CLOSE WINDOW

GT1524: 'phags pa sgo mtha' yas pas sgrub pa'i gzungs rnam par bshad pa'i tshig le'ur byas pa
Wyliee-texts produced with BDRC’s OCR application

འཕགས་པ་སྒོམ་པ་འམས་པ་སྤྲུན་པའི་གཟུས་བས@#།། རྒྱ་གར་སྐད་དུ། ཨཱརྱ་ཨནནྟ་མུ་ཁ་ནི་ནཱི་ར་དྷཱ་རི་ཎཱི་པྲཱ་ཥྚ་ན་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་སྒོ་མཐའ་ཡས་པསྒྲུབ་པའི་གཟུངས་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོ། ་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། རྫོགས་པའི་སངས་རྒྱས་ཆོས་དང་ནི།། དགེ་འདུན་ལ་ཡང་ཕྱག་འཚལ་ནས།། མཐའ་ཡས་སྒོས་སྒྲུབ་གཟུངས་ཀྱི་དོན།། མདོར་བསྡུས་རྣམ་པར་དབྱེ་བར་བྱ།། རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་ཤེས་བྱ་ཀུན་གྱི་ཡང་དག་ཐུགས་ཆུང ་པའི།། སྤྱོད་ཡུལ་ཟབ་མོའི་གཟུངས་འདི་ཅིག་བདག་འདྲ་ཉོན་མོངས་བློ་ཞན་པ་ཡིས་ག་ལ་ལྕོགས།། དེ་ནི་གནས་མ་ཡིན་པར་ཤིན་ཏུ་མངོན་བཞིན་འོན་ཀྱང་གཟུངས་དོན་རྣམ་པར་དབྱེ་བྱ་བར།། བདག་ནི་དད་པས་གུས་པར་བསྐུལ་ལ་གཞན་དབང་བློ་ཅན་བདག་གིས་མི་བྱས ་ཅི་ཡང་མེད།། འཇིག་རྟེན་མ་ལུས་ཡང་དག་འདོད་པའི་དངོས་པ་སྒྲུབ་པ་སོ།། མཐུ་དང་ལྡན་པ་མ་ཡིན་དམན་ནིང་དོན་ཀྱང་མ་བྱས་པས།། བདག་ནི་མ་བྲས་ཕྱིམ་ལ་ཡང་བླུན་པ་འདི་འདྲ་བར།། འགྱུར་དུ་དགས་ཕྱིར་འང་ཡིས་ལུས་ནི་རབ་ཏུ་དབྱེ་བར་བྱ།། གླེང་བསླང ་དང་གླེང་གཞི་དང་།། འདུས་པ་དང་ནི་དོགས་པ་ལ།། ཡང་དག་བརྟགས་ན་དོན་ཆེན་ཕྱིར།། ཞུ་བ་ལ་ནི་ནན་ཏན་བྱས།། དོན་ཆེན་བས་ན་ཐུབ་པ་ལ།། རྒྱ་ཆེར་མཁྱེན་པར་གསོལ་པ་དང་།། ཐུབ་ལ་གསོལ་པ་འདེབས་པ་དང་།། དམ་བཅའ་མངོན་དུ་ཕྱོགས་བྱ་དང་།། སྒྲུབ ་དང་གཟུངས་ཀྱི་ངོ་བོ་དང་།། དེ་ལ་བསྟོད་དང་ཕན་ཡོན་དང་།། ཐོབ་པའི་ཐབས་དང་ཕན་ཡོན་དང་།། དེ་ནི་སྔོན་འབྱུང་བརྗོད་པ་དང་།། ཆོས་ཀྱི་རྣམ་གྲངས་ཆེ་ཉིད་དང་།། མིང་ཞུས་པ་དང་བྱ་བ་གཉིས།། ཡི་རངས་པ་དང་བསྟན་པ་སྟེ།། འདི་ལས་འདི་ནི་མདོར་བསྡུས་པའོ།། ་བསྒྲུབ་བྱ་བསྒྲུབ་པའི་བྱེ་བྲག་གིས།། གླེང་བསླང་རྣམ་པར་རྒྱུད་དུ་བསྟན།། མདོར་ན་འདི་ལ་བསྒྲུབ་བྱ་གསུམ།། བསྒྲུབ་པ་རྣམ་པ་ལྔར་འདོད་དོ།། གླེང་གཞི་ཐུབ་པས་གསུངས་པ་འདི།། དེ་ཡིས་གདུལ་བའི་དབང་མཛད་ནས།། རྣམ་པ་ལྔ་དང་ལྡན་པ་སྟེ།། ་ཕོངས་པ་རྣམ་པ་གསུམ་དུ་འདོད།། འདི་དག་ལ་སོགས་ཚིག་གིས་ནི།། དེ་དག་བྱིན་གྱིས་བསླབ་པར་བསྟན།། བདུད་གཉིས་དེ་དག་བཅོམ་པ་ཡིས།། གདུལ་བ་ལ་ནི་ཐུགས་བརྩེའི་ཕྱིར།། སྤྲུལ་པའི་སྐུ་ནི་མྱ་ངན་འདས།། འདའ་བར་འདོད་ཀྱི་ཅིག་ཤོས་མིན།། གཏན ་དུ་གནས་པའི་རྒྱུ་ལྡན་པ།། མྱ་ངན་འདའ་བར་ཡང་མི་རིགས།། རྫོགས་སངས་རྒྱས་ཀྱི་མཐུས་བསྟན་པས།། མ་བསྒྲིམས་བསྒྲིམས་དང་བསྒྲིམས་པ་ཡིས།། འཆ་སུ་འགྱུར་བ་གསལ་བའི་ཕྱིར།། བསྡུ་བ་རྣམ་པ་གསུམ་དུ་བཞག། བཙུན་པར་མི་འགྱུར ་བསལ་བའི་ཕྱིར།། ཐུབ་པས་མངོན་དུ་མ་མཛད་དེ།། གུས་པ་སྐྱེས་པར་བྱ་བའི་ཕྱིར།། གདེན་དག་སྡུད་པར་བྱེད་དུ་བཅུག། དེས་གདུལ་དབང་མཛད་བཅོམ་ལྡན་གྱིས།། དེ་གཉིས་མྱ་ངན་འདས་པར་བསྟན།། འདིར་ནི་དེ་སྤྲོས་པ་ཡི་ཕྱིར།། ཡང་ངས་མྱ་ངན་འདས་མ ་ཡིན།། བསྡུ་བ་གསུམ་ལ་བསྐོ་བ་དང་།། བསྐོ་བར་བྱ་བའི་བྱ་བ་དང་།། དེ་ཡི་འབྲས་བུ་གོ་རིམས་དག། བསྟན་པ་ཟད་པ་འདོད་པ་ཡིན།། བྱང་ཆུབ་མཆོག་གི་རིམས་ཡིན་ལ།། བློ་ཞན་ཤེས་གཉེན་དམན་པའི་ལམ་བརྟེན་པ།། གང་དག་དམན་པའི་ལམ་བརྟེན་པ།། དེ་དག་རྣམ་པ་བཞི་དག ་གིས།། མངོན་དུ་ཕྱོགས་པར་མཛད་པ་ན།། མཐའ་དག་ཀྱང་ནི་འདུས་པ་དང་།། ཚེ་བ་ཉིད་ནི་རྒྱལ་བས་བསྟན།། གང་ཞིག་བསྒྲིམས་ཏེ་སྡུད་པ་དང་།། གང་ཡང་སྒྲིམས་ནི་མི་དགོས་ལ།། འཇིག་རྟེན་སྤྱོད་པའི་ཚུལ་གྱིས་འཇུག། གང་ཕྱིར་དེ་བཞིན་གཤེགས་པ་ནི།། སྐྱོན་དང་ཉོན་མོངས ་ཕུང་པོ་བསལ།། དོན་ཀུན་ཡང་དག་མཁྱེན་པ་སྟེ།། དེ་ཕྱིར་རྒྱལ་བ་ཞུ་བར་འོས།། དད་པར་མོས་པ་ལ་སོགས་པས།། གོང་ནས་གོང་དུ་ཐོབ་འི་ཕྱིར།། གདུལ་བྱའི་བསམ་པའི་བྱེ་བྲག་གིས།། དོན་ནི་རྣམ་ལྔ་བསྟན་པ་ཡིན།། སྡུག་བསྔལ་ལ་སོགས་ཡུལ་རྣམས་ལ།། ནེམ་ནུར་བྱེད ་པ་སོམ་ཉིར་བསྟན།། དེ་སྤངས་ས་ཐོབ་འདི་ཡིན་པར།། འདི་ནི་དོན་གྱིས་བསྟན་པ་ཡིན།། ཕྱིར་མི་ལྡོག་པའི་ས་ལ་ནི།། ཐོབ་པ་རྣམ་པ་གཉི་སུ་བསྟན།། སྐྱེ་བ་གཅིག་གིས་ཐོགས་པ་རྣམས།། ས་ནི་རྟེན་བཞིས་ཐོབ་པར་འགྱུར།། སྤྱོད་པ་སྦྱིན་སོགས་ཕ་རོལ་ཕྱིན།། ཚོགས་ཀྱི་རྣམ ་པ་གཉི་སུ་འགྱུར།། གསུམ་ནི་བསོད་ནམས་ཕ་རོལ་ཕྱིན།། ལྷག་མ་ཡེ་ཤེས་གཅིག་ཤེས་གཉིས།། དེས་འདུལ་ཕྱིར་ནི་གནས་པ་དང་།། བསྟན་པ་དོན་ཡོད་མཚུངས་པ་མེད།། སྨོན་ལམ་འབྲས་བུ་འགྲུབ་པ་དང་།། དགའ་དགུར་ཞིང་ནི་སྟོན་པར་བྱེད།། སེམས་ཅན་ལ་སོགས ་རྣམས་དག་ནི།། སེམས་ཅན་ཆོས་དོན་གཉེར་དང་ཞིང་།། རང་བཞིན་བདག་མེད་མཐོང་བ་ཡིན།། དེ་ནི་འདོད་པའི་དོན་གྲུབ་བྱེད།། གདུལ་བྱ་རྣམས་ཀྱི་བྱེ་བྲག་གིས།། ལུས་སོགས་ཡིད་དུ་འོང་བ་གཞག། ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས།། ཚོགས་ཀྱི་གཞི་ཡང་སྐྱེ་བ ་ཡིན།། གཟུངས་ནི་རྣམ་གསུམ་གང་གི་ཕྱིར།། ཚིག་དང་དོན་དང་གཉི་ག་འཛིན།། ལེགས་པ་ལས་ནི་ཉམས་པ་ན།། འཛིན་པར་བྱེད་པས་དེ་ཕྱིར་གཟུངས།། བདག་དང་གཞན་གྱི་དོན་གྲུབ་ཕྱིར།། གཟུངས་ཉིད་སྒོ་མོ་སྒོ་ཡིན་ནོ།། དེ་ལ་འཇུག་པ་དེ་ཤེས་པ།། དེ་ཡང་རྣམ ་བཞིར་བསྟན་པ་ཡིན།། ཞུ་བ་འདི་ནི་མདོར་བསྡུ་ན།། བྱང་ཆུབ་སེམས་དཔའ་ཀུན་ལ་ཡང་།། གང་ལ་ཇི་སྙེད་པོས་ཡིན་པ།། དེ་ལ་དེ་སྙེད་འགྱུར་བ་ཡིན།། ཞུ་བའི་འབྲས་བུ་བློ་ལྡན་གྱིས།། ཞུ་བ་ཉིད་དུ་རབ་ཏུ་གསུངས།། ཡང་ན་འབྲས་དང་ཐ་དད་པར།། སྒྲོ་བཏགས་ཞུ ་པ་ཉིད་དུ་གསུངས།། ཚིག་དང་དོན་དང་གཉི་ག་དང་།། ཐོས་སོགས་ཤེས་པའི་བྱེ་བྲག་དང་།། མངོན་སུམ་རྗེས་དཔག་རྣམ་གཉིས་ཀྱིས།། རྣམ་པར་དག་པས་རྣམ་གསུམ་མོ།། སྤྱོད་པ་ཕ་རོལ་ཕྱིན་བཅུ་དང་།། ཡང་ན་སྟོང་ཉིད་སྐྱོན་མེད་ཉིད།། དེ་ཡི་དག་པས་ཐོབ་པའི ་ན། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ།། སྣོད་ནི་ཁ་བུག་རྡོལ་བ་དང་།། མི་གཙང་བ་ཡི་གཉེན་པོར་རམ།། གཟུ་བོ་ལ་སོགས་ཡོན་ཏན་ལྡན།། ཁྱོད་ཀྱིས་ཉོན་ལ་གཞན་དུ་མིན་གང་ཕྱིར་ཆད་མ་ལྡན་པས་ན།། ཐོག་མ་བོར་དང་ཐ་མར་དགེ། ཆུང་ངུ་འབྲིང་དང ་ཆེན་པོ་ཡི།། ཉེས་པ་རྣམས་ནི་ཟད་བྱེད་དང་།། ཚིག་འབྲུ་དོན་དང་གཉི་ག་ཤེས།། མངོན་སུམ་ལ་སོགས་མི་འགལ་བ།། ཐོས་ལ་སོགས་པས་བློ་བསྐྱེད་དང་།། བདག་སོགས་འབྱོར་པའི་རྒྱུ་ཡིན་ཕྱིར།། དོན་གསོལ་ཞལ་གྱིས་བཞེས་པ་ན།། དེ་ཡིས ་བདག་ཉིད་གསལ་བར་ཕྱོགས།། ཐུབ་པ་སེམས་ཅན་དོན་མཁྱེན་ཕྱིར།། འདིར་ནི་བསྲུང་བ་ལ་སོགས་གསུངས།། ཡང་དག་ཏུ་ན་དེ་ཆོས་ལྡན།། དངོས་པ་ང་བར་ཁས་མི་ལེན།། རྐྱེན་ལས་རག་ལས་འབྱུང་ཕྱིར་ཏེ།། སྒྱུ་མ་རྨི་ལམ་སྨིག་རྒྱུ་བཞིན།། ་དགུག་པར་བྱ་བ་མེད་པས་ན།། ཡང་དག་ཏུ་ན་བདག་མེད་སྟོན།། ཡང་དག་མཁྱེན་ཏེ་ཆོས་རྣམས་ཀུན།། ཐམས་ཅད་དངོས་པོར་འཛིན་མི་མཛད།། ཚད་མ་ལྡན་པ་མ་ཡིན་པ།། ཡོད་མེད་ལ་སོགས་མཚན་ཉིད་དུ།། དེ་ནི་ཆོས་ཀུན་ཁས་མི་ལེན།། དེ་ཕྱིར་མཁས་པ ་འཛིན་མི་བྱེད།། དེ་ཕྱིར་དེ་ནི་སྟོང་པ་མིན།། མི་སྟོང་མ་ཡིན་ཡོད་མེད་མིན།། མི་སྐྱེ་མ་ཡིན་སྐྱེ་མིན་ཞེས།། བྱ་བ་ལ་སོགས་བཅོམ་ལྡན་གསུངས།། བསམ་གཏན་གྱི་ནི་ལམ་འདི་ཡིས།། གསང་སྔགས་ཚིག་རྣམས་བསམས་ན་ནི།། འབྲས་བུ་རྫོགས་པར་འཐོབ ་འགྱུར་གྱི།། འདོད་པ་ཉི་ཚེས་དེ་ལྟ་མིན།། ཚིག་རྣམས་རེ་རེའི་རྣལ་འབྱོར་ལ།། མངོན་དུ་ཕྱོགས་པར་བྱེད་བཞིན་དུ།། གསང་སྔགས་རན་པར་བརྗོད་བྱ་སྟེ།། དེ་ཕྱིར་འདིར་ནི་ཚིག་སྨྲསོ།། ཡི་གེ་རེ་རེ་བསམ་པ་ཡི།། རྣལ་འབྱོར་སུས་ཀྱང་མི་ནུས་ཏེ།། ཚིག་རེ་ནས ་ནི་ངེས་པར་ཡང་།། བརྗོད་པར་བྱས་པས་དེ་སྨོས་སོ།། རྣལ་འབྱོར་མེད་པའི་གསང་སྔགས་འདྲི།། དེ་ལྟར་འབྲས་བུ་སྟོན་མི་འགྱུར།། གསང་སྔགས་ཚིག་ནི་གསང་སྔགས་ཏེ།། དེ་ཕྱིར་རྣལ་འབྱོར་མེད་མི་བྱ།། གསུང་བའི་མིང་ནི་འདོགས་པ་དང་།། ་ཐོབ་པའི་ཐབས་ནི་བསྟན་པ་དང་།། དེས་ཤེས་བྱ་བ་སོགས་ཚིག་གིས།། གཟུངས་ནི་འོག་ནས་འབྱུང་བ་ཉིད།། འདི་ཞེས་གསུངས་པ་བརྗོད་བྱེ་ཡིན།། འཛིན་པ་དོན་ལས་བཞེད་པ་ཡིན།། རློམ་སེམས་མངོན་པར་བཞེད་པ་སྟེ།། མ་དམིགས་ཕྱིར་ན་དེ ་འདིར་མེད།། མི་སྡུག་མ་ཡིན་གཉི་གར་སྡུག། སྡུག་པ་དེ་ཡང་རྣམ་གཉིས་འདོད།། ཆོས་རྣམས་ཐམས་ཅད་ཐོབ་པ་ཡིས།། རྣམ་པ་བཞིར་ནི་བསྡུ་བ་མཛད།། གནོད་སེམས་གཏི་མུག་འདོད་ཆགས་རྣམས།། དེ་ཡི་སྒོ་ནས་འབྱུང་ཕྱི་རོ།། སྤང་བའི་ཐབས་ན ་བསྒྲུབ་པའི་ཕྱིར།། དེ་དག་དངོས་པོ་མེད་པར་བསྟན།། འདི་ལ་ཐོབ་བྱ་རྣམས་ཐོབ་དང་།། དེ་དག་ཉིད་ནི་བསྒོམ་པ་དང་།། སྤང་བྱ་རྣམས་ནི་སྤང་བྱ་དང་།། འཕེལ་བ་ཐམས་ཅད་ཡིན་པར་བཞེད།། དེ་ཕྱིར་རྣལ་འབྱོར་ཅན་དེ་ནི།། ཐོས་བསམ་ལ་སོགས་འབྱུང་བ ་ཡི། ཤེས་པ་རྣམས་ཀྱིས་ནམ་དུ་ཡང་།། འདུས་བྱས་འདུས་མ་བྱས་ཀྱི་ཆོས།། དེ་དག་ཐོབ་སོགས་སྦྱོར་མི་བྱེད།། ཡང་ན་ཆུང་འབྲིང་ཆེན་པོ་ཡི།། སྦྱོར་བ་རྣམས་ཀྱིས་སྦྱོར་མི་བྱེད།། དེ་བཞིན་ཟག་བཅས་སློབ་སོགས་ཀྱི།། ལམ་རྣམས་ཀྱིས་ཀྱང་སྦྱོར་མི་བྱེད།། ་རྒྱུ་དང་རྐྱེན་ནམ་ཆགས་སོགས་ཀྱི།། བག་ཉལ་རྣམས་དང་ལྡན་དེ་དག། འདིར་ནི་མཚུངས་ལྡན་ཞེས་བྱ་སྟེ།། བཟློག་པ་ལས་ནི་ལྡན་པ་མིན།། རྣམ་པ་མེད་པའི་ཤེས་པ་ཡིས།། ཡུལ་ལ་འཛིན་པར་མི་རུང་ངོ་།། རྣམ་པ་ཚད་མ་མིན་ཕྱིར་དང་།། མི་རུང་ཕྱིར ་ནི་ཅིག་ཤོས་མིན།། ལུས་དང་ལུས་མེད་འཕེལ་བ་དེ།། རྫས་དང་རྫས་མེད་རྣམ་པ་གཉིས།། བལྟོས་པར་གནས་པའི་ངོ་བོ་ཕྱིར།། མི་མཐུན་པ་དང་ལྷན་ཅིག་བཤད།། ཡང་དག་དུ་ན་སྐུ་གཉིས་ཀྱི།། རང་བཞིན་མ་མཐོང་གང་ཡིན་པ།། དེ་ཉིད་སངས་རྒྱས ་རྗེས་དྲན་ཏེ།། རྡོག་པ་ཐམས་ཅད་སེལ་བ་ཡིན།། རྐྱེན་ལ་རག་ལས་འབྱུང་བའི་ཕྱིར།། སྒྱུ་མ་བཞིན་དུ་གང་མ་སྐྱེས།། བདེན་པར་བསམས་ན་གཟུགས་ལ་སོགས།། དེ་ནི་དེ་བཞིན་གཤེགས་མ་ཡིན།། དགག་པར་བྱ་བ་མེད་པས་ན།། ཡང་དག་ཏུ་ནི་དགག ་མེད་མངོན།། དེ་ཕྱིར་བརྟགས་ན་གཟུགས་མེད་སོགས།། དེ་ནི་དེ་བཞིན་གཤེགས་མ་ཡིན།། དེས་ན་གཉི་ག་མ་ཡིན་དང་།། ཅིག་ཤོས་དེ་དག་བཀག་ཤེས་བྱ།། དེ་ཡི་ཕྱིར་ན་དེ་གཉིས་ཏེ།། སོ་སོར་དགག་པ་མ་མཛད་དོ།། དེ་ལྟར་རྣམ་རྟོག ་མེད་གྱུར་ན།། ཆོས་ཀྱི་སྐུ་ནི་མཐོང་བ་སྟེ།། སངས་རྒྱས་རྗེས་དྲན་ཀུན་མཁྱེན་གྱི།། ཡོན་ཏན་ཕུན་སུམ་ཚོགས་པའི་གཞི།། ལོངས་སྤྱོད་རྫོགས་པར་མཛད་པའི་སྐུ།། རྣམ་པ་ཉི་ཤུས་བཤད་པ་ཡིན།། ཅིག་ཤོས་བཅོ་བརྒྱད་ཤེས་པར་བྱ།། འདིར ་ནི་དེ་གཉིས་ཕྲིན་ལས་བཞི།། དེ་ཡི་མཛད་པའི་འབྲས་བུ་དྲུག། དེ་དངོས་རྣམ་གཉིས་རྒྱུ་རྣམས་བདུན།། མཉམ་པ་ཉིད་ལ་གནས་ནས་སུ།། དེ་དག་ལ་ནི་བསྒོམ་པར་བྱ།། ཡང་ན་ལོངས་སྤྱོད་རྫོགས་པའི་སྐུ།། རྒྱུ་དང་བཅས་དང་འབྲས་བུར་བཅས།། ་ཡང་དག་དུ་ན་གང་མ་མཐོང་།། དེ་ནི་སངས་རྒྱས་རྗེས་སུ་དྲན།། ལོངས་སྤྱོད་རྫོགས་པའི་ཉི་ཤུ་སྟེ།། འབྲས་བུ་ཉི་ཤུ་གཉིས་སུ་བཞེད།། དེ་ཡི་རྒྱ་ནི་བཅོ་ལྔ་སྟེ།། གང་གི་ཕྱིར་ནི་ནན་ཏན་བྱེད།། ཇི་ལྟར་གང་ལ་བྱེ་བྲག་གིས།། ཟག་བཅས་ཅིག་ཤོས ་བྱེ་བྲག་གིས།། བྱ་བ་རྣམ་གཉིས་ཤེས་པར་བྱ།། ལྷག་མ་དག་ནི་སྔར་བཤད་བཞིན།། སར་པ་འཇུག་པའི་རྒྱུ་ཉིད་ཡིན།། གང་ཚེ་དེ་ལས་མ་ཐོབ་བོ།། སངས་རྒྱས་ཉིད་དུ་གཅིག་ཏུ་ངེས།། སངས་རྒྱས་ཉིད་ཀྱིས་ཐོབ་ལ།། གནས་སྐབས་དག་ནི་ཐམས ་ཅད་དུ།། བདུད་ཀྱི་ལས་ནི་རྣམ་སྤོང་ནི།། གཟུངས་ཀྱིས་ཐོབ་པར་མི་འགྱུར་གང་།། ཐོབ་བྱ་གཞན་ནི་ཅི་ཞིག་ཡོད།། ཡང་ན་དད་པས་མོས་ལ་སོགས།། དབང་དུ་མཛད་དེ་གོ་རིམས་བཞིན།། མིང་རྣམས་ལྔ་པོ་འདི་དག་ནི།། དོན་དང་མཐུན་པར་གསུངས ་པ་ཡིན།། འབྲས་བུ་ཡང་དག་བསྟན་པས་ཀྱང་།། འདུལ་བ་རྣམས་ནི་འཇུག་འགྱུར་ཏེ།། དེ་ཡི་ཕྱིར་ན་ཐུབ་པ་ཡིས།། ཐུགས་རྗེས་ཕན་ཡོན་ཡང་དག་གསུངས།། ཆོས་དང་དད་པས་རྗེས་འབྲང་བའི།། དབང་མཛད་འདི་ཡི་ཕན་ཡོན་གཉིས།། རྒྱལ ་བས་གསུངས་ཏེ་སྔ་མ་སྔ།། ཕྱེ་མ་པོ་ནི་ཕྱི་མ་ཡིན།། ཡང་ན་ཕན་ཡོན་གཉིས་ཀ་ཡང་།། ཆོས་དང་དད་པས་རྗེས་འབྲང་བའི།། ཕྱི་མ་སྔ་མའི་བཏགས་པ་ཡིན།། ཕྱི་མ་ཡི་ནི་གཉིས་ཀ་དངོས།། སྟོབས་དང་ཕ་རོལ་ཕྱིན་ས་དང་།། མི་འཇིགས་ཡོན ་ཏན་ལ་སོགས་པ།། རྣམ་ཐར་སྒོ་དང་རྣམ་ཤེས་དང་།། གཟུངས་སྒོར་བཅས་པ་མཐའ་ཡས་སམ།། དེ་དག་མཐའ་ཡས་ཐབས་རྣམས་ཀྱིས།། བསྒྲུབ་པར་བྱ་བ་གང་ཡིན་པ།། དེ་ཕྱིར་མཐའ་ཡས་སྒོས་སྒྲུབ་པའོ།། གཟུངས་ཞེས་བྱ་བར ་བསྒྲགས་པ་ཡིན།། འདིར་ནི་དོན་གྱི་གཟུངས་ཡིན་པ་འམ།། ཡང་ན་གཟུངས་དོན་སྟོན་པ་ཡི།། ཡི་གེ་ཚོགས་ནི་འདི་ཉིད་ལ།། གཟུངས་ཞེས་བྱ་བར་དགོངས་པ་ཡིན།། ཐོས་སོགས་ལས་བྱུང་ཤེས་པ་རྣམས།། ཆུང་དང་འབྲིང་ལ་སོགས་ལྡན་པ།། ་གཟུངས་ཀྱི་དོན་ནི་ཐོབ་འགྱུར་ནས།། བྱང་ཆུབ་སེམས་དཔར་འགྱུར་བ་གང་།། དེ་དག་ཕྱིར་མི་ལྡོག་ཉིད་དུ། མཚུངས་དེ་དུས་ནི་ཐ་དོད་དོ།། བྱང་ཆུབ་མྱུར་བ་ཉིད་གསུངས་དང་།། དེ་ནི་གཞན་ལས་བལྟོས་ཏེ་དགོངས།། དམིགས་པ་ཐམས ་ཅད་ཡོད་མིན་པ།། འདིར་ནི་དམིགས་པ་མེད་པར་གྲགས།། དམིགས་པ་ཡོད་པ་མ་ཡིན་ཕྱིར།། དམིགས་པ་མེད་པའང་རིགས་ལྡན་མིན།། གང་ཚེ་འདི་ལ་དམིགས་མེད་པའི།། སྤྱོད་པ་ཆེན་པོ་ཡོད་གྱུར་ན།། དེ་ཉིད་ཡང་དག་ཤེས་དེའི་ཕྱིར།། ། ་དེ་ལས་མི་འགྲུབ་ཅི་ཞིག་ཡོད།། ཁྱོད་ཀྱི་ཉེས་པ་མ་ལུས་པ།། སྤོང་བ་སངས་རྒྱས་རྗེས་དྲན་ཉིད།། དེ་ཡི་གཉེན་པོ་ཡིན་པས་ནཱ།། དེ་ཕྱིར་ཅི་བདེར་བསྒོམ་པར་གྱིས།། འཁོར་གསུམ་རྣམ་པར་དག་པའི་ཕྱིར།། ་སྦྱིན་པ་ལ་སོགས་མཆོད་དང་ལྡན།། ཡང་དག་རྫོགས་པའི་བྱང་ཆུབ་རྒྱུའི།། ཁྱད་པར་འདི་ལས་ཐོབ་པར་འགྱུར།། འདིར་ནི་ཐུབ་པའི་དབང་པོ་ཡིས།། ཡི་གེའི་དོན་དང་གཉི་ག་ཡི།། གཟུངས་ཀྱི་ཕན་ཡོན་བཀའ་སྩལ་ཏེ།། ཅི་རིགས ་བྱར་ནི་སྦྱར་བར་ཟད།། ཡང་ན་ཕན་ཡོན་ཐམས་ཅད་ཀྱང་།། གཟུགས་རྣམས་ཀུན་ལ་བཤད་བྱ་སྟེ།། ཁ་ཅིག་དག་ནི་དུས་གཞན་ལས་དགོངས་པ་ཙམ་དུ་ཟད་པ་ཡིན།། མཉམ་ཉིད་ཅེས་བྱ་དུས་དང་དོན།། གང་ཟག་གཞན་ཞེས་བྱ་བ་ཡི།། ་དགོངས་པ་རྣམས་ཀྱིས་ཐུབ་པའི་གསུངས།། ཅི་རིགས་པར་ནི་རྟོགས་པར་བྱ།། གཟུངས་ཞེས་བྱ་འདིར་ཁ་ཅིག་ཏུ།། མགོན་པོ་ཐུགས་རྗེ་ཅན་གྱི་ནི།། གཟུངས་ཞེས་པ་ནི་ཆེན་པོ་ཡི།། ཆེན་པོའང་ཡིན་པར་བཀའ་སྩལ་ཏོ།། གསང་སྔགས ་ཚིག་ནི་སྔ་མ་ཡིས།། བསྲུང་བའི་ཆོ་ག་འདི་བྱས་ལ།། གཙང་མས་འདུ་དང་ཚོགས་སྤངས་ཤིང་།། ལུས་ཀྱི་འདུ་འཛི་སྤང་བྱ་སྟེ།། དེ་ནི་རྟོག་པའི་དྲ་བ་ཡི།། རྒྱུན་རྣམས་མ་ལུས་སྤངས་ན་ནི།། སངས་རྒྱས་རྗེསུ་དྲན་པ་ཙམ།། རབ་ཏུ ་བསྒོམ་པ་གུས་བྱས་ལས།། སེམས་ནི་རྩེ་གཅིག་བྱས་ན་སུ།། སངས་རྒྱས་རྗེསུ་དྲན་པ་ནི།། དེ་ནི་ཆོ་ག་བཞིན་དུ་བསྒོམ།། སྐྱེ་བར་གྱུར་ན་བློ་ཅན་གྱིས།། དེར་གནས་སེམས་ཀྱིས་དུས་བཏུང་ངོ་།། བློ་ཅན་དེ་ལྟར་སྒོམ་བྱེད་པ།། དེ་ལ་ཞག ་བདུན་ཐ་མར་ནི།། སངས་རྒྱས་བྱེ་བ་བརྒྱད་ཅུ་རྣམས།། དེ་ཡི་འོག་ཏུ་གཟུངས་སྦྱིན་མཛད།། གསང་སྔགས་ཚིག་ནི་རེ་རེ་ཞིང་།། སངས་རྒྱས་བྱེ་བ་བྱིན་བརླབས་ལ།། དེས་ཀྱང་སྔར་ནི་དེ་དག་གིས།། བཟླས་ནས་བསྲུང་སོགས་ཕུན་ཚོགས ་བྱས། དེ་ཕྱིར་སངས་རྒྱས་བྱ་བ་ནི།། བརྒྱད་ཅུས་དེ་ལ་གཟུངས་སྦྱིན་མཛད།། ཡང་ན་དགུ་བཅུས་ལེས་ཐོས་ལྟར།། བསྒོམས་མཐུ་དེ་ནི་འདི་འདྲའོ།། གཟུངས་སོགས་བསམ་པ་བསམ་བྱ་ཡིན།། གཟུངས་མེད་སོགས་པ་བསམ་བྱ་མིན།། ་ཡང་ན་སྤྲུལ་བསམ་བསམ་བྱ་ཡིན།། ཡང་ན་བསམ་བྱ་བསམ་བྱ་མིན།། དངོས་སམ་བསམ་བྱ་བསམ་བྱ་མིན།། བཟོད་ནས་མ་སྐྱེས་པས་མེད་ཕྱིར།། བསམ་པ་དེ་དག་བསམ་མི་བྱ།། ཆོས་དབྱིངས་སེམས་ཤིག་དེ་ལ་ཡང་།། ལོག་པར ་བསམ་པར་མི་བྱའོ།། དེ་ལྟར་ཞག་བདུན་སེམས་ན་ནི།། དེ་ཡི་འོག་ཏུ་གཟུངས་ཐོབ་འགྱུར།། བློ་ལྡན་ཅི་འདྲ་གང་དུ་དང་།། ཇི་ལྟར་གནས་དང་གང་བསྒོམ་གང་།། གང་བྱས་པས་ནི་ཐོབ་འགྱུར་བ།། དེ་ནི་བཞི་པ་རྣམས་ཀྱིས་བསྟན། ་ཁྲིམས་ལྡན་ཏཱི་ཡཽ་མི་མཐུན་ཕྱོགས།། གཉིས་འགྲོ་དེ་ཡི་འཕེལ་བྱེད་ལྡན།། ཉེས་པ་དང་ནི་ཕན་ཡོན་རྣམས།། བསྟན་པས་དེ་ལ་འཛུད་པར་བྱེད།། སྔར་བསྟན་པཱ་ཡི་དོན་ཉིད་ནི།། ཆོས་ཀྱི་རྗེས་འབྲང་ཆེད་དུ་སྟེ།། རིག་པ་ཕན་ཡོན་བྱེ། ་བྲག་གིས།། ཚིགས་བཅད་རྣམས་ཀྱིས་ཡང་བསྟན་ཏོ།། མགོན་སོགས་གནས་ཤིང་ཟབ་མོ་ལ།། ཆོས་རྣམས་ལ་ནི་ལེགས་པར་སྤྱོད།། རྙེད་དང་བཀུར་སྟི་ཚིག་བཅད་ལ།། ལྷག་པར་ཆགས་མེད་བརྟུལ་ཞུགས་ཅན།། རྟག་ཏུ ་སྡུག་པའི་དངོས་པོ་ཀུན།། འབྲས་བུ་ལ་ནི་མི་ལྟ་འམ།། འཛིན་མེད་སེམས་ཀྱིས་གཏོད་བྱེད་པས།། གཟུངས་ནི་ཐོབ་པར་འགྱུར་བ་ཡིན།། དང་པོ་གནས་ཡིན་དེ་ནས་ལས།། དེ་ནས་རྙེད་སོགས་ཚོལ་བ་སྤོང་།། དེར་ཡང་མ ་ཟད་ཐམས་ཅད་ལ།། མི་ལྟ་བར་ཡང་གཏོང་བར་བྱེད།། དོན་ཅིག་རྟོགས་ནས་ཀུན་ཤེས་ན།། བརྒྱད་ཅེས་བྱ་བས་ཅི་ཞིག་བྱ།། ཡི་གེ་སོ་སོའི་དོན་ཤེས་ན།། འདི་ཡང་ཧ་ཅང་ཉུངས་པ་ཡིན།། བསྟན་བྱ་སྟོན་པ་ཉན་པ་ཡིན།། ངོ་བོ་དེ་ཉིད་རྣམ ་གསུམ་བསྟན།། རྒྱ་ལས་བསྟན་བྱ་གང་ཡིན་དེ།། རྣམ་གཉིས་ཐམས་ཅད་རྣམ་པ་གཅིག། ཡི་གེ་འབྲུ་བརྒྱད་འདི་དག་ནི།། བྱང་ཆུབ་སེམས་དཔའ་མཁས་ལྡན་པ།། བརྒྱད་པོ་དག་གི་ཏིང་འཛིན་རྣམས།། མོས་པ་ཡིན་པར་ཐུབ་པས ་གསུངས།། དེ་ཡི་དོན་ནི་བསྒོམས་པ་ལ།། དེ་ཀུན་མངོན་དུ་ཕྱོགས་པར་གནས།། གཟུངས་ནི་ཐོབ་པར་བྱ་བའི་ཕྱིར།། ཀུན་ཏུ་བརྩོན་པར་རབ་ཏུ་བྱེད།། བྱང་ཆུབ་སེམས་དཔའ་རྣམས་དང་ནི།། སྤངས་རྒྱས་རྣམས་དང་གནོད་སྦྱིན་རྣམ ་རིམ་བཞིན་བཀོད་པའི་དཀྱིལ་འཁོར་འདི།། རྨི་ལམ་དུ་ན་བསྟན་པ་ཡིན།། པདྨའི་རྒྱལ་པོ་དཀར་པོ་ཞིག། འདབ་མ་བརྒྱད་པ་ཡིད་དུ་འོང་།། དེ་དབུས་ཐུབ་པ་མཚུངས་མེད་པ།། བུམ་པ་དང་ནི་བཅས་པར་གཞག། འདབ་བརྒྱད ་དག་ལ་ཐུབ་པའི་སྲས།། རྣམ་པར་སྣང་བྱེད་སོགས་བརྒྱད་ཀུན།། བུམ་པ་དང་ནི་རང་རང་ཀུན།། ཡི་གེ་ས་བོན་ལྡན་པར་དགོད།། འདབ་མ་རྣམས་ཀྱི་བར་དག་ཏུ།། གནོད་སྦྱིན་བརྒྱད་གཞག་ཆོ་ག་གཅིག། ཆོ་ག་གཞན ་ཡང་དེ་བཞིན་དུ།། ཚོན་ཕྱེ་སྣ་ལྔས་གྲུ་བཞིར་བྲིས།། མཁས་པས་དེ་དབུས་ཐུབ་པ་ནི།། པདྨ་དཀར་པོ་དེ་བརྒྱད་ལ།། བུམ་པ་ཆུས་བཀང་ལྡན་པར་གཞག། དེ་བཞིན་ཐུབ་སྲས་དེ་དག་ཀྱང་།། པདྨ་གདན་བཅས་ཆུ་བུམ་བཅས།། ཕྱོགས ་བཞི་དག་ཏུ་གཉིས་གཉིས་དགོད་།། ཕྱོགས་ཀུན་བྱང་ཆུབ་སེམས་དཔའ་ཡི།། བར་དུ་གནོད་སྦྱིན་དེ་དག་དགོད།། དཀར་པོའི་སྟན་ལ་འཁོད་རྣམསོ།། སློབ་མ་གཙང་མ་ཡོན་ཏན་ཅན།། གཟུངས་བསྒོམ་རྣལ་འབྱོར་གྲུབ་འདོད་ལ།། ་བུམ་པ་དེ་དག་གིས་དབང་བསྐུར།། དེ་ལྟར་རྨི་ལམ་བསྟན་པ་ཡིན།། ཆོ་ག་བདག་གིས་གསལ་བརྗོད་ལ།། བདག་ཉིད་ལེགས་དྲན་བྱ་ཕྱིར་གྱི།། མངོན་པའི་ང་རྒྱལ་ཅུང་ཟད་མེད།། དམ་པའི་དོན་དུ་སྟོང་པ་དང་།། སྟོང་མིན་ལ ་སོགས་ཆོས་རྣམས་ཀུན།། ངོ་བོ་ཉིད་མེད་རྣམས་ཤེས་པ།། ཁོང་དུ་ཆུད་ཕྱིར་དང་པོར་བཞེད།། ལོངས་སྤྱོད་རྫོགས་པའི་སྐུ་དང་ནི།། སྤྲུལ་པའི་སྐུ་གཉིས་ལས་སྐུར་བསྟན།། དེ་གཉིས་འཇིག་རྟེན་དོན་འབྱོར་པ།། མ་ལུས ་ཕྱིར་ནི་མཛད་ཕྱིར་རོ།། ཀུན་རྫོབ་དུ་དང་དོན་དམ་པར།། མཚན་དང་མཚན་མེད་ལ་སོགས་པའི།། སྐུ་གཉིས་རྣམ་པར་ཤེས་པ་ནི།། ཁོང་དུ་ཆུད་ཕྱིར་གཞན་དུ་བཞེད།། བྱིས་པ་དང་ནི་མཁས་པའི་ཆོས།། དྲི་མ་ཅན་དང་དྲི་མ་མེད།། ་མི་སྟོང་མིན་སོགས་སྟོང་མིན་སོགས།། ཇི་བཞིན་གཉིས་ནི་བསྟན་པ་ཡིན།། དེ་ཡི་འཇུག་པ་རྣམ་པར་ཤེས།། ཁོང་དུ་ཆུད་པ་མངོན་སུམ་བྱེད།། སུམ་པ་འདི་ནི་མཁས་པ་ཡིས།། དེ་ལྟ་བུར་ནི་ཤེས་པར་བྱ།། སྐྱེ་སོགས་སྐྱེ་བ ་མེད་སོགས་ཀྱིས།། འཇུག་པ་སྐྱེ་བ་མེད་པ་དང་།། འགག་མེད་ཤེས་པ་གང་ཡིན་དེ།། ཁོང་དུ་ཆུད་ཕྱིར་གཞན་དུ་བཞེད།། སྔ་མ་ཇི་ལྟར་སྣང་བར་ཏེ།། ཕྱི་མ་དམ་པའི་དོན་དུ་ཡིན།། དེ་ལྟར་གང་གང་དོན་ཤེས་པ།། ཁོང ་དུ་ཆུང་ཕྱིར་ལྔ་པར་བཞེད།། ཡང་ན་ཡང་དག་མིན་སྣང་ཕྱིར།། དེ་གཉིས་ངོ་བོ་ཉིད་མེད་ཉིད།། དེ་ལྟར་ཡང་དག་དོན་ཤེས་པ།། ཁོང་དུ་ཆུད་ཕྱིར་ལྔ་པར་བཞིད།། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི།། སྟོང་པ་ཉིད་ལ་སོགས་པ་ཡི།། ཆེས ་ཀྱི་དབྱིངས་ནི་འདི་ཤེས་པ།། རྟོགས་ཕྱིར་དྲུག་པ་འདིར་བཞེད་དོ།། ཡང་ན་གཟུངས་ཆོས་རྣམ་གྲངས་ཀྱི།། སྟོང་པ་ཉིད་ལ་སོགས་པ་ཉིད།། ཆོས་དབྱིངས་ཡིན་པར་རྣམ་ཤེས་པ།། ཁོང་དུ་ཆུད་ཕྱིར་དྲུག་པར་བཞེད།། ངོ་བོ་ཉིད་སོགས་རྣམ ་རྟོག་པ།། སྤང་བའི་ཐབས་ནི་གདུལ་རྣམས་ལ།། བསྟན་པར་བྱ་ཕྱིར་མགོན་རྣམས་ཀྱིས།། སྟོང་ཉིད་ལ་སོགས་བསྟན་པ་མཛད།། ཞི་གནས་ལ་སོགས་ཉིད་ཡིན་ཞེས།། ཆོས་རྣམས་ཐམས་ཅད་མདོར་བསྡུད་དེ།། དེ་དག་དེ་བཞིན་ཉིད ་ཤེས་པ།། ཁོང་དུ་ཆུད་ཕྱིར་བདུན་པར་བཞེད།། ཀུན་རྫོབ་ཏུ་ནི་ཆོས་རྣམས་ཀུན།། སྐད་ཅིག་པ་གང་དེ་དག་ནི།། གཟོད་ནས་ཞི་ཕྱིར་དོན་དམ་དུ།། ཟད་མེད་ལ་སོགས་བྱེ་བྲག་བསྟན།། མངོན་ཞེན་རྣམ་གསུམི་སྤང་བའི་ཕྱིར།། ཟད་མེད ་ལ་སོགས་བྱེ་བྲག་གམ།། ཡང་ན་ཁམས་ཀྱི་བྱེ་བྲག་གིས།། རྣམ་པ་གསུམ་དུ་གསུངས་པ་ཡིན།། ཆོས་ཀུན་མྱ་ངན་འདས་པ་གང་།། དེ་འདིར་དེ་བཞིན་ཉིད་དུ་བསྟན།། དེ་ལ་འཇུག་པ་རྟོགས་པ་སྟེ།། དེ་རྟོགས་ཕྱིར་ན་བརྒྱད་པར ་བཞེད།། དེས་ནི་བསོད་ནམས་བསྐྱེད་པ་ན།། གཟུངས་སམ་ཡང་ན་ཡི་གེ་ཡི།། དོན་ལ་གང་གིས་འཇུག་འགྱུར་བ།། དོན་རྟོགས་དེ་ནི་གསུམ་དུ་བསྟན།། ཐོས་པར་འདོད་པས་ཉིན་རེ་ཞིང་།། ལྷག་པར་རྗེ་སུ་དྲན་པར་བྱེད།། གཟུངས་ནི་བསོད་ནམ ་ཆུང་ངུ་ཡིས།། ཤིན་ཏུ་ཐོས་པར་མི་འགྱུར་རོ།། བྱེ་བྲག་ལ་ནི་དགོངས་པའི་ཕྱིར།། བརྩོན་པ་ཡི་ནི་ཚིག་ཀྱང་གསུངས།། དེ་ཕྱིར་ཁྲུས་སོགས་སྔར་བྱས་ལ།། ཀླག་པ་ལ་སོགས་དེ་དག་བྱ།། དེ་ནི་སྦྱིན་པ་ལ་སོགས་ལ།། རྟག་ཏུ་ཡང་དག ་དགའ་སོགས་དང་།། དེ་ནི་བདག་མེད་ལ་འཇུག་བྱོ།། ཡང་ན་དེ་དག་ཉིད་ལ་འཇུག། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ།། ཞུགས་པ་དག་ལ་སོགས་པ་དེ།། ཡང་དག་དགའ་བ་ལ་སོགས་བྱ།། ཡང་ན་གཟུངས་ལ་གཞུག་པར་བྱ།། དོན་ནི ་སྔར་ཡང་བཤད་མོད་ཀྱི།། ཆོས་ཀྱི་རྗེསུ་འབྲང་བའི་ཕྱིར།། རིགས་པ་ཕན་ཡོན་བྱེ་བྲག་གིས།། ཚིགསུ་བཅད་པ་གཉིས་ཀྱིས་བསྟན།། གཟུངས་ལ་བརྩོན་པའི་རྣལ་འབྱོར་པ།། ཐོབ་བྱ་མ་ཐོབ་པར་དུ་ཡང་།། ཕན་ཡོན་རྣམ་པ་བཞི ་པོ་དག། བཞི་པོ་གསུམ་གྱིས་ཐོབ་པར་འགྱུར།། མངོན་འབྱུང་བ་ནི་མདོར་བསྡུ་ན།། རྣམ་པ་དགུར་ནི་བསྟན་པར་མཛད།། རྣམ་པ་མང་པོར་དབྱེ་བ་ཡོད།། ཆགས་བྲལ་སློབ་དང་མི་སློབ་དང་།། བསེ་རུ་ལ་སོགས་རྒྱལ་བའི་སྲས།། དེ ་ངག་གིས་ཤེས་ལམ་ལས་འདས།། གྲངས་མེད་ལ་སོགས་བསྟན་པ་ཡིན།། གི་ཞལ་བྱའི་དངོས་པོ་བྱེ་བྲག་དག། གོ་བྱེད་གྲགས་དང་སྟོད་གཞལ་དང་།། ཀུན་ནས་གཞལ་དང་ཚད་ཅེས་བྱ།། དེ་དག་མེད་ཕྱིར་དེ་སྐད་བསྟན།། སྔ་མ ་སྔ་མ་སྒྲུབ་པ་ཡི།། གཏན་ཚིགས་ཕྱི་མ་ཕྱི་མ་ཡིན།། ཡང་ན་ལ་ལ་སྔར་མ་ཐོས།། གང་ཡང་རུང་བས་དོན་དེ་སྟོན།། གདུལ་བྱའི་དོན་ནི་རབ་བསྒྲུབ་ཕྱིར།། ཡེ་ཤེས་སྤངས་པའི་རང་བཞིན་ཉིད།། ཅི་འདྲ་དེ་ནི་རྒྱུ་དང ་བཅས།། ཕུན་སུམ་ཚོགས་གཉིས་བསྟོད་པ་གསུངས།། སྟོན་པ་རྣམས་གཉིས་གང་གིས་ཐོབ།། ཅི་འདྲ་དེ་ཡི་ལམ་རྣམ་གཉིས།། གང་དག་ལ་ནི་དེ་གནས་དང་།། དེ་དང་ལྡན་པར་སྟོན་པར་བྱེད།། འཇིག་རྟེན་ཚེ་ནི་དཔག་མེད་ཆེ།། ཐུབ་པ ་ཆེན་པོ་སྐྱེས་པ་དེ།། ཡོངསུ་མྱ་ངན་འདས་པ་ཡི།། དུས་བབ་པ་ནི་དེ་འདྲའོ།། དེ་ཡི་རྒྱུ་ནི་སྤངས་པའི་ཕྱིར།། དེས་ནི་དམུགས་ཉིད་དེ་མ་བསྟན།། དངོས་པོའི་ངོ་བོ་ཉིད་ཤེས་པས།། དགའ་བ་རྣམ་གསུམ་སྤང་བར་བྱ།། འཇིག་རྟེན་ཁམས ་གཞན་སངས་རྒྱས་རྣམས།། སྣང་བ་ཐོབ་པ་དེས་མཐོང་སྟེ།། ཆོས་བསྟན་པ་ནི་ཐོས་སོ་ཞེས།། བྱས་པའི་ཆོས་ལ་ཉེས་པ་མེད།། ཡང་ན་བློ་བཟང་འཇིག་རྟེན་ཁམས།། འདི་གཞན་སངས་རྒྱས་བཞུགས་པ་མཐོང་།། བསྟན་པ་འབྱུང་ལ ་བརྟེན་ནས་ནི།། ཅིག་ཅར་སྐྱེ་བ་འགག་པ་ཡིན།། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས།། བསྔོན་དེ་དགུ་བཅུ་ལས་ཐོས་པ།། དེས་ན་ཆོས་ཀྱི་དེ་ཁོ་ན།། བསྟན་པ་ཐབས་དང་བཅས་པ་བརྗོད།། འདི་ལས་ཆོས་ནི་ནན་ཏན་དུ།། ལེགས ་བསྒྲུབ་ཉམ་སུ་ལེན་པར་བསྟན།། ཡང་ན་འཛིན་པ་ལ་སོགས་པ།། ཡོན་ཏན་བསྐྱེད་པར་འགྱུར་བ་ཡིན།། སངས་རྒྱས་གཞན་དག་མ་ཡིན་ཞེས།། དེ་ཡི་མཚན་ནི་སྨོས་པ་མཛད།། དེས་ན་ཐུབ་པ་བཞུགས་པ་ནི།། འཇིག་རྟེན་ཕན་ཕྱིར ་ཉིད་དུ་བསྟན།། སྡོམ་བརྩོན་ཚུལ་ཁྲིམས་ལྡན་པ་དང་།། གཞན་དོན་གཞོལ་བས་རྩོལ་བ་ལས།། གཟུངས་ནི་ཐོབ་པར་ཐུབ་པ་དེས།། རབ་ཏུ་བྱུང་དང་ལྡན་པས་བསྟན།། མོད་ལ་ཞེས་བྱ་དེ་མ་ཐག། ཡང་ན་ཅིག་ཅར་འབྱུང་བ ་ཡིན།། དགུ་བཅུ་ཞེས་བྱ་བ་ལ་སོགས་ཚིག། དེ་ནི་དུས་གཞན་དགོངས་པ་ཡིན།། ཕུལ་ཕྱིན་ཡོན་ཏན་ལྡན་པ་ཡི།། གཟུངས་ནི་ཐོབ་པར་འགྱུར་བའི་ཕྱིར།། བདེ་བར་གཤེགས་པའི་སྲས་པོ་དེ།། གཟུངས་ཐོབ་རྣམས་ཀྱི་མཆོག ་ཡིན་ནོ།། ཡེ་ཤེས་ཁྱད་འཕགས་འབྲེལ་པ་དང་།། ཡོན་ཏན་ཕུལ་ཕྱིན་ལྡན་པའི་ཕྱིར།། དེ་ནི་གཟུངས་ཚིག་ལྡན་རྣམས་ཀྱིས།། མཆོག་ཏུ་རྒྱལ་བ་རྣམས་ཀྱིས་བསྟན།། སྤོབས་པ་རྒྱུན་མི་ཆད་པ་རྣམས།། སོ་སོ་ཡང་དག་རིག ་ཐོབ་རྣམས།། དེ་དག་ཕུལ་ཕྱིན་ལྡན་པའི་ཕྱིར།། དེ་དང་རྒྱལ་སྲས་དེ་མཆོག་གོ། དེ་དག་གིས་གསུངས་ཚུལ་ཁྲིམས་ནི།། བསྒྲུབ་པ་མཉེས་བྱེད་རུང་བར་འདོད།། བསྐལ་པ་གསུམ་དུ་ཚོགས་རྣམས་ནི།། ཡོངསུ་རྫོགས་བྱས་བྱང ་ཆུབ་ཐོབ།། དངོས་པོ་སྟོང་པས་འདོད་མི་བྱ།། ཚད་མ་དང་ཡང་འགལ་བའི་ཕྱིར།། མི་མཐུན་བློ་ནི་མི་བསྐྱེད་ཅིང་།། ཅིས་ཀྱང་ཇི་ཙམ་མི་བྱའོ།། ཐོས་བྱ་ལ་སོགས་ཤེས་པ་འམ།། ཡང་ན་ཚད་མ་གསུམ་པོ་ཡིས།། ཡོངས་སུ ་བཅད་པར་མི་རུང་ཕྱིར།། སོམ་ཉི་ལ་སོགས་ཚིག་གསུམ་སྨོས།། སྤྱིར་བསྟན་པ་ནི་ཡོད་མེད་ཀྱི།། འོན་ཀྱང་བདག་གི་འབྲས་བུར་བཤད།། འདི་ནི་མཚོན་པ་ཁོ་ན་སྟེ།། མདོ་ཡི་ཚིག་གི་མངོན་པ་ཡིན།། དེ་ནི་མི་ལྡོག་ས་ཡི་དང་།། ་རྫོགས་པའི་སངས་རྒྱས་གཉིས་བྱ་ཡི།། རྒྱུར་འགྱུར་བས་ནི་དེ་ཡི་ཕྱིར།། དེ་ཡིས་བྱང་ཆུབ་མྱུར་དུ་ཐོབ།། དོན་དང་ཡི་གེ་གཉིས་ཀ་ལས།། འདི་ནི་ཀུན་ཆུབ་བྱེད་པར་བསྟན།། ཐོས་བསམ་ལ་སོགས་ཐམས་ཅད ་དང་།། ཡང་ན་ཡི་གེར་འདྲིར་སོགས་ཀུན།། རིགས་པས་འགལ་བ་མ་ཡིན་དང་།། ཡང་ན་ཇི་སྐད་ཐོས་པ་བཞིན།། ཡིད་ལ་བྱེད་པ་གང་ཡིན་པ།། དེ་ནི་ཚུལ་བཞིན་ཡད་བྱེད་ཡིན།། དོན་དང་ཡི་གེའི་སྒོ་ནས་འདི།། རྒྱ་ཆེར་ཡང ་ངག་སྟོན་པར་བྱེད།། ཡང་ན་རྣམ་པ་ཐམས་ཅད་དུ།། གཟུངས་འདི་ཡང་དག་སྟོན་པར་བྱེད།། དེ་ཡི་དེ་ནི་བདག་ཉིད་ཀྱིས།། ཚད་མསོ་ཤེས་པར་མི་ནུས་ལ།། གཞན་དག་གིས་ནི་བསྟན་ན་ཡང་།། དེ་ནི་བསམ་པར་མི་ནུསོ།། ཤེས་བྱ་མ་ལུས ་ཁྱབ་པའི་ཕྱིར།། འདྲེན་པ་རྣམས་ཀྱི་དེ་ཚད་དེ།། མངོན་སུམ་ཡོངསུ་མཁྱེན་པ་དང་།། དགོངས་པ་ཡང་ནི་སྤྱོད་པ་ཡིན།། བློ་རྨོངས་རྣམས་དང་མ་འདུས་དང་།། སྐྱེ་བོ་བློ་ནི་གཡེངས་རྣམས་ཕྱིར།། དོན་དེ་ཚིགསུ་བཅང་རྣམས་ཀྱིས།། ཐུབ ་པ་ཡིས་ནི་བཟླས་ཏེ་གསུངས།། གཞི་དང་རྫས་བཟང་མང་པོ་དང་།། ཡོངསུ་བཀང་བའི་བྱེ་བྲག་གིས།། སྦྱིན་པར་བྱ་བའི་ཁྱད་ལས་འདི།། སྦྱིན་པ་ཁྱད་པར་འབོགས་པར་བསྟན།། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ།། མངོན་པར་བརྩོན ་པ་གང་ཡིན་པ།། དེ་ནི་གཟུངས་ལ་བརྩོན་ཞེས་བྱ།། དེ་ལྟར་སྐབས་ཀྱིས་མངོན་པ་ཡིན།། ལུས་དང་ངགདོང་བློ་གྲོས་ལ།། སྟོབས་དང་གཟི་བརྗོད་རབོ་རྣོ་བ།། རིམ་བཞིན་གཟི་བརྗིད་ཤེས་པར་བྱ།། ལུས་ཀྱི་སྒྲ་ངེས་ལུས་གནས་བསྡུ། ་ལས་འདི་རྣམ་གསུམ་བྱེ་བྲག་གིས།། བསྲུང་སྐྱོབ་སྦེད་གསུངས་ཡང་ན་ནི།། གང་ཕྱིར་གནམ་བསྐོས་ལ་སོགས་པའི།། བྱེ་བྲག་གིས་ནི་གནོད་པ་གསུམ།། ཡང་ན་བདག་གཞན་རྐྱེན་གྱུར་ལས།། གནོད་པ་རྣམ་གསུམ་ཤེས་པར་བྱ།། སེམས ་ཅན་སེམས་ཅན་མིང་བགྲང་བའི།། བྱེ་བྲག་གིས་ན་གཞན་གཉིས་བསྟན།། མངོན་དུ་ཕྱོགས་པར་བྱ་བ་གཉིས།། འོང་བར་བྱ་བའི་ཕྱིར་གསུངས་ཏེ།། གཅིག་གིས་སྤྲོ་བ་བྱ་བ་བསྟན།། གཉིས་ཀྱིས་དེ་དག་གུས་པ་སྟེ།། གནོད་སྦྱིན་རྣམས ་ནི་གདང་བྱའི་ཕྱིར།། འཆག་པ་བསུ་པོའི་བསམ་པར་བསྟན།། དེ་ལྟར་མིན་དུ་ཟིན་ན་ནི།། དེ་ཡིས་ལྷག་པ་ཅི་ཞིག་བསྟན།། དེ་ལྟར་དོན་དུ་གཉེར་ཤེས་ནས།། འོང་བར་སྤྲོ་བའི་སེམས་ལྡན་རྣམས།། སྤྲོ་བའི་མཐུ་ལ་དམིགས་ནས་ནི།། དེ་དག ་ངེས་པར་འོང་བར་འགྱུར།། གནོད་སྦྱིན་དེ་དག་ལྷགས་ནས་ནི།། བསྟན་བཞིན་བརྟུལ་ཞུགས་སྦྱོང་དེ་ལ།། མྱུར་དུ་གཟུངས་ཀྱི་སྒོ་རྣམས་ནི།། ཐེ་ཚོམ་མེད་པར་སྟོན་པར་བྱེད།། ཡན་ལག་ཀུན་གྱི་གཙོ་བོ་སྦྱིན།། བསྙད་པའི་དེ་དག་བློ་དགའ་བས ་ལྤགས་པ་ཡིན་ཏེ་དེ་དག་ལས།། འབྲས་བུར་འགྱུར་བར་ཐེ་ཚོམ་མེད།། ཡི་གེ་བརྒྱད་པོ་དེ་དག་ནི།། བྱང་ཆུབ་སེམས་དཔའ་བརྒྱད་པོ་ཡིན།། དེ་ཕྱིར་དོན་དེ་བསྒོམས་པ་ལ།། དེ་དག་ཐམས་ཅད་ཕན་འདོག་སོ།། གཞན་ལ་ཕན་འདོག ་ཞུགས་པའི་ཕྱིར།། སྨོན་ལམ་སྟོབས་ཀྱིས་དེ་དག་རྣམས།། དེ་དང་དེར་ནི་སྐྱེད་བྱེད་པ།། གང་ཡིན་དེ་ལ་ཐེ་ཚོམ་མེད།། སེམས་དཔའ་ཞེས་ནི་གསུངས་པ་འདི།། སེམས་ནི་སྙིང་རྗེས་བརླན་རྣམས་ཀྱིས།། ཕན་པར་བྱ་བ་འདོད་པའི ་བློས།། སྙིང་བརྩེ་ནས་ནི་བལྟས་པ་ཡིན།། རྒྱལ་བའི་སྲས་པོ་དེ་དག་ནི།། ཕན་པའི་ཉེ་བར་བསྒྲུབ་པ་དང་།། གནོད་པ་མེད་པར་སྦྱང་བ་ཡིས།། གཟུངས་ཐོབ་བྱ་ཕྱིར་མངོན་པར་བརྩོན།། གཟུངས་ལ་བརྩོན་བྱང་གང་ཞེམ།། ་གང་ཞིག་ཉན་སེམས་རྗེས་ཡི་རང་།། འདྲི་དང་ལུང་ནོད་འདོན་ལ་སོགས།། སྟོན་པའི་ཚུལ་གྱིས་བརྩོན་བྱེད་པའོ།། གཟུངས་བསྐྱེད་ཆོ་ག་རྒྱལ་བ་ཡིས།། བདག་གཞན་ལྟོས་ལོས་འདས་ཏེ་གསུངས།། སྟོན་པ་ལ་སོགས་བྱེ་བྲག་གིས།། ་གཞན་ནི་རྣམ་པ་གསུམ་དུ་འགྱུར།། ཆོས་དང་ཟང་ཟིང་བྱེ་བྲག་ལས།། བགོ་བཤའ་རྣམ་པ་གཉིསུ་བསྟོན།། ཆུང་དང་ཉུང་དང་མང་པོ་ནི།། རྫས་དང་གྲངས་དང་གཉི་གར་བསྟན།། གཟུངས་དོན་བསྟན་པ་ཡིན་མོད་ཀྱི།། འོན་ཀྱང་སྤྱིར་ཡང ་བསྟན་པ་མཛད།། བྱས་གཟོ་ལ་སོགས་གཞན་དུ་ཡང་།། བྱ་བའི་ཕྱིར་ན་གསུངས་པ་ཡིན།། འདིར་ནི་གཙོ་བོར་ཐུབ་པ་ཡིས།། འབྲས་བུ་གཉིས་སུ་བསྟན་པ་ཡིན།། མཐོ་རིས་ལ་སོགས་འབྲས་བུ་ནི།། གཞན་བསྟན་པ་ལས་རྟོགས ་པར་འགྱུར།། བདག་དང་གཞན་དོན་རིམ་བཞིན་དུ།། ཞུས་པོ་དང་ནི་དགོས་པ་བསྟན།། ཡང་ན་དོན་ནི་ཆེ་བའི་ཕྱིར།། ཚིག་གཉིས་ཀྱིས་ནི་བཟླས་ཏེ་ཞུས།། འདི་ནི་གོ་རིམས་ཁོ་ན་བཞིན།། རྒྱུ་དང་འབྲས་བུའི་དངོས་པོ་ཡིས།། མིང་ནི ་རྣམ་པ་བཞིར་མཛད་དེ།། དེ་ཕྱིར་མིང་ཉུང་ལྷག་པ་མེད།། ལུགས་འབྱུང་ལུགས་འབྱུང་མ་ཡིན་ལས།། སྒྲུབ་དང་བསྒྲུབ་བྱའི་དངོས་པོ་ཡིས།། མིང་ནི་རྣམ་པ་བཞིར་མཛད་ཏེ།། དེ་ཕྱིར་མི་ཉུང་ལྷག་པ་མེད།། ཡང་ན་ཡོན་ཏན་ཐམས་ཅད་དང་། ་ཡེ་ཤེས་ཕུན་སུམ་སྤྱོང་ཕུན་སུམ།། ཁྱད་པར་འཕགས་པ་ཕུན་སུམ་གྱི།། རྟེན་ན་དེ་ཉིད་ཡིན་པའི་ཕྱིར་རོ།། ཐུབ་པའི་གསུང་ལས་འཇིག་རྟེན་གྱི།། དོན་ཆེན་སྐྱེས་པ་མཐོང་གྱུར་ནས།། སེམས་ན་རངས་པར་གྱུར་པའི་ཕྱིར།། མཁས ་རྣམས་མངོན་པར་སྟོན་པར་བྱེད།། ཐུབ་པའི་གསུང་ལས་རྐྱེན་རྐྱེན་དུ།། ཁྱད་པར་ཐོབ་པར་གྱུར་ནས་ནི།། ཡིད་ཀྱང་དགའ་བར་གྱུར་པའི་ཕྱིར།། མཁསྔོ་པས་ཁ་ཅིག་མངོན་པར་བསྟོད།། གསལ་ཞིང་དྲི་མེད་ཡོན་ཏན་ལྡན་པ ་ཤིན་ཏུ་གཏིང་དཔག་དཀའ་བས་ཉམས་དགའ་གཟུངས་སྔགས་འདི།། བདག་འདྲ་ཉོན་མོངས་ཤིན་ཏུ་བློ་ཞན་བཞིན་དུ་བདག་གིས་ཆ་ལོང་རྣམ་པར་ཕྱེ་བ་ཡི།། བསོད་ནམས་ཕུང་པོ་ཕལ་ཆེན་རྣམས་ལ་ཕན་པ་རྙེད་པའི་མཐུ་ཅན་ཐོབ ་པ་གང་ཡིན་པ།། དེ་དག་ཐམས་ཅད་ཀྱིས་ནི་འགྲོ་བ་འདི་དག་ཀུན་གྱི་ཡེ་ཤེས་སྙིང་པོ་རྟག་ཏུ་འཆང་བར་ཤོག། འཕགས་པ་སྒྲོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་རྣམ་པར་བཤད་པ་ཚིག་ལེའུར་བྱས་པ།། སློབ་དཔོན་ཡེ་ཤེས་སྙིང ་པོས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པྲཛྙཱ་པདྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་