| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་མུཁའ་ཌ་དྷ་ར་བྱཱ་ཁྱ། ་བོད་སྐད་དུ། འཕགས་པ་སྒོ་དགེ་པའི་གཟུངས་ཀྱི་རྣམ་པར ་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གཟུངས་འདི་ནི་དོན་དྲུག་ལ་བརྩམས ་ནས་གསུངས་པར་མངོན་ཏེ། ཤེས་རབ་ཡོངས་སུ་རྫོགས་པ་དང་། སྙིང་རྗེའི་སྟོབས་རྣམ་པར་དག་པ་དང་། རང་གི་རྒྱུད་རྣམ ་པར་དག་པ་དང་། གཞན་གྱིས་བསྒྲུབས་པའི་གེགས་ཡོངས་སུ་ཤེས་པ་དང་། བྱང་ཆུབ་ཀྱི་ཚོགས་ཀུན་ཏུ་སྡུད་པ་དང་དེའི་འབྲས་བུ ་ཡང་དག་པའི་ཡས་དང་དེ་བཞིན་ཉིད།། རྣམ་གྲངས་གཞན་ཡང་སྡུག་བསྔལ་བའི་དུས་དང་། བདེ་བའི་དུས་ན་སན་གྱི་ཁམས་འཛིན་པ་དང་། བདག་དང་གཞན་ལས་ཚོགས་ཀྱི་བར་ཆད་ཡོངསུ ་སྤོང་བ་དང་། ཚོགས་ཀྱི་རྣམ་པ་ཐཾད་སོགས་པ་དང་། ཚོགས་བསགས་པ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོ་ཌ་བ་ལས་བརྩམས་ནས་བསྟན་ཏོ།། རྣམ་གྲངས ་གཞན་དུའང་རྟོ་ཌ་ཏེ། ཐད་མཁྱེན་པ་ཉིད་ལས་ལྡོག་པའི་རྒྱུ་ནི་དྲུག་སྟེ། སེན་ལ་མི་ཕྱོ་ཌ་ཤིང་འཁོར་པོའི་སྡུག་བསྔལ་ལ་ཇི་སྙེ་བ་མེད་པ་དང་། འཇིག་རྟེན་པའི་ཕུན་སུ་ཚེ་ཌ་པ་དག་ལ་ཀུན་ཏུ་འཛིན་པཱི་སེམས ་ཉི་དང་། ཉོན་མོངས་པ་དང་ལས་ཀྱི་སྒྲུབ་པ་སོ་ཌ་པ་དང་། མི་དགེ་བའོ་གྲོ་ཌ་པོས་ཡོངསུ་བསྐྱོད་པའི་རྗེསུ་འཇུག་པ་དང་། ཚོ་ཌ་མ་བསགས་པ་ཉིད་ང། སྲིད་པའི་ཕུན་སུམ་ཚོ་ཌ་བ་ལ་གཞོལ་བཱི་སམྦ་ཟང་ཟིང་དང ་བཅས་པ་ཉིད་དེ། དེའི་གཉེན་པར་གོ་རམ་བཞིན་དུ་སྒོ་དྲུག་པ་དག་རིག་པར་བྱའོ།། དང་པོ་དང་གཉིས་པས་ནི་སྡུག་བསྔལ་བ་དང་བདེ་བའི་གནས་སྐབས་ན། སེམས་ཅན་ཡོངསུ་མ་གཏོང་བས་སེམས་ཅན་ཡོངསུ་སྦྱིན་པར་བྱེད་པ ་བསྟན་ཏོ།། ལྔ་པས་ནི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱེདདོ།། གསུམ་པ་དང་བཞི་པས་ནི་བགེགས་སེལ་བས་བདག་ཉིད་ཀྱིས་བསྒྲུབ་པར་ནུས་པ་ཉིད།། དྲུག་པས་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་འབྲས་བུ་ཆོས་ཀྱི་སྐུ་ཞེས ་བྱ་བ་ཕུལ་དུ་དེ་བྱུང་དུ་མེད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཉེ་བར་གནས་པའི་ཕྱིར་འཁོར་བའི་མཐའ་ཇི་སྲིད་པ་ཡིན་པར་རིག་པར་བྱའོ།། རྣམ་པ་གཅིག་ཏུ་ན་རྣམ་གྲངས་གཞན་ཡང་བསམ་པ་ཡོང་སུ་དག་པ་རྣམ་པ་བཞིས་ཡོང ་སྲོ་བསྟན་ཏེ། ཆོས་ལ་བདག་མེད་པོར་རབ་ཏུ་རྟོགས་པས། སེམས་ཅན་ལོག་པར་ཞུགས་པ་རྣམས་དང་། འཁོར་བའི་སྡུག་བསྔལ་རྣམས་ཀྱིས་མི་གཡོས་པ་ཉིད་དང་། ཕུན་སུམ་ཚོགས་པའི་དུས་ན་སེམས་ཅན་ལ་ལྟ་བ་དང་བཅས་པ་ལ་ཀུན་ཏུ་རྨོངས་པ་མི་འབྱུང ་དང་། མ་དག་པའི་རྒྱུ་གནས་ངན་ལེན་གྱི་འབྲས་བུ་སྐྱེད་པའི་མཐུ་དང་མི་མཐུན་པར་བྱེད་པ་དང་། དེ་ཡོང་སུ་རྟས་པར་བྱེད་པའི་རྒྱུ་ཡོངསུ་སྤོང་བསོ།། སྦྱོར་བ་རྣམ་པར་དག་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་ལ་སྦྱོར་བར་བྱེད་པའོ།། བསམ་པ་རྣམ་པར ་པའི་འབྲས་བུ་ནི་བླ་ན་མེད་པའི་ཡེ་ཤེསོ།། སྦྱོར་བ་རྣམ་པར་དག་པའི་འབྲས་བུ་ནི། རྣམ་པར་གྲོལ་བ་སྟེ་གནས་གྱུར་པའོ།། བླ་ན་མེད་པའི་ཡེ་ཤེས་དང་། རྣམ་པར་གྲོལ་བ་ནི་སྦྱོར་བ། རྣམ་པར་དགེ་པའི་འབྲས་བུ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི ་བ་འཇིག་རྟེན་པ་འམ་འཇིག་རྟེན་ལས་འདས་པའང་རུང་གང་ཅི་ཡོད་པ་དེ་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་གསུང་བའི་ཕྱིརརོ།། ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་རྫོགས་ན། བསམ་པ་འབའ་ཞིག་གིས་བླ་ན་མེད་པའི་ཡེ་ཤེས ་བསྐྱེད་མི་ནུས་པའི་ཕྱིར་དེ། ཕ་རོལ་ཏུ་ཕྱིན་པའི་འབྲས་བུར་བཤད་དེ། རིགས་མཐུན་པའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཉིད་བསམ་པ་རྣམ་པར་དག་པའི་འབྲས་བུར་རིག་སོ།། དེ་གཉིས་ཀའི་འབྲས་བུ་ནི་གཉིས་ཀ་སྟེ་བསམ་པ་དང་སྦྱོར་བ་ཅིག་ལ་གཅིག་བལྟོས་པ ་གཉིས་ཤིན་ཏུ་མཐར་ཐུག་པའི་ཕྱིརརོ།། ཚོགས་ཐམས་ཅད་མི་དམིགས་པའི་རྣམ་པར་ཡོངསུ་བསྒོམས་པས་ཡོངསུ་བསྔོས་པའི་དབང་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གཞན་རྣམས་ཀྱང་འཕོ་བ་སྟེ་རྒྱུ་ཡིན་པའི ་ཕྱིར་རོ།། དེ་ལྟ་མ་ཡིན་ན་ནི་བསམ་པ་ཡོངསུ་སྦྱངས་པ་འབྲས་བུ་མེད་པ་ཁོ་ནར་འགྱུར་རོ།། དེ་གཉིས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡི་ནོ།། རྒྱུ་རྣམ་པ་གཉིས་ཀྱང་ཤེས་རབ་དང་སྙིང་རྗེ་མཉམ་པ་ཉིད་ཀྱིས་ཡོངསུ་ཟིན་པ་སྟེ། རྣམ་པ་དེ་ཉིད་ཀྱིས་ཡང ་དག་པར་བསྒྲུབས་པའི་ཕྱིར་རོ།། ཡོན་ཏན་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བར་བྱའོ།། དེ་ལྟ་བས་ན་འདི་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ཆེན་པོ་ཞེས་བྱའོ།། དེ་ལྟར་རྣམ་པ་དྲུག་པོ་བདག་གིས ་བསྒོམས་པ་དེ་དག་གི་ཕན་ཡོན་རྣམ་པ་དྲུག་ཁོང་དུ་ཆུད་པར་བྱ་སྟེ་གོ་རིམ་བཞིན་ནོ།། དགེ་བའི་རྩ་བ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བར་འཁོར་བ་ན་སྡུག་བསྔལ་སྲབ་མོར་མྱོང་བར་འགྱུར་ཏེ་དེས་ཡོངས་སུ་གཏུགས་པར་མི་འགྱུར་བ་དང་། ་ཟད་མི་ཤེས་པ་དང་རྒྱ་ཆེ་བའི་རྒྱན་གྱིས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་ཞིང་སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་དང་། སྒྲིབ་པ་མེད་པར་དགེ་བའི་རྩ་བ་རྣམས་མྱུར་དུ་ཡང་དག་པར་སྣང་པར་བྱེད་ལ ་དགེ་བ་ལ་ཀུན་ཏུ་དགའ་ཞིང་དགེ་བ་ལ་མོས་པ་དང་། བྱང་ཆུབ་སེམས་དཔའ་ལ་འཁྲུལ་པ་ཤིན་ཏུ་ཕྲ་བ་ཡང་མི་སྣང་ཞིང་རབ་ཏུ་རྟོགས་པས་སེལ་བ་དང་། མྱུར་དུ་ཚོགས་ཡོངསུ་རྫོགས་པར་བྱེད་ཅིང་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་པའི་ཏིང་ངེ་འཛིན་ཀྱང ་ཐོབ་པ་དང་། འཇིག་རྟེན་ཇི་ཙམ་པ་དང་། སེམས་ཅན་ཇི་སྙེད་དེ་ཙམ་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སྣང་སྟེ་དེ་ཡང་བསྒྲུབ་པོ།། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ།། སློབ་དཔོན་དབྱིག་གཉེན་གྱི་མཛད་པ་རྫོགས་སོ།། ། ་