་ཅང་ཆུང་བའང་མིན།། སྨྲ་བཞིན་མ་ཡིན་གཞན་དུ་ཡིངས་བཞིན་མིན།། གུག་སྐྱེད་ཀླང་ཀཽར་ཆོག་ས་དྲག་ཉམས་པས ་མིན། འཕགས་པའི་ཡི་གེ་བརྒྱ་པ་ཡི།། རྟོག་པའི་རྒྱལ་པོའི་ཆོ་གུར་བཤད།། སྔགས་ཀྱི་མཐུ་ནི་བསམ་མི་ཁྱབ།། མཐུ་ནི་རྣམ་པ་དུ་མ་མཐོང་།། བཟང་སྤྱོད་ཡི་དམ་བཅས་པ་ཡི།། ཆོ་ག་ཡིས ་ནི་འདི་བཟླས་ནི།། ཐར་པའང་ངེས་པར་སྐྱེད་བྱེད་ན།། འཆི་བ་བསླུ་བ་སྨོས་ཅི་དགོས།། སཽ་ན་མསྟཾ་ཡ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦཱ་དྷཱ་པྲ་ཏི་ཧ་ཏེ་བ་བྷི་དྷརྨྨ་ཏཱ་བ་ལི་ནཱཾ། ཨ་སོ་མ་ས་མ། ས་མནྟ་དོ&ནནྟ་བ་བྷཱི་ཤཱ་ས་ནི ་ཧཱ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་རཱ་གཱ། བུདྡྷ་དྷརྨ་ཏེ། ས་ར་ས་རྱཱ། སཾ་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏཱ་ཡ། བྷ་ག་བཾ་མེ་ཧཱ་བཱ་ར་ལཀྵ་ཏེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིའོ།། ཨོཾ་བཾ་བཛྲ་དྷ་རཱ་ཡེ་སྭཱ་ཧཱ། ་ཨོཾ་མཾ་མ་ཧཱ་བཛྲ་དྷ་ར~ཾ་དྷ་བ་སྭཱ་ཧཱ། ཨོཾ་ཊཾ་ཊ་ཀཽ་ཡི་སྭཱ་ཧཱ། ཨོཾ་ན་ནཾ་དྷི་ཀ་ཡེ་སྭཱ་ཧཱ། འཁོར་རྣམས་ཀྱི་སྔགས་སོ།། འདིའི་ཆོ་ག་ནི་ཡཱར་གྱི་ངོ་ཚེས་བརྒྱད་རྒྱུ་སྐར་བཟང་པོ་དང་ལྡན་པའི་ཞག་ནས་བརྩམས་ཏེ། རང་ཉིད ་ཁྲུས་དང་བསྲུང་བ་ལ་སོགས་པ་སྔར་སྨོས་པ་བཞིན་བྱས་ལ་ཙན་དན་དཀར་པོའི་ཆུས་ཉེ་བར་བྱུགས་པའི་མཎྜ་ལཱ་བྱས་ནས་འདོད་པའི་ལྷ་ལྷ་གྲངས་དང་མཉམ་པའི་མེ་ཏོག་གི་ཚེམ་བུ་ལེགས་པར་བཀོད་ནས། དང་པོར ་བསྙེན་པ་བརྩམ་པར་བྱ་སྟེ། དེའི་འོག་ཏུ་ནི་ལས་ལ་སྦྱར་བར་བྱའོ།། དེ་ནས་ཡང་གཙོ་བོ་ལ་འབུ་མ་བཟླས་ཤིང་འཁོར་རྣམས་ལ་ཁྲི་བཟླས་པར་བྱ་ཞེས་བསམ་གཏན་ཕྱི་མ་ལས་བཤད་དོ།། དེ་ནས་ལས་ཚོགས ་པ་བཤད་པར་བྱ་སྟེ། ལུས་ཀྱི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་སྔགས་པས་གཞན་མི་སྨྲ་བར་རྒྱུ་སྐར་རྒྱལ་གྱི་ཞག་ལ་དཀའ་ཐུབ་ལ་གནས་ཏེ། གཙང་སྦྲའི་སྤྱོད་པས་ཤིང་མྱ་ངན་མེད་ཀྱི་དྲུང་དུ་གདོང་གྱེན་དུ་ཕྱོགས ་པས་སྟོང་ཕྲག་བཅུ་གཉིས་བཟླས་ན་ལས་ཀྱི་སྒྲིབ་པ་ཇི་སྙེད་པ་ཟད་པར་འགྱུར་རོ།། འཆ་ཀར་ཆོ་ག་འདི་ཉིད་བཟླས་ན་བཅོམ་ལྡན་འདས་རྗེ་བཙུན་ཉིད་མདུན་པ་བྱོན་ནས་ཞལ་མངོན་དུ་སྟོན་པར་འགྱུར་རོ།། ཀུན་ཏུ་སྤྱོད་པ ་གཙང་ནས་མཆོད་རྟེན་གྱི་དྲུང་དུ་སྤྱོས་དཀར་པོ་བསྲེགས་ནས་མི་སྨྲ་བར་སྟོང་ཕྲག་བཅུ་བཟླས་ནས།། རལ་གྲི་དང་རྐང་མགྱོགས་དང་། རཱི་ལུ་དང་གནོད་སྦྱིན་མོ་དང་། ལྷ་མ་ཡིན་གྱི་ཕུག་དང་། མིག་སྨན་དང་། ་གཏེར་དང་མི་སྣང་བ་རྣམས་གྲུབ་པོ།། ཆུ་ཀླུང་གི་ནང་གི་ནང་དུ་མགྲིན་པ་མན་ཆེད་ནུབ་པར་ཞུགས་ནས་གཟའ་ཕུར་བུའི་ཞག་ལ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་བཟླས་ནས་འོག་དང་ས་སྟེང་དང་ས་ལ་གསུམ་ལས་རྣམ ་པར་རྒྱལ་བར་འགྱུར་རོ།། སྔར་སྨོས་པ་ལྷར་བསྙེན་པ་བྱས་ཏེ། ཕྱིས་སྒྲུབ་པའི་དུས་སུ་འབྱུང་པོའི་ཉིན་ཞག་གི་ནམ་ཕྱེད་ན་བདུད་རྩི་ལྔ་ལ་སྤངས་པའི་པདྨའི་སྐུད་པ་ལས་སྙིང་པོ་བྱས་ལ། ཆུ་སྲིན་གྱི་ཞག་གིས ་བཀང་བའི་ཐོད་པར་མར་མེ་སྦར་བར་བྱའོ།། དེ་ནས་ཐོད་པ་གསུམ་གྱི་སྒྱེད་པོའི་སྟེང་དུ་བཙུགས་ནས། དེ་ནས་ཐོད་པའི་སྟེང་ན་གནས་པ་སྒྲུབ་པ་པོས་སྔར་སྨོས་པའི་ཆོ་གས་བསྲུང་བར་བྱ་སྟེ། གཙོ་བོའི ་སྔགས་བརྒྱ་ན་བརྒྱུད་བཟླས་པར་བྱུག།། དེ་ནས་དུ་བབླངས་ཏེ་བ་མ་ཏོག་ཏུ་ལེགས་པར་བཞག་ནས་ཚོན་སྣ་ལྔའི་སྐུད་པས་རྒྱུ་ཟམ་དུ་བཅིངས་ཏེ། ཡང་བཱརྒྱ་རྩ་བརྒྱད་བཟླས་ན་དངོས་གྲུབ་གསུམ ་འགྲུབ་པར་འགྱུར་ཏེ། དེ་ཡང་མི་སྣང་བ་ནི་མཆོག་གོ།། སྱའི་འོག་ན་གནས་པའི་གཏེར་མཐོང་བ་ནི་འབྲིང་ངོ་།། རྒྱལ་པོའི་བླ་མོ་དབང་དུ་བྱེད་པོ་ནི་ཐ་མའོ།། དེ་དག་ཀྱང་རང་གི་མིག་ལ་བསྐུ་བའི་སྦྱོར་བའོ།། སྔ་མ ་ལྟར་བསྙེན་པ་བྱས་ལ་བྷཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་སྟེང་དུ་དུག་གིས་ཟིན་པ་བཞག་ལ།། དུག་གཟི་བརྗིད་སེར་པོ་རྣམས་ཀྱིས་མ་ལུས་པ་ཁྱབ་པ་ལ་འཁོར་ལོ་དཀར་པོ་ཉིད་ཀྱིས་འོག་ནས ་མནན་ཏེ། དེའི་འོད་ཟེར་གྱི་ཚོགས་ཀྱིས་འོད་ཟེར་དཀར་པོ་གསལ་པར་བསམ་པ་ནི་དུག་བསལ་བའི་ཆོ་གའོ།། དགོན་པའི་བ་ལང་གི་ལྕི་བ་ལ་སྟོང་ཕྲག་བཟླས་ཏེ། དར་སྔོན་པོ་ཡིས་བཏུམས་ནས་ཚོན་སྣ་ལྔའི་སྐུད ་པས་བཅིངས་ནས་མཆོད་རྟེན་ཆེན་པོ་སྲོག་ཤིང་ལ་བཏགས་ནས་ཇི་སྲིད་མ་གྲོལ་བ་དེ་སྲིད་དུ་སེར་བ་བསྲུང་བར་འགྱུ་རོ།། བག་ཟན་དང་ཙན་དཱན་དམར་པོའི་ཕྱེ་མ་ལ་ཀླུའི་རྒྱལ་པོ་བ་རུ་ཎཱའི་གཟུགས་བརྙན་བྱས་ཏེ། མིན་པའི་ཁུ ་བས་བྱུགས་ལ་དུས་གསུམ་དུ་འབྲས་ཆན་དང་འོ་མ་དང་འབྲས་བུ་གསུམ་གྱི་གཏོར་མི་གཏོང་བཞིན་པས་གོཙོ་བའི་སྔགས་ཀྱི་སྭཱ་ཧཱ་འི། གོང་དུ་ཨོཾ་ནཱ་ག་རཱ་ཛ~ཾ་བ་དྲྀ་ཎཱ་ཡེ་ཤཱི་གྷྲཾ་མུཉྫ་བྷ་རེ་ཤ་ཡ་རཏྣེ་སྭཱཧཱ། ནས་ནམ ་གསུམ་གྱི་བར་དུ་ཉིན་རེ་སྟོང་ཕྲག་བཅུ་བཟླས་ནས་གཟུགས་བརྙན་ཀླུའི་མཚོར་བསྒྲལ་ན་ཆར་འབེབས།། བཅོམ་ལྡན་འདས་ཉིད་ལ་སྤྲུལ་བའི་མེ་དོག་སྙིང་པ་གར་མཁན་གྱི་ཁྱིམ་ནས་བླངས་པའི་མེས་ཁམ་པར ་སར་པ་བཀང་བའི་ནང་དུ་བསྲེགས་ནས་བློ་གྲུབ་མེད་པར་བརྒྱ་རྩ་བརྒྱད་བཟླས་ན་ཆར་འཆུད་པར་འགྱུར་རོ།། གྲོ་ག་འམ་ཆུ་ཤིང་གི་འདབ་མ་ལ་སྔགས་གུར་ཀུམ་གྱིས་བྲིས་ཏེ། སྐར་མ་མེ་བཞི་ལ་སྟོང་རྩ ་བརྒྱད་བཟླས་ནས་མགུལ་དུ་བཏགས་ན་བྱིས་པ་ཆུང་ངུ་བསྲུང་བར་འགྱུར།། རྨ་བྱཱའི་སྒྲོ་འམ་མཐིང་རིལ་གྱི་རྐང་ལ་ལན་སྟོང་ཕྲག་གསུམ་བཟླས་ནས་སྒོ་ཁང་གི་རྟ་བབས་སམ་སྐེ་སྟེང་དུ་བཙུགས་ནས། དེའི ་འོག་ནས་འཛུལ་བའི་སྲོག་ཆགས་རྣམས་ཅིད་ལ་ཡེམས་ཀྱི་ནད་ཀྱིས་མི་ཚུགས་སོ།། ལས་ཚོགས་གཞན་དག་འདིར་གཞུང་མངས་ཀྱིས་རིགས་ནས་མ་དྲིས་སོ།། ལས་དེ་ཐམས་ཅད་ལ་སེམས་ཅན ་ཐམས་ཅད་ལི་བརྩེ་བ་ནི་ཁཱ་སྟོང་གི་མནྟ་དག་སྟེ། རྟོག་པའི་རྒྱལ་པོ་ལ་བརྡྷནྡྷ་ནས།། བླ་མ་མན་དྲུག་དེ་བཞིན་དུ།། གྷོ་རཱམ་ཛཱི་བཞིན་ཟློས་པ་ལས།། མཁས་པ་རྣམས་ཀྱིས་བཟོད་པའི་རིགས། ་སྔོན་དུ་བསྙེན་པ་བྱས་ནས་ནི།། སྔགས་འདི་ཡིས་ནི་ལས་རྣམས་ཀུན།། བཅོནི་ལྡན་འཚོམ་མེད་པ་ཡིས།། འི་གྲིབ་འགྱུར་འདི་ལ་ཇི་ཚིམ་མེང།། དམ་ཚིག་གསུ་མ་བཀོད་པའི་རྒྱལ་པོ ་བརྒྱ་པ་སྒྲུབ་པའི་ཐབ་སློབ་དཔོན་ཆེན་པོ་ཀེ་དྷ་ར་ཎ་དྷིས་མཛད་པ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔ་གོ་མི་འཆི་མིང་དང་། བིང་ཀྱི་ལ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ་