| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་ས་ཧ་སཱ་པྲ་མརྡ་ནི ་ས་ཧ་སྶ་ཏྲ་ཊཱི་ཀཱ། བོད་སྐད་དུ། སྟོང་ཆེན་མོ་རབ་ཏུ་འཇོམས ་པའི་མདོའི་འབུམ་འགྲེལ་ལོ།། སྟོང་ཆེན་པོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ།། ཐམས་ཅད་མཁྱེན་དང་། ་ཐམས་ཅད་དགའ།། སྐྱེ་འགྲོ་ཀུན་གྱི་བླ་མ་ཉིད།། དངོས་གྲུབ་ཐོབ་པ་ཕྱག་འཚལ་ནས།། ཉུང་ངུ་བསྡུས་ཏེ་ཡང་དག་དགྲོལ ་སྟོང་ཆེན་རབ་འཇོམས་མདོ་སྡེ་ཡང་།། འབུམ་འགྲེལ་བདག་གིས་བཤད་པར་བྱ།། འདི་སྐད་བདག་གིས་ཐོས་པ་ཞེས་བྱ ་ནི་འདི་སྐད་ཅེས་བྱ་བ་ནི་སྒྲོ་སྐུར་དང་བྲལ་བའོ།། བདག་གིས་ཐོས་པ་ཞེས་བྱ་བ་ནི་ཀུན་དགའ་བོའོ།། ། གླེགས་མེད་དམ་ཞེ་ན། ཉན་ཐོས་ལ་སོགས་པ་ཐབས་གངྒཱ ་ཏུ་ཐོས་པའོ།། སུ་ལ་ཐོས་ན་བཅོམ་ལྡན་འདས་ལའོ།། གང་ཐོས་ན་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ་འདི་ཐོས་པའོ།། སུས་ཐོས་ན་ཀུན་དགའ་བོས་ཐོས།། དུས་གཅིག་ན་ཞེས་བྱ་བ ་སྒྲ་ནི་དོན་གཉིས་ལ་འཇུག་སྟེ། སྡུད་པ་པོ་ཤེས་རབ་ཆེ་བར་གོ་བ་དང་། དམ་པའི་ཆོས་འབྱུང་བར་དཀོན་པའི་དོན་ཏོ།། སྟོན་པ་ནི་བཅོམ་ལྡན་འདསོ།། བཅོམ་ལྡན་འདས་ཞེས་བྱ། ་བ་ནི། བཅོམ་པ་ནི་བཞི་བཅོམ།། བཞི་ནི་དགའོ།། དག་ནི་བདུད་བཞིའོ།། བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི ་བདུད་དང་བཞིའོ།། གང་གི་དུས་ན་བཅོམ་ཞེ་ན། རྡོ་རྗེ་གདན་ལ་བཞུགས་པའི་དུས་སུའོ།། ལྡན་པ་ཞེས་བྱ་བ་ནི།། སྐལ་བ་དང་ལྡན་པས་ན་བཅོམ་ལྡན་འདས་སོ།། འདས་ཞེས་བྱ་བ་ནི། མྱ་ངན་ལས་འངསོ།། འདས་པ་ནི་གང་གི་དུས ་ན་འདས་ཤེ་ན། དཔྱིད་ཟླ་ར་བའི་གནམ་སྟོང་གི་ནུབ་མོ།། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་འཁོར་བཞི་ལ་སོགས་པ་ལ་ཞལ་ཆེམས་ཕོག་པ་ལ་ང་མྱ་ངན་ལས་འདས་པའི་འོག་ཏུ། ངའི་ཆོས་འདི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ལ། བསྡུ ་བ་གྱིས་ཤིག་ཅེས་གསུངས་སོ།། དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་དེའི་ཕྱི་དེ་དབྱར་ཀ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། བཀའ་བགྲོས་མཛད་དེ། སྡུད་པ་པོ་སླ་ལ་དོན་བསྡུ་བ་མཛད་དོ།། དེ་ནས་ལོ་བརྒྱ་ཉི་ཤུ་ན། དགྲ་བཅོམ་པ་ལྔ ་བརྒྱ་འདུས་ཏེ་རྒྱལ་པོ་མ་སྐྱེས་དགྲས་ཡོན་བདག་བྱས་ཏེ་ཚིག་བསྡུ་བ་མཛད་དོ།། དེའི་ཚེ་སངས་རྒྱས་ཀྱིས་གསུངས་པ་ལ་མ་གསུངས་ཟེར་བ་དང་། མ་གསུངས་པ་ལ་གསུངས་ཟེར་བ་བྱུང་ངོ་།། དེ་ནས་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བགྲོས ་པ་ད་ལྷའི་དུས་སུ་བདག་ཅག་བཅོམ་ལྡན་འདས་ལ་དངོས་སུ་ཐོས་པ་རྣམས་ཀྱང་མ་མཐུན་ན། ཕྱི་རབས་པ་ཐམས་ཅད་སྒྲོ་སྐུར་འབའ་ཞིག་ཏུ་འབྱུང་བས། སངས་རྒྱས་ཀྱི་བཀའ་རྟགས་སུ་རྒྱ་རྣམ་གསུམ་གདབ་པར་བྱའོ།། སྡོམ་པའི་ཚིགསུ་བཅད་། ་རྒྱདག་དཔེ་གཙོ་གྱི་རྒྱ་དང་། ཆོས་རྟགས་ཀྱི་ཕྱག་རྒྱ་བཞིའི་རྒྱས་བཏབ་པ་ལ།། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདིར་ནི་དགེ་བ་གསུམ་དང་། བཀའ་རྟགས་ཀྱི་ཕྱག་རྒྱ་བཞིས་རྒྱས་བཏབ་པའོ།། ཀྱེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ངས་བཤད ་ཆོས་ཐམས་ཅད་ཐུག་པ་གསུམ་དུ་བཤད་ཀྱང་། ཐེག་པ་ནི་གཅིག་ཡིན་པར་གསུས་སོ།། དེ་ནས་ཤཱ་རིའི་དུས་ལངས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་མན་ཟས་ཕྱག་འཚལ་ཏེ། རིའི་བུས་བཀའ་སྩ ་དུ་གསོལ་ཞེས་ཞུས་སོ།། བཅོམ་ལྡན་འདས་ཐེག་པ་ནི་གསུམ་ཞེས་བྱ་བར་གསུངས་ན། ཐེག་པ་གཅིག་ཡིན་ཞེས་བྱ་བ་ནི་འགལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འམ་རིགས་ཀྱི་བུ་ཉོན་ཅིག། དཔེར་ན་སྔོན་གྱི ་དུས་སུ་མི་རྒན་པོ་གཅིག་ཡོད་དེ། ཤིན་ཏུ་ཕྱུག་པ་ནོར་དང་ཡོང་བྱང་ཕུན་སུམ་ཚོགས་པ། རྣམ་ཐོས་སྲས་ཀྱི་ནོར་ཇི་ཙམ་ཡོད་པ་དེ་ཙམ་ཡོད་དེ། རྒན་པོ་དེའི་བུ་དགྲས་ཁྱེར་ནས་མ་རྙེད་དོ།། རྒན་མོ་དེས་མྱ་ངན་བྱས་པས་རང་གི་ཡུལ་ཏུ་མ་བསྡང ་པར་གཞན་གྱི་ཡུལ་ཏུ་འཕོས་ནས་ཡུལ་གཞན་ཅིག་ཏུ་བསྡད་དོ།། ལ་མང་པོ་ལོན་ནས་དུས་གཅིག་ན་བུ་དེ་ཤིན་ཏུ་ལྟོགས་པ་སྤང་ལོང་དུ་སོང་ནས་པའི་གན་དུ་བླངས་པས་ཕ་ངོ་མ་ཤེས་ཏེ། ཕས་ངོ་ཤེས་ཏེ་བུ་འདིར་ཤོག་ཅེས་བྱས ་པས། བུ་འཇིགས་པས་བྲོས་སོ།། ཕ་ན་རེ་ཕ་གི་བྲོས་པ་དེའི་བུ་ཡིན། འདིར་ཁྲིད་ལ་ཤོག་བྱས་པས་མི་བཟུང་བས་བུ་དེ་བརྒྱ་ལ། ཁ་ནས་དབུགས་ཀྱང་མ་ཐོན། འཆི་བའི་དུས་ལ་བབ་པས། ཕྲ་འདི་ཐོང་ཞིག་བྱས་པས་བུ་དེ་ལངས་ནས ་སོང་ངོ་།། ཕྱིས་བུ་དེའི་གྲོགས་པོ་དང་ནམ་ཞིག་ཏུ་གཉིས་བོས་སོ།། ནམ་ཞིག་ཏུ་བུ་དེ་ཡང་བྱུང་ངོ་།། གྲོགས་པོ་མེད་པར་འབྱུང་ངོ་།། ཁྱིམ་དེར་ཡང་བསྡད་ངོ་དོ།། ནམ་ཞིག་ན་ཕ་ན་རེ་ཁྱོད་བུར་བྱ་ང་ཕར་བྱ་ཟེར་རོ།། བུ་ན་རེ་རུང་ཟེར་ཞག ་གཅིག་གཉིས་ན་ལོར་སོང་ནས་བུ་ལ་སྨྲས་སོ།། རྒན་པོ་ན་རེ་ཚོང་དཔོན་ཕུན་སུམ་ཚོགས་པ་ཡིན་ཟེར། ཡུལ་གེ་ཤམ་པ་ཡིན། བུའི་མིང་དྲི་མ་མེད་པ་ཡིན་དེ་ཟེར་བ་དང་བུས་པའི་པ་ཡིན་པར་འདུག། ངའི་ཁྱིམ་ཡིན་པར་འདུག་སེམ ་ནས་ཐོ་བརྟན་ནོ།། དཔེ་དེ་བཞིན་དུ་ཐེག་པ་གཅིག་ཞེས་བྱའོ།། དེ་སྐད་བྱས་ནས་མྱ་ངན་ལས་འདས་སོ།། དུས་ནི་དཔྱིད་ཟླ་ར་བའི་ཚེས་གཅིག་ལ་འདས་སོ།། བཅོམ་ལྡན་འདས་ཞེས་བྱ་བའོ།། རྒྱལ་པོའི་ཁབ་ཅེས་བྱ་བ་ནི་དནྡ་ཀའི་གྲོང་ཁྱེར ་དང་། ཀ་ལིང་ཀིའི་གྲོང་ཁྱེར་དང་། མ་ག་དྷའི་གྲོང་ཁྱེར་དང་གསུམ་ཡོད་པ་ལས། མ་ག་དྷའི་གྲོང་ཁྱེར་ན་དྲང་སྲོང་སྦོམ་ཆེན་ཞིག་ཡེད་པ་ལ་བྱིས་པ་ཞིག་གིས་གནོད་པ་བྱས་པས།། དྲང་སྲོང་གི་ཁ་ནས་མེ་བྱུང་བས། གྲོང་ཁྱེར་གསུམ་པོ་ཚིག་པས ་དུར་ཁྲོད་གསུམ་དུ་གྱུར། དེའི་ཚེ་ལྷའི་བུ་ཤེད་ལས་སྐྱེས་དང་ཤེད་བུ་གྲོགས་གཉིས་བྱུང་སྟེ། འཇིག་རྟེན་གྱི་མི་རྣམས་བྱུང་སྟེ། དང་པོ་ལྷའི་ཞལ་ཟས་བདུད་རྩི་ཟ། གཉིས་པ་བདུད་རྩིས་ཞག་ཟ། དེ་གཉིས་ཀྱང་གསོག་འཇོག་གིས་ནུབ་སྟེ། ་གསུམ་པ་འབྲས་ས་ལུའི་ལྡང་བ་ཟ། དེའི་ཚེ་མི་རྣམས་འབྲས་ས་ལུའི་ལྡང་བ་ལ་མ་མཐུན་ནས། མི་རྣམས་ཀྱིས་འདུས་ནས་མདུན་མ་བྱས་པས། འོ་ཅག་རྣམས་ལ་དཔོན་པོ་ཞིག་དགོས་པར་འདུག་བྱས་ནས་ཡོད་པས། དེའི་ཚེ་ཤིང་ཞིག་ལས ་སྒྲ་བྱུང་སྟེ། ཤིང་གི་ལྦ་བ་བཅང་པས་རིན་པོ་ཆེ་བཻ་ཌཱུརྱ་གདུང་ཤ་རི་རམ་འདྲ་བ་ཞིག་བྱུང་། དེའི་ནང་ནས་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བ་བྱུང་ངོ་།། དེའི་མཚན་ཉིད་ནི་དབུས་སྒྲ་ཨིནྡྲ་ནཱི་ལྷར་འདུག་པ། སོ་དུང་སོ་འཁོར་བར་འདུག་པ། ་འགྲོ་བ་སེང་ག་འདྲ་བ། སྤྱན་དཀར་མདངས་ཕྱེད་པ་གཟི་མ་རིང་བ་སྐུ་ཆུ་ཞིང་གབ་པ། འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་ཞིག་བྱུང་ངོ་།། དེར་ཁྲིམས་བཅས་ཏེ། མི་རྣམས་ཀྱིས་བསོད་ནམས་བརྟག་པར་བྱ་བའི་ཕྱིར། འབྲས་ས་ལུ་ལྡང་བ་བགོས་སོ།། ་ལྷག་མའི་དཔྱིད་པ་ལ་མེ་མི་བཏང་བའི་ཁྲིམས་བཅས་སོ།། དེ་ནས་དུས་ནམ་ཞིག་ན།། རྒྱལ་པོའི་བཙུན་མོས་མ་ཤོར་བས། རྒྱལ་པོ་ན་རེ་རང་གི་ཁྲིམས་རང་གིས་བཤིག་ཏུ་མི་བཏུབ་པས། བྱ་རྒོད་ཕུང་པོའི་རིའི་ནུབ་ཕྱོགསུ་ངའི་ཁྱིམ ་ག་རྩིགས་ཤིག་གསུངས་ངོ་།། དེ་ནས་བརྩིགས་པས་ཉིན་མོ་བརྩིགས་པས་ནུབ་མོ་ཞིག་པ་ལ། རྒྱལ་པོའི་ཞལ་ནས་ང་བསོད་ནམས་ཁྱད་པར་འཕགས་པ་ཡིན་པས་ཕྱོགས་བཞིར་རྒྱལ་པོ་ཆེན་པོའི་ཁབ་ཡིན་ནོ་ཞེས་བྲིས་ཤིག་གསུང ་ཕྱོགས་བཞིར་རྒྱལ་པོའི་ཁབ་ཡིན་ནོ་བྲིས་པས། མི་མ་ཡིན་གྱི་གནོད་པཞིའོ།། དེ་ནས་ཕོ་བྲང་བཻཌཱུཪྻ་རང་ཤེལ་བྱ་བར་ཡང་གྲགས་སོ།། རྒྱལ་པོའི་ཁབ་ཀྱི་ཚད་ནི་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་ལས་བྱས ་པའི་ར་བ་བདུན་གྱིས་བསྐོར་བ། འོབས་རིམ་པ་བདུན་དང་། ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ་རྒྱ་ཚ་བ་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ ་སྐྱེ་བོ་མང་པོ་དང་། མིས་དང་བ། གྲོང་བར་གྱི་སྲང་མཉམ་ཞིང་མཚུངས་པ་ལྷ་ན་སྔག་པ། ལྔ་བརྒྱ་དག་གིས་རི་མོར་བྲིས་ཤིན་ཏུ་གཏམས་པ། སྐྱེ་བོ་གཞོན་པ་དང་། ཁྲི་ཉམ་མི་ང་བ་དང་། བར་བར་དུ་ཟམ་པ་བཏགས་པ། ལེགས ་པར་བླུག་པ། གྲོང་ཁྱེར་བྱ་ཁོར་ཡུག་ཏུ་ན་ལ་གྷ་ཕྱི་མ་རིན་པོ་ཆེ་སྣ་བདུན་ལས་ལེགས་པར་བྱས་ཤིང་བསྐོར་བ། རིན་པོ་ཆེ་སྣ་བདུན་གྱི་ར་བ་དེ་དག་གི་མདའ་ཡབ་རྣམས་ནི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། མཐོ་ཞིང་ཚང་དང ་ལྡན་པ། མངའ་ཡབ་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཤིང་སྐྱེས་ཏེ།། རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏོག་གི་འབྲས་བུ་ཆགས་པ། མདའ་ཡབ་ལས་ཤིང་སྐྱེས་པ་ཐམས་ཅད་ལས་ཀྱང་རིན་པོ་ཆེའི་ཐི་གུ་བྱུང་བས་མདའ་ཡབ་གཉིས་པ ་ཤིང་གཞན་དང་འགྲེལ་པ་ཐམས་ཅད་དང་ལྡན་པའི་གྲོང་ཁྱེར་དེ་དག་ཐམས་ཅད་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་ཁེབས་ཏེ། གསེར་གྱི་དྲིལ་བུ་གསེར་ཁ་དེ་དག་ལ་རླུང་གིས་བཏབ་ན་སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་འདི་ལྟ་སྟེ། ་དཔེར་ན་ཡན་ལག་ལྔ་དང་ལྡན་པའི་རོལ་མོའི་ཚོགས་པ། རོལ་མོ་མཁན་མཁས་པས་བརྡུངས་ཞིང་བླངས་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་དེ་བཞིན་དུ་དྲིལ་བུ་གཡེར་ཁ་དེ་དག་ལ་རླུང་གིས་བཏབ་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ ་འོང་བ་དག་འབྱུང་སྟེ། སྒྲ་དེས་སེམས་ཅན་དེ་དག་རྩེ་དགའ་ཀུན་ཏུ་སྤྱོད་དོ།། གྲོང་ཁྱེར་དེར་ཁོར་ཡུག་ཏུ་འོབས་ཆུ་རྗེས་སུ་མཐུན་པར་འབབ་པར་གང་ཞིག་ཆུ་ཧ་ཅང་ཡང་མི་གྲང་། ཧ་ཅང་ཡང་མི་དྲོ་བས་གང་བ་དག་ཡོད་དོ།། ཆུ་དེ་ལས་སྔོན་གྱི་ལས་ཀྱི ་རྣམ་པར་སྨིན་པ་ལས་གྲུབ་པ། རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་ཞིང་ལྷོ་ན་སྡུག་པའི་གྲུ་དག་ཡོད་དོ།། དེར་སེམས་ཅན་དག་ཞུགས་ནས་རྩེ་དགའ་ཞིང་རབ་ཏུ་རྒྱུའོ།། ཆུ་དེ་དག་ཐམས་ཅད་ཀྱང་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པུཎྜ་རིཀ་དག་གིས ་ས་ཐ་མ་ཏོག་རིགས་རྗེ་ཞིང་བབང་ལ་དྲི་ཞིམ་པོ་དང་ལྡན་པ་གཞན་དག་ཀྱང་ཁངས་ཏེ།། སྟོང་གསུམ་གྱི་སྣ་ཆེན་ཆ་ན་འཇིག་རྟེན་གྱི་ཁམས་ན་མེད་པའི་མེ་ཏོག་གི་རིགས་དེ་ལས་དེ་ནཱ་མེད་པ་གང་ཡང་མེད་དོ།། གྲོང་ཁྱེར་དེའི་ནང་ནཱས་སྐྱེད་མས་ཚལ་ཝ་བ ་ཡོད་དེ། ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ།། རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ་ཤ་སྟག་སྟེ། སྦེད་མོས་ཚལ་དེ་དག་རེ་རེ་ན་ཡང་རྫིང་བུ་ཁོ་ར་ཡུག་ཏུ་རྒྱང་གྲགས་ཀྱི་ཚད་ཙམ་ལྔ་བརྒྱ་ཡོད་དེ།། རྫིང་བུ་དེ་དག་གི་ཁོར་ཡུག་ཐམས་ཅད་རིན་པོ ་སྣ་བདུན་གྱི་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པུཎྜ་རི་ཀ་རྣམ་པར་བཀྲ་ཞིང་ལྷ་ནི་སྡུག་པ་དག་སྐྱེས་ཏེ། དེ་དག་གིས་ཆུ་དེ་ཁེབས་ཤིང་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པུ་ཏཱ་རི་ཀའི་དྲི་ཞིམ་པོ་དེ་དག་ཐམས་ཅད་ཀྱང་། ཆུ་ཞེང་དུ ་ཤིང་རྟའི་འཁོར་ལོ་ཙམ་སྟེ། མཐིང་ཁ་ཁ་དོག་མཐིང་གར་སྟོན་པ། མཐིང་གར་སྣང་བ། སེར་པོ་ཁ་དོག་སེར་པོ། སེར་པོར་སྟོན་པ། སེར་པོར་སྣང་བ། དམར་པོ་ཁ་དོག་དམར་པོ། དམར་པོར་སྟོན་པ། དམར་པོར་སྣང་བ། དཀར་པོ་ཁ་དོག ་དཀར་པོ། དཀར་པོར་སྟོན་པ། དཀར་པོར་སྣང་བ་དག་ཡོད།། ། རྫིང་བུ་དེ་དག་ཐམས་ཅད་ན། ངང་ངུར་དང་། ཁྲུང་ཁྲུང་དང་། ཀ་རཱནྟ་ཀ་དང་། ས་ར་སྭ་སྟ་འབྱིན་བཱ་དག་ཡོད་དོ།། སྐྱེད་མོས་ཚལ་དེ་དག་ཐམས་ཅད ་ཀྱང་ང་ཡིར་བྱ་བ་མེད་ཅིང་རིས་སུ་བཅད་པ་མེད་དེ། རྒྱལ་པོའི་ཁབ་ཅེས་བྱའོ།། ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་བཞུགས་པ། བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ་།། ཅིའི་ཕྱིར་གཞལ་ཡས་ཁང་ཞེས་ན། སངས་རྒྱས་རབས ་བདུན་བཞུགས་ནས་ཆོས་གསྡུས་པའི་ཕྱིར་རོ།། བྱཱ་རྒོད་ཕུང་ཟ་དོན་བརྒྱགས་ཅ།། ཆ་གྱི་ན་བཆགས་ཤེན། རན་པོ་རྒྱུ་བ་རྣམས་དྲུབ་པའི་སྦྱི་།། གསེར་དང་། དངུས་དང་། བདྷ་ན་ས་དང་། ཨིནྡྲ་ནཱི་མ་ལ་མས ་ས་རི་རབ་བཞིན་དུ་བརྒྱན་པས་གསུལ་ཡས་།། རི་རབ་དེའི་ཚད་དང་རྒྱན་ནི་འདི་ལྟ་སྟེ། མཐོ་བ་ཟླུམ་པ། གནས་འཕང་དང་། རྒུར་ཡངས་པ། མ་ཐིག་ཐམས་ཅད་ཀྱིས་མཛིན་པ། མེ་ཏོག་དང་། ཕྲེད་པ་དང་། སྤོས་རྣམ་པ་སྣ་ཚོག་ས་ང་རྫུན་པ ་མིའམ་ཅི་དང་སྐྱེས་ཀྱི་འམ། དྲི་བའི་ཚོགས་རྣམ་པར་སྒྲུག། གནོད་སྦྱིན་དང་། སྦྱིན་པོ་དང་། ཤཱ་ཤྱ་རྣམ་ཟེ་མང་པོ་གནས་སོ།། དེ་དག་ནི་ལྷོ་ཕྱོགས་ས་རྩུ་བའོ།། རི་དགས་ཀྱི་ཚོགས་རྣམ་པར་སྒྲུབ་ལ་འདི་ལྟ་སྟེ།། སེང་གེ་དང་། སྟག་དང་། གླང་པོ་ཆེ་དང་། ་བསེ་དང་། དོམ་དང་། དྲེད་དང་། གཟིག་དང་། མ་ཧེ་དང་། ཤ་ཀྲ་དང་། བསེ་ཁ་སྒོ་དང་། བ་ལང་སྔོན་པོ་དང་། བ་ལང་དང་། ཤ་བ་དང་། ཤན་དམར་དང་། སྡེའུའི་ཚོགས་རྣམ་པར་རྒྱུ་བའོ།། ། དེ་དག་ནི་བྱང་ཕྱོགས་སུ་རྒྱུ་བའོ།། དེ་ན་བྱ་མང་པོ ་བརྒྱ་སྟོང་གནས་པ་འདི་ལྟ་སྟེ། ནེ་ཙེ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། གྷུ་གྷུ་ཏ་ཀ་དང་། ཀ་ཀ་དང་། ཐིང་རིལ་དང་། ཡིད་འོང་ངང་པ་དང་། གོང་མ་སྲེག་དང་། ཨེ་ཏེ་ནུ་མ་ཀཱ་ཀ་དྷེ་ནུ་དང ་དྷནྟ་ཞེས་བྱ་བ་དང་། ཀ་ཏ་རུ་དྷ་དང་། མོ་ར་དང་། དྷུཪྻ་དང་། བི་ར་བ་ཏ་དང་། རྡོ་རྗེ་མཆོག་དང་། ཀ་ར་མ་ད་བ་དང་། དང་སྒྲ་དང་། ཀུ་ཀུ་ཧ་དང་། ནོར་སྐྱོང་དང་། ཤ་མ་དང་། ཤི་ཀ་ན་ཤི་ལ་དང་། བྱ་གག་དང་། ཕུག་རོན་དང་། ་ཀཀ་ཀ་བ་དང་། ཀུ་ར་ཏ་དང་། བྱ་རྒོད་དང་། ཤནྟ་ཤ་ཀ་དང་། ཙཎྜ་ལ་དང་། གསེར་བུ་དང་། འོལ་བ་དང་། ཁྲ་དང་། ཁྲ་སེམས་དང་། འུག་པ་དང་། སྲེག་པ་དང་། ཀ་བིནྡུ་ཀ་དང་། བ་ཏི་ཀ་དང་། ཙི་ཏི་ཀ་དང་། ན་པ་ཙ་ཏི་ཀ་དང་། ཙ་ཤ་དང་། ཙ་གོ་ར་དང་། ་བྱ་ཡག་རྒོད་དང་། རྒྱགས་བྱེད་རི་སྐགས་དང་། ཀ་ཏ་མ་ཀ་དང་། ཀ་ཙ་རུ་ཙ་ཀ་དང་། ཀ་ར་རུ་བེ་ཀ་དང་། དེ་དག་ལ་སོགས་པ་བྱའི་ཚོགས་རྣམས་ནུབ་ཕྱོགས་ན་གནས་ཏེ། དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་འདོད་ཆགས་ཀྱི་གནོད་པ་མང་ངོ་།། ཞེ་སྡང ་དང་། གཏི་མུག་གི་གནོད་པ་མེང་།། གཅིག་ལ་གཅིག་མི་ཟའོ།། དེ་དག་གཅིག་ལ་གཅིག་ཕ་མར་འདུ་ཤེས་ཤིང་གནས་སོ།། ཡང་རིའི་རྒྱལ་པོ་བྱ་རྒད་ཀྱི་ཕུང་པོ་དེ་ལ། དྲང་སྲོང་དང་། མི་དང་། མི་སྣ་ཚོགས་ཤར་ཕྱོགས་ན་གནས་པའོ།། ཡང ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཤིང་གི་ཚོགས་བརྒྱ་སྟོང་དུ་མ་ཡལ་ག་སྡུག་ཅིང་ལོ་མ་རྒྱས་པ། འདབ་ན་དྲང་སྲོང་གནས་པ་དག་ཡོད་པ་ལ་འདི་ལྟ་སྟེ། ཐང་ཤིང་དང་། བླག་ཤཱ་དང་། ཨ་ཤྭདྠ་དང་། པི་པི་ལིང་ཡི་ཤིང་དང་། རྒྱ་སྐྱུགས་ཤིང་དང་། ་ཧ་ར་ཏི་ཏ་དང་། ཨ་རུ་རའི་ཤིང་དང་། སྐྱུ་རུ་རའི་ཤིང་དང་། བ་རུ་རའི་ཤིང་དང་། སཱ་ལ་དང་། ཏ་ལ་དང་། ནགས་ཏ་མ་ལ་དང་། དོང་ཁའི་ཤིང་དང་། ཨ་མྲ་དང་། འཛམ་བུའི་ཤིང་དང་། ཁམ་ཤིང་དང་། ཀ་བིཏྶ་དང་། རྒྱ་ཤུག་གི་ཤིང་དང་། ་སང་ལྡང་དང་། མུ་དུ་ལུང་ཀ་དང་། བལ་པོ་སེའུ་ཤིང་དང་། སྟར་ཀའི་ཤིང་དང་། ཏི་མ་ཏུ་ཀ་དང་། ཀུ་ཛཱ་ཀ་དང་། དྷམ་པ་ཀ་དང་། ས་ར་ལ་དང་། ཨེ་ལ་དང་། ཀྵུ་པ་དང་། ནྱ་གྲོ་དང་། དྲི་དྷ་ནི་མ་དང་། བྷ་གོ་དང་། ཀམ་བི་ལ་དང་། པ་ལ ་ཤ་དང་། ནི་ལ་མ་དང་། ཀཱ་ཀེ་རི་མ་དང་། ནིདྦྷ་བོ་ལོ་ཏི་དང་། བོག་པ། ར་ཟ་ཆ་ཤིང་དང་། སྲ་ཅི་བོག་གི་ཤིང་དང་། ཤིང་ཀུན་ཤིང་དང་། ཙན་དན་དང་། ཙན་དན་དམར་པོ་དང་། ཨཱ་བ་ལ་ཏཱ་དང་། སཀ་བི་ཛ་དང་། ཀཱ་ཛ་དང་། ་གརྫ་དང་། གསར་ཤིང་དང་། པ་ན་ས་དང་། རྒུན་ཤིང་དང་། ཤིང་བལ་ཤིང་དང་། པ་རི་ཤ་ཏྲ་དང་། ཧིལ་དེ་ལྷ་དང་བཅས་པ་དག་གོ།། དེ་དག་ནི་ཕྱོགས་ཕྱོགས་ན་གནས་པའོ།། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ། ཐང་ལ་སྐྱེས་པའི་མེ་ཏོག་རྣམ ་པ་མང་པོ་དག་སྐྱེ་བ་འདི་ལྟ་སྟེ། ཨ་ཏི་མུཀྵུ་ཀ་དང་། ཙམ་པ་ཀ་དང་། སྱ་སྣར་དང་། པཪྻཱ་ཀ་དང་། སྣ་མའི་མེ་ཏོག་དང་། དྲི་མཆོག་དང་། ཡུ་ཐི་ཀ་དང་། ད་ནུ་ཀ་རི་དང་། བལླ་དང་། ཏ་ར་ནི་དང་། ག་བ་ཏཱ་ར་ནི་དང་། ཀཾ་ས་མུ་ན་དང་། ལུག་མིག་དང་། ་ཧི་ར་ནི་ཀ་དང་། མིཏྟ་ལི་ཀ་དང་། མཉྫུ་པུཔྶི་ཀ་སྟེ། མེ་ཏོག་སྣ་ཚོགས་དེ་ལྟ་བུ་དག་གིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་གང་ཞིག་ཀུན་ལ་མཛེས་སོ།། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ། ཕྱོགས་ཕྱོགས་སུ་སྐྱེད་མོས་ཚལ་རེ་རེ་ཡོད་དེ། སྐྱེད་མོས་ཚལ ་ར་རཱ་ན་རྫིང་བུ་རེ་རེ་ཡོད། རྫིང་བུའི་ནང་ནཱ་ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོ་སྐྱེ་བ་དག་འདི་ལྟ་སྟེ། ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། པཾ་ཀ་ནི་རི་ཧི་ཀ་དང་། ཀཾ་ཀ་ར་དང་། ཀཾ་ཀ་ར་ཆེན་པོ་སྟེ། དེ་ལ་སོགས་པ་མུ་ལས་སྐྱེས ་པ་མེ་ཏོག་རྣམས་ཀྱིས་རིའི་རྒྱལ་པོ་བྱ་རྒོད་ཀྱིས་ཕུང་པོ་མཛེས་པར་བྱས་སོ།། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་རྟག་ཏུ་རྒྱུན་མི་འཆང་བར་ནམ་གྱི་གུང་ཐུན་ལ་སྤྲིན་ཆེན་པོ་མངོན་པར་འདུས་ཏེ། ཐོག་མ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ། ཆར་སྤྲིན་ལྷ ་བུ་མངོན་པར་བསྒྲགས་ནས། བ་འཇོས་ཙམ་གྱི་བར་དུ་ཡན་ལག་བརྒྱད་དང་། ལྡན་པའི་ཆར་ཟིན་བུ་དལ་བུ་དལ་བུའབ་སྟེ། དེས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོའི་ཁོར་ཡུག་ཚིམ་པར་བྱས་ནས།། ཐོ་རངས་སྤྲིན་ལྷ་གྱེས་ཤིང་ན་མཁའ་ལྔ་སྤྲིན་མེད་པར་གྱུར་ནས། དེར་ཡང་བསིལ ་ཞིང་འཇམ་ལ་སིམ་པར་བྱེད་པའི་རླུང་ལྡང་སྟེ། དེ་དག་གིས་རིའི་རྒྱལ་པོ་བྱ་རྒོད་ཕུང་པོ་ལ་གནས་པའི་སེམས་ཅན་ལ་ལྟས་པར་བྱེད།། སིམ་པར་བྱེད། ཚིམ་པར་བྱེད་དེ་འདི་ལྟ་སྟེ། དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ་མེ་ཏོག་གི་ཕྲེང་རྒྱུད་ཀྱི་སློབ་མས ་ཕྲེང་བ་རྒྱུས་ཟིན་ནས། ཆུས་བཏབ་པ་དང་། དེའི་ཕྲེང་བ་དེ་དག་སྔ་མ་པས་ཚས་བཟང་བར་གྱུར་པ་དེ་བཞིན་དུ། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་རྟག་ཏུ་རྒྱུན་མི་འཆང་བར་ནམ་གྱི་གུང་ཞུན་ལ་སྤྲིན་ཆེན་པོ་མངོན་པར་འདུས་ཏེ། ཐོག་མར་རིའི་རྒྱལ་པོ་བྱ ་རྒོད་ཀྱི་ཕུང་པོ་དེ་ལ་ཆར་སྤྲིན་ལྟ་བུའི་སྒྲ་མངོན་པར་བསྒྲགས་ནས། བ་འཇོས་ཙམ་གྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆར་ཟི་བུ་ཟིམ་བུ་དལ་བུ་དལ་བུས་འབབ་སྟེ། ཐོ་རངས་སྐྱ་རེངས་ཤར་བའི་དུས་ན། སྤྲིན་ལྷ་གྱེས་ཤིང་། ན་མཁའ་ལ་སྤྲིན་མེད་པར ་གྱུར་ཏེ། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ། རྩ་སར་པ་དག་སྐྱེས་ཏེ། རེས་བཟོད་པ་དང་ལྡན་པ་དྲི་དང་ལྡན་པ།། སྔོ་ཞིང་འཇམ་པ། གཡས་ཕྱོགས་སུ་འཁྱིལ་བ་དག་སྐྱེ་བ་འདི་ལྟ་སྟེ། དཔེར་ན་རྨ་བྱའི་མགྲིན་པའི་སྤུའི་ཁ་དོག་བཞིན་ནོ།། འདི་ལྟ་སྟེ། ་དཔེར་ན་བར་ཀའི་མེ་ཏོག་གི་དྲི་བཞིན་ནོ།། འདི་ལྟ་སྟེ། དཔེར་ན་ཀ་ཙ་ལི་དྷའི་གོས་ལ་རེག་པ་བཞིན་ཏེ། རྐང་མཐིལ་ལ་བཞག་ན་ནི་སོར་བཞི་ནེམ་ཞེས་བྱེད་པ། རྐང་པ་བཏག་ན་ནི་སོར་བཞི་སྤར་ཞེས་བྱེད་པ། མེ་ཏོག་དང་། འདབ་མ་དང་། འབྲས་བུ་དང་། ལྡན ་པ། ལྟ་བས་ཆོག་མི་ཤེས་པ་དག་གོ།། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་འབབ་ཆུའི་དོང་དང་། མཚོ་བྲན་དང་། མཚོ་དང་། མཚོའུ་དང་། རྫིང་རྣ་བ་མང་པོ་བསིལ་བའི་ཆུས་རབ་ཏུ་གང་བ་དག་ཡོད་དེ། དེ་དག ་ལས་མེ་ཏོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལ་བརྒན་དང་། ཤལ་གྱི་ཁ་དོག་ལྟ་བུ་དང་། མའི་ཁ་དོག་ལྟ་བུ་དང་། གསེར་གྱི་ཁ་དོག་ལྟ་བུ་ཆེ་ཚང་ཤིང་རྟའི་འཕང་ལོ་ཙམ་དག་སྐྱེས་ཏེ། དེ་དག་བཅང་ན་དྲི་དང་ཕྱོགས་བཞིའི་དཔག ་ཚད་ཙམ་དུ་ལྡང་ངོ་།། བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བའོ།། རིའི་རྒྱལ་པོ་དེའི་རྩེ་མོའི་ལྷོ་ཕྱོགས་ཀྱི་ངོས་ན།། པདྨའི་གདན་ཆེན་པོ་ཨནྟ་རྙིལ་གཞན་གྱིས་མི་ཚུགས་པ། རྡོ་རྗེ་ལྟ་བུའི་མཆེ་བ་ཅན། བཻ་ཌཱུརྱ་ཆེན་པོའི་མཐའ་བསྐོར་བ། འཛམ་བུའི་ཆུའོ ་གསེར་དྲི་མ་མེད་པའི་འདབ་མ་རྒྱུས་པ། ཙན་དན་དུས་ཀྱི་རྗེས་སུ་འབྲང་བའི་སྙིང་པོ་རྣམ་པར་དག་པ། རིན་པོ་ཆེའི་རྡོའི་སྙིང་པོའི་ཟེ་བ་དང་ལྡན་པ། ཚང་བ་རྒྱ་མཚོ་ལྟར་ཡངས་ཤིང་རྒྱ་ཆེ་བ། ལྷ་མ་ཡིན་གྱི་དབང་པོ་ས་ཡས་སྙིང་པོ་ཀུན་ཏུ་བཟུང་བ། ནོར་བུ་རིན་པོ ་ཆེ་ས་ཡའི་དྲ་བ་སྣ་ཚོགས་ཀྱིས་གཡོགས་པ། ཀླུའི་དབང་པོ་ས་ཡས་སྤྲིན་ལས་སྤོས་ཆུའི་ཆར་ཕབ་པ་ན་མཁའ་ལྡིང་གི་དབང་པོ་ས་ཡས་ཁ་ནས་དར་དཔྱངས་གི་རི་མོ་བྱས་པ། མི་འམ་ཅིའི་དབང་པོ་ས་ཡས་ཕན་པའི་སེམས་ཀྱིས་བལྟས་པ། ལྟོ་འཕྱེ་ཆེན་པོའི་དབང་པོ་ས་ཡས་གདོང ་གིས་ཕྱག་འཚལ་ཅིང་རི་མོ་བྱས་པ། དྲི་ཟའི་དབང་པོ་ས་ལས་བསྟོད་ཅིང་བསྔགས་མཆོད་པ། ལྷའི་དབང་པོ་ས་ལས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱི་སྤྲིན་གྱི་ཆར་མངོན་པར་བབ་པ ་ཚངས་པའི་དབང་པོ་ས་ཡས་མགོ་བོས་ཕྱག་འཚལ་ཞིང་རི་མོ་བྱས་པ་གནས་གཙང་མའི་རིགས་ཀྱི་བུ་ས་ཡས་ཐལ་མོ་སྦྱར་ནས་ཕྱག་བྱས་པ། མི་འམ་ཅིའི་དབང་པོ་འཁོར་ལོས་སྒྱུར་བ་ས་ཡས་ནོར་བུ་རིན་པོ་ཆེ་སྣ་བདུན་དང་ལྡན་པས་བསྡུ་བ། རྒྱ་མཚོའི་ལྷ་ས ་ཡས་བསྡུ་ཞིང་ཕྱག་བྱས་པ། ནོར་བུ་རིན་པོ་ཆེའི་སྐར་མདོག་ས་ལས་འོད་ཟེར་གྱིས་སྣང་བར་བྱས་པ། བསོད་ནམས་དག་པའི་ནོར་བུ་རིན་པོ་ཆེ་ས་ཡས་ཤིན་ཏུ་ངེས་པར་མཛེས་པར་བྱས་པ། ནོར་བུ་རིན་པོ་ཚ་རྣམ་པར་སྣང་བྱེངས་ལས་སྙིང་པོ་དྲི་མ ་མེད་པ། ནོར་བུ་རིན་པོ་ཆེའི་དཔལ་གྱི་འོད་ཟེར་ས་ཡས་དཔལ་རབ་ཏུ་ཐལ་ལེ་བ། ནོར་བུ་རིན་པོ་ཆེའི་མཛོད་སྣ་ཚོགས་ས་ཡས་མཐའ་ཡས་པར་སྣང་བ། ནོར་བུ་རིན་པོ་ཆེ་འཛམ་བུ་རྒྱལ་མཚན་ས་ཡས་བྲིས་པ་ལེགས་པར་བཟུང་བས་བརྟེན་པར་གྱུར་པ། ནོར་བུ་རིན ་པོ་ཆེ་རྡོ་རྗེ་སེང་གེ་སྭ་ཡས་གཞན་གྱིས་མི་ཐུབ་པ་བཀོད་པ། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ས་ཡས་རྒྱ་ཆེར་སྤྲས་པ། ནོར་བུ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ས་ཡས་ཁ་དོག་སྣ་ཚོགས་རི་མོ་བྱས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ས་ཡས་མི་ཟད་པ་བཀོད་པས་རི་མོ་བྱས ་པ་བྱུང་སྟེ། པདྨ་ཆེན་པོ་རིན་པོ་ཆེ་དེ་ནི་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་ངེས་པར་བྱུང་བ། བྱང་ཆུབ་སེམས་དཔའི་བསམ་པས་མནོས་པ། ཕྱོགས་ཐམས་ཅད་དུ་མངོན་དུ་གོ་བར་བྱེད་པ། སྒྱུ་མར་གྱུར་པའི་ཆོས ་ལས་ངེས་པར་བྱུང་བ། དྲི་ང་བ་མེད་པ་ལས་སྐྱེས་པ། ཉོན་མོངས་པ་མེད་པའི་ཆོས་ཉིད་ཀྱི་ཚུལ་བཀོད་པ། རྨི་ལམ་ལྟ་བུའི་ཆོས་ཉིད་ཀྱིས་ཀུན་ཏུ་རྒྱུ་བ་མངོན་པར་འདུ་བྱེད་པ་མེད་པའི་ཆོས་ཉིད་ཀྱིས་རྒྱས་བཏབ་པ། ཆགས་པ་མེད་པ་དང་ལྡན་པ། ཕྱོགས ་ཀུན་ཏུ་ཆོས་ཀྱིས་དབྱིངས་ཀྱིས་ཁྱབ་པར་བྱེད་པ། སངས་རྒྱས་ཀྱི་ཡུལ་རབ་ཏུ་བརྗོད་པ་དང་མཐུན་པ་སྟེ། དེའི་རྣམ་པ་དང་། ཡོན་ཏན་དང་། དབྱིབས་དང་། ཁ་དོག་དང་བཀོད་པའི་མཐའ་ནི་བསྐལ་པ་གྲངས་མེད་པར་ཡང་རྟོགས་པར་མི་ནུས ་པའི་པདྨ་ཆེན་པོ་དེ་ལ། བཅོམ་ལྡན་འདས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་ཏེ། བཅོམ་ལྡན་འདས་དེ་ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར། སངས་རྒྱས་ཀྱི་མཛད་པ་ནི་ཤིན་ཏུ་ཡོངསུ་མཐར་ཕྱིན། ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་ཡོངསུ་རྫོགས། ཐམས་ཅད ་མཁྱེན་པ་ནི་ཤིན་ཏུ་ཡོངས་སུ་བཟུང་། བྱང་ཆུབ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་ས་ནི་བརྙེས།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་ནི་རབ་ཏུ་འབར། ཡན་ལག་དང་ཉིང་ལག་ཐམས་ཅད་ནི་དཔེ་བྱད་བཟང་པོས་རྣམ་པར་སྤྲས ་དབུའི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་ལྟར་མི་མཐོང་། བདུད་ཀྱི་ལས་ཐམས་ཅད་ནི་མཁས། སེམས་ཅན་ཐམས་ཅད་ཀྱིས་ནི་ཤེས། སྤྱན་རྣམ་པ་ལྔ་ནི་མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི ་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ།། གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པ་ནི་འཕགས། ཁྱུ་མཆོག་དང་སང་གའི་སྒྲ་ནི་བསྒྲགས།། མ་རིག་པའི་མུན་པ་ནི་ཀུན་ཏུ ་བབསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མང་དཔག་ཏུ་མེད་པར། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་། བྱ་དཀའ་བའི་སྤྱོད་པ་ལས་ནི་ཕྱིར་མ་ལོག། སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཏེ། རབ་ཏུ་མཛེས་ཤིང་། ཐོག་མར་དག་པ། བར་དུ་དགེ་བ། མཐའ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའོ།། སངས་རྒྱས་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པའོ།། སྤྱོད་ཡུལ་ནི་དུས་གསུམ་སངས་རྒྱས་འབྱུང་བའི་གནས་སོ།། རྡོ་རྗེ་རིན་པོ་ཆེའི་ཤིང་ལྗོན་པ་རབ་ཏུ་སྣང་བའི་ནགས་ཚེགས་ན། ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་ཤིང་ལྗོན་པས་ལེགས་པར་བརྒྱན་པའི་དབུས་ན། ཉན་ཐོས་དགྲ་བཅོམ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཐབས་གཅིག་ཏུ་བཞུགས་པའོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་བར་དུ་དེ ་དག་ལ་སོགས་པ་དགེ་སློང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་གིས་མཚན་ཉིད་ནི། དབེན་པའི་ངོ་བོ་ཉིད་ཀྱི་ཚུལ་མངོན་པར་རྫོགས་པར་རྟོགས་པ། ཡང་དག་པའི་མཐའ་མངོན་སུམ་དུ་གྱུར་པ། ཆོས་ཀྱི་རང་བཞིན་ལ་ཞུགས་པ། སྲིད་པའི་རྒྱ་མཚོ་ལས་བརྒལ་བ། དེ་བཞིན ་ཉིད་ན་མཁའ་ལྟ་བུར་སྤྱོད་ཡུལ་བ། ཀུན་ཏུ་སྦྱོར་བ་དང་། བག་ལ་ཉལ་གྱི་འཆིང་བ་བཅད་པ། གནས་དང་རྟེན་ལ་མ་ཆགས་པ། ན་མཁའ་ལྟ་བུར་ཞི་བ་ལ་རྣམ་པར་རྒྱུ་བ། སངས་རྒྱས་ལ་ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཙོམ་ཟ་བ་བཅད་པ། སངས་རྒྱས་ཀྱི་ཡེ་ཤེས་རྒྱ ་མཚོ་ལ་མོས་པའི་ལམ་དུ་ཞུགས་པ།། འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ། གསོལ་བ་བཏབ་པར་དགེ་བའི་བཤེས་གཉེན་བྱེད་པ། སེམས་ཅན་ཐམས་ཅད་སྲུང་བར་ཞུགས་པ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་མཛའ་བཤེས་སུ་གྱུར། སངས ་རྒྱས་ཀྱི་བསྟན་པའི་སྤྱོད་ཡུལ་ལས་ངེས་པར་འབྱུང་བ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་བཞུགས་པ། སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་འཛིན་པར་སྨོན་ལམ་བཏབ་པ།། དེ་བཞིན་གཤེགས་པའི་གདུང་རིགས་འབྱུང་བར་མངོན་དུ ་ཕྱོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པ་ཤ་སྟག་གོ། བྱ་རྒོད་ཕུང་པོའི་རི་དང་། དགེ་སློང་གི་མཚན་ཉིད་ཀྱི་གནས་སྐབས་ཏེ་དང་པོའོ།། །། དེའི་ཚེ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ཚོགས་པའོ།། བཅོམ ་པ་ནི་བཞིའོ།། ལྡན་པ་ནི་སྐལ་བ་དྲུག་དང་ལྡན་པའོ།། འདས་པ་ནི་མྱ་ངན་ལས་འདས་པའོ།། དགེ་སློང་གི་དགེ་འདུན་ནི་ཉན་ཐོས་སོ།། བཅས་པ་ནི་བྱང་ཆུབ་སེམས་དཔའ་དང་བཅས་པའོ།། ལུས་འཕགས་པོ་ནི་གཟུགས་ཅན་སྙིང་པོའོ།། ཡུལ་མ་ག་དྷ་ཞེས་བྱ་བ་ནི ་ཡུལ་དབུས་སོ།། རྒྱལ་པོ་མ་སྐྱེས་དགྲ་ཞེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། སྔོན་གྱི་དུས་སུ་མ་སྐྱེས་དགྲ་ནི་ཤ་བར་སྐྱེས་པའོ།། གཟུགས་ཅན་སྙིང་པོ་ནི་རི་ཁྲོད་དུ་རིགས་ངན་དུ་སྐྱེས་པའོ།། དེས་མ་སྐྱེས་དགྲ་ག་པར་སྐྱེས་པ་དེ་ལ། མདའ་བརྒྱབ་ནས་བསད་པས། དེའི་ལས་ཀྱི ་རྣམ་པར་སྨིན་པས། རྒྱལ་པོ་གཟུགས་ཅན་སྙིང་པོའི་དགྲར་འོངས་པས་མ་སྐྱེས་དགྲ་ཞེས་བྱའོ།། མ་ག་དྷའི་བར་གྱི་ཡུལ་ན་རྒྱལ་པོ་ཆོས་སྐྱེས་ལ་བུ་མོ་གཉིས་ཡོད་པ་ལ། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་བུ་མ་ཆུ་བཤོས་པ་རྟེན་བྱས་པ་ལ། བུ་མོ་ཆ་ཤོས་ལ་གཙུག ་ལག་ཁང་ཀུན་ན་རེ་འདིས་ཁྱོ་མི་རྙེད། ཅིའི་ཕྱིར་ཞེ་ན། ཁྱོ་ལ་ཕྱིན་ཀྱང་བུ་མོ་ལ་བུ་ནམ་སྐྱེ་ཅན་པ་གསོད་ཟེར་བས། སུ་ཡང་འདོད་པ་མེད་པས་ནུ་མོ་ལ་མོ་ན་རེ་ཁྱོད་ཀྱིས་སུ་ལ་ཕྱིན་ཀྱང་ཁྱོ་གཅིག་རྙེད་དེ་འོངས་པས། ང་ཅག་གཉིས་གཟུགས་བྱང་དབྱིབས་དང་ཐམས་ཅད་འང ་བས། ང་གཟུགས་ཅན་སྙིང་པོ་ལ་ཐོང་ཟེར། ནུ་མོས་མཉན་ནས། ཕོ་མོས་ནུ་མོར་རྫུས་ནས་གཟུགས་ཅན་སྙིང་པོ་ལ་ཕྱིན་ནོ།། མོ་ལ་བུ་སྐྱེས་པས་མ་སྐྱེས་དགྲ་ཞེས་བྱའོ།། དེའི་ཕ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱའོ།། དེ་ལ་གྲོང་བཻ་ཌཱུརྱ་རབ་ཤེལ་བྱ་བ་ཡོད་པ། མཆོད ་གནས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པས། བདུད་ལྷ་བྱིན་གྱིས་ཕྲག་དོག་བྱེད་པས། གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ་ལ། ཁྱོད་དང་རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས། ཡབ་སྲས་བཟང་ངན་མང་པ་ཡིན་ལ། ཕོ་བྲང་བཻ་ཌཱུརྱ་རང ་ཤེལ་ཀྱང་ཁྱོད་ལ་མི་སྟེར། ཁོའི་མཆོད་གནས་ཀྱང་གཽ་ཏ་མ་ལ་བྱས།། ལྷ་སྦྱིན་ན་རེ་ང་དང་གཽ་ཏ་མ་གཉིས། ཡབ་གྱིས་མ་ཕྱེ་ཡུམ་གྱིས་མ་ཕྱེ་བ་ཡིན་པ་ལ། གཟུགས་ཅན་སྙིང་པོས་གཽ་ཏ་མའི་ཡོན་ཏན་བདག་བྱས། ངལ་ཡོན་བདག་བྱེད་པ་མེད། ཁྱོད་ལ་ཡང་མཆོད ་གནས་དང་པོ་བྲང་མེད། སཾ་གོ་རུ་ཏ་མ་བསད། ཁྱོད་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་སོད། ངས་མཆོད་གནས་བྱ། ཁྱོད་ཀྱིས་ཡོན་བདག་བྱ་བྱས་པས། མ་སྐྱེས་དགྲས་བདད་ལྷ་སྦྱིན་ལ་ཉན་ནས། འཁོར་བ་དང་བློན་པོ་རྣམས་བོས་ནས། ངའི་ཡབ་ཟུང་ཞིག་བྱས ་པས། འཁོར་བ་དང་བློན་པོས་ཡབ་བཟུང་ངོ་།། མ་སྐྱེས་འབྲས་ཡབ་ཀྱི་རྐང་མཐིལ་ག་ཤུས་ནས། འབྲས་མ་བསླུས་པའི་གསེབ་ནས་དྲུང་བཤལ་བྱས་ནས་ཡབ་མ་འདས་པར་དོང་དུ་བཅུག་ནས་གསངས་ནས་བཞག་གོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་ཡུམ་གྱིས་བཟའ ་བཏུང་བགར་བསྐྱལ་ལོ།། དེ་ནས་བདུད་ལྷ་སྦྱིན་གྱིས་ཀྱང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་བར་གྱི་སྟེང་ནས་ལྕགས་ཀྱི་རྡོའི་འཁྲུལ་འཁོར་བཅས་ནས་བཞག་གོ།། བཅོམ་ལྡན་འདས་འཁོར་ཉན་ཐོས་དང་བཅས་ནས་བསོད་སྙོམས་མཛད་ནས། རྒྱལ་པོའི་ཁབ་ཀྱི་གྲོང་བར་ན ་ཡར་ལ་བྱོན་པ་ལ། ལྷ་སྦྱིན་གྱིས་འཁྲུལ་འཁོར་ཐག་པ་བཅད་པས་རྗེའི་ཆར་དྲན་པ་ཕབ་པས། དེའི་དབུས་སུ་གནོད་སྦྱིན་རྒྱུབ་ལ་ཐོག་པས། གནང་སྦྱིན་ཤི་ནས་ལྷའི་བུར་སྐྱེས་སོ།། རྫ་བ་ཡར་མ་ཞིག་གིས་བཅོམ་ལྡན་འདས་ཀྱིས་ཞབས ་གཡས་པའི་མཐེ་རྩལ་ཁྲག་བྱུང་ངོ་།། ཁྲག་བྱུང་བའི་འཇིག་རྟེན་གྱི་མི་རྣམས་ན་རེ་བཅོམ་ལྡན་འདས་ཀྱི་སྐུ་ལུས་རྡོ་རྗེའི་ཕུང་པོ་ཡིན་ཟེར་བ་མི་བདེན་ཟེར་བས། བཅོམ་ལྡན་འདས་ཀྱི་ཞལ་ནས་སྔོན་རིགས་ངན་དུ་སྐྱེས་པའི་དུས་སུ་རི་དགས་ཞིག་ལ་བརྒྱབ་པས་དེའི་ལས་ཀྱི ་རྣམ་པར་སྨིན་པ་ཡིན་གསུང་ངོ་།། དེ་ནས་མ་སྐྱེས་དགྲ་ངའི་བུའི་ལག་ངར་ལ། ཐོར་བ་ཞིག་ལ་ཁྲག་བྱུང་བས། མ་སྐྱེས་དགྲའི་ཁས་འཇིབས་ནས་བོར་ནས་སས་གཡོགས་པའོ།། དེ་མཐོང་ནས་མ་སྐྱེས་དགྲའི་མ་རྒོད་དོ།། མ་སྐྱེས་དགྲ་ན་རཾ་དེ་ཕན་ཆོད་དུ་བཤུམས་པ་ལ། ་དེ་རིང་ཡུམ་དགྱེས་པ་དེ་ཅི་ལ་དགྱེས་པ་ཡིན་ཞེས་དྲིས་པས། མ་ན་ར་སྔོན་ཁྱོད་ཀྱི་ལག་པ་ལ་ཡང་ཐོར་བ་ཞིག་བྱུང་ནས། ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོ་ཀྱང་ཁྲག་དེ་ཁྱོད་ཀྱིས་མཐོང་ན་བརྒྱལ་གྱིས་དོགས་ནས་འཐུང་བས་མིག་པ་དེ་དྲན་པས་དགད་པ་ཡིན་གསུང་ངོ་།། དེ་ནས ་རྒྱལ་པོ་མ་སྐྱེས་དགྲ་དེས་ཡབ་འདི་འདྲ་བའི་དྲིན་ཅན་ཡིན་པར་འདུག་པ་ལ་ངས་མ་ལེགས་པ་འདི་འདྲ་བ་བྱས་པ་སྙམ་ནས་འགྱོད་པ་སྐྱེས་ནས་ཡབ་དོང་ནང་ནས་སྟོན་ལ། བསྙེན་བཀུར་བྱ་བསམ་ནས། ཕྱིན་པས་ཡབ་ཀྱིས་མ་སྐྱེས་དགྲའི་སྐད་དྲག་པར་ཐོས་ནས། ཁོས ་མཚོན་རྒྱབ་ནས་ང་གསོད་པར་བྱུང་སྙམ་ནས། ཡབ་ཀྱི་སྙིང་གས་ནས་འདས་སོ།། དེའི་དགེ་བའི་རྩ་བ་ལ་སངས་རྒྱས་བཅོམ་ལྡན་འདས་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སྟེག་པའི་ཕྱིར། ན་བཟའ་དང་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས ་རྒྱས་དང་། འཁོར་རྣམ་བཞི་དུས་དུས་སུ་ན་བཟའ་གསོལ་བའོ།། གཟིམ་ཆ་དང་ཞེས་པ་ནཱི། དེ་ཡང་དུས་དུས་སུ་གཟིམས་ཆ་ལ་སོགས་པ་འབུལ་བའོ།། སྙུན་གྱི་གསས་སྨན་དང་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་དག་ལ། གསོ་བའི་ཡོ་བྱ ་རྟག་ཏུ་འབུལ་བའོ།། ཡོ་བྱད་རྣམས་ཀྱིས་ནི་བཀུར་སྟི་བྱས། རྟག་ཏུ་ལུས་ངག་ཡིད་གསུམ་དད་པར་བྱའོ།། བླ་མར་བྱ་བ་ནི་གོང་ནས་གོང་དུ་དམ་པར་ཁུར་བའོ།། བསྟི་སྟང་བྱས་ནས་ནི། དེ་བས་ཀྱང་ལྷག་པ་མེད་པར་ཁུར་བའོ།། མཆོད་པ་བྱས་པའོ་ཞེས ་པ་ནི་སངས་རྒྱས་དང་འཁོར་རྣམས་ལ་སོགས་པ། དུས་དུས་སུ་རྟག་ཏུ་མཆོད་པའོ།། ཡང་དེའི་ཚེ་ས་ཡང་ཆེར་གཡོས་པར་འགྱུར་ཞེས་བྱ་བ་ནི། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག་གོ།། ཆེམ་ཆེམ་རབ་ཏུ་ཚམ་ཆེ་མ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཤིག་ཤིག། རབ་ཏུ་ཤིག་ཤིག། ཀུན་ཏུ་རབ་ཏུ་ཤིག་ཤིག་སྟེ། ལྷས་ཆེན་པོ་བཅོ་བརྒྱད ་འབྱུང་བའོ།། ལྟས་ཆེན་པོ་བཅོ་བརྒྱད་པོ་དེ་གང་གི་ཕྱིར་ཞེ་ན། མུ་གེ་དང་། མི་ནད་དང་། ཕྱུགས་ནད་དང་། ལམས་ཀྱི་ནད་དང་། འབྲུམ་བུའི་ནད་གསུམ་དང་། རིམས་ནད་དང་། རླུང་ནད་དང་། མཁྲིས་པའི་ནད་དང་། བངད་ཀན་དང་འདུས་པའི་ནད་དང་། མཛེ ་དང་ལྡོག་པ་དང་། མེ་རྦལ་དང་། ནང་དེ་དག་ལ་སོགས་པ་ས་གཡོས་པས་འབྱུང་ངོ་།། སྤྲིན་འདུས་པ་ཆེན་པོ་ཡང་འབྱུང་ཞེས་བྱ་བ་ནི། མ་རུདུས་པ་འབབ་པའི་ཕྱིར་རོ།། ཅིའི་ཕྱིར་མ་རུངས་པ་ཞེ་ན། མཚན་གྱི་ཆར་ཆེན་པོ་འབབ་པའི་ཕྱིར་རོ།། དུས་མ་ཡིན་པར་རླུང ་ཞེས་བྱ་བ་ནི། ནད་ཐམས་ཅད་འབྱུང་བའི་ཕྱིར་རོ།། སེར་བ་ཆེན་པོ་ནི་མུ་གེ་ཆེན་པོ་འབྱུང་བའི་ཕྱིར་རོ།། སྤྲིན་ཆེན་པོ་ལས་ཆར་བ་ཡང་འབབ་པར་འགྱུར་ཞེས་བྱ་བ་ནི།། བྱིན་འདང་སྨན་དང་གི་ཆར་ཆེན་པོ་བབ ་ནས་ལོ་ཉེས་འབྱུང་བའི་ཕྱིརརོ།། འབྲུག་ཀྱང་དི་རཱི་རི་ཟེར་ཞེས་བྱ་བ་ནི། ནམ་མཁའ་ལ་འཇིགས་པའི་སྒྲ་འབྱུང་བའི་ཕྱིར་རོ།། གློག་རྣམས་ཀྱང་འབྱུང་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་མི་རྣམས་གཅིག་ལ་གཅིག་མཐོང་ནས་སྐྲག་པའི་ཕྱིར་རོ།། ། ་ཕྱོགས་བཅུ་ཡང་འཁྲུག་པར་གྱུར་ཏོ་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་མི་རྣམས་བརྒྱལ་བའི་ཕྱིར་རོ།། མུན་པ་མུན་ནག་ཅེས་བྱ་བ་ནི་མི་རྣམས་གཅིག་ལ་གཅིག་མ་མཐོང་བའོ།། ཆེན་པོ་ཡང་བྱུང་ཞེས་བྱ་བ་ནི་མི་ཟད་པའི་མུན་པས་འོད ་རྣམས་ཟིལ་གྱིས་མནན་པའི་ཕྱིར་རོ།། སྐར་མ་དང་ཉི་མ་དང་ཟླ་བ་མི་སྣང་ཞིང་འོད་དང་མི་ལྡན་པོ་ནི། མུན་པའི་སྤྲིན་ཆེན་པོས་བཀབ་པའོ།། ལྷན་ནེར་མ་ཡིན།། ལྷང་ངེར་མ་ཡིན་ཞིང་འོད་མི་གསལ་བར་འགྱུར་རོ།། ཞེས་བྱ་བ་ནི།། འོད ་རྣམས་མི་འབྱུང་ཞིང་གཟི་བརྗིད་མི་གསལ་བས་ཏེ། ཤེས་རབ་ཅན་རྣམས་ཤེས་རབ་དང་བྲལ་བར་འགྱུར་བའོ།། དེ་ནས་ཞེས་བྱ་བ་ནི། དེ་རྣམས་ཀྱི་རྫུ་འཕྲུལ་གྱི་ནུས་མཐུ་བསྟན་པའོ།། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་འཇིགས་པ་དེ ་དགྲ་བྱུང་བ་ནི། ལི་ཙ་བྱི་འབྱུང་པོས་བཏབ་པའི་ཕྱིར།། ཡངས་པ་ཅན་གྱི་ཕྲེང་ཁྱེར་ཞེས་བྱ་བ་ནི།། ཡུལ་དངོས་ཉིད་དོ།། ལི་ཙེ་བྱི། ཁ་ཅིག་གི་གྲོང་གཞིན་དང་ཞེས་བྱ་བ་ནི། བྲམ་ཟེའི་གྲོང་ཁྱེར་ལ་བྱའོ།། གྲོང་ཁྱེར་གང་ཡིན་པ་དེ་ཞེས་བྱ་བ་ནི། མུ་གྷ ་དྷ་དང་བྲམ་ཟེའི་གྲོང་གཉིས་ལ་བྱའོ།། གདོན་འབྱུང་པོས་བཏབ་པར་གྱུར་ཅེས་བྱ་བ་ནི།། གྲོང་ཁྱེར་དེ་གཉིས་ཀའི་མི་རྣམས་ལ་འབྱུང་པོས་ནད་སྣ་ཚོགས་འབྱུང་བས་འཇིགས་པའི་ཕྱིར་རོ།། གྲོང་གི་གཞོན་ནུ་རྣམས་ཞེས་བྱ་བ་ནི། རྩིས་མཁན་དང་ནི་གཙུག ་ལག་མཁན་པོས་མི་ཟིན་པ། མིག་རྣོ་དང་མོ་མ་རྣམས་ཀྱིས་ཀྱང་མི་ཟིན་པའོ།། བློན་པོ་དང་ནི། བློན་པོས་ཀྱང་རྒྱལ་པོ་ལ་ཞུ་བ་ཕུལ་མི་ནུས་ཤིང་ནད་ཀྱིས་བཏབ་པའོ།། བློན་པོ་ཆེན་པོ་དང་ནི་གོང་བཞིན་དུའོ།། འཁོར་དང་གནས་དང་། བྲན་པོ་དང་། ་བྲན་མོ་དང་། ལས་བྱེད་པ་དང་། མངག་པ་དང་། གཡོག་ཁ་ཅིག་ཀྱང་གདོན་ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་རྣམས་ཀྱིས་བཏབ་ནས། དྲན་པ་སྟོར་བ་དང་། སྨྱོ་བ་དང་། ཡམས་ནད་དང་། རིམས་ནད་འབྲུམ་བུ་དང་། ལྷོག་པ་ལ་སོགས ་པའི་ནད་མ་རུངས་པ་མང་པོ་འབྱུང་བའོ།། འབྱུང་པོས་བཏབ་པར་འགྱུར་ཞེས་བྱ་བ་ཡན་ཚད་ནི། ཀླུ་དང་གནོད་སྦྱིན་དང་། ཡི་དགས་དང་། འབྱུང་པོ་དང་། ཤ་ཟ་ལ་སོགས་པ་རྣམས་བྲམ་ཟེ་ལི་ཙ་བྱིས་བསྐྲད་པས་མ་ཐུབ་པའི་ཕྱིར། གྲོང་དའི་མི་རྣམས་ལ ་ནད་སྣ་ཚོགས་འབྱུང་བའི་ཕྱིར་འཇིགས་པའོ།། ཡུལ་ཡངས་པ་ཅན་ལྗོངས་དང་ཀུན་གྱི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་ཞེས་བྱ་བ་ནི། དཀོན་མཆོག་གསུམ་ལ་དད་པས་སྐྱབས་སུ་འགྲོ་བའོ།། ཀྱི་སྦུང་ཞེས ་བྱ་བ་ནི་དྲུག་ཏུ་འཇིགས་པའི་ཕྱིར་རོ།། འཇིགས་སྐྲག་སྔངས་ཏེ་ཀྱི་སྤུང་ཞེས་བྱེད་ན་ཞེས་བྱ་བ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པར་བྱེད་པ་རྣམས་ཀྱང་། སེམས་ཅན་གྱི་སྡུག་བསྔལ་ཐོས་ནས་སེམས་སྟོར་ནས་ལུས་འདར་བར་གྱུར་ཏེ། ་ངག་གིས་ཀྱང་བཟླས་པ་ལ་སོགས་པ་མི་ནུས་པའོ།། ཁ་གནམ་དུ་ལྟས་ཤིང་ངུ་འབོད་དོ།། ཞེས་བྱ་བ་ནི་དུས་མ་ཡིན་པའི་སེར་བ་དང་ཆར་པ་རྣམ་པ་སྣ་ཚོགས་འབབ་པས་འཇིགས་པའོ།། སངས་རྒྱས་དང་ཆོས་དང་དགེ ་འདུན་ལ་ཕྱག་འཚལ་ཞེས་བྱ་བ་ནི། གུས་པར་དེ་རྣམས་ཀྱིས་ཀྱང་འཇིགས་སྐྲག་འབྱུང་བའི་ཕྱིར། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ་ལོ།། བྲམ་ཟེའི་ཁྱིམ་བདག་ཅེས་བྱ་བ་ནས་མཆོད་རྟེན་གྱི་གནས་ན་གནས་པ་དག་ལོ་ཕྱག་འཚལ ་ཞེས་བྱ་བ་ནི། ལྟ་བ་ལོག་པའི་ཕྱིར་རང་དད་པའི་ལྷ་ལ་ཕྱག་འཚལ་བས་མུན་ནག་ཞི་བར་བྱེད་པའི་ཕྱིར་རོ།། གང་དག་ཡང་དགྲ་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་ལ་མངོན་པར་མ་དད་པའི་བྲམ་ཟེ་དང་ཞེས་བྱ་བ་ནི། འཇིག་རྟེན་མི་རིགས་མི ་གཅིག་པ། མུ་སྟེགས་ཀྱི་ཆོས་ལ་དགའ་བ་སྟེ། དེ་རྣམས་ཀྱང་ལྟ་བ་མི་གཅིག་པ་སུམ་བརྒྱ་དྲུག་ཅུ་པོ་ཡང་།། དེ་ལས་བསྡུས་པ་དྲུག་སྟེ། སྙིང་རྗེ་མེད་ཅིང་གབ་པ་དང་། དགྲ་བ་ཙམ་དང་། བྱོལ་སོང་ལ་གུས་པ་དང་། ཁྲུས་ཆོ་ག་དང་དཀའ་ཐུབ་དང་། དགེ་སྦྱོང་དང ་དྲུག་གོ།། དེ་ལས་བསྡུས་པ། གཉིས་ཏེ། རྟག་ཆད་གཉིས་སོ།། ཁྱིམ་བདག་དེ་དག་ཁ་ཅིག་ནི་ཚངས་པ་ལ་ཕྱག་འཚལ་ཞེས་བྱ་བ་ནི། རྟག་པར་ལྟ་ཞིང་ཚངས་པ་ལ་གུས་པའོ།། ཁ་ཅིག་ནཱི་བརྒྱ་བྱིན་ལ་ཞེས་བྱ་བའི་འདོར་བའི་སྡུག་བསྔལ་ལ་ལྟ་ཞིང་། འདོད ་པའི་ཡོན་ཏན་ལྔ་ལ་ལྟ་བའོ།། ཁ་ཅིག་ནི་འཇིག་རྟེན་སྐྱོང་བ་ལ་ཕྱག་འཚལ་ཞེས་པ་ནི། དབང་དང་ཕོ་རིས་ཐོབ་པར་འདོད་པ། ཚེ་འདི་དང་ཕྱི་མ་ལ་སྲུང་བ་དང་། སྐྱོབ་པར་འདོད་པའོ།། ཁ་ཅིག་ནི་དབང་ཕྱུག་ཆེན་པོ་དང་ཞེས་པ་ནི།། དཀའ་ཐུབ་ཏུ་གནས་པ་ཡོད ་པཱདྨ་ལྟ་བ་རྣམས་སོ།། ཁྱིམ་བདག་ནས་སོ་ལྟ་བའོ།། ནོར་བུ་བཟང་པོ་དདྲུ་ནི། ཟླ་བར་འདོད་པ་ནོད་ཀྱི་དོན་ལ་གནས་པ་རྣམས་སོ།། གང་བ་བཟང་དང་འཇུག་མ་དང་ཞེས་པ་ནི་འཇིག་རྟེན་འདི་དང་བྱ་མ་མ་ལ་ཕུན་སུམ་ཚོགས་པ་ལྷག་པར་ལྟ་བའོ།། ཉི་མ་དང ་ནི་ཞེས་པ་ནི། ཆང་པར་ལྟ་བ་རྣམས་སོ།། ཟླ་བ་དང་ནི་ཞེས་པ་ནི་བར་མ་དེའི་ལྟ་བའོ།། སྐར་མ་དང་ནི་ཞེས་པ་ནི་གཉིས་ལ་གཏོགས་པའོ།། གཟའ་དང་ཞེས་པ་ནི། མཐུན་པ་དང་མི་མཐུན་པའི་ལྟ་བ་གནས་པའོ།། རི་དང་ནགས་ཚོགས་དང་། སྨན་དང་། ་ལྗོན་ཤིང་དང་། ཀླུང་དང་། ལྟེང་ཀ་དང་། མཆིའུ་དང་། རྫིང་བུ་དང་། མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞིང་ཞེས་པ་ནི། ལྟ་བ་མི་གཅིག་པ་དེ་རྣམས། གནས་དེ་རྣམས་སུ་ཕྱིན་ནས། དམ་བདར་བ་དང་། སྨོན་ལམ་ལ་སོགས་པ ་འདེབས་པའོ།། བདག་ཅག་ནི་འདི་འདྲ་བའི་གནོད་པས་འཇིགས་པ་གནས་ན་ཇི་ལྟར་ཐར་པར་གྱུར་སྙམ་སེམས་ཤིང་འཁོད་པ་དག་ཅེས་བྱ་བ་ནི། སོ་སོའི་ལྟ་བ་མི་གཅིག་པའི་ལྷ་རྣམས་ལ། དེ་སྐད་དུ་སྨྲས་ནས་རང་གི་ཡིད་དམ་ལ་གསོལ་བ ་འདེབས་པའོ།། བཅོམ་ལྡན་འདས་ནི་བཤད་ཟིན་ཏོ།། གྲོང་ཁྱེར་ཡངས་པ་ཅན་གྱི་མུན་པ་འབྱུང་བའི་གནས་སྐབས་ཏེ། གཉིས་པའོ།། །། སྤྱན་རྣམ་པར་དག་པས་གཟིགས་ཞེས་བྱ་བ་ནི། ཐུགས་རྗེའི་སྤྱན་གྱིས་སེམས་ཅན ་ལ་གཟིགས་པའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། མངོན་པར་འདུ་མཛད་དོ་ཞེས་བྱ་བ་ཡན་ཚད་ནི་དམ་པའི་ཆོས་མངོན་པས་བཤད་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་ཞེས་བྱ་བ་ནི། གླིང་བ་ནི་བྱེ་བ་བརྒྱར་ཀྵ ་ཆུ་བྱེ་བ་བརྒྱར་སྤྲུལ་པའོ།། མངོན་པར་འདུ་མཛད་པས་མངོན་པར་འདུ་མཛད་བུ་ཞེས་བྱཱ་དཱནྟེ། གླང་ལ་གང་གིས་འདུལ་བ་དེ་ལཱ་དེ་དང་དྲོའི་ངོ་བོར་སྣང་བའོ།། དེ་ཙུག་ཡིན་པར་ཅི་ཞེས་ན། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ལས། གང་ལ་གང་འདུལ་དེ་ལ་དེ་སྟོན་པ། སྟོན་པའི་གླང་པོ་ཁྱོད་ལ་ཕྱག་འཚལོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་ནི་གསུམ་སྟེ། ་ཉི་ཟླ་སྟོང་གླིང་བཞི་རི་རབ་དང་བཅས་པ་སྟོང་།། རྒྱལ་ཆེན་རིགས་བཞི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྟོང་སྟི་ཕུང་ངོ་།། དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ།། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཆེན་པོའོ།། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དད་པར་གྱུར་ཏེ་ཞེས་བྱ་བ་ནི། ཆོ་འཕྲུལ་རྣམ་པ་གསུམ་སྟེ། མ་དད་པ་དད་པར་བྱེད་པའི་ཆོ་འཕྲུལ་དང་། ཀུན་རྗོད་པར་བྱེད་པའི་ཆོ་འཕྲུལ་གསུམ ་གྱི་དདུ་པ་སྨིན་པར་བྱེད་པའི་ཆོ་འཕྲུལ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་དང་མིའི་བར་དུ་འདུན་པར་བཅས་པའོ།། དེ་ནིས་ཞེས་བྱ་བ་ནི།། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་འདུན་པར་མཛད་པ་དེ་ནས།། མི་མཛོད ་བདག་པོ་ཚངས་པ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ལྷ་སྟེ། ཚངས་པ་ཆེན་པོ་ཞེས་བྱའོ།། ཚེ་ཚད་བསྐལ་པ་དྲུག་ཅུ་ཐུབ། ལུས་དཔག་ཚད་ཕྱེད་དང་གཉིས། འདི་མན་ཆད་བསམ་གཏན་དང་པོའི་རྟོག་དཔྱོད་མ་དང་འདྲ་བས་མ་ཡི་འཇིག། འདི་ཡང ་བསམ་གཏན་དང་པོ་སྟེ། ཚངས་པ་མདུན་ན་འདོན་གྱི་ངེས་ཚིག་གོང་མའི་ཚངས་པ་ཆེན་པོའི་སྤྱན་སྦྱར་ན། འོག་མ་འགྲོ་དྲུག་གི་ལས་ངག་སྡིག་གི་སྦྲང་འདོན་པས། ཚངས་པ་མདུན་ན་འདོན་ཅེས་བྱའོ།། ཡང་ན་ཚངས་པ་ཆེན་པོ་ལ་ཕན་འདོགས་པས་ཚངས ་ཕན་ཞེས་བྱ་བ། ཡང་ན་ཚངས་པ་ཆེན་པོ་ལ་འཁོར་བས་ཚངས་འཁོར་ཞེས་བྱའོ།། ཚེ་ཚད་བསྐལ་པ་བིཞི་བཅུ་ཐུབ། ལུས་དཔག་ཚད་གཅིག་གོ།། འདི་ཡང་བསམ་གཏན་དང་པོ་སྟེ། ཚངས་རིགས་ཀྱི་ལྷའི་ངེས་ཚིག་འོག་མའི་འདོད་པ་ཁམས་ཀྱི ་འཁོར་བ་གྱོད་འཁྲིན་འདྲ་བ་ལས་ནི་ཚངས་པས་ཚངས་པ་ཆེན་པོའོ།། འཁོར་དུ་ཚངས་རིས་ཚེ་ཚད་བསྐལ་པ་ཉི་ཤུ་ཐུབ་ལུས་དཔག་ཚད་ཕྱེད་དོ།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་དང་ཉེ་དབང་སུམ་ཅུ་རྩ་གཉིས། རྣམ ་པར་རྒྱལ་བའི་ཁང་བཟངས་ཚོན་སྣ་ཚོགས་བརྒྱ་རྩ་གཅིག་ལ་བྱས་པའི་ནང་ན་གནས། དགའ་བའི་ཚུལ་དགྱེས་པའི་ཚལ། རྩུབ་འགྱུར་ཚུལ་སྣ་ཚོགས་ཚལ། གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་གནས་སོ།། རི་རབ་ཀྱི་ལྐོག་གཅིག་ལ། ལག་ན་རྡོ་རྗེས ་གནོད་སྦྱིན་བསྐོར་བ་གནས་སོ།། རི་རབ་གྲུ་བཞི་ཁ་ཚོན་ཕྱོགས་རྀ་རར་དབུག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་དོ།། རྒྱུ་རིན་ཆེན་བཞིས་བྱས་པའི་སྟེང་འདི་ནི་གསེར་གྱི་ས་གཞི་ཤིན་ཏུ་བདེ་ཞིང་ཉམས་དགའ་བའོ།། རྡོ་ཨ་མོ་ལི་ཀའི་སྟེང་ན་ཀོའུ་ཤི་ཀ་ཆོས ་འཆང་བའོ།། ཤིང་ཡོངས་འདུས་བརྟོལ་ཡང་དཔག་ཚད་ལྔ་བརྒྱ་པར་སྐྱེས། དཔག་ཚད་ལྔ་བརྒྱ་མར་ཟུག། ཡན་ལག་ལྔ་པ་ཡང་དཔག་ལྔ་བཅུ་ཡོད་དོ།། དེ་ལ་ལྷ་དང་ལྷ་མ་ཡིན་འཐབ་པའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ཞེས་བྱ་བ་ནི། ་གཞན་འཕྲུལ་དང་བྱེད་ཀྱི་ལྷ་དང་། འཕྲུལ་དགའི་ལྷ་དང་དགའ་ལྡན་གྱི་ལྷ་རྣམས་ཏེ། གཞན་འཕྲུལ་དཔུང་བྱེད་ཀྱིངས་ཆག་ནི། ལགུ་ཤུ་རྫུ་འཕྲུལ་དབང་བྱེད་པས། གཞན་འཕྲུལ་དབང་བྱེད་དོ།། མཆད ་དང་མི་ལོ་སྟོང་དྲུག་བརྒྱ་ལ་ལྷའི་ཞག་གཅིག་ཏུ་བརྩིས་ལ་ལོ་དྲུག་སྟོང་ཐུབ། ལུས་ལ་རྒྱང་གྲག་སུ་མོང་དོ།། ལྷའི་རྒྱལ་པོ་ལ་དབང་བྱེད་པས་གཞན་འཕྲུལ་དབང་བྱེད་དོ།། འཕྲུལ་དགུའི་ལྷའི་ངེས་ཚིག་ཅི་འདོད་པ་རང་གི་ལུས་ལོ་འབྱུང་བས ་འཕྲུལ་དགའོ།། ཚེ་ཚད་ནི་མི་ལོ་བརྒྱ་ལ། ལྷའི་ཞག་གཅིག་ཏུ་བརྩིས་པ་ལོ་སྟོང་ཐུབ།། ལུས་དཔག་ཚད་གཅིག། བསམ་འཕེལ་ནོར་བུ་ལ་ལོངས་སྤྱོད་དོ།། དགའི་ལྡན་གྱི་ལྷའི་ངེས་ཚིག་ནི་ལྷ་མ་ཡིན་གྱི་འཐབ་རྩོད་དང་བྲལ་བའོ།། ཚེ་ནི ་མི་ལ་ཉིས་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་བཞི་སྟོང་ངོ་།། ལུས་ལ་རྒྱང་གྲག་བཞི་ཡོད་ཡང་ན་ལྷའི་རྒྱལ་པོ་དགའ་ལྡན་བྱ་བ་ཡོད་པས། དགའ་ལྡན་ནོ།། ལྷ་མོ་ལག་པ་སྤྲད་པས་འཁྲིག། འདི་ནི་འཐབ་བྲལ་ལྷའི་ངས་ཚིག་ནི་ལྷ་མ ་ཡིན་གྱིས་འཐབ་རྙོང་དང་བྲལ་བས་སོ།། འཐབ་བྲལ་གྱི་ལྷའི་ཁུང་བཟུངས་ནི། རི་རབ་སྟེང་ན་ཁྱིམ་ཡོད། ལྷ་མོ་དང་སྦྱོར་བ་ནི་ལུས་ལ་འཁྱུད་པ་ཙམ་གྱིས་ཚིམ། མི་ལོ་དགུ་པ་ཙམ་གྱི་ཆོད་སྦྱི་སྟེ། ཚེ་ཚད་ནི་མི་ལོ་ཉིས་བརྒྱལ་ལྷའི་ཞག ་གཅིག་ཏུ་རྩིས་པའི་ཉིས་སྟོང་ཐུབ་པོ།། ལུམ་ལ་རྒྱང་གྲགས་གཉིས་ཡོད་དོ།། གྷ་རེ་རེ་ལ་བས་མི་འཕེལ་ནོར་བུ་འི་རོ་མོ་སྤྱོད་དེ།། སུམ་ཅུ་རྩི་གསུམ་མི་ལོ་བརྒྱལ་ཞག་གཅིག་ཏུ་བརྩིས་པའི་ལོ་སྟེང་ཐུབ། ལུས་ཚད་ནི་གཟུ་འདོམ་ཉམ ་ཛཱ་བཅུའོ།། རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ནི། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟངས་དང་། རྣམ་ཐོས་སྲས་སོ།། རྒྱལ་ཆེན་རིགས་པཞིའི་ལྷ་རྣམས་དང་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་མི་བན ་མི་སྤྱོད། བུ་ཁྱེའུ་པའི་ཕྲག་པ་གཡས་པ་ལ་སྐྱེ་བུ་མོ་མའི་བརླ་ལ་སྐྱེའོ།། གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་ཞེས་བྱ་བ་ནི། འདི་ལྟ་སྟེ། རིང་པོ་དང་ནི་མིག་བཟངས་དང་།། གང་པོ་དང་ནི་སེར་སྐྱའོ།། ཉེ་ཤིང་དང་ནི་སེང་གེ་དང་།། དུས་ཅན་དང ་ནི་དགའ་བ་དང་།། སེང་གེ་རལ་པ་ཅན་དང་སེང་གེའོ།། བླ་མ་དང་ནི་སེར་སྐྱ་དང་།། འཛིན་པ་དང་ནི་འཛིན་པ་དག། རྩོན་སྐྱོང་དང་ནི་ཁྱབ་འཇུག་གོ།། ལྔ་སྤྱོད་དང་ནི་ཚིགས་ལྔ་སེར།། རཱི་མཉམ་དང་ནི་གསེར་ཅན་ནོ།། ས་བ་ཤིན་ཏུ་ས་བ་དང་།། ་ནག་པོ་དང་ནི་ཉེ་ནག་པོ།། ཉི་མ་ཟླ་བ་མེ་དང་རླུང་།། ལུས་ངན་གྱི་ནི་བུ་ཐུབ་བོ།། ཀུན་ཏུ་རྒྱལ་བ་མི་ལ་གཞོན།། ཕྲུགས་སུ་ལྡན་ན་གནས་པ་སྟེ།། ལྷ་ཡི་བདེན་པས་གསོལ་བའོ།། གནོད་སྦྱིན་དེ་དག་ནི་གནོད་སྦྱིན་ཆེན་པོའོ།། སྡེ་རྣམས་ཀྱིས་ཡོངས ་སུ་འདྲེན་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པའོ།། གནོད་སྦྱིན་སྟོབས་པོ་ཆེ་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི། དབང་པོ་དང་། ཟླ་བ་དང་། ཆུ་ལྷ་དང་། སྐྱེ་དགུའི་བདག་པོ་དང་། བར་དྷ་ཙ་དང་། དབང ་ལྡན་དང་། ཙན་དནི་དང་། འདོ་པའི་གཙོ་བོ་དང་། མགྲིན་ངན་དང་། མགུལ་ངེས་དང་། དྷ་ཊི་དང་། ནོར་བུ་དང་། ནི་མདུ་སྤྱོད་དང་། སྒྲ་ར་བ་དང་། ཉེ་ལྔ་སྤྱོད་དོང་། མི་མཉམ་དང་། གསར་ཅན་དག། གང་པོ་དང་། སིང་ལྡེང་བ་དང་། གཡོན་ཅན་དང་། ་གནོད་སྦྱིན་པ་ལང་སྐྱོང་དང་། འབྲོག་གནས་དང་། མིའི་རྒྱལ་པོ་དང་། རྒྱལ་བའི་ཁྱུ་མཆོག་དང་། ཚིག་ལྔ་སེར་པོ་དང་། བཞིན་བཟངས་དང་། གནོད་སྦྱིན་རིང་པོ་འཁོར་དང་བཅས་པ་དང་། དྲི་སྣ་ཚོགས་སྡེ་དང་། འབྲས་བུ་གསུམ ་པ་དང་། མགུལ་གསུམ་པ་དང་། ལྕགས་མདུང་རིང་པོ་དང་མ་ལྡན་ཏེ། གནོད་སྦྱིན་དེ་དག་ནི་གནོད་སྦྱིན་སྟོབས་པོ་ཆེ་ཆེན་པོ་སྟེ། སྡེ་རྣམས་ཀྱིས་ཡོངས་སུ་འདྲེན་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ ་སྟེ། ལྷ་དང་ལྷ་མ་ཡིན་གྱི་ཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ། འཕྲོག་མའི་བུ་དང་བཅས་ཞེས་བྱ་བ་ནི།། ཡབ་ནི་གནོད་སྦྱིན་ཆེན་པོ་པཉྩི་ཀའོ།། བུ་ན་ལྔ་བརྒྱའོ་ཞེས་བྱ་བ་ནི་འཁོར་ལ་སོགས་པའོ།། འཁོར་དང་བཅས་ཞེས་བྱ་བ་ནི། ཚངས་པ་ནས ་འཕྲོག་མའི་བུ་ཡན་ཆད་དོ།། ཁ་དོག་ནི་སོ་སོའི་ཁ་དོག་གོ། འཕགས་པ་དང་ནི། རང་གི་འོད་ཀྱིས་རིང་གསལ་བའོ།། ནུབ་མོ་འདས་ཞེས་བྱ་བ་ནི་མུན་པ་ལས་འདས་པའོ།། ཡང་ནཱ་ཉིན་མོ་དང་ནུབ་མོ་ཁྱབ་པར་མེད་པའོ།། དག་པ་ལྟ་བུའོ་ཞེས་བྱ་བ་ནི ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པ་དག་པས་དག་པའོ།། གང་ལས་དག་ཅེ་ན་ཉོན་མོངས་པ་ལྔ་དང་བྲལ་བའོ།། བྱ་རྒོད་ཀྱི་ཕུང་པོའི་རི་ལ་ནི་སོ་སོའི་འོད་ཀྱིས་ཁེབས་པའོ།། གང་གཱི་འོད་ཅེ་ན། ཚངས་པ་ལ་སོགས ་པའི་འོད་ངོ་།། མཐུས་སྣང་བ་ཆེན་པོས་སྣང་བར་བྱས་ཏེ་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་མཐུས་བྱ་རྒོད་ཕུང་པོ་ལ་སྣང་བའོ།། བཅོམ་ལྡན་འདྲ་ལ་ཞེས་བྱ་བ་ནི། བཅོམ་པ་ནི་བཞི་བཅོམ། ལྡན་པ་ནི་དྲུག་གོ།། འདས་པ་ནི་མྱ་ངན་ལས་འདས་པའོ།། གང ་ལ་དེར་ཞེས་བྱ་བ་ནི་སྤྱན་སྔར་རོ།། དོང་ནས་ཕྱིན་པ་དང་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པས་བྱིན་པའོ།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། ལྷའི་མེ་ཏོག་དང་། ལྷའི་སྤོས་དང་། ལྷའི་མར་མེ་དང་། ལྷ ་ཞལ་ཟས་དང་། ལྷའི་མནྡཱ་ར་བ་པདྨ་དཀར་པོ་དང་། ཨུ་དུམ་བ་ར་ལ་སོགས་པ་མེ་ཏོག་གི་ཆར་ཕབ་པའོ།། ཕྱོགས་གཅིག་ཏུ་འཁོད་ནས་ཞེས་བྱ་བ་ནི། ཕྱོགས་གཅིག་ཏུ་ཚངས་པ་ལ་སོགས་པ་འདུག་པའོ།། ཚིག་གཅིག་ཅེས་བྱ་བ་ནི་ཐམས་ཅད ་མཐུན་པའོ།། དབྱངས་གཅིག་ཅེས་བྱ་བ་ནི་སོ་སོའི་བསྟོད་པས་མཐུན་པའོ།། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ་ཞེས་པ་ནི། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་བསྟོད་པའོ།། ཇི་སྐད་དུ་བསྟོད་ན། ཤིན་ཏུ་འབར ་བའི་གསེར་དང་འདྲ་ཞེས་པ་ནི། དཔེར་ན་གསེར་མཁན་གྱིས་གསེར་དངས་པའི་འོད་དང་འདྲ་བས་ཏེ། ཡང་ན་ཉི་མ་བདུན་གྱི་འོད་དང་འདྲ་བའོ།། ཟླ་བ་ཉ་བའི་འོད་དང་མཚུངས་ཞེས་བྱ་བ་ནི་འོད་དང་མཉམ་པ་སྟེ། དཔེར་ན་ཟླ་བ་བསིལ་བར་བྱེད་པ་བཞིན ་དུ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའོ།། དཔལ་ལྡན་ཞེས་བྱ་བ་ནི་གཉིས་ལྡན་ཏེ། འཇིག་རྟེན་པའི་དཔལ་དང་། འཇིག་རྟེན་ལས་འདས་པའི་དཔལ་ལོ།། འཇིག་རྟེན་པའི་དཔལ་ནི། འཇིག་རྟེན་ལ་གྲགས་པའོ།། འཇིག་རྟེན་ལས་འདས་པའི ་དཔལ་ནི་གཉིས་སུ་མེད་པ་སྟེ་སོ་སོའི་མེ་ཡིན་ན། རྣམ་ཐོས་ཀྱི་བུ་བཞིན་བསྟན་ཅེས་པ་ནི། དཔེར་ན་རྣམ་ཐོས་ཀྱི་བུའི་ནོར་ལ་སོགས་པ་ཟད་པ་མེད་པ་བཞིན་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཟད་མི་ཤེས་པའི་ཕྱིར་རོ།། ་ཤཱ། རིན་ཆེན་རྣམས་ཀྱི་འབྱུང་གནས་ལགས་ཞེས་བྱ་བ་ནི། དཔེར་ན་སློང་ཅན་གྱི་རྨོང་བུ་རྔོན་པ་ཆ་བནིན་དུ་དགས་འདོད་འབྱུང་བའོ།། སོང་གོ་གླང་ཚོན་འགྲུ་བའི་འགྲོས་ཞེས་བྱ་བ་ནི། དཔེར་ནི་སོང་གི་ན་གཅན་གཞན་གྱི་རྒྱས་ཐ ་ཡིན་པ་བཞིན་དུ། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའོ།། གླང་ཆེན་འགྲོ་བའི་འགྲོས་ཞེས་བྱ་བ་ནི། དཔེར་ན་གླང་པོ་ཐོགས་རྡུགས་མེད་པར་འགྲོ་བ་བཞིན་དུ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཡང་ལམ་མོ།། གླང་ཆེན་མྱོས་པ་བཞིན་དུ ་གནོན་ཞེས་བྱ་བ་ནི། དཔེར་ན་གླང་པོ་ཆེར་རོ་བ་བཞིན་དུ་དྲན་པ་མེད་དེ། དེ་དང་འདྲ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། གསེར་གྱི་རི་བོ་དང་ཡང་མཚུངས་ཞེས་བྱ་བ་ནི། བྱ་རྒོད་ཕུང་པོའི་རི་ལ་མཚུངས་ཞེས་བྱ་བ་ནི་དེ་དང་མཉམ་པའོ།། ་འཛམ་བུ་གླིང་གི་གསེར་རྒྱུན་འདྲ་ཞེས་པ་ནི། རི་རབ་ཀྱི་ལྷོ་ངོས་ན་རྒྱ་མཚོ་ཆེན་པོའི་འགྲམ་ན། ཤིང་ལྗོན་པའི་འཛམ་འབྲས་ཞེས་བྱ་བ་ཡོད་དེ། འཛམ་འབྲས་ཀྱི་འབྲས་བུ་མར་ལ་ལྷུང་བས་རྒྱ་མཚོ་ལ་ཡང་མདོག་འགྱུར་བའོ།། དེས་ན་འཛམ་བུའི ་གླིང་ཞེས་བྱ་བའོ།། དེའི་འོག་ན་གསེར་ཡོད་དེ། ཤིན་ཏུ་དམར་བ། ཤིན་ཏུ་ཁ་དོག་ལེགས་པ་དག་དང་མཉམ་པར་བྱེད། དཔེ་དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། ཁ་དོག་དང་གཟི་བརྗིད་དང་། ཡོན་ཏན་གྱིས་བརྒྱན་པའོ།། སྐར ་མ་རྣམས་ཀྱིས་ཡོངས་བསྐོར་བ་ཞེས་པ་ནི། དཔེར་ན་སྐར་མ་སྟེ། ཉན་ཐོས་ལ་སོགས་པའོ།། བསྐོར་བ་ནི་བཅོམ་ལྡན་འདས་ལའོ།། ན་མཁའི་ཟླ་བ་དྲི་མེད་བཞིན་ཞེས་བྱ་བ་ནི། དཔེར་ན་དབྱར་གྱི་ན་མཁའི་འོད་བཞིན་ནོ།། ཡང་དག་པར་རྫོགས་པའི་ས ་རྒྱས་ཉོན་མོངས་པའི་དྲི་མ་དང་བྲལ་བའོ།། ཉན་ཐོས་དགེ་འདུན་རྣམས་ཀྱི་དབུས་ཞེས་བྱ་བ་ནི། དགྲ་བཅོམ་པ་བྱང་ཆུབ་སེམས་དཔའ་འཁོར་རྣམས་ཀྱི་དབུས་སུའོ།། མཚན་རྣམས་ཀྱིས་ནི་བརྒྱན་པར་འགྱུར་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས། དཔེ་བྱེད ་བཟང་པོ་བརྒྱད་ཅུས་བརྒྱན་པའོ།། ལྷ་དང་བཅས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ།། འཇིག་རྟེན་འདི་ནི་གུས་པར་བཅོམ་ལྡན་འདས་ལའོ།། ཐུབ་པ་ལ་ནི་ཞེས་བྱ་བ་དྲང་སྲོང་ཐུབ་པ་ཞེས་བྱ་བ་ཡོད་དེ་དེ་བཞིན་དུ་དེའི་རྒྱུད་ཀྱི་ཐུབ་པ་ཞེས་བྱའོ།། ་ཡང་ན་ལུས་ངག་ཡིད་གསུམ་ཐུབ་པས་ཐུབ་པའོ།། སྐྱབས་སུ་མཆི་ཞེས་པས་ནི་སྐྱབས་སུ་འགྲོ་བས་ནའོ།། མི་རྣམས་ལ་ནི་སྨན་སླད་དུ་ཞེས་པ་ནི་བསྲུང་བ་དང་སྐྱོབ་པའོ།། སྲུང་བ་དུས་སུ་ཉེ་བར་གནས་ཞེས་བྱ་བ་ནི། སྲུང་བ་ནི་ངན་སོང་གསུམ་ལས ་སོ།། དུས་སུ་ནི་ཉེན་པའི་དུས་སུའོ།། སངས་རྒྱས་པ་ཞེས་པ་ནི། ཉོན་མོངས་པ་སྤངས་པའོ།། སྔ་མས་བཤད་པའི་ཞེས་པ་ནི། གངྒཱ་ཀླུང་གི་བྱེ་མ་སྙེད་བརྒྱད་ཁྲི་བཞི་སྟོང་གིས་གསུངས་པའོ།། སྟོང་ཚན་ཞེས་བྱ་བ་ནི་གངྒཱ་ཀླུང་གི་བྱེ་མ་སྙེད་བརྒྱད་ཁྲི ་བཞི་སྟོང་དེ་བཞིན་གཤེགས་པ་རྣམས་དེའི་སྒོ་ནས་སངས་རྒྱས་པའོ།། ཆེན་པོ་ཞེས་པ་ནི། དེ་དང་མཉམ་པ་མེད་པས་སོ།། རབ་ཅེས་བྱ་བ་ནི་མེ་མཉམ་པའོ།། འཇོམས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་མོའི་བགེགས་ཐམས་ཅང་འཇོམས་པའི་ཕྱིར་རོ།། ་མདོ་སྡེ་དེ་ནི་ཞེས་བྱ་བ་ནི། སངས་རྒྱས་རབས་བདུན་ནས་སངས་རྒྱས་ཤཱཀྱ་ཐུབ་པ་མན་ཆོད་ཀྱི་བརྒྱུད་པ་སྟེ། ཡང་ན་འཛིན་པ། འདོན་པ། ཕྱག་འཚལ་བ་ལ་སོགས་པའོ།། ཁོར་ཁོར་ཡུག་རི་མཐའི་བར་ཞེས་བྱ་བ་ནི་དབུས་སུ་རི་རབ་སྟེ། འཁོར་བ་ན་ཁོར་ཡུའོ།། ་གང་འཁོར་ཞེ་ན། རི་རབ་དང་གླིང་བཞི་ལ་སོགས་པ་འཁོར་བས་ན་འཁོར་བའོ།། མཚམས་གཅོད་པའི་དམ་པ་ལགས་ཞེས་བྱ་བ་ནི།། མཚམས་གཅོད་པ་ནི་བསྲུང་བ་དང་སྐྱོབ་པའོ།། ཡང་ན་བགེགས་རྣམས་ཐམས ་ཅད་བཅིང་བའི་ཕྱིར་རོ།། དམ་པ་ཞེས་བྱ་བ་ནི། འདི་དང་འདྲ་བ་མེད་པའོ།། ཕྱག་འཚལ་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའོ།། སྐྱེས་བུ་དཔལ་ཁྱོད་ལ་ཞེས་པ་གཞན་དང་མི་འདྲ་བ་ནས་སྐྱེས་བུའོ།། དཔའ་བོ་ཞེས་བྱ་བ་ནི་བདུད་བཞི་བཅོམ་པའི་ཕྱིར ་རོ།། ཡང་ན་ཁམས་གསུམ་ལས་རྣར་རྒྱལ་བས་དཔའོ་ཞེས་བྱ་བའོ།། ཁྱོད་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལའོ།། ཕྱག་འཚལ་ཏེ་ཚངས་པ་ལ་སོགས་པས་སོ།། སྐྱེས་བུ་ནི་ཁམས་གསུམ་གྱི་དམ་པའོ།། མཆོག་ཁྱོད་ནི་སངས་རྒྱས་རབས་བདུན ་མན་ཆད་ངོ་།། ཆོས་ཞེས་བྱ་བ་ནི་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའི་ཆོས་སོ།། ཀུན་རྫོབ་དང་ཞེས་བྱ་བ་ནི་ལོག་པ་དང་ཡང་དག་གོ།། དོན་དམ་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྲལ་བའོ།། རྒྱལ་པོ་ཞེས་བྱ་བ་ནི་དག་ལ་དབང་བྱེད་པས་རྒྱལ་པོ་ཞེས ་བྱའོ།། ཡང་ན་ཁམས་གསུམ་ཆོས་ཀྱི་དབང་བསྐུར་བས་ན་རྒྱལ་པོའོ།། ཐུབ་ཅེས་བྱ་བ་ནི་ལུས་ངག་ཡིད་གསུམ་ཐུབ་པས་ཐུབ་པའོ།། ཆེན་པོ་ཞེས་བྱ་བ་ནི་གཞན་ལས་ཁྱད་པར་དུ་འཕགས་པའོ།། ཐལ་མོ་སྦྱར་ཏེ་ཚངས་པ་ལ་སོགས་པ་ལ་ཕྱག ་འཚལ་ལོ།། དེ་ནས་ཞེས་བྱ་བ་ནི་བཞུགས་པའི་གཏིང་ལ། བཅོམ་ལྡན་འདས་ཞེས་པ་ནི། བཞི་བཅོམ་དྲུག་ལྡན་མྱ་ངན་ལས་འདས་པའོ།། ཡུད་ཙམ་ཞིག་ཅང་མི་གསུང་བར་དགོངས་ནས་ཞེས་པ་ནི། སྐད་ཅིག་གི་རྒྱལ་པོ་ཆེན་པོ་བཞི་པོ་དག་བསྐུལ ་བའོ།། ཅི་ཕྱིར་བསྐུལ་ཞེ་ན། སྐད་ཅིགས་ཏིང་ངེ་འཛིན་གྱིས་བསྐུལ་བའོ།། རྒྱལ་པོ་ཆེན་པོ་དག་ལ་བཀའ་སྩལ་པ་ཞེས་པ་ནི་ཏིང་ངེ་འཛིན་གྱིས་འོད་ཀྱིས་བསྐུལ་བའོ།། གང་ལ་བཀའ་སྩལ་ན། རྒྱལ་པོ་ཆེན་པོ་དག་གང་ཁྱེད་ཀྱི་ཞེས་པ་ནི་འཁོར་དང་བཅས་པ ་ཞེས་བྱ་བའོ།། ཁྱོད་ཀྱིས་ངའི་འཁོར་ལ་འཚེ་བར་སེམས་པ་དེ་ནི་ཚུལ་མ་ཡིན་ནོ།། ཞེས་བྱ་བ་ནི། སྙིང་རྗེ་དང་བྲལ་བའི་ཕྱིར་རོ།། ཅིའི་ཕྱིར་ན་ཞེས་བྱ་བ་ནི། སྡིག་ལ་སོགས་པ་བྱེད་པའི་ཕྱིར་རོ།། རྒྱུ་ནི་སངས་རྒྱས་དང་མཉམ་པའི་ཕྱིར་རོ།། མིའི ་འཇིག་རྟེན་འདིར་སངས་རྒྱས་འབྱུང་བ་དང་ཞེས་བྱ་བ་ནི། མིའི་འཇིག་རྟེན་ནི་འཛམ་བུའི་གླིང་དུའོ།། སངས་རྒྱས་འབྱུང་བ་དང་ནི་མ་ག་དྷར་རོ།། ཆེས་ལེགས་པར་གསུངས་པ་ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རི་ལའོ།། དགེ་འདུན་ལགས་པར་སྒྲུབ་པ ་དེ་ལ་ས་བོན་འདི་བཏབ་ནས་ཞེས་བྱ་བ་ནི། ཚད་མེད་པ་བཞི་ནི་སྒྲོ་ནས་བཏབ་པའོ།། སངས་རྒྱས་དང་ཞེས་བྱ་བ་ནི། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་བྲལ་བའོ།། བཅོམ་ལྡན་འདས་ནི། བཞི་བཅོམ་དྲུག་ལྡན་མྱ་ངན་ལས་འདས་པའོ།། རང ་སངས་རྒྱས་རྣམས་དང་ཞེས་བྱ་བ་ནི། རང་ཞེས་བྱ་བ། རང་བྱུང་གི་ཡེ་ཤེས་དང་། སློབ་དཔོན་མེད་པ་དང་། ལུས་ཀྱི་སྒོ་ནས་སེམས་ཅན་འདུལ་བ་དང་། བྱེ་བྲག་དུ་སྨྲ་བའི་ཕྱིར་དང་། རང་འབྱུང་བའི་ཡེ་ཤེས་སོ།། དགྲ་བཅོམ་པ་རྣམས་དང་ཞེས་བྱ་བ་ནི། ཤཱ ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་ཡིན་ཏེ་དགྲ་ནི་ཉོན་མོངས་པ་ལ་སོགས་པའོ།། ཉན་ཐོས་ཞེས་བྱ་བ་ནི། ཉན་ཐོས་ལ་ལྟ་བ་གསུམ་ཡོད་དོ།། ཉན་ཐོས་ཐ་མ་རབ་འབྲིང་གསུམ་མོ།། ཉན་ཐོས་ཐ་མ་ནི་བྱེ་བྲག་པ་ཡིན་ཏེ། གང་ཟག་གི་སྒོ་ནས་ཆོས་སྟོན ་པའོ།། ལྟ་བ་ནི་ང་གཅིག་པུ་སངས་རྒྱས་པར་འགྱུར་རོ་ཞེས་བྱའོ།། སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་དང་། བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱའོ།། 1 ་ཐོས་འབྲིང་པོ་ནི་སྔ་མ་བཞིན་དུ་ཡིན་ཏེ། ཅུང་ཟད་ཙམ་སེམས་ཅན་གྱི་དོན་བྱེད་དོ།། ཆུས་ནི་བྱེ་བྲག་པའོ།། རབ་ནི་སྔ་མ་བཞིན་དུ་ཡིན་ཏེ། ཆོས་ནི་ཁ་ཆེ་བྱེ་བྲག་པ་ཞེས་བྱའོ།། ཆོས་བསྟན་པ་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་བསྟན་ཏོ།། ཉན ་ཐོས་ཀྱི་ཆོས་ནི་ངག་གིས་བསྟན་པའོ།། འཇིག་རྟེན་དུ་འབྱུང་བར་འགྱུར་ཞེས་བྱ་བ་ནི་དེ་ཀུན་ཡང་འབྱུང་ངོ་།། དེ་ལ་འཇིག་རྟེན་དེ་དག་གིས་དགེ་བའི་རྩ་བ་བསྐྱེད་ནས་ཞེས་བྱ་བ་ནི། དགེ་བའི་རྩ་བ་བཅུ་ལ་སོགས་པའོ།། སྲོག་གཅོད་པ་སྤངས་པ་དང་། ་མ་བྱིན་པ་ལེན་པ་སྤངས་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་སྤངས་པ་དང་། འབྲ་མ་སྨྲ་བ་སྦྱངས་པ་དང་། ཚིག་རྩུབ་པ་སྨྲ་བ་སྤངས་པ་དང་། ངག་འཁྱལ་པ་སྤངས་པ་དང་། བརླབ་སེམས་སྤངས་པ་དང་། གནོད་སེམས་སྤངས་པ་དང་། ་ལོག་པར་ལྟ་བ་སྤངས་པའོ།། ཡང་ན་སྟོང་ཆེན་མོའི་རབ་ཏུ་འཇོམས་པའི་མདོ་སྡེའི་ཕྱག་བཙལ་བ་དང་། བསྒོམ་པ་དང་། སྨོན་ལམ་གདབ་པ་དང་། རྗེས་སུ་ཡི་རང་བའི་སྒོ་ནས་དགེ་བའི་རྩ་བ་བསྐྱེད་པ་ཞེས་བྱའོ།། ལྷའི་རིགས་སུམ་ཅུ་རྩ་གཉིས་ལས ་ལྷའི་རིག་གང་ཡང་རུང་བ་དག་ཏུ་སྐྱེ་བར་འགྱུར་ཞེས་བྱ་བ་ནི། དགེ་བའི་རྩ་བ་དེའི་སྒོ་ནས་ཞེས་པའོ།། རྒྱལ་པོ་དག་ཀྱང་དམག་བཞི་དང་ལྡན་པ་དང་ཞེས་བྱ་བ་ནི། འཁོར་རྣམ་བཞི་སྟེ། རྒྱལ་པོ་བཞི་དེ་དང་ལྡན་པའོ།། གླིང་བཞི་ནི་ལུས་འཕགས ་བོ་དང་། འཛམ་བུའི་གླིང་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་ནོ།། དབང་སྤྲུར་བ་ཞེས་བྱ་བ་ནི་རྒྱལ་ཟ་བ་ནིའོ།། འཁར་ལོས་སྒྱུར་བ་ཞེས་བྱ་བ་ནི་དབང་སྒྱུར་བའི་ཕྱིར་རོ།། རྒྱ་མཚལ་ཐུབ་པའི་ཞེས་བྱ་བ་ནི་ཁོར་ཁོར་ཡུག་ཚུན་ཆད་ངོ་།། དཀྱིལ་འཁོར་ཆེན ་པོར་ཆོས་ཀྱི་རྒྱལ་སྲིད་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ནི། རི་རབ་གླིང་བཞི་དང་དཀྱིལ་འཁོར་རོ།། རྒྱལ་སྲིད་ཅེས་བྱ་བ་ནི་དཀོན་མཆོག་གསུམ་ལས་མི་འབར་བའོ།། དེ་དག་ལ་ཡང་རྒྱལ་པོ་བཞིའི་བུའོ།། དཔའ་བས་ན་དཔའ་བའོ།། རྟུལ་ཕོད་པ་ཞེས ་པས་ནི་ཕ་རོལ་གྱི་དགྲ་ལ་སོགས་པའོ།། ཡན་ལག་མཆོག་གཟུགས་དང་ལྡན་པ་ཞེས་བྱ་བ་ནི། དགེ་བ་ལེགས་པའོ།། ཁ་དོག་དང་ལྡན་པའོ།། སྟོབས་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། གྲགས་པ་དང་ལྡན་པའོ།། ལྷ་དང་ལྷ་མ་ཡིན་གྱི་རྩོད་པ ་ནུས་པའོ།། ཚན་ཆེན་པོ་སྟོབས་ཀྱི་ཤུགས་བདོག་པ་ཞེས་བྱ་བ་ནི། ཕ་རོལ་གྱི་དམག་བཅོམ་པའི་ཕྱིར་རོ།། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི། ལྷ་མ་ཡིན་གྱི་གྲོང་འཇོམས་པའོ།། རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟོང་འབྱུང་བར་འགྱུར་རོ། ་ཞེས་བྱ་བ་ནི། འཁོར་ལོ་དང་། རྟ་དང་གླང་པོ་དང་། ནོར་བུ་དང་དམག་དཔོན་དང་། བཙུན་མོ་དང་། བློན་པོ་དང་བདུན་ནོ།། ཡང་ན་གསེར་དང་དངུལ་དང་ཟངས་དང་ཤེལ་དང་བྱི་རུ་དང་། དུང་དང་། མ་ར་ཀ་ཏ་དང་བདུན་ནོ།། དེ་སྟོང་འབྱུང་བར་འགྱུར་རོ། ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིའི་ཕོ་བྲང་དུ་འབྱུང་བར་འགྱུར་རོ།། དེ་བས་ན་འཇིག་རྟེན་འདིར་དགེ་བའི་སྔོན་གྱི་ཤུགས་ཀྱིའོ།། རྣམ་པ་འདི་ལྟ་བུ་འབྱུང་བར་འགྱུར་བ་ཁྱོད་ཀྱི་སྙིང་ལས་ཆུང་ངུར་གནས་པར་གྱིས་ཤིག་ཅེས་བྱ་བ་ནི། རྣམ་པ་ནི་སྨིན ་པའོ།། འདི་ལྟ་བུ་འབྱུང་བར་འགྱུར་བ་ནི་བཟང་ངན་གྱི་ཁྱད་པར་རོ།། སྙིང་ལས་ཆུང་ངུར་གནས་པ་ནི། རྒྱལ་པོ་ཆེན་པོ་བཞིའོ།། གནས་པ་ནི་བརྟན་པའོ།། གནས་པར་གྱིས་ཤིག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་ཏོ།། དེ་ནས་ཞེས་བྱ་བ་ནི། ཡང་བཅོམ་ལྡན་འདས་ཀྱིས་མཐུ་དང་སྟོབས་ཀྱིས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་བཞི་སྐུ་མདོག་ལྗང་གུ། ཕྱག་གཉིས་ན་རལ་གྲི་དང་མངའ་བསྣམས་པའོ།། གཡོན་ན་ནེའུ ་ལེའི་སྐྱེལ་པ་དང་བུམ་པ་བསྣམས་པའོ།། སེང་གེའི་གདན་ལ་བཞུགས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། སྟོབས་དང་ལྡན་པ།། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་རྩོད་པ་ནུས་པ། བྱང་ཕྱོགས་ཀྱི་གནོད་སྦྱིན་གྱི་དེད་དཔོན་བྱང ་ཕྱོགས་ལ་ང་བདག་བྱེད་པའོ།། སྟན་ལས་ལངས་ཏེ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རོ།། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བསྐོར་བ་ལན་གསུམ་བྱས་པའོ།། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྤྱན ་སྔར་རོ།། བཅོམ་ལྡན་འདས་ག་ལ་བ་དེར་ཞེས་པ་ནི་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་སྤྱན་སྔར་རོ།། ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཞེས་པ་ནི། ལུས་ངག་ཡིད་གསུམ་གྱིས་བཅོམ་ལྡན་འདས་ཀྱི་མདུན་དུའོ།། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། ལུས་ངན་གྱི་ཚིག་གོ།། བཅོམ་ལྡན་འདས་བདག་ཅག་ལ་ཞེས་པ་ནི་གནོད་སྦྱིན་འཁོར་དང་བཅས་པའོ།། གྲོང་དང་ཞེས་པ་ནི། ཕོ་བྲང་ལ་སོགས་པའོ།། བསྐྱེད་མོས་ཚལ་ཞེས་པ་ནི། གནོད་སྦྱིན ་རྒྱུ་བའི་གནས་སོ།། གཞལ་མེད་ཁང་ཞེས་པ་ནི། གནོད་སྦྱིན་ལ་སོགས་པའི་དཀྱིལ་འཁོར་རོ།། ཁང་པ་བརྩེགས་པ་དང་ཞེས་པ་ནི། སུམ་བརྩེགས་ཡིན་ཏེ་གནོད་སྦྱིན་གྱི་གནས་ཀྱིས་གནས་སོ།། བསིལ་ཁང་དང་ཞེས་བྱ་བ་ནི། གནོད་སྦྱིན་པོ་དང་མོའི་གནས ་སོ།། སྒོ་ཁང་ཞེས་པ་ནི་སྒོ་ཁང་ན་གནས་པའོ།། རྟ་བབས་ཞེས་པ་ནི་མཚམས་མཚམ་སུ་བརྒྱན་པའོ།། ཡང་ན་རྟ་བབས་ཞེས་པ་ནི་ཀ་བ་དང་། རི་དགས་ཤ་ར་ན་དང་། ཀླུང་འབྲུག་ན་ར་དང་། ཆུ་སྲིན་ཏྭ་ར་དང་། བྱ་ཁྱུང་ཀ་ར་ན་ལ་སོགས་པའོ།། དྲ་བ་དང ་དྲ་བ་ཕྱེད་པ་དང་། མུ་ཏིག་གི་དྲ་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཇི་ལྟ་བ་བཞིན་དུ་མཛེས་པར་བརྒྱན་པའོ།། སྐར་ཁུང་ཞེས་བྱ་བ་ནི། མཚམས་མཚམས་སུ་ལོགས་ལོགསུ་ཞེས་བྱའོ།། སྐར་ཁུང་ལ་ཡང་། མུ་ཏིག་དང་། བྱུ་རུ་དང་། ་མུ་མོན་དང་། གསེར་དང་། དངུལ་དང་། ཤེལ་དང་ཇི་བཞིན་དུ་མཛེས་པར་བརྒྱན་པའོ།། དར་གྱི་ལྔ་ལྡི་བཟང་ཞིང་མཛེས་པ་རྣམས་ཞེས་བྱ་བ་ནི་ཕོ་བྲྀང་གི་ནང་ནའོ།། སྣ་ཚོགས་དང་ལྡན་ཞེས་པ་ནི། རྔ་མ་དཀར་པོ་གསེར་གྱི་ཡུ་བ་ཅན་དང་། ཕྱེ་མ་ཕུར་མ ་ལ་སོགས་པ། མེ་ཏོག་གི་ཕྲེང་བ་ལ་སོགས་པ། དྲི་ཞིམ་པོའི་འཕྲེང་བས་དྲ་བ་བྱས་པའོ།། དྲིལ་བུ་དང་མུ་ཏིག་གི་དྲ་བས་ཡོངས་སུ་བསྐོར་བ་དང་ཞེས་བྱ་བ་ནི། ཕྱིའི་སྒོ་རྒྱན་དང་། ནང་གི་ཕོ་བྲང་གི་བརྒྱན་ནོ།། དྲིལ་བུ་ལ་སོགས་པ་རླུང་གིས་བཏབ་པས། དཔེར་ན ་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་མཁན་པོས་གར་བྱས་པ་དང་འདྲའོ།། ཕོག་པོར་ནས་བདུག་པ་དག་དང་ཞེས་པ་ནི། གསེར་དང་དངུལ་གྱིས་བྱ་སྟེ། ལྷན་ཅིག་སྐྱེས་པ་དང་། ཡང་དག་པར་སྦྱར་བ་དང་། ཙན་དན་དང་གུ་གུལ་ཨ་ཀ་རུ་ལ་སོགས་པའི་དྲི་ཇི་བཞིན ་དུ་བདུག་པས་བདུག་པའོ།། མེ་ཏོག་གིས་གཏོར་བའི་ཁྱིམ་དང་ཞེས་པ་ནི། རྣམ་ཐོས་སྲས་གྱི་བུའི་ཕོ་བྲང་ངོ་།། གནས་དང་ཞེས་བྱ་བ་ནི་ལུས་ངན་པོའི་གནས་སོ།། ཁང་པ་ཆེན་པོ་ངག་མཆིས་ཏེ་ཞེས་པ་ནི། ལུས་ངན་པོའི་ཕོ ་བྲང་གི་དབུས་སུ་སེང་གེའི་གདན་ནོ།། སང་གེའི་གདན་གྱི་སྟེང་ན་པདྨ་ལ་སོགས་གདན་ལ་རྒྱན་རྣམས་བཞིས་བྱས་པའི་ཁྲི་ཆེན་པོའོ།། དེ་ལྟར་བདག་ཅག་ཅེས་བྱ་བ་ནི་རྣམ་ཐོས་ཀྱིས་བུའོ།། བུད་མེད་བརྒྱ་ཕྲག་སྟོང་དག་གིས་ཅེས་བྱ་བ་ནི་རྣམ་ཐོས་ཀྱི་བུའི ་ཆུང་མའོ།། ཡོངས་སུ་བསྐོར་ཅིང་འདོད་པའི་ཡོན་ཏན་ལྔ་ཚངས་པར་སྤྱོད་པ་དང་ལྡན་པར་གྱུར་ནས་ཞེས་བྱ་བ་ནི། གཟུགས་དང་སྒྲ་དང་། དྲི་དང་རོ་དང་རེག་བྱ་ངང་ལ་སོགས་པ་ཇི་ཙམ་པ་བཞིན་དུ་སྤྱོད་པའོ།། བཙུན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ ་སྤངས་པའོ།། བཅོམ་ལྡན་འདས་ནི་བཞི་བཅོམ་དྲུག་ལྡན་མྱ་ངན་ལས་འདས་པའོ།། བདག་ཅག་ཅེས་པ་ནི། རྣམ་ཐོས་ཀྱི་བུ་གནོད་སྦྱིན་དང་བཅས་པའོ།། རབ་ཏུ་མྱོས་པའི་བག་མ་མཆིས་པར་གནས་པ་ཞེས་པ་ནི། མྱོས་པའི་འདོད་པའི་ཡོན་ཏན་ལྔས་མྱོས ་པའོ།། དེས་མ་ཐོས་པས་ཆོས་དང་མི་ལྡན་པའོ།། འཁོར་ཟས་དང་སྐོམ་ཚོལ་ཏུ་ཕྱོགས་བཅུ་ཀུན་ཏུ་འབྱེར་ཞིང་། སྐྱེས་པ་དང་ཞེས་པ་ནི། རླུང་དང་མཁྲིས་པ་དང་། བད་ཀན་དང་རིམས་ལ་སོགས་པ་ཟས་དང་སྐོམ་ལ་སོགས་པ་ཚོལ་བའོ།། བུད་མེད་དང་ཞེས་བྱ་བ ་ནི། བུད་མེད་བུ་སྐྱེས་པའི་དུས་སུ་ཡང་ཟས་ཚོལ་བའོ།། བུད་མེད་ཀྱི་གཟུགས་སུ་བྱས་ནས་སོ།། ཁྱེའུ་དང་ཞེས་བྱ་བ་ནི། ཁྱེའུའི་གཟུགས་སུ་བྱས་ནས་ཟས་ཚོལ་བའོ།། བུ་མོ་དང་ཞེས་པ་ནི། བུ་མོའི་གཟུགས་ཅན་དུ་བྱས་ནས་སོ།། བཙས་མ་ཐག་པ་དང ་ཞེས་པ་ནི། བཙས་ནས་ཆེ་བར་སོང་ནས་མཛེ་དང་ཕོལ་མིག་ལ་སོགས་པ་ནང་རྣམ་པ་སྣ་ཚོགས་སུ་གཏོང་བའི་བདག་གོ།། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་ཞེས་པ་ནི་དུད་འགྲོ་ལ་གནོད་པར་བྱེད་པའོ།། སྲོག་ཆགས་རྣམས་ཀྱི་མདངས་འཆེ་བར་བགྱིད་ཅེས་བྱ་བ་ནི། སྲོག ་ཆགས་ཞེས་བྱ་བ་ནི་མི་ལ་སོགས་པའོ།། མདངས་འཕྲོག་ཅེས་བྱ་བ་ནི། ནང་རྣམས་མཛེ་ལ་སོགས་པ་ཐམས་ཅད་གཏོང་བའི་བདག་པོའོ།། ཡང་ན་དགེ་བའི་རྩ་བ་ལ་སོགས་པའི་བགེགས་བྱེད་པའི་བདག་གོ།། བགེགས་བགྱིད་ཅེས་བྱ་བ་ནི། བཞི་དང་ལྡན་པའོ།། འགུམ་པར ་བགྱིད་ཅེས་པ་ནི་འཆི་བདག་གོ། སྲོག་དང་འབྲལ་བར་བགྱིད་དེ་ཞེས་བྱ་བ་ནི། ཁ་ཐུག་ཏུ་ཕྲད་ནས་སྐད་ཅིག་མས་སྲོག་འབྲལ་བར་བགྱིད་པའོ།། བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི་ཞུ་བའོ།། སྤྱན་སྔར་ནི་མདུན་དུའོ།། བདག་ཅག་གིས་འཁོར་བཞི་ཞེས་པ་ནི། ་དགྲ་བཅོམ་པའི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་སློང་དང་། དགེ་སློང་མ་ལ་སོགས་པའི་མདུན་དུའོ།། བདག་ཅག་གི་གནོད་སྦྱིན་འཁོར་དང་བཅས་པའོ།། འཁོར་གྱི་ཚུལ་གྱི་མཚན་མ་བསྟན་པ་ཞེས་བྱ་བ་ནི་ནང་རྣམས་ཀྱི་མཚན་མའོ།། གང་གི་འཁོར་གྱི ་གདོན་འབྱུང་བ་དེར་ཞེས་པ་ནི་རྣམ་ཐོས་སྲས་ཀྱི་འཁོར་ཏེ་གནོད་སྦྱིན་གདོན་ནོ།། རྒྱལ་པོ་ཆེན་པོ་དེའི་གཟུགས་ཞེས་པ་ནི། རྒྱལ་པོ་ཆེན་པོའི་བཞིའི་གཟུགས་སོ།། རྣམ་ཐོས་སྲས་ཀྱི་བུ་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་བཞིའོ།། ་དེའི་མཆོད་རྫས་ནི། རྒྱལ་མཚན་དང་ནི་བ་དན་དང་། གདུགས་དང་མེ་ཏོག་ཕྲེང་བ་སོགས།། ཡང་དག་དྲི་སྦྱོར་བཟང་པོ་དང་།། འབྲས་དང་བག་ཕྱེ་ལ་སོགས་ལ།། རྒྱལ་པོ་བཞི་ཡི་གཟུགས་བྱས་ལ།། དཀྱིལ་འཁོར་བཟང་པོའི་ས་གཞི་ལ།། སྣ་ཚོགས་མཚོན་གྱིས ་བྲི་བར་བྱ།། དབུས་སུ་པདྨ་སྣ་ཚོགས་ལ།། སྟོང་ཆེན་རབ་འཇོམས་དབུས་ན་གནས།། པདྨ་བཞི་དང་མཚུངས་པ་ལ།། རྒྱལ་བ་བསནི་བཞུགས་པར་ཤེས།། གནང་སྦྱིན་གདོན་དང་དྲི་ཟའི་གདོན།། གྲུལ་བུམ་གདོན་དཔ ་ཀླུ་ཡི་གདོན།། དེ་དག་ཐམས་ཅད་ཕྱི་རོལ་དགོད།། ཚེས་བརྒྱད་དང་ནི་བཅུ་བཞི་ལ།། བཅཝ་ལྔ་དག་ལ་དུས་དག་ནི།། རྒྱལ་པོ་རྣམས་ཀྱི་མཆོད་པར་བྱ།། སྣ་ཚོགས་མེ་ཏོག་སྣ་ཚོགས་སྤོས།། སྣ་ཚོགས་དྲི་དང་མེ་མར་དང་།། ལྷ་བཤོས་སྣ་ཚོགས ་དྲི་ལྡན་པ།། རྒྱལ་པོ་རྣམས་ལ་འབུལ་བར་བྱ།། ཞོ་དང་བུ་རམ་བསྲེག་པ་ལ།། དྲི་ཟ་དྲང་སྲོང་ལྷ་རྣམས་དགའ།། མེ་ཏོག་དཀར་པོ་སིལ་མར་དགུམ།། ཕྲེང་བ་དག་ཀྱང་དེ་ཡིན་ནོ།། ཤར་ཕྱོགས་ངོས་སུ་དགོད་པར་བྱ།། ཤ་དང་ཁྭལ་དང་ཆང་དང་ཆན།། ་སྒོག་པ་ལ་སོགས་ཉ་ཤ་དང་། མེ་ཏོག་སེར་མོའི་སིལ་མར་དགྲམ།། ཕྲེང་བ་ལ་ཡང་དེ་བཞིན་ནོ།། ལྷོ་ཕྱོགས་གྲུལ་བུམ་མ་མོ་དང་།། སྲིན་མོ་སྲིན་པོ་ཡི་དགས་གདོན།། གྲུལ་བུམ་གདོན་དུ་ཤེས་པར་བྱ།། དེ་རྣམས་རྫས་ནི་བསམ་པར་བྱ།། ་ནུནུབ་ཕྱོགས་ཀླུ་དང་འདབ་བཟངས་གདོན།། འོ་མ་སྨན་དང་མངར་གསུམ་སོགས།། ནུབ་ཕྱོགས་ངོས་ནས་བསམ་པར་བྱ།། མེ་ཏོག་དམར་པོ་སིལ་མར་འགྲམ།། ཕྲེང་བ་ལ་ཡང་དེ་ཡིས་ཤས།། ཀླུ་ཡི་གདོན་གྱི་རྫས་ཡིན་ནོ།། ཆང་དང་ཁྲག ་དང་དེ་ལ་སོགས།། གནོད་སྦྱིན་དང་ནི་ཙག་རྣམས་སོ།། གནོད་སྦྱིན་ཕོ་མོ་ལ་སོགས་དང་།། བྱང་གི་ངོས་ནས་གནས་པར་ཤེས།། མེ་ཏོག་ལྗང་གུའི་སིལ་མ་དགྲམ།། མེ་ཏོག་ཕྲེང་བ་དེ་ཡིན་ནོ།། བྱང་གི་ངོས་ན་བསམ་པར་བྱ།། དགེ་སློང་དག་ནི་རྡོ་རྗེ་འཛིན།། ་དྲི་མ་མང་པའི་གོས་ལ་སོགས།། བསྲུང་བར་བྱས་ལ་དཀར་པོ་བསྟན།། སྙིང་རྗེ་ལྡན་ཞིང་དོན་བྱེད་པ།། དེ་དག་སློབ་དཔོན་མཚན་ཉིད་དོ།། ཞེས་བྱ་བ་བསྟན་པའོ།། མཆོད་རྟེན་དང་བཅས་པ་ཆེན་པོ་བགྱིད་ཏེ་ཞེས་བྱ་བ་ནི།། ཟངས་དང་འཇིམ་པ ་ཁར་བ་བཅས།། གསེར་དང་དངུལ་དང་རིན་ཆེན་སོགས།། ཚ་ཚ་ལ་སོགས་རབ་གནས་བྱས།། དེ་བཞིན་གཤེགས་པའི་སྐུར་གནས་པ།། དེ་ལྟ་བུ་ཡི་མཆོད་རྟེན་ལ།། གང་ཟག་གིས་ནི་མཆོད་པར་བྱ།། མཚན་མ་ལེགས་དང་མགྲིན་པ་རིང་།། གསུས་པོ ་ཚེཆེ་དང་མཆུ་འཕྱངས་པ།། ནག་པོ་ར་རི་མང་པ་དང་།། གསེར་རམ་དངུལ་ལ་སོགས་པ་ཡི།། དེ་ལྟ་བུ་ཡི་བུམ་པ་ལ།། བདུག་སྤོས་བཟང་པོས་གདུགས་པར་བྱ།། དྲི་འམ་སྨན་ནམ་རིན་པོ་ཆེ།། གདུགས་སམ་འགུལ་ཆིངས་གཙང་བ་ལ། འབྲས་བུ་ཅན་གྱི ་ཤིང་རྣམས་ཀྱིས།། ཁ་རྒྱན་དག་ནི་ལེགས་པར་བྱ།། རྒྱལ་པོ་བཞི་ཡི་གཟུགས་རྣམས་དང་།། གདུང་རྟེན་ལ་སོགས་གང་ཡང་རུང་།། གསེར་རམ་དངུལ་ལམ་སྣོད་བཅས་ལ།། བུམ་པའི་ཞབས་ལ་བུ་གུ་དོང་།། དེ་ཡི་འོག་ཏུ་བཞག་པར་བྱ།། མེ་ཏོག ་དང་ནི་བདུག་སྤོས་དང་།། དྲི་མཆོག་ལ་སོགས་གཏོར་མ་དང་། རྡོ་རྗེ་སློབ་དཔོན་ཤེས་པར་བྱ།། ལྔ་འམ་གཅིག་གམ་གང་ཡང་རུང་།། དཀྱིལ་འཁོར་དབུས་སུ་ཡང་ངག་བཞག། ཕུར་པ་དང་ནི་མངའ་རྣམས་དང་།། མདུང་དང་རལ་གྲི་མཚོན་རྣམས་ལ།། སྐུད་པ ་སྣ་ཚོགས་ཡང་དག་བསྐོར།། རྡོ་རྗེ་སློབ་དཔོན་ཤེས་རབ་ཅན།། བློ་ལྡན་མཁས་པས་ཡང་དག་ཤེས།། སྟོང་ཆེན་རབ་འཇོམས་མདོ་སྡེ་ཡང་།། རྒྱུན་མི་འཆད་པར་གདོན་པར་བྱ།། མཆོད་རྟེན་མཆོད་དོ་ཞེས་བྱ་བའོ།། ནང་པས་རྒྱལ་པོ་ཆེན་པོ་དེའི་མིང་ནས ་འབྱུང་ཞིང་ཞེས་བྱ་བ་ནི། ལག་པའི་ལག་པས་རེག་པར་བགྱིའོ།། མིང་ནས་དབྱུང་ཞིང་ཞེས་པ་ནི། རྒྱལ་པོ་ཆེན་པོ་བཞི་དང་ནང་པའི་མཚན་རྣམས་སོ།། དྲི་སྣ་ཚོགས་ཀྱིས་རང་གིས་ལག་པས་བདུག་པར་བྱའོ།། ་ཞེས་བྱ་བ་ནི་ནད་པ་དང་རྡོ་རྗེ་སློབ་དཔོན་གྱི་ལག་པས་ཡང་དག་པར་མཆོད་པའོ།། ཡང་ན་དྲིའི་ཕོར་པ་བཞི་མཎྜལ་གྱི་ཁར་ཡང་དག་པར་བཞུག་པའོ།། ངོག་ས་ལ་མེ་ཏོག་སིལཱ་མ་བཀྲམ་སྟེ། ཞེས་བྱ་བ་ནི། ཆོ་ག་བྱ་བའི་ས་གཞི་ལའོ།། ་ཞུན་མེར་བུས་ལ་ཞེས་བྱ་བ་ནི།། མར་ལ་བྱས་པའི་མེ་མར་རོ།། མཆོད་རྟེན་དེ་ལ་མཆོད་པར་བགྱིད་ཞེས་བྱ་བ་ནི།། སྟོང་ཆེན་པོ་རབ་ཏུ་འཇོམས་མ་དང་།། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་སྟེ། དེ་ཡང་སངས་རྒྱས་རབས་བདུན་ཡང ་མཆོད་པའོ།། བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི།། རྣམ་ཐོས་སྲས་ཀྱི་ཚིག་གོ།། བདག་གི་འཁོར་དང་ཞེས་བྱ་བ་ནི། རྣམ་ཐོས་སྲས་ཀྱི་འཁོར་རོ།། གནོད་སྦྱིན་གྱི་གདོན་གྱིས་བཏབ་པའི་མཚན་མ་ནི་ཞེས་བྱ་བ་ནི། གནོད་སྦྱིན་གྱི་བྱང་ངོས་ཀྱི ་གདོན་ནོ།། གནོད་སྦྱིན་གྱི་གདོན་ཉི་ཤུ་རྩ་བརྒྱད་ཡིན་ཏེ།། བྱང་ངོས་ངག་ལ་གནོད་པར་བྱེད་དེ།། གནོད་སྦྱིན་དེ་དག་གི་དཔོན་པོར་གྱུར་པའོ།། གནོད་སྦྱིན་གཟུགས་ནི་སྣ་ཚོགས་གཟུགས་ཡིན་ཏེ།། གནོད་པ་རང་ཡང་སྣ་ཚོགས་སུ་སྐྱེལ་ལོ།། རྒྱལ་པོ ་དང་མི་དང་། བྱོལ་སོང་ལ་ཡང་གནོད་པ་སྐྱེལ་བ་སྟེ། ནང་སྣ་ཚོགས་གཏོང་བ་ལ་སོགས་པའོ།། མཚན་མ་འདི་ལྟ་བུ་ཡིན་ཏེ་ཞེས་བྱ་བ་ནི། གཟུགས་ནི་སྣ་ཚོགས་ཡིན་པའོ།། གནོད་སྦྱིན་སྲིན་པོ་མ་མོ་རྣམས།། ལ་ལ་ཁ་ནས་མོ་འབར་དང་།། སྤྲུལ ་གྱི་ཞག་པས་འཛིན་པ་དང་།། རལ་གྲི་མདའ་གཞུ་མདུང་ཐུང་རྣམས།། འཁོར་ལོ་ལྷོ་དམར་མདུང་རྣམས་ཐོགས།། སྣ་བཅད་པ་དང་རྣ་བ་བཅད།། བོ་རེ་དང་ནི་སྒོ་གཅིག་པ།། ལ་ལ་སྦྲུལ་གྱི་སྣ་དང་ཆུ་སྲིན་དང་།། མགོ་གཅིག་པ་དང་མག་གཉིས་པ།། མགེ ་གསུམ་པ་དང་མགོ་དྲུག་པ།། མགོ་མེད་བྲང་ནི་ཁ་ཡོང་ཅན།། མགོ་ནི་གཅིག་ལ་སྣ་ཀྲོང་བ།། མི་ཡི་ལྤགས་པ་གོན་པོ་དང་།། མི་ཡི་མགོ་བོའི་ཕྲེང་བ་བྱེད།། མི་ཡི་རུས་པའི་རྒྱན་ཆ་དང་།། སེམས་ཅན་ལྔ་ནི་གནོད་པ་བྱེད།། སྒྲ་སྒྲོགས་པ་དང་སྐྱེ་བ་ཆེ། ་སེང་གེའི་སྒྲ་དང་མཚུངས་པར་བྱེད།། བྱཱ་དང་ཁྱི་དང་ཝ་དག་དང་།། སྣ་ཚོགས་གཟུགས་ནི་རྨི་ལམ་བསྟན།། བཞིན་འགྱུར་དང་ནི་མཁྲིས་པའི་ནད།། རླུང་དང་བང་ཀན་ལྡན་པ་དང་།། མཛེ་དང་པོ་ལ་མིག་ལྷོག་པ་དང་།། མེ་དཔལ་དང་ནི་ཤ་བཀྲ་དང་། ་ཤུ་པ་གཡན་པ་འབྲུམ་བུའི་ནད།། དེ་དག་ནད་ནི་གཏང་བའི་བདུག། ཅེས་བྱ་བ་བསྟན་པའོ།། ཕྱི་ཕྱིར་རྒོད་ཅིང་འཇིགས་པར་བྱེད་ཅེས། བྱ་བ་ནི་ནང་པའི་མཚན་ཉིད་དོ།། ཕྱི་ཕྱིར་རྒོད་པ་བུད་མེད་དང་སྐྱེས་པ་ཡང་རུང་བ་ལ། གནོད་སྦྱིན ་གྱིས་བཏབ་པའི་ཕྱིར་ན་རྒོད་པར་འདོད་པའོ།། འཇིགས་པར་བྱེད་ཅེས་བྱ་བ་ནི། རྨི་ལམ་མམ་དངོས་བྱོར་མཐོང་བ་འམ། སེམས་ལ་འདི་འབྱུང་ཞེས་བྱ་བ་འམ་ཉལ་ནས་རྨིས་ལོམ་སྣང་ནས་བྱུང་བ་འམ།། འཇིགས་པར་བྱེད་པའོ།། ་སྨྲ་བར་བགྱིད་ཅིང་ཞེས་བྱ་བ་ནི། དོན་མེད་པར་ལབ་ལོབ་སྨྲ་བ་སྟེ། ཡང་ན་ནད་པ་སྨྲ་བར་བྱེད་པའོ།། ཁྲོ་བར་བྱེད་ཅེས་བྱ་བ་ནི། དོན་མེད་པར་ཁྲོ་བོ་སྟེ། ཡང་ན་རང་གི་ལུས་ལ་སྨྱོན་པ་བཞིན་དུ་བྱས་པ་སྟེ། རང་ལ་ལྕེབ་པ་དང་། ཁྲོ་ཞིང་གཞན ་ལ་རྡེག་པའོ།། དེ་ནི་གཉིད་ཀྱང་ལྡོག་པར་འགྱུར།། ཞེས་བྱ་བ་ནི། དེ་གཉིད་ཅེས་བྱ་བ་ནི་ནང་པ་སྟེ། གཉིད་ལོག་པའི་དུས་སུ་འཛིན་པའོ།། ཡང་ན་ཤིན་ཏུ་བྲོ་འཚལ་འགྱུར་ཞེས་བྱ་བ་ནི། ཡན་ལག་ལ ་སོགས་པ་ན་བར་འགྱུར་བའོ།། རྟག་ཏུ་གྱེན་དུ་ལྡང་བར་འགྱུར་ཞེས་བྱ་བ་ནི།། གདུང་ངམ་ན་མཁའ་ལ་སོགས་པ་ལ་ལྟ་བའོ།། ཡང་ན་ཤིན་ཏུ་མི་དགའ་བའོ།། སྐར་མ་དག་ལ་སྙེགས་པར་བགྱིད།། ཅེས་བྱ་བ་ནི།། ནུབ་མོ་དག་ཡིན་ཏེ། ་སྐར་མ་ལ་ཁྲོ་བའོ།། ནུབ་མོ་ཤིན་ཏུ་དགའ་བར་འགྱུར།། ཞེས་བྱ་བ་ནི་ནུབ་མོ་བསམ་པ་ལྡང་ངོ་།། དགའ་བར་བྱེད་པ་ནི་ཕྱིན་ཅིང་ནུབ་མོ་ལ་སོགས་པ་ལ་རྒྱུ་བའོ།། དཔེར་ན་དུར་ཁྲོད་ངམ་ལམ་རྒྱ་གྲམ་འམ་སྙམ་པའི་དུས་སུ།། བུད་མང ་སྐྱེས་པ་ལ་མི་དགའ་བ་ཁྱོ་ཚོལ་བའི་ཕྱིར། བུད་མེད་ཀྱི་ཁྱོ་བཏང་ནས་ཕྱིར་དགའ་བའོ།། རྟག་ཏུ་འདར་ཞིང་སྒྲ་འབྱིན་ཏེ་ཞེས་བྱ་བ་ནི། ནད་མེད་པ་དེ་ཤིན་ཏུ་འདར་བའོ།། སྒྲ་འབྱིན་པ་ནི་འཇིགས་པའི་སྒྲ་འབྱིན་པའོ།། དེ་ལ་སྔགས་ཀྱི་ཚིགས ་མཆིས་ཀྱིས་ཞེས་པ་ནི།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ཞལ་ནས་གསུངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་མཐུ་དང་སྟོབས་ཀྱི་བྱིན་གྱིས་བརླབས་པའི་སྨྲ་བར་བྱེད་པའོ།། འཇིག་རྟེན་མགོན་པོ་བདག་ལ ་གསོན་ཞེས་བྱ་བ་ནི།། འཇིག་རྟེན་མགོན་པོ་ནི་སངས་རྒྱས་སོ།། བདག་ནི་རྣམ་ཐོས་ཀྱི་བུའོ།། གསོན་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་བྱིན་བརླབས་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་རིགས་སྔགས་ཀྱིས་གནོད་སྦྱིན་གྱི་གདོན་གཅོད ་པའོ།། སྱ་ཏྭེ་དཾ་ཞེས་བྱ་བ་ནི། འདི་ལྟ་སྟེ། རིགས་སྔགས་འདིའོ།། སིད་དྷ་ཞེས་བྱ་བའི་སྔགས་སོ།། བདག་གི་སྔགས་ཀྱི་ཞེས་བྱ་བ་ནི། རྣམ་ཐོས་ཀྱིས་བུའོ།། ཚིགས་རྣམས་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་འགྲུབ་པར་གྱུར ་ཅིག་ཅེས་བྱའོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མིང་དང་ཞེས་བྱ་བ་ནི། ནད་པ་ལ་སོགས་པ་ངའི་མཚན་ཉིད་ཀྱི་བདེ་བའོ།། སྟོབས་དང་ནི་སྟོབས་ཀྱིས་མི་ནུས་པའོ།། དབང་ཕྱུག་དང་ནི་གནོད་སྦྱིན་ཐམས་ཅད་དབང་དུ་བསྡུས་ཏེ། ་དབང་བསྐུར་བའི་ཕྱིར་གནོད་པ་མི་བསྐྱེད་པའོ།། བྱིན་གྱིས་བརླབ་ཅེས་བྱ་བ་ནི། རིག་སྔགས་དང་སངས་རྒྱས་དང་རྣམ་ཐོས་ཀྱི་བུའི་བྱིན་གྱིས་བརླབས་པའོ།། དེ་ནས་ཞེས་བྱ་བ་ནི་ལུས་ངན་གྱི་ཚི་གོ། གཏིང་ལའོ།། རྒྱལ་པོ་ཆེན་པོ ་ཡུལ་འཁོར་སྲུང་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ། སྐུ་མདོག་དཀར་པོ་འོད་ཟེར་ལྡན།། གཡས་ན་འཁོར་ལོ་མངའ་རྣམས་པ།། གཡོན་ན་པི་ཝ་ང་ཞུ་འཛིན་པ།། གདན་ཡང་གླང་ཆེན་དག་ལ་བཞོན།། གནས་ནི་རི་རབ ་ཤར་ངོས་ནཱ།། དྲི་ཟ་ཐམས་ཅད་མདའ་མཛད་པ།། ཤར་ཕྱོགས་ངོས་ཀྱི་མངའ་བདག་ཡིན།། དྲི་ཟ་ཕོ་མོ་གཟི་ལྡན་པ།། དྲི་ཟའི་རྒྱལ་པོ་དེ་ཡང་བརྗོད།། གཟི་བརྗིད་དང་ནི་སྟོབས་དང་ལྡན། ཁ་དོག་ལྡན་ཞིང་གྲོགས་དང་ལྡན།། ་ལྷ་དང་ལྷ་མིན་འཁྲུག་ཚོང་ལྡན།། ཞེས་བྱ་བ་ཡིན་ནོ།། སྟན་ལས་ལངས་ཏེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་པའོ།། བློ་གྲོས་ཕྲག་པ་གཅིག་ཏུ་གཟར་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་དང་བྱང་ཆུབ་སེམས ་དཔའ་འཁོར་བཞིའི་མདུན་ནོ།། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་ཞེས་བྱ་བ་ནི། གུས་པས་ཏེ། བཅོམ་ལྡན་འདས་ལ་དགེ་སློང་གི་ཕྱག་ཅེས་བྱ་བའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི། རྒྱལ ་པོ་ཡུལ་འཁོར་སྲུང་གིས་གསུངས་པའོ།། གཱ་ལ་བ་དྭེར་ཞེས་བྱ་བ་ནི་མདུན་དུའོ།། ཐལ་མོ་སྦྱར་ནས་ཞེས་བྱ་བ་ནི། མགོ་བོས་ཕྱག་བཙལ་ནས་གུས་པའོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། བཅོམ་ལྡན ་འདས་ཀྱི་མཐུ་དང་གཟི་བརྗིད་དང་། སྟོབས་ཀྱི་བྱིན་གྱིས་བརླབ་པའོ།། བཅོམ་ལྡན་འདས་བདག་གིས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ངོ་།། འཁོར་དྲི་ཟའི་གདོན་གྱིས་བཏབ་པའི་ཚུལ་ཞེས་བྱ་བ་ནི་འདི་ལྟ་བུ་སྟེ ་གཟུགས་བཟང་དང་ནི་སྐྱེ་ལེགས་དང་། བྱང་མཚར་དྲི་ཞིམ་གླུ་ལ་དགའ།། མེ་ཏོག་དྲི་དང་དཱི་མ་སོགས།། སེམས་ཅན་ཐམས་ཅད་གནོད་པ་བསྐྱལ།། མེར་མེར་པོ་དང་། ནུར་ནུར་པོ། བུ་ཡི་ས་བོན་མ་ལུས་དག། སྐྱེས་ནས་གཟི་བརྗིད ་འཕྲོག་པ་དག། བྱིས་པ་རྣམས་ནི་འཇིགས་པར་བྱེད།། ཟས་སུ་ཟླ་བ་བུ་རམ་ཞོ།། ཤར་གྱི་ངོས་ནས་གནོད་པར་བྱེད།། དྲི་ཟ་ཉི་ཤུ་རྩ་བརྒྱད་རྣམས།། དེ་ཀུན་ཤར་ཕྱོགས་རྒྱུ་བ་དག། དྲི་ཟ་འཁོར་གཡོག་ས་ཡཱ་འབུམ་ཕྲག་དག་བསྟན ་པའི།། མཚན་མ་ནི་འདི་ལྟ་བུ་དག་ཡིན་ཏེ་ཞེས་བྱ་བའོ།། གླུ་ལེན་ཅིང་ཞེས་བྱ་བ་ནི་གླུ་ལ་ཤིན་ཏུ་དགའ་བའོ།། ཡང་ནི་ནད་པས་སྐྱོ་བའི་ཚུལ་དུ་གླུ་ལེན་པའོ།། བྲོ་བརྡུང་ཞིང་ཞེས་བྱ་བ་ནི། རོལ་མོའི་ཚོགས་ལ་ཤིན་ཏུ་དགའ་བ་སྟེ། ཡང་ན ་ནད་པ་སྨྱོ་ཞིང་གར་བྱེད་པའོ།། རྒྱན་རྣམས་ལ་ཡང་དགའ་བར་བགྱིད་ཅེས་པ་ནི། རྒྱན་རྣམས་ལ་སོགས་དགའ་བ་སྟེ།། དྲི་དང་དྲི་མ་ལ་སོགས་པ་ལ་ཤིན་ཏུ་དགའ་བའོ།། ཡང་ན་ནད་པ་ཞོ་དང་བུ་རམ་ལ་སོགས་པ་ལ་དགའ་བའི་མཚན་ཉིད་དོ་ཞེས ་བྱ་བའོ།། སྐམ་པ་མཆིས་ཞེས་བྱ་བ་ནི། མི་བདེན་པའི་ཚིག་ཡིན་ཏེ། བདེན་པར་སྨྲ་བའོ།། མེད་པར་སྨྲ་ཞེས་བྱ་བ་ནི། མེད་པ་མི་བསྟན་པ་སྟེ། ཕྲ་མའི་ཚིག་སྨྲ་བར་འདོད་པའོ།། རྒོད་པར་བྱེད་ཅིང་ཞེས་བྱ་བ་ནི། སྨྱོ་བའི་ཚུལ ་ཏུ་ཡིན་ཏེ། དོན་མེད་པར་རྒོད་པའོ།། ཁྲོ་བར་འགྱུར་ཞེས་བྱ་བ་ནི།། གཞན་ལ་མ་འགུ་སྟེ། རང་གི་ཚུལ་སྨྱོན་པ་ལྟ་བུའི་ཚུལ་དུ་ཁྲོ་བའོ།། སྒོམ་པར་གྱུར་པ་ཞེས་བྱ་བ་ནི། དཔེར་ན་ཡི་དྭགས་ཡིན་ཏེ། ཡི་དགས་བཞིན་དུ་སྐོམ་པའོ།། ་མིག་དམར་ཏེ་ཞེས་བྱ་བ་ནི། བད་ཀན་ལ་སོགས་པ་ནད་ཀྱིས་བཏབ་སྟེ་དམར་བའོ།། ཡང་ན་རིམས་ཀྱིས་བཏབ་པ་བཞིན་དུའོ།། རྟག་ཏུ་རིམས་ཀྱིས་འདེབས་པར་འགྱུར་ཞེས་བྱ་བ་ནི། མ་ཤྲི་བར་གྱི་ཚེ་ན་ནད་ཀྱིས་ཐེབས་པའོ།། མིག་ཀྱང་འབྱེད ་པར་མི་བགྱིད་ང་ཞེས་བྱ་བ་ནི། མིག་ནད་ནི་རྒས་རྒས་སུ་འབྱུང་བའོ།། རྒྱབ་ཀྱི་ཕྱོགས་ཀྱིས་ཉལ་བར་བྱུད་ནི། དཔེར་ན་མདུན་ན་ཡོད་པ་བཞིན་དུ། གན་ཀྱལ་དུ་ཉལ་བའོ།། དེ་ལ་ཞུས་པ་ནི་དྲི་ཟ་རྣམས་ལའོ།། སྔགས་ཀྱི་ཚིག་ཅེས་བྱ་བ་ནཱཾ ་སྟོང་ཆེན་པོ་རབ་ཏུ་འཇོམས་མའོ།། འཇིག་རྟེན་མགོན་པོ་ནི་བཅོམ་ལྡན་འདས་ལའོ།། བདག་ནི་དྲི་ཟོའི་རྒྱལ་པོའོ།། གསོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ།། སྱ་ཏྭེ་དཾ་ཞེས་བྱ་བ་ནི། འདི་ལྟ་སྟེ། སྟོང་ཆེན་མོ་ར ་ཏུ་འཇོམས་མའོ།། རིགས་སྔགས་ནི་ཨ་ཁེ་ཞེས་བྱ་བ་ལ་སོགས་པའོ།། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་སྟོབས་དང་ཞེས་པ་ནི། སངས་རྒྱས་དང་སྟོང་ཆེན་མོ་དང་རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱིས་སྲུང་བའོ།། བྱིན ་གྱིས་ཞེས་པ་ནི་སངས་རྒྱས་སོ།། བདག་གདོན་ཐམས་ཅད་དང་ཞེས་པ་ནི་སྟོང་ཕྲག་བརྒྱད་ཅུའོ།། གནོད་པ་ཐམས་ཅད་ལས་ཞེས་བྱ་བ་ནི། འདིར་དྲི་ཟ་ལ་སོགས་པའོ།། ཐར་པར་གྱུར་ཅིག་སྭཱ་ཧཱ་ཞེས་པ་ནི།། བདག་དང་སེམས་ཅན་ཐམས་ཅད ་ཀྱི་ནང་ཞི་བར་གྱུར་ཅིག་ཅེས་པའོ།། དེ་ནས་ཞེས་བྱ་བ་ནི་ཡུལ་འཁོར་བསྲུང་གིས་བཤད་པའི་དེ་ནས་སོ།། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཞེས་བྱ་བ་ནི།། ཞལ་གཅིག་པ་ལ་ཕྱག་བཞི་པ།། གཡས་པ་གཉིས་ན་བསྣམས་པ་ནི། ་དབྱུག་ཐོ་དང་ནི་མངའ་འཛིན་པའོ།། གཡོན་པ་གཉིས་ན་བསྣམས་པ་ནི།། རིན་ཆེན་དང་ནི་གཞུ་བསྣམས་པའོ།། སྐུ་མདོག་སེར་པོ་མའི་འོད། སྟག་གི་གདན་ལ་བཞུགས་པའོ།། ཉི་ཤུ་རྩ་བརྒྱད་ཁྲུལ་བུམ་གདོན།། མ་མོ་ལ་སོགས་དེ་བཞིན ་འཁོར།། གཙོ་བོར་གྱུར་པ་དེ་རྣམས་ནི།། གྲུལ་བུམ་གདོན་ནི་བསམ་མི་ཁྱབ།། རི་རབ་རྩེ་མོའི་ལྷོ་ཕྱོགས་ན།། གྲུལ་བུམ་གདོན་རྣམས་གནས་པ་ཡིན།། ལྷོ་ཕྱོགས་མི་ལ་གནོད་པ་བྱེད།། ལྷོ་ཕྱོགས་དོས་ནི་གྲུལ་བུམ་གདོན།། སྣ་ཚོགས་ནད ་ཏོང་བར་བྱེད།། རླུང་དང་བད་ཀན་འདུས་པ་དང་།། མཛེ་དང་ལྷོག་པ་ཤུ་བ་དང་།། ཕོལ་མིག་དང་ནི་གཡེན་པ་དང་།། ཤ་བཀྲ་དང་ནི་མ་དཔལ་དང་།། འབྲུམ་བུའི་ནད་རྣམས་གཏོང་བར་བྱེད།། སྐེ་བོ་ཆེ་ལ་སྐད་ཆེ་བ།། མེ་རི་ཆེན་པོ་འོད་དང ་མཚུངས།། མིག་གཅིག་པ་དང་མིག་གསུམ་པོ།། འཇུག་གཅིག་པ་དང་འཇུག་གཉིས་པ།། མགོ་གཅིག་པ་དང་མགོ་གཉིས་པ།། མགོ་བཞི་པ་དང་གདོང་གསུམ་མ།། རྐང་གཅིག་པ་དང་རྐང་གསུམ་པ།། རྐང་པ་དག་ནི་གནམ་ལ་ལྷ།། མཱི་ཡི་ལྤགས། ་པ་གོན་པ་དང་།། མི་མགོའི་ཕྲེང་བའི་ངོ་ཤལ་ཅན།། མི་ཡི་རུས་པའི་བརྒྱན་པ་དང་།། འཇིགས་པ་ཆེན་པོའི་འོད་འབར་བ།། རྫུ་འཕྲུལ་ཆེན་པོའི་སྟོབས་ལྡན་པ།། སེམས་ཅན་རྣམས་ལ་འཚོ་བར་བྱེད།། དེ་དག་མཐོང་ན་ཐམས་ཅད་འཇིགས། ་མངལ་ན་གནས་པ་བརླག་པར་བྱེད།། སྐྱེས་པ་ན་ཡང་གཟི་བརྗིད་འཕྲོག། ཕྲད་ན་དཀའ་ཐུབ་ཅན་གྱི་སྲོག་ཀྱང་འཕྲོག། རྨི་ལམ་ན་ནི་ཝཾ་དང་སྤྱང་གི་སྤྲེའུ་དང་།། བྱ་དང་པུ་ཆུང་བུད་མེད་དང་།། རྨི་ལམ་དུ་ནི་བསྟན་པའོ།། གྲུལ་བུམ་གྱི་གདོན་གྱི ་མཚན་མ་བསྟན་པའོ།། སྟན་ལས་ལངས་ཏེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་པའོ།། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་ཞེས་པ་ནི། བཅོམ་ལྡན་འདས་དང་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་དང ་འཁོར་རྣམ་བཞི་མདུན་དུ་ཕྱག་བཙལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་མདུན་དུ། དགེ་སློང་གི་ཕྱག་གི་ཚུལ་དུའོ།། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ནས་ཞེས་པ་ནི ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་བཅོམ་ལྡན་འདས་ཀྱི་མདུན་དུ་ཐལ་མོ་སྦྱར་བའོ།། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་ཞེས་པ་ནི། ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བའོ།། འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། རྒྱལ་པོ་ཆེན་པོ ་འཕགས་སྐྱེས་པོས་བཅོམ་ལྡན་འདས་ཀྱིས་མཐུ་དང་གཟི་བརྗིད་ཀྱི་བྱིན་གྱིས་བརླབས་པའོ།། བཅོམ་ལྡན་འདས་བདག་གི་འཁོར་ཞེས་བྱ་བ་ནི། རྒྱལ་བ་ཆེན་པོ་འཕགས་སྐྱེས་པོ་ཞེས་བྱའོ།། ཡི་ངག་གྲུལ ་བུམ་གྱིས་ཟིན་པའི་ཚུལ་ཞེས་བྱ་བ་ནི། ཤིང་བཞིན་མི་སྡུག་པ་དང་། བོང་གི་ཐུང་བ་དང་། གསུས་པ་ཚ་བ། མིག་གཡོ་བ། མགོ་བོ་ཆེ་བ། སྒྲ་རིང་བ། ཁ་ཡོ་བ། ལ་ལ་ནི་ཤ་ཚ་བ། ལ་ལ་ནི་ཤ་སྐམ་པ། རྟག་ཏུ་སེམས་ཅན་ལ་གནོད་པ་བྱེད ་པའོ།། མཚན་མ་ནི་འདི་ལྟ་བུ་ལེགས་ཏེ་ཞེས་བྱ་བ་ནི་འདི་ལྟ་སྟེ། ནང་པའི་མཚན་ཉིད་དོ།། ཤིན་ཏུ་སྐྱིགས་བུས་འདབས་པར་འགྱུར་ཞེས་བྱ་བ་ནི། བུ་ཆུང་ལ་སོགས་པ་ཡིན་ཏེ། མ་ལི་མངལ་ནས་གཟུང་ནས་ནི།། སྐྱེས་མ་ཐག་ཏུ་ནད་ཀྱིས ་འདེབས།། གཡེང་བས་བཏབ་ཅིང་ལྟ་བར་འགྱུར་ཞེས་བྱ་བ་ནི། གཡེང་བས་ནི་བྱས་པས་འཇིགས་པའོ།། བཏབ་ཅིང་ནི་འདར་བས་འཇིགས་པའོ།། ལྟ་བར་འགྱུར་ནི་མིག་ལྡོག་ཅིང་གྱེན་དུ་ལྟ་བའོ།། བཞིན་ཡང་ནི་མིག་དང་ལུས་ནི་དམར་བའོ།། ་དམར་པོར་ལྡང་བར་འགྱུར་ཞེས་བྱ་བ་ནི། སྐྱེས་པ་འམ་བུད་མེད་དམ། ཁྱེའུ་འམ། ཁ་ནས་ཁྲག་ཏུ་སྐྱུགས་པའོ།། བསྐུམ་ནས་ཞེས་བྱ་བ་ནི། ནད་པའི་རྐང་ལག་ཁུམས་པའོ།། ཁུམས་པའི་ནད་ཀྱིས་མ་ཤི་ཡང་གླེན་པར་འགྲོ་བའོ།། ས་ལེ་ཉལ་བར ་འགྱུར་ཞེས་བྱ་བ་ནི། འགུལ་མི་ནུས་པའོ།། གལ་ཏེ་འགྲོ་ན་རྐང་ལགས་ལ་མི་ཚུགས་པའོ།། ཁ་དོག་ངན་ཞིང་ཞེས་བྱ་བ་ནི། མཛེ་དང་ཕོལ་མིག་བཏབ་པའོ།། ལུས་ཀྱང་སྐེམ་ཞེས་བྱ་བ་ནི། གློའི་ནད་ཀྱིས་བཏབ་པ་སྟེ། དབུགས་ཀྱང་ཕྱི་རུ་འགྲོ་བའོ།། ་སྐུ་དང་སེན་མོ་རིང་བ་སྟེ། ཞེས་བྱ་བ་ནི། མངལ་ནས་སྐྱེས་མ་ཐག་ཏུ་ན་བ་མ་ཚོར་བར་དུ་སྐྲ་དང་སེན་མོ་རིང་བའོ།། དྲི་མ་ཅན་ལ་ཞེས་བྱ་བ་ནི། རིམས་ཀྱིས་བཏབ་ནས་འཁྲུ་བའོ།། དྲི་མའི་མདའ་ཞེས་བྱ་བ་ནི་ཕྱི་ས་བཀག་པའོ།། རྫུན་ནི་དོན་དམ་པར་སླུ ་བའོ།། ཁྱད་པར་སྨྲ་བ་ཞེས་བྱ་བ་ནི། འཛའ་ཤེས་རྣམས་ལ་འཕྲ་མ་འཇུག་པའོ།། དེ་ལ་ཞེས་བྱ་བ་ནི། གྲུལ་བུམ་གྱི་གདོན་འདུལ་བའོ།། གང་གིས་འདུལ་ཞེ་ན། སྟོང་ཆེན་མོའི་རིག་སྔགས་ཀྱིས་གཅོད་པའོ།། སྔགས་ཀྱི་ཚིག་མཆིས་ཞེས་པ ་ནི། རྒྱལ་པོ་འཕགས་སྐྱེས་པོའི་ཚིག་གོ།། འཇིག་རྟེན་མགོན་པོས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། བདག་ཅེས་བྱ་བ་ནི། གྲུལ་བུམ་རྒྱལ་པོ་འཕགས་སྐྱེས་པོའོ།། གསེན་ཞེས་བྱ་བ་ནི། སངས་རྒྱས་ཀྱི་གཟི་བརྗིད་དང ་སངས་རྒྱས་ཀྱི་མཐུ་དང་སྟོབས་ཀྱིས་བྱིན་གྱིས་བརླབས་པའོ།། སྱཱཏྟེ་དཾ་ཞེས་བྱ་བ་འདི་ལྟ་སྟེ། ཡང་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་རིག་སྔགས་སོ།། སྔགས་ནི་ཁ་ཁཱ་མེ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཞེས་བྱ་བ་ནི། གྲུལ་བུམ ་གྱི་གདོན་གྱི་བདག་གོ།། མིང་དང་ཞེས་བྱ་བ་ནི།། སངས་རྒྱས་དང་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང་།། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའོ།། སྟོབས་དང་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་པའོ།། དབང་ཕྱུག་དང་ཞེས་བྱ་བ་ནི། སངས་རྒྱས ་ཀྱིས་དབང་ཕྱུག་གིས་སོ།། བྱིན་གྱིས་བརླབས་ཞེས་བྱ་བ་ནི། སེམས་ཅན་ནོ།། བདག་གིས་གདོན་གནོད་པ་ནི་གྲུབ་བུམ་གྱི་གདོན་ནོ།། གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅེས་པ་ནི། ནང་པ་ལ་སོགས་པ་སྟེ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི ་བྱིན་གྱིས་བརླབས་པའོ།། དེ་ནས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་ཚིག་གོ།། རྒྱལ་པོ་ཆེན་པོ་མིག་མི་བཟང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་མིག་མི་བཟང་།། ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ།། སྐུ ་མདོག་དམར་པོ་མེ་ཡི་འོད།། གཡས་པ་སྦྲུལ་ཞགས་མངའ་ཡང་བསྣམས།། གཡོན་པ་པདྨ་གཞུ་ཡང་བསྣམས།། གདན་ལ་བཞུགས་ཏེ་ཆུ་སྲིན་ལ།། ཀུ་ཡཾ་གདོན་ལ་མངའ་མཛད་པ།། ནུབ་ཀྱི་ངོས་ནས་བྱིན་བརླབས་མཛད།། ཀླུའི་གདོན་ནི་ཉི་ཤུ་བརྒྱད།། ་ཀླུ་རྣམས་ཀྱི་ནི་དཔོན་པོའོ།། ནང་རྣམས་ཐམས་ཅད་གཏོང་བྱེད་པ།། དུག་གི་བདག་པོ་རྒྱུ་རྣམས་ཡིན།། འགྲོ་བའི་དུག་དང་ནང་སྡོང་པའི་དུག། སྦྱོར་བའི་དུག་དང་རྣམ་པ་གསུམ་མོ།། བསམ་པ་དང་ནི་རེག་པ་དང་།། ཁ་རླངས་དང་ནི་ཚོར་བའོ།། དུག ་མཆེ་བ་དང་ནི་མཐོང་བ་དང་།། སྤྲིན་པའི་དུག་དང་ཆུ་ཡི་དུག། ས་དང་རླུང་དང་མེ་ཡི་དུག། བད་ཀན་ཁྲིས་པ་རླུང་དང་ནི། ལྡན་པ་བཞི་སྦྱོར་ཕོ་ལ་མིག་དང་། གཡན་པ་མ་དཔལ་ཤ་བཀྲ་དང་།། ཤུ་བ་མཛེ་དང་འབྲུམ་བུ་དང་།། མིག་ནང་སྣ ་ནད་ཁ་ནད་དང་། རྣ་བ་སྣ་དང་གག་པ་དང་། སྨན་ནང་གླང་པ་འབྲས་རྣམས་དང་།། སྤོས་ཤིང་སྐམ་པ་ཆུ་སེར་དང་།། སྨྲ་ཆུ་སྐྲན་དང་རྒྱུ་ནད་དང་།། གློ་ནད་དབུགས་དང་སྙིང་ནད་དང་།། མཚོན་པ་མཁལ་མ་བུ་སྣོད་ལ།། བུད་མེད་བུ་ཡང་ཆགས་མི་སྟེར།། སྐྱེས ་ནས་འོད་འཕྲོག་མངལ་ནས་སྐམ།། མེར་མེར་པོ་ཡང་མི་སྟེར་རོ།། ནུར་ནུར་པོ་ལ་ཙ་ལ་ཆགས།། ཟང་ཞིང་གྲོང་མད་ལུས་པ་ཡིན།། ཀླུ་རྣམས་འདབ་བཟང་ས་བདག་དང་།། ས་སྲིན་བསེན་མོ་ཀྲུ་བཙན་དང་། ཀླུ་ཡཾ་ཕོ་མོ་ཀླུ་རྒྱལ་དང་།། ས་ལ་རྒྱུ་བ་མཐོང ་མི་འགྱུར།། རྨི་ལམ་མཐོང་ཞིང་འདར་བར་བྱེད།། རྨི་ལམ་མཚོ་དང་ཆུ་རྣམས་འགྱུ།། བ་ལང་བྱིས་པ་བུད་མེད་འགྱུར།། ཕག་དང་ར་ལུག་རྟ་དང་ནི།། རང་གི་མ་མོ་ཉེ་བར་བསྡུ།། སྡིག་པ་སྦྲུལ་དང་ཉ་རྣམས་དང་།། ཆུ་ལ་གནས་པའི་སེམས་ཅན ་འགྱུ།། དངོས་པོ་སྦྲུལ་དག་མཐོང་བ་ནི།། ས་བདག་དངོས་པོ་ཡིན་པར་ཤེས།། མགོ་གཅིག་པ་དང་མགོ་གཉིས་པ།། མགོ་གསུམ་དང་མགོ་ལྔ་པ།། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་།། དམང་རིགས་དང་ནི་གདོལ་པའི་རིགས།། ལ་ལས་ཁྲོ་བ་ཕྱེད ་ཁྲོ་བ། གཟུགས་བཟང་ཞི་བ་སྦྲུལ་འཇུག་ཅན།། དེ་དག་ནི་ཀླུ་ཡི་གདོན་གྱི་ཆུ་འཕྲུལ་ལོ།། སྟན་ལས་ལངས་ཞེས་བྱ་བ་ནི། སངས་རྒྱས་དང་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་ལ། སྐོར་བ་ལན་གསུམ་བྱས་ནས་མགོ་བོས་ཕྱག ་འཚལ་བའོ།། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལའོ།། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་མདུན་དུ་སྟྭཾ། ཡང་ན་ནི་དགེ་སློང་གི་ཕྱག་ཅེས་བྱ་བའོ།། ་བཅོམ་ལྡན་འདས་ག་ལ་བ་དར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་སྤྱན་སྦྱར་རོ།། ཐལ་མོ་སྦྱར་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་གུས་པས་སོ།། བཅོམ་ལྡན་འདས་ཉིད་ལ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་ཕྱག་འཚལ ་ལོ།། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་།། སྟོབས་དང་གཟི་བརྗིད་དང་བྱིན་གྱིས་བརླབས་ཀྱིས་སོ།། གསོལ་ཏོ་ཞེས་པ་ནི་བཅོམ་ལྡན་འདས་ལ་མིག་མི་བཟང་གིས་གསོལ་བ་བཏབ་པའོ།། བཅོམ ་ལྡན་འདས་བདག་གི་འཁོར་ཞེས་བྱ་བ་ནི།། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གི་འཁོར་རོ།། ཀླུ་འདང་བཟང་ཀྱི་གདོན་གྱི་བཏབ་པའི་ཚུལ་ཞེས་བྱ་བ་ནི།། མི་ཡི་ལུས་ལ་སྦྲུལ་གྱི་མགོ། ལ་མི ་ལུས་འདྲ་བ།། ལ་ལ་བྱ་ཡི་གཟུགས་སུ་སྟོན།། མཚན་མ་ནི་འདི་ལྟ་བུའི་ལགས་ཏེ་ཞེས་བྱ་བ་ནི། ནོད་པའི་མཚན་ཉིད་འདི་ལྟ་སྟེ། འོག་མའི་ཚིག་གོ། སྐྱིགས་བུས་འདེབས་ཤིང་ཞེས་བྱ་བ་ནི། དགྲ་རིམས་ནད་ཀྱིས་བཏབ་ཅིང་ལབ་ཅོལ ་ཟེར་བའོ།། དབུགས་ཀྱང་འབྱིན་ཅེས་བྱ་བ་ནི། གློ་འབྱིན་ཅིང་དབུགས་ནང་དུ་སྡུད་མི་ཤེས་པའོ།། དེ་བཞིན་དུ་དབུགས་ཀྱང་གྲང་བར་འགྱུར་ཞེས་པ་ནི། རིམས་ཀྱིས་བཏབ་ཅིང་ལུས་གྲང་ཞིང་།། ལྕེ་ལྐུགས་རྐང་ལག་རེངས་པའོ།། དུལ་ཞིང ་ཞེས་བྱ་བ་ནི། དཔེར་ན་ཉིན་མཚན་གྱི་རྡུལ་བཞིན་ནོ།། སྦུ་བ་ཁ་ཆུ་འབྱུང་བ་ནི།། ར་དུག་པ་ཟོས་པས་སྐྱུགས་པ་བཞིན་ནོ།། ཡང་ན་ཆང་འཐུངས་ནས་ན་ཞིང་ལྐུགས་པ་བཞིན་དུའོ།། ཕྱི་ཕྱིར་གཉིད་ནི་ལྡོག་པར་འགྱུར་ཞེས་བྱ་བ་ནི། ཡང་ནས ་ཡང་གི་ཉིད་ཀྱིས་ལོག་ཅིང་རྒྱུ་ནད་ཀྱིས་བཏབ་པའོ།། ཁ་དོག་ལྡན་ཞིང་དཔའ་བ་ཞེས་བྱ་བ་ནི། ནད་ཀྱི་མཚན་ཉིད་དེ་ལྷོག་པ་དང་འབྲུམ་བུ་དང་ཤ་རེའོ།། དེ་བཞིན་འདར་ཞིང་ཞེས་བྱ་བ་ནི། འཁོད་ན་ཚང་པ་ཡོད་པའོ།། སྐྲག་པར་འགྱུར་ཞེས ་པ་ནི། སྨྱོ་ཞིང་ཕྱི་རུ་འབྲོས་པའོ།། སེན་མོ་དག་ཀྱང་སྟོན་པར་བགྱིད་ཅེས་པ་ནི། ཁོང་ཙོང་ནད་ཀྱིས་བཏབ་ནས་སེན་མོ་གཞན་ལ་སྟོན་པའོ།། དོགས་པར་མཆིས་ཤིང་ཞེས་པ་ནི། ས་གཞི་ལྟ་ཞིང་སྙིང་མི་དགའ་བའོ།། ངུ་བར་བགྱིད་པ་ནི་སྟོང ་ཅིང་སྙིང་དུ་འདྲེ་འཇུག་ཅིང་ལྕེ་བ་འདོད་པའོ།། དེ་ལ་ཞེས་བྱ་བ་ནི། ཀླུའི་གདོན་ཚར་གཅོད་པའོ།། གང་གིས་ཚར་གཅོད་པའོ།། སྟོང་ཆེན་མོའི་རིག་སྔགས་ཀྱིས་གཅོད་པའོ།། སྔགས་ཀྱི་ཚིགས་མཆིས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་སྤྱན ་མི་བཟང་གི་ཚིག་གོ།། འཇིག་རྟེན་མགོན་པོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། བདག་ཅེས་བྱ་བ་ནི་རྒྱལ་པོ་སྤྱན་མི་བཟང་ངོ་།། གསོན་ཅེས་བྱ་བ་ནི། སངས་རྒྱས་ཀྱི་གཟི་བརྗིད་དང་སངས་རྒྱས་ཀྱི་མཐུ་དང་། ་སྟོབས་ཀྱིས་བྱིན་གྱིས་བརླབས་དང་། ཞུ་བ་ཕུལ་བའོ།། སྱཏྣེ་དཾ་ཞེས་བྱ་བ་ནི། འདི་ལྟ་སྟེ། སྟོང་ཆེན་མོའི་རིགས་སྔགས་སོ།། གྲག་མེ་ཞེས་བྱ་བ་ལ་སོགས་པའོ།། རྒྱལ་པོ་ཆེན་པོ་མིག་མི་བཟང་ཞེས་བྱ་བ་ནི། ཀླུའི་གདོན་གྱི ་རྒྱལ་པོ་མིང་དང་ཞེས་བྱ་བ་ནི། སངས་རྒྱས་དང་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང་། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་ངོ་།། སྟོབས་ཞེས་བྱ་བ་ནི་རིག་སྔགས་འདིའི་མཐུའོ།། དབང་ཕྱུག་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་དབང་ཕྱུག ་བརྒྱད་ཀྱི་ཕྱིར་རོ།། བྱིན་གྱིས་བརླབས་ཞེས་བྱ་བ་ནི།། སེམས་ཅན་ལའོ།། བདག་གི་གདོན་གནོད་པ་ནི་ཀླུའི་གདོན་ནོ།། གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི། ནད་པ་ལ་སོགས་པ་སྟེ། རྒྱལ་པོ་སྤྱན་མི་བཟང་གིས་བྱིན ་གྱིས་བརླབས་སོ།། དེ་ནས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིའི་བཤད་པ་དེ་ནསོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞེས་པ་ནི། ཏིང་ངེ་འཛིན་ལས་བཞེངས་ནས། འཁོར་ཐམས་ཅད་ཀྱི་མདུན་དུ་ཞེས་བྱ་བ་ནི། ཉན་ཐོས་དང་། བྱང ་ཆུབ་སེམས་དཔའ་དང་རྒྱལ་པོ་བཞི་དང་ལྷ་རུ་བཅས་པའི་མདུན་དུའོ།། སེང་གེའི་སྒྲ་སྒྲགས་པ་ཞེས་བྱ་བ་ནི། བདག་མེད་པ་ལ་གསུམ་སྟེ། དེ་ཡང་མཚན་ཉིད་མེད་པས། མེད་ནི་ཀུན་ཏུ་བརྟགས་ཏེ། དེ་ལྟར་བརྟག་པའི་དུས ་ཉིད་ན། དེ་སྟོང་པའི་ཕྱིར་རོ།། དེ་ན་མི་མཐུན་པའི་མཚན་ཉིད་ཀྱིས།། བདག་མེད་པ་ནི་གཞན་གྱི་དབང་སྟེ།། དེ་ལྟར་བརྟགས་པ་དང་མི་མཐུན་པ་སྟེ། རྐྱེན་གཞན་ལ་རག་ལས་ཤིང་སྐྱེ་བའོ།། རང་དང་སྤྱིའི་མཚན་ཉིད་ཀྱིས་བདག་མེད ་པ་ནི་ཡོངས་སུ་གྲུབ་པ་སྟེ།། ཐོག་མ་ཉིད་ནས་བརྟགས་པ་དེས་གཏོང་བའི་ཕྱིར་རོ།། དེ་ལྟར་བདག་མེད་པ་གསུམ་པོ་དེ་ཉིད་ཀྱིས།། ཀུན་སྐྲག་པར་བྱེད་པ་བདག་ཉིད་དམ། ཉམ་མི་ང་བོའི་ཕྱིར་སེང་གེའི་སྒྲའོ།། བསྒྲགས་པ་ནི་འཁོར་ལ ་བཤད་པའོ།། ང་ནི་སྟོབས་བཅུ་ཞེས་བྱ་བ་ནི། དེ་ཡང་གནས་དང་གནས་མ་ཡིན་པའི་སྟོབས་ནི། དགེ་བ་སྤྱད་པས་མཐོ་རིས་ཀྱི་གནས་ཡིན་ལ། ངན་སོང་རྣམས་མིན་པ་ནི། འདོད་པ་གཞན་གྱི་དབང་ངོ་།། ལོག་པར་སྤྱད་པ་ནི་ངན་སོང ་གི་གནས་ཡིན་གྱི་མཐོ་རིས་ཀྱི་གནས་མ་ཡིན་པ་ནི། མི་འདོད་པ་གཞན་གྱི་དབང་ངོ་ཞེས་བྱ་བ་ལ་སོགས་པ་མཁྱེན་པའོ།། དབང་པོ་མཆོག་དང་མཆོག་མ་ཡིན་པའི་མཁྱེན་པའི་སྟོབས་འདི་ནི་དབང་པོ་རྣོན་པོ་དེའི་རིགས་ཅན་ཡིན། འདི་ནི་རྟུལ ་པོ་ཉན་ཐོས་ཀྱི་རིགས་ཅན་ཡིན་པ་ལ་སོགས་པ་མཁྱེན་པའོ།། ཁམས་སྣ་ཚོགས་མཁྱེན་པ་ནི་ས་བོན་གྱི་དོན་སྟེ། འདི་ནི་ཉན་ཐོས་ཀྱི་རིགས་སམ་སྐལ་པའི་བག་ཆགས་ཅན་ནོ།། འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་ཆེན་པོ་ལ་སོགས་པ་མཁྱེན་པའོ།། མོས ་སྣ་ཚོགས་པ་མཁྱེན་པ་ནི་གང་ཟག་གི་ཉན་ཐོས་ལ་མོས་པ། འདི་ནི་ཐེག་པ་ཆེན་པོ་ལ་མོས་པ་ལ་སོགས་པ་མཁྱེན་པའོ།། བསམ་གཏན་དང་། ཏིང་ངེ་འཛིན་དང་རྣམ་པར་ཐར་པ་དང་སྙོམས་པར་འཇུག་པ་བཞི་དང་། ཀུན་ནས་ཉོན་མོངས་པ ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་ནི། བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཁོར་བའི་ཆོས་དང་མྱ་ངན ་ལས་འདས་པའི་ཆོས་ལ་མ་ལུས་པར་མཁྱེན་པ་སྟེ། གོ་རིམས་ལྟར་སྦྱར་རོ།། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་ནི། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་དང་མི་གཡོ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ལྟ་བུ་དང ་འདི་ལྟ་བུ་ཐོབ་པ་ལ་སོགས་པ་མཁྱེན་པའོ།། ཐམས་ཅད་དུ་འགྲོ་བའི་ལོམ་མཁྱེན་པ་ནི། འདིས་ནི་མངོན་པར་མཐོ་བ་ཐོབ་པས་ཐམས་ཅད་ཀྱི་ལམ་མོ།། འདི་ནི་ཉན་ཐོས་ལ་སོགས་པའི་ངེས་པར་ཐོབ་པ་ལེགས་པར་ཐོབ་ཅིང་བགྲོད་པར་བྱེད ་པའི་ལམ་ལ་སོགས་པ་མཁྱེན་པའོ།། སྔོན་གྱི་གནས་རྗེས་སུ་དྲན་པ་ནི་སྔོན་གྱི་ཡུལ་འདིར་ལས་འདི་ལྟ་བུར་བླངས་ཏེ་ཕ་ནི་འདི་ལ་མ་ནི་འདི།། འདི་ལྟ་བུ་ལ་སོགས་པ་བཞིན་དུ་མཁྱེན་པའོ།། འཆི་འཕོ་བ་དང་སྐྱེ་བ་དང་མཁྱེན་པ་ནི་གང ་ཟག་འདི་དུས་འདི་མི་ཚེ་རྒྱུ་འདི་ལྟ་བུ་ཅིག་གི་ཤི་འཕོས་ནས་ཡུལ་འདིའི་རིགས་འདི་ལྟ་བུ་ཞིག་ཏུ་སྐྱེས་སོ།། ཞེས་བྱ་བ་ལ་སོགས་པའི་མཁྱེན་པའི་ཟག་པ་ཟད་པ་མཁྱེན་པ་ནི་བདག་གིས་སྡུག་བསྔལ་ལོ་ཞེས་སོ།། ཀུན་འབྱུང་བ་སྤངས་སོ།། ་འགོག་པ་མངོན་དུ་བྱས་སོ།། ལམ་རྒྱུད་ལས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་མཁྱེན་པའོ།། མི་འཇིགས་པ་བཞིས་འཇིགས་པ་མེད་པ་ཞེས་བྱ་བ་ནི། མི་འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང ་དག་པར་རྫོགས་པའི་སངས་རྒྱས་སོ།། ཞེས་དམ་བཅས་ནས་དེ་ལ་ཆོས་འདི་རྣམས་མངོན་པར་སངས་རྒྱས་སོ།། ཞེས་བྱ་བར་བདག་ལ་དགེ་སློང་ངམ། བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པ་འམ། སྐྱེ་དགུའི་ཚོགས་གཞན་སུ་ཡང ་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་འགྱུར་རོ།། ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ ་པར་སྤྱོད་པ་དང་། ཁྱུ་མཆོག་བརླབས་པོ་ཆེའི་གནས་སུ་དམ་བཅས་པའོ།། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲོགས་གོ། ཚངས་པའི་འཁོར་ལོ་འཇིག་རྟེན་ན། དགེ་སྦྱོང་ངམ་བྲམ་ཟེ་འམ། ལྷ་འམ། བདུད་ངམ། ཚངས་པ་འམ་གཞན་སུ ་ཡང་རུང་སྟེ་ཆོས་དང་ལྡན་པ་སྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ།། བདག་ཟག་པ་ཟད་དོ་ཞེས་དམ་བཅས་ནས།། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ་བྲམ་ཟེ ་འམ། ལྷ་འམ་བདུད་དམ་ཚངས་པ་འམ། སྐྱེ་དགུའི་ཚེ་གས་གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པ་སྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ།། བདག་ཟག་པ་ཟད་དོ་ཞེས་དམ་བཅས་ནས། དེ་ལ་ཟག་པ་འདི་རྣམས་འདི ་ཡོངས་སུ་ཟད་པར་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་འགྱུརརོ།། བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་རྒྱུ་ཡང་དག་པར ་རྗེསུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས་པའོ།། འཁོར་གྱི་ནང་ན་སེང་གེ་སྒྲ་བསྒྲག་གོ།། ཚངས་པའི ་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ་གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པ་སྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ།། གང་ཡང་བདག་གིས་བར་ཆད་ཀྱི ་ཆོས་ཡོངས་སུ་བསྟན་པ་དེ་དགོ་ལ་རྟེན་ནས་བར་ཆད་ཀྱི་ཆོས་ཡོངས་སུ་འགྱུར་རོ་ཞེས་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ་སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པ ་ཚོལ་བར་འགྱུར་རོ།། ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བར་ཐོབ་པས། བག་ཚ་བ་མེད་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་པ། ཁྱུ་མཆོག་རླབས་པོ ་ཆེའི་གནས་སུ་དམ་བཅའོ།། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ།། ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ་ལྷ་འམ། བདུད་དམ་ཚངས་པ་འམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པ་སྐོར་མི་ནུས་པ་དག ་གིས་རབ་ཏུ་བསྐོར་བར་བྱའོ།། དང་ཡང་བདག་གིས་ལམ་འཕགས་པ་བྱུང་བ་རྟོགས་པ་གྱུར་པ་དེ་བྱེད་པའོ་སྡུག་བསྔལ་ཡང་དག་པར་གྱུར་པ་དེ་དག་ལ་ནན་ཏན་བྱས་རྣམ་ཟ་བ་བསྔལ་ཡང་དག་པར་ཟད་པར་འགྱུར ་པ་མི་འབྱུང་ངོ་།། ཞེས་དགེ་སྦྱོང་ངམ། བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པ་འམ་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུསང་དག་པར་ཉེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེསསུ ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ།། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྨུག་གོ།། ཚངས་པའི་འཁོར་ལོ།། ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པ་འམ་གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་བར་དུ་བསྐོར་བར་བྱའོ།། ཞེས་བྱ་སྟེ་བཞི་པོ་དག་ནི་མི་འཇིགས་པའོ།། འཁོར ་གྱི་ཞེས་བྱ་བ་ནི། དགྲ་བཅོམ་པ་ལྔ་བརྒྱའོ།། ནང་དུ་སེང་གེའི་སྒྲ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སྟོང་པའི་སྒྲའོ།། ཁྱུ་མཆོག་ལྟ་བ་ནི། འཕགས་པ་ཀུན་དགའ་བོའོ།། རྒྱ་ཆེན་པོ་ཞེས་བྱ་བ་ན། ན་མཁས་ཇི་ལྟར་ཁྱབ་པར་སྟོང ་པའི་སྒྲས་ཁྱབ་པའོ།། སྟོང་པའི་སྒྲ་དེས་ཅིའི་དོན་བྱུང་ཅེ་ན། སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པའོ།། ཡང་དག་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་སོགས་པ་སྟེ་ཆས་ཀྱི་སྐུའོ།། ཆོས་ཀྱི་སྐུ་དེ་དཔར་དང་འདྲ་ན། རི་བོང་གི་རྭ་བཞིན་ནོ།། ་བརྗོད་དུ་ནི་རུང་དངོས་པོར་ནི་མེད་པའི་ཕྱིར་རོ།། དེ་ནི་ཆོས་ཀྱི་སྐུའི་དཔེའོ།། བསྒྲགསོ་ཞེས་བྱ་བ་ནི་དངོས་སུ་སྟེ། གཟུགས་སྐུ་གཉིས་ཀྱིས་དོན་བྱེད་པའོ།། གཟུགས་སྐུ་གཉིས་ནི་དཔེར་ན་གཡག་གི་རྭ་བཞིན་ནོ།། གཡག་གི་རུས་ནི་དངོས་པོར ་ཡང་སྣང་ལ་འབིགས་པར་བྱེད་པའི་དོན་གྱི་ཕྱིར་རོ།། དེའི་ཕྱིར་ན་གཟུགས་སྐུ་རྣམ་གཉིས་ཀྱིས་ནི་ཡོད་པའི་ཕྱིར་བྱས་སོ།། ཆོས་སྐུས་ནི་མེད་པའི་དོན་བྱས། ཡོང་དང་མེད་པའི་དོན་བྱས་པའི་ཕྱིར་ན་སྟོང་པ་ཉིད་ཀྱི་སྒྲ་བསྒྲགས་པའོ།། ་ཚངས་པའི་ཞེས་བྱ་བ་ནི། འོད་སྲུངས་ཀྱིས་སྤྱོ་བ་བརྒྱད་ཀུན་དགའ་བོ་ལ་བྱས་པས་ཚང་བའི་ཕྱིར་ན་ཚང་པའོ།། འཁོར་ལོ་བསྐོར་ཞེས་བྱ་བ་ནི། དཀའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། སྡེ་ཞེས་བྱ་བ་ནི། བདུད་ཀྱི་རིགས་བཞིའོ།། མཐུ་དང ་ཞེས་བྱ་བ་ནི་སོ་སོའི་ནུས་པའོ།། གཞོན་པ་ལོ་ནི་ལྷ་མིའི་བུའི་ཆ་བྱང་ངོ་།། བཅས་པ་ནི་བདུད་ཀྱི་རིགས་བྱེ་བ་དུང་ཕྱུར་ཕྲག་བཅོ་ལྔའོ།། བདུད་ཀྱང་གཅིག་གིས་རབ་ཏུ་བཏུལ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། དེ་ལ་དང ་པོ་བཞི་ལ་ལྷའི་བདུད་ནི། གཞན་འཕྲུལ་དབང་བྱེད་ཀྱི་གནས་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ཅེས་བྱ་བ་དང་། བདུད་མོ་པདྨོ་གཟི་ལྡན་མ། འཁོར་འཇིག་རྟེན་སྐྱོང་བ་བཞི། བདུད་ཀྱི་རིགས་བྱེད་པ་དུང་ཕྱུར་ཕྲག་བཅོ་ལྔ་ཡོད་དེ། དེ་ལ་ལྷའི ་རིགས་སུ་སྐྱེས་པས་ལྕིའི་བུ་ཡིན་ལ་ཞི་བ་དེ་ཐར་པའི་སྲོག་གཅོད་པ་འཕགས་པས་ནི་ནོར་འཕྲོག་པས་ཀྱང་བདུད་ཡིན་ནོ།། དེ་ལྟར་ན་བདུད་ཀྱི་རིགས་བྱེ་བ་ཕྲག་དུང་ཕྱུར་བཅོ་ལྔ་ཡོད་པས་བར་དུ་གཅོད་དོ།། དེས་ཆེས་ན་འཁོར་འཇིག་རྟེན་སྐྱོང་བ་བཞིས ་བར་དུ་གཅོད་དོ།། དེ་ཡང་གཅིག་སྦྱིན་པའི་བར། གཅིག་གིས་བཟོད་པའོ།། གཅིག་གིས་བརྩོན་འགྲུས་ཀྱི་བར་དུ་གཅོད་པའོ།། དེས་ཀྱང་མཆོད་ན་བདུད་ཀྱི་རྒྱལ་པོ་གར་དབང་ཕྱུག་དང་། བདུད་མོ་པདྨ་གཟི་ལྡན་མ ་ཆགས་པའི་མདའ་ལྔ་འཕེན་སྟེ། གདུང་སྐེམ་ར་རོ་མྱོས་དང་སྤྲོ།། མདའ་ལྔ་ཡིན་པར་ཤེས་པར་བྱ།། དེ་ལྟ་བུའི་ཚུལ་གྱི་བར་དུ་གཅོད་པའི་ཕྱིར་ན་བདུད་དོ།། ཉོན་མོངས་པའི་བདུད་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྟེ། དེ་རྣམས་མ་ཞི ་བའི་རྣམ་པ་བསྐྱེད་པ་ཉོན་མོངས་པ་ཡིན་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དགེགས་བྱེད་པས་འཕགས་པའི་ནོར་འཕྲོག་པས་བདུད་ཀྱང་ཡིན་ནོ།། ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱ་སྟེ། དེ་ཉིད་སྤུངས་པས་ན་ཕུང་པོའོ།། དེ་ཉིད ་ན་པ་དང་རྒས་པ་འཁོགས་པ་ལ་སོགས་པའི་བར་དུ་གཅོད་པའོ།། བདུད་དོ་འཆི་བདག་གི་བདུད་ནི་དངོས་སུ་རང་གི་ཚེ་འདིའི་འཕེན་པ་ཟད་ནས་འཆི་བ་ཡིན་པ་ལ་དེའི་ཕྱག་རྒྱ་མ་འམ་རྟགསུ་འགྲོ་བ་རྣམས་ཀྱི་བདུད་རང་གི་ལྷག་པའི་ཕྱོགས་ན་གནས་པ ་ཤེས་པ་སྟེ། གཤིན་རྗེའི་རྒྱལ་པོ་བེ་བ་སྭ་ཏ་ཞེས་བྱ་བ། ལུས་པོ་མིའི་ལུས་པོ་ལ་མགོ་བོ་སེང་གེའི་མགོ་བོ་ཅན། མིག་རྩ་དམར་པོ་གཅིག་གནས་ཏེ། དེ་འཆི་བ་ལ་དབང་བྱེད་པས་འཆི་བདག་ཀྱང་ཡིན་ལ་དར་ཨཱརྱའི་ནོར་འཕྲོག་པ་ཐར་པ་ལ་བགེགས ་བྱེད་པས་བདུད་ཀྱང་ཡིན་ནོ།། དེ་ལྟར་ཡང་འགྲོ་བ་རྣམས་ནི་དོ་ནུབ་འདི་བྱ་ནང་པར་འདི་བྱེད་ལས་གཞན་ཡང་འདི་བྱས་སེམས་དཔས་ན། གཤིན་རྗེའི་རྒྱལ་པོ་མིག་རྩ་དམར་བས་མ་རངས་སྙམས་པ་དགོད་པར་བྱེད་ཅེས་པས་སོ།། དེ་རྣམས་བཏུལ་བ ་དང་ལྡན་པ་སྟེ། དེ་ཡང་ཀུན་རྫོབ་དང་དོན་དམ་པ་སྟེ། དེ་ཡང་དང་པོ་ནི་རྡོ་རྗེ་གདན་གྱི་སྤོ་ལ་སངས་རྒྱས་པའི་ཚེ་བདུད་གར་དབང་ཕྱུག་གི་རིགས་ནས་བདུད་མོ་པདྨ་གཟི་ལྡན་མ་དང་བཅས་པ་མྱ་ངན་གྱི་ཁང་པར་ཞུགས། དེའི་ཚེ་འཁོར་རྣམས་ཀྱིས་སྨྲས ་པགཅེམ་ཅིའི་ཕྱིར་ན་མྱ་ངན་གྱི་ཁང་པར་བཞུགས་མྱ་ངན་བྱེད་ཅེས་པ་དང་། གཙོ་བོས་སྨྲས་པ་འཇིག་རྟེན་འཛམ་བུའི་གླིང་འདི་ན། གཞོན་ནུ་དོན་གྲུབ་མངོན་པར་རྫོགས་པས་སངས་རྒྱས་པས།། དེས་སངས་རྒྱས་ནས་འདོད་པའི་ཁམས་སྟོང ་པར་འགྱུར་རོ།། བདག་ཅག་མངའ་རིས་གང་ལ་བྱ་སྟེ། དེའི་ཕྱིར་ན་མྱ་ངན་བྱེད་ཟེར་སྟེ། འཁོར་རྣམས་ཀྱིས་སྨྲས་པ། མྱ་ངན་མ་བྱེད་དེ་བས་བར་དུ་གཅོད་ཅེས་སྨྲས་སོ།། དང་པོ་བདུད་ཀྱི་བུ་མོ་ཤིན་ཏུ་མཛེས་པ་སྤྲུལ་ཏེ། བྷ་ག་བཱན་ལ་ཆགས་པ ་སྐྱེ་བའི་ཕྱིར་ན་གཏང་བས། ལྷ་ག་བཱན་མི་སྡུག་པོའི་ཕྱིར། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། རྒན་པོ་མི་སྡུག་པ་སྤང་མོ་ཞར་མ་ལྟ་བུ་བཞི་རུ་གྱུར་ཏོ།། དེ་ནས་འཁོར་འཇིག་རྟེན་པ་ལ་སོགས་པ་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་པས། བྷ ་གོགས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མེ་ཏོག་གི་ཆར་དུ་གྱུར་ཏོ།། དེ་ནས་སྤྲུལ་བའི་ཚོགས་ཁྲོ་བོ་དཔག་ཏུ་མེད་པ་རྣམས་ཀྱིས། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཞེས་བརྗོད་པས། འཚེ་བ་རྟོགས་ཤིག་པའི་སྒྲ་ན་མཁའ་ཁྱབ་པར་བསྒྲགས ་པས་བདུད་འཁོར་ཐམས་ཅད་དབང་དུ་བསྡུས་སོ།། མཐོང་ཙམ་ཞིག་ནས་བདུད་གར་དབང་ཕྱུག་དང་པདྨ་གཟི་ལྡན་ཤོར་རོ།། དེ་ནས་ལྷའི་བུའི་བདུད་བཏུལ་བར་གྱུར་ཏོ།། དེ་ནས་ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱིས་ཉོན་མོངས་པ་རྐང་ལ་གནས ་པ་དང་། སྤྱི་ལ་གནས་པ་ཐམས་ཅད་སྤངས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཉོན་མོངས་པའི་བདུད་བཏུལ་བར་གྱུར་ཏེ། དེ་ནས་ཆུ་བོ་ནཻ་རཉྫ་རའི་འགྲམ་དུ་དཀའ་ཐུབ་ལོ་དྲུག་མཛད་པས་རྗུད་ཅིང་ཧྲིད ་བབར་གྱུར་པ་ལ་ཚོང་དཔོན་གྱི་བུ་མོ་ལགོས་སྐྱེས་མས་པ་ལྔ་བརྒྱའི་འོ་མ་བསྡུས་པ་དྲངས་པས། སྐུ་གསེར་གྱི་བརྟན་པ་ཕྱིས་པ་ལྟར་སོར། ཤ་མད་ཁྲག་མེད་རྒས་པ་མེད་པར་གྱུར་ཏོ།། དེ་ལྟར་ན་ཕུང་པོའི་བདུད་བཏུལ། དེ་ནས་ལོ་བརྒྱད་ཅུ་ན ་སྐུ་མྱ་ངན་ལས་འདས་པ་ལ་བྲམ་ཟེ་སུ་ཀ་ཏོས་གསོལ་བ་བཏབ་སྐུ་ཚེ་རང་དབང་མངའ་བརྙེས་པའི་རྟགས་སུ་ལོ་གཉིས་བཞུགས་པས་བཞུགས་པས་འཆི་བདག་གི་བདུད་བཏུལ་ལོ།། དེ་ནས་དོན་དམ་པར་བཏུལ་བ་ནི། དེ་ལྟར་ན་བདུད་བཞི་སྣང་བ ་ཉིད་རང་གི་ཡེ་ཤེས་དེ་ལྟ་བུར་སྣང་སྟེ། སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ། དེ་ལྟ་བུར་དེ་ཡང་རང་རིག་པར་རིག་པ་ལོངས་སྐུ། དེ་ཉིད་བཙལ་ན་གང་དུ་ཡང་མ་རྙེད་པས། སྟོང་པ་འོད་གསལ་ཆོས་ཀྱི་སྐུའོ།། སེམས་ཅན་ཐམས་ཅད་བསྲུང ་བའི་ཕྱིར་ཞེས་བྱ་བ་ནི། སྙིང་རྗེའི་སྒོ་ནས་སོ།། རིག་སྔགས་ཞེས་བྱ་བ་ནི་སྟོང་པ་ཉིད་དེ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པས་ཉེ་བར་ལེན་པའི་རྒྱུ་བྱས། སྟོབས་རྣམ་པ་ལྔས་ལྷན་ཅིག་སྐྱེས་པའི་རྐྱེན་བྱས། ཀུན་གཞི་རྣམ་པར་ཤེས་པ ་གནས་འགྱུར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྟོང་པ་མཐའ་དག་དང་བྲལ་བའི་དོན་རྟོགས་པས། རིག་སྔགས་མཚན་ཉིད་པ་སྟེ། དེའི་མཚོན་ཆ་མེ་ལོང་ལྟ་བུའི་ཡེ་ཤེས། མཚོན་པ་སྟོང་ཚན་མོ་རབ་ཏུ་འཇོམས་མ་སྟེ། སྐུ་མདོག་དང་ཞལ་ཕྱག ་གི་རྣམ་པར་འབྱུང་བས། དེ་སྐུ་མདོག་ནི་མཐིང་ཀ་ཞལ་གསུམ་པ་སྟེ་གཡས་ཀྱི་ཞལ་ཞི་བ་དཀར་མོ་དྲེགས་པའི་ཚུལ་དང་ལྡན་པའོ།། གཡོན་དམར་མོ་རྒོད་པ་དབང་གི་ཚུལ་དང་ལྡན་པའོ།། དང་པོའི་ཞལ་མཐིང་ཀ་ཁྲོ་བ་སྟེ། དྲག་པོའི་ཚུལ་དང ་ལྡན་པའོ།། ཞལ་གསུམ་པ་ནི་སྐུ་གསུང་ཐུགས་ཀྱི་རྣམ་པར་དག་པའོ།། ཕྱག་དྲུག་ཞབས་གཉིས་ན་གནོད་སྦྱིན་པོ་མི་མནན་པའོ།། གནོད་སྦྱིན་པོ་ནི་སྲིད་པའི་ངོ་བོའོ།། མོ་ནི་འདས་པ་ཡིན་ཏེ་སྲིད་པ་དང་འདས་པ་རྣམ་པར་འཇོམས་པའོ།། ་ཕྱག་དྲུག་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ།། གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་ལྔ་པ། བོར་མ་ན་རལ་གྲི་ཐ་མ་ན་དགྲ་སྟའོ།། གཡོན་གྱི་དང་པོ་ནི་སྡེབས་མཛུབ་ཞགས་པ་བར་མ་རྩེ་གསུམ་ཐ་མ་ན་ལྕགས་ཀྱུའོ།། གཡ ་ན་རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པར་དག་པའོ།། རལ་གྲི་ཞེས་བྱ་བ་ནི། ཤེས་རབ་ཡིན་ཏེ་ཉོན་མོངས་པ་གཅོད་པའོ།། སྐུ་གསུང་ཐུགས་ཀྱི་ཉེས་པ་རྣམས་ཐུབ་པའི་ཕྱིར་དགྲ་སྟའོ།། རྡོ་རྗེ་ཞགས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་བཅིངས ་པའོ།། སྡིབས་མཛུབ་ནི་མ་ལུས་སེམས་ཅན་སྡང་བ་རྣམས་ལ་སྡིགས་མཛུབ་བོ།། སྲིད་པ་གསུམ་དུ་སོང་བའི་ཉོན་མོངས་པ་འབིགས་པར་བྱེད་པས་ན་མདུང་རྩེ་གསུམ་མོ།། འཆེ་བ་བརྩིགས་པ་ཁྭ་གདངས་པ་དབུ་སྐྲ་གྱེན་དུ་འབར་བ།། སྤྱན ་གསུམ་པ་དབུ་ལ་ཐོད་པ་ལྔ་ཡིས་བརྒྱན་པ། རྐྱེན་ཐམས་ཅད་ནི་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྤྱོད་གཡོགས་དང་སྨད་གཡོགས་སུ་བཅས་པ། སྨད་གཡོག་ནི་སྟག་གི་ཤམ་ཐབས་ཅན། ཉི་མའི་གདན་དང་ཉི་མའི་འོད་དང་བཅས་པའོ།། ་ཐམས་ཅད་ཅེས་བྱ་བ་ནི་རིགས་ལྔའི་རང་བཞིན་ནོ།། ང་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལའོ།། ཉན་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཚིག་གོ།། སྱཱཏྶེ་དཾ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཞེས་བྱ་བའོ།། ་འདི་ལྟ་སྟེ་ཞེས་བྱ་བ་ནི་རིག་སྔགས་སྟོན་པའི་ཚིག་གོ།། རིག་སྔགས་ཞེས་བྱ་བ་ནི་ཨ་སམ་གེ་ལ་སོགས་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། དེ་བཞིན་ཉིད་ནི་སྟོང ་པ་ཉིད་སྤྲོས་པ་དང་བྲལ་བ་སྟེ། དེ་ཡང་དང་པོ་བྱུང་ཡང་དེའི་ངང་ལས་བྱུང་ལ། བར་དུ་གནས་ཀྱང་དེར་གནས་ཐ་མར་འགག་པ་འམ་ཐིམ་པ་ཡང་དེའི་ངང་ལས་ཐིམ་པའི་ཕྱིར་སྟེ་ཆོས་ཀྱི་སྐུའོ།། ཡང་དེ་བཞིན་རྟོགས་པ་སྟེ་སྟོང་པ་ཉིད ་སྤྲོས་བྲལ་རྟོགས་ཤིང་རིགས་པའི་ཕྱིར་ཏེ་ལོངས་སྐུའོ།། ཡང་དེ་བཞིན་དུ་གཤེགས་པ་སྟེ། མར་མེ་མཛད་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས། མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་ལ་ག ་པས་དེ་བཞིན་གཤེགས་པ་སྟེ། སྤྲུལ་པའི་སྐུའོ།། མཚན་དང་ཞེས་བྱ་བ་ནི་སུམ་ཅུ་རྩ་གཉིས་སོ།། སྟོབས་དང་ནི་སྟོབས་ཅུའོ།། དབང་ཕྱུག་དང་ཞེས་བྱ་བ་ནི་འཇིགས་པ་བརྒྱད་དམ་གསུམ་ལ་དབང་ཐོབ་པ་སྟེ། མི་འགྱུར་བའི་སྡུག་བསྔལ ་དང་། ལྷ་འཆི་འཕོ་བ་དང་སྐྱེ་བའི་སྡུག་བསྔལ་ལ་དབང་པོབ་པའི་ཕྱིར་རོ།། བྱིན་གྱིས་ཞེས་བྱ་བ་ནི་སྟོང་ཆེན་མོས་བྱིན་གྱིས་བརླབས་སོ།། བདག་ལ་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ།། བདེ་ལེགསུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི། སེམས་ཅན་ཐས། ་ཅད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག། དེ་དག་རྒྱལ་པོ་ཆེན་པོ་བཞིའི་ཆོ་གའི་སྐབས་ཏེ་གསུམ་པའོ།། ། སངས་རྒྱས་ཀྱི་ནི་གསུང་ཐོས་ནས་ཞེས་བྱ་བ་ནི། སེང་གེའི་སྒྲ་ཡིན་ཏེ། སེང་གེའི་སྒྲ་ཞེས་བྱ་བ་ནི། ་སྟོང་ཆེན་མོའི་རིག་སྔགས་འདིའི་སྒྲའོ།། ཐོས་ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་ཀྱིས་སོ།། ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་དག་ཅེས་པ་ནི། བརྒྱ་བྱིན་དང་དྲི་ཟ་དང་མེ་ལྷ་དང་གཤིནྡ་རྗེ་དང་སྲིན་པོ་དང་ཆུ་ལྷ་དང་རླུང་ལྷ་དང་གནོད་སྦྱིན་དང ་དབང་ལྡན་དང་ཚངས་པ་དང་སའི་ལྷ་མོའོ།། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ལྷའི་གདོན་དང་། དྲི་ཟའི་གདོན་དང་། མི་འམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི ་གདོན་དང་། ཡི་དགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། རྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་། མ་མོའི་གདོན་དང་། ཚ་མི་ཀིའི་གདོན་དང་། ནམ་གྲུའི་གདོན་དང་། མེ་ལྷའི་གདོན་དང་། ནག་པོའི་གདོན་དང་། ནག་པོ་ཆེན་པོའི་གདོན་དང་། རི་ཁྲོད་ཀྱི་གདོན་དང་། ཟས་སུ་ཟ་བའི་གདོན་རྣམས་སོ།། ་དེ་དག་ནི་གཙོ་བོར་གྱུར་པ་རྣམས་སོ།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའོ།། འཇིགས་དང་སྐྲག་དང་དངས་འགྱུར་ཏེ་ཞེས་བྱ་བ་ནི། རིག་སྔགས་ཀྱི་བྱས་པའི་ཕྱིར་རོ།། ཐལ་མོ་སྦྱར་ནས་འཁོད་པར་འགྱུར་ཞེས་བྱ་བ་ནི། ཡང་དག་པར་རྫོགས ་པའི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། འཇིགས་པ་དང་། སྐྲག་པར་འགྱུར་བས་ན་ཐལ་མོ་སྦྱར་བའོ།། འབྱུང་པོའི་ཚོགས་ནི་ལྷག་མ་རྣམས།། སྔགས་འཁྲུགས་རོང་རོང་པོར་གྱུར་ནས། ཞེས་བྱ་བ་ནི། སྟོང་ཕྲག་དང ་ནི་བརྒྱད་ཅུ་དང་།། དེ་ཚམ་དག་ནི་ཉི་ཤུ་བརྒྱད།། སྔགས་ཞེས་བྱ་བ་ནི། དབུགས་མ་ཐོན་པའོ།། འཁྲུགས་པ་ཞེས་བྱ་བ་ནི་དྲན་པ་སྟོར་བའོ།། རོང་རོང་པོར་གྱུར་ཞེས་བྱ་བ་ནི། རིངས་པའོ།། རབ་ཏུ་འབྱེར་བྱེད་ཅིང་ཞེས་བྱ་བ་ནི། ཁྲོས་པའོ།། ཕྱོགས ་བཅུར་ཞེས་བྱ་བ་ནི་སོ་སོར་གཅིག་ལ་མི་སྡོད་པར་འབྲོས་པའོ།། སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད་ཅེས་བྱ་བ་ནི། བྲེད་པའི་སྐད་ཆེན་པོ་འདོན་པར་བྱེད་པའོ།། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིའོ།། དེ་ཤེས་ན་ཞེས་བྱ་བ་ནི་མངོན ་པར་ཤེས་པས་འབྱུང་པོ་བྲེད་པ་མཐོང་བའོ།། གསང་བ་གསུམ་ནི་དམ་ཚིག་སྟེ། རྡོ་རྗེ་ལྟ་བུའི་དམ་ཚིག་ཆེན་པོའོ།། ཡང་དག་པར་སྨྲ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་འབྱུང་པོ་ལ་སྨྲ་བའོ།། ཀྱེ་མ་ཞེས་བྱ་བ་ནི། ངོ་མཚར་བའོ།། མ་ནི་རྒྱུ་བའོ།། རིག ་སྔགས་ཞེས་བྱ་བ་ནི། ནམ་མཁའ་བཞིན་དུ་ཁྱབ་པའོ།། རིག་སྔགས་ཚ་ཞེས་བྱ་བ་ནི་སྟོང་པའི་ལམ་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུའི་ཐོབ་པས་ཆེ་བའོ།། སྟོང་ཆེན་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། ་རང་བཞིན། ཉན་ཐོས་དང་རང་སངས་རྒྱས་བསྐྱེད་པར་བྱེད་པའི་ཡུཾ་ཚེ་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། རབ་ཏུ་འཇོམས་ཅེས་པ་ནི། འབྱུང་པོ་ལ་སོགས་པ་བར་དུ་གཅོད་པ་ཐམས་ཅད་འདུལ་བའོ།། སངས་རྒྱས་ཀྱིས་ནི་གསུང་ཐོས་པ་ཞེས་བྱ་བ་ནི། སངས་རྒྱས ་གངྒཱའི་ཀླུང་གི་བྱེ་བ་བརྒྱ་ཕྲག་སྟོང་གིས་གསུངས་པའོ།། ཐོས་ནས་འབྱུང་པོ་སྐྲག་པར་འགྱུར་ཏེ་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་རིག་སྔགས་ཀྱི་སྒྲ་ཐོས་ན་སྐྲག་པའོ།། དཔེར་ན་རབ་ཏུ་འབར་པའི་མེ་ཞེས་བྱ་བ་ནི། བསྐལ་པ་ཆེན་པོ ་དུས་ཀྱི་མ། ཡང་ན་ནི་མེ་ཆེན་པོ་འབར་པའི་ནང་དུ་ཏིལ་གྱི་མར་བླུགས་པ་ལྟ་བུའོ།། ཏིལ་མར་བཏགས་རལ་གྲི་བཞིན་ཞེས་བྱ་བ་ནི་དཔེར་ན་ཉེན་མཚན་ལ་རལ་གྲི་སྣ་མོ་ཉི་མ་ལ་བསྲེགས་ནས་ཏིལ་མར་བྱུགས་ནས་བརྒྱབ་པས་ཐམས་ཅད ་གཅོད་པ་བཞིན་དུ། སྟོང་ཆེན་མོའི་རིག་སྔགས་འདིས་ཀྱང་། འགྲོ་བ་རིས་དྲུག་གི་སྡུག་བསྔལ་གཅོད་པའི་ཕྱིར་རོ།། རིགས་སྔགས་སྤུ་གྲིའི་སོ་འདྲ་བ་ཞེས་པ་ནི། དཔེར་ན་སྤུ་གྲིས་སྒྲ་རྣམས་རྩ་བ་ནས་འཇར་བ་བཞིན་དུ་བགེགས་ཐམས ་ཅད་ཕྱིར་ཕུད་པའི་ཕྱིརརོ།། ཡང་ན་ནི་རིག་སྔགས་འདིའི་བྱིན་གྱིས་བརླབས་ཀྱིས་འགྲོ་བ་རིས་དྲུག་གི་རྒྱུན་བཅད་ནས་བྱང་ཆུབ་ལ་དགོད་པའི་ཕྱིར་རོ།། གཽ་ཏ་མ་ཞེས་བྱ་བ་ནི་དྲང་སྲོང་གཾ་ཏཱ་མའི་ཚ་བོ་ཡིན་པའི་ཕྱིར་གཽ་ཏ་མར་བཏགས་སོ།། ་རབ་བཤད་པ་ཞེས་བྱ་བ་ནི་རྒྱ་ཆེ་བའོ།། དྲང་སྲོང་གིས་ནི་ལེགས་བཤད་པ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པའོ།། སངས་རྒྱས་ཞལ་ནས་གསུངས་པ་ལ་ཞེས་བྱ་བ་ནི། བདེན་པའི་ཚིག་གིས་བརྒྱན་པའོ།། དེ་ལ་གང་ཞིག་མ་དད་པ་ཞེས་བྱ་བ ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་ལྟ་བ་ལོག་པའོ།། དེའི་བུ་ཐུ་བོ་ཞེས་བྱ་བ་ནི། དཀོན་མཆོག་གསུམ་ལ་མ་དད་པ་གང་ཡིན་པ་དེའི་བུ་ཐུ་བོ་ཆེའོ།། ཚངས་པའི་ཞགས་པ་ཞེས་བྱ་བ་ནི་དུས་ཀྱི་ཞགས་པའོ།། མེད་པར་འགྱུར ་ཞེས་བྱ་བ་ནི། དུས་ཀྱི་ཞུག་པ་བཟུང་ནས་མཆི་བའོ།། མེ་ནི་རབ་ཏུ་འབར་བྱས་ལ། ཞེས་བྱ་བ་ནི། དཔེར་ན་སྦྱིན་སྲེག་མཁན་པོས་མེ་སྦར་བ་བཞིན། བླ་དང་འོག་དང་ཕྱོགས་བཞི་ཡང་ཞེས་བྱ་བ་ནི། འགྲོ། ་བ་རིགས་དྲུག་གིས་གནས་སོ།། སྦྱིན་སྲེག་གི་ནི་ཆུས་གཏོར་ཏེ་ཞེས་བྱ་བ་ནི། སྦྱིན་སྲེག་གི་ཆུས་ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡང་དག་པའི་ཡེ་ཤེས་ཀྱི་ཆུས་རིས་དྲུག་གི་ཚ་བའི་སྡུག་བསྔལ་ཞི་བར་བྱེད་པའོ།། གཏོར་ཏེ་ཞེས་བྱ་བ་ནི་རིས ་དྲུག་གི་སེམས་ཅན་ལ་ཡེ་ཤེས་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབས་པའོ།། ནས་དང་ཡུངས་ཀར་བླངས་ནས་སུ།། མར་གྱི་སྙིང་པོ་དང་སྦྱར་ནས།། མེ་ཡི་ནང་དུ་བླུག་པར་བྱ་ཞེས་བྱ་བ་ནི། དཔེར་ན་ནས་དང་ཡུངས་ཀར་དང་འདྲ་བ་གནོད་པར་བྱེད ་པའི་གདོན་རྣམས་སོ།། བླངས་པས་སུ་ནི་སྦྱིན་སྲེག་མཁན་པོས་ལག་པར་རྫས་བླངས་པ་དང་འདྲ་བར་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས་གནོད་བྱེད་ཀྱི་མི་རྣམས་བཀུག་པའོ།། མར་གྱི་སྙིང་པོ་དང་སྦྱར་ནས་ཞེས་བྱ་བ་ནི། མར་གྱི་སྙིང་པོ་ནི ་སྟོང་ཆེན་མོའི་རིག་སྔགས་སོ།། སྦྱར་ནས་ཞེས་བྱ་བ་ནི། རིག་སྔགས་དང་ཏིང་འཛིན་གྱི་མཐུའོ།། མེའི་ནང་དུ་བླུགས་པར་བྱ་ཞེས་བྱ་བ་ནི། གནོད་པའི་གདོན་རྣམས་ཏིང་ངེ་འཛིན་གྱིས་མེས་བླངས་ནས། ཡེ་ཤེས་ཀྱི་མེས་བསྲེགས་པའི་ཕྱིརརོ།། ་ལགས་པར་གསུངས་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའོ།། འདི་ཞེས་བྱ་བ་ནི་སྟོང་ཚན་མོའི་རིག་སྔགས་སོ།། ཐོས་ནས་ཞེས་བྱ་བ་ནི་འབྱུང་པོ་རྣམས་སོ།། གལ་ཏེ་མྱུར་དུ་མི་གཏོང་ན་ཞེས་བྱ་བ་ནི། ཆད་པ་དག་གིས་གཅོད ་པབར་བྱེད།། ཆད་པ་གང་ཡིན་ཞེ་ན། མནར་མེད་པར་སྐྱེ་བའོ།། ཐམས་ཅད་འབར་བར་འགྱུར་ཞེས་བྱ་བ་ནི། དཀོན་མཆོག་གསུམ་གྱི་བཀའ་ལས་འདས་པ་གང་ཡིན་པ་དེ་ལུས་ལ་མེ་འབར་བའོ།། དཔེར་ན་མར་དང་ཡུངས་ཀར་མེ་བླུགས་བཞིན ་ཞེས་བྱ་བ་ནི་དཔེའོ།། དེ་དག་བདེ་བ་མི་རྙེད་དེ་ཞེས་བྱ་བ་ནི། དེ་དག་ནི་བཀའ་ལས་འདས་པའོ།། བདེ་བ་མི་རྙེད་ཅེས་བྱ་བ་ནི། མནར་མེད་པའི་སྡུག་བསྔལ་ལོ།། གནོད་སྦྱིན་ཆད་པ་ནི་ཞེས་བྱ་བ་ནི། ནད་ཆེན་པོ་སྣ་ཚོགས་སོ།། སྡིག་པ་ནི་སེམས་ཅན ་ཐམས་ཅད་ལའོ།། དེ་ཡི་རྩིབས་ལོགས་གཡས་པར་ནི། འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར་ཞེས་བྱ་བ་ནི། བཀའ་ལས་འདས་པ་དེ་ལའོ།། ཡང་ནཱ་ནི་གང་གིས་གནོད་པར་བྱེད་པ་དེ་ལའོ།། གནོད་སྦྱིན་ནད་ཀྱིས་བཏབ་པ་ནི། ཤ་བཀྲའི ་ནད་ཀྱིས་བཏབ་པར་འགྱུར་ཞེས་བྱ་བ་ནི། དཀོན་མཆོག་གསུམ་ལ་མ་དད་པའི་གང་ཟག་དེ་ལ་གནོད་པ་བྱས་པས། དེའི་ལས་ཀྱི་རྣམ་པར་སྨིན་པས། གནོད་སྦྱིན་ཀུ་བེ་རས་ཆད་པ་ཆེན་པོ་བཞི་བཅད་པའི་ཕྱིར་རོ།། ལྕང་ལོ་ཅན་གྱི་ཕོ་བྲང་དུ། ་གཞར་ཡང་འགྲོ་བར་མི་འགྱུར་རོ།། ཞེས་བྱ་བ་ནི། རིག་སྔགས་འདིའི་བཀའ་ལས་འགལ་གྱུར་ན། རྣམ་ཐོས་ཀྱི་བུའི་ཕོ་བྲང་དུ་འོད་མི་སྦྱར་སྟེ། གནོད་སྦྱིན་རྣམས་ཀྱིས་ཆད་པས་གཅོད་པར་འགྱུར་རོ།། ལུས་ངན་དྲེགས་དང་ལྡན་པ་ཡི། ་ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ།། ཞེས་པ་ནི། འགྲོ་བ་དང་ཅི་སྨོས་ཏེ། མཐོང་བར་ཡང་མི་སྟེར་ཅིང་།། གནོད་སྦྱིན་རྣམས་ཀྱིས་ཀྱང་རིང་པོ་ནས་བཀག་པའོ།། འབྱུང་པོ་མང་པོ་ཚོགས་པ་ན། སྟན་ཡང་ཐོབ་པར་མི་འགྱུར་རོ།། ཞེས་པ་ནི། གལ་ཏེ། ་ཕོ་བྲང་དུ་འོང་བར་འགྱུར་ན།། བསྙུངས་མེད་པར་སྐྱེས་ཏེ། འབྱུང་པོ་རྣམས་ཀྱིས་བརྙས་པར་བྱེད་དེ། སྡུག་བསྔལ་མང་པོ་མྱོང་བའོ།། གནོད་སྦྱིན་དག་གི་དཀྱིལ་འཁོར་དུ།། ཟས་སྒོམ་དང་ཡང་འབྲལ་བར ་འགྱུར། ཞེས་བྱ་བ་ནི། རིག་སྔགས་ཀྱི་བཀའ་ལས་འདས་པའི་འབྱུང་པོ་རྣམས་ནི་འོངས་པར་གྱུར་ཀྱང་མི་སྟེར་ཏེ། གལ་ཏེ་སྦྱིན་ཡང་ལྕགས་ཀྱི་རྡོག་པོ་དང་། མེའི་ཕུང་པོར་མཐོང་བའོ།། དེ་བས་ན་ལྷ་དང་མི་དང་ཡི་དགས་པོ་ལ་སོགས་པ ་ཡང་། རིག་སྔགས་འདིའི་བཀའ་ལས་མི་འདའ་བའོ།། སྟོང་ཆེན་རབ་འཇོམས་མདོ་སྡེ་ལ་ཞེས་བྱ་བ་ནི། སྒྲུབ་པ་པོ་རྟེན་གྱི་གང་ཟག་ལ་ལ་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ།། སྟོང་ཆེན་མོ་རབ་ཏུ་འཇོམས་མ། རྡོ་རྗེའི་རིག་སྔག ་འདི་འཆང་བ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། ཁ་ཏོན་བྱེད་པ་དང་། བསྒོམ་པ་དང་། མཆོད་པ་དང་། ཉན་པ་དང་། བཤད་པ་དེ་ལ། གནོད་སྦྱིན་འབྱུང་པོའི་བར་ཆད་བྱེད་པ་དེ་ལ། སྤྱི་བོ་དག་ནི་ཞེས་བྱ་བ་ནས། དེ་ཉིད་དུ་ནི་འཁོ ་བར་འགྱུར་ཞེས་བྱ་བའི་བར་ན་ཆད་པ་ཆེན་པོ་བདུན་གཅོད་པའོ།། སུ་ཡིས་གཅོད་ཅེ་ན་རྡོ་རྗེ་འཆང་གིས་གཅོད་པའོ།། གནོད་སྦྱིན་འབྱུང་པོས་བར་ཆད་བྱེད་པ་དེ་ལ་ཞེས་བྱ་བ་ནི། རིག་སྔགས་འདིའི་བཀའ་ལས་འདའ་བ། དཀོན་མཆོག ་གསུམ་ལ་སྐྱབསུ་འགྲོ་བ་རྣམས་ལ་བར་ཆད་བྱས་ན་སྡུག་བསྔལ་ཐམས་ཅད་དེའི་ལུས་ལ་འབྱུང་ངོ་།། དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། སྤྱི་བོ་དེ་དག་ནི་འགེམས་པར་འགྱུར་ཞེས་བྱ་བ་ནི། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་འཁྲུགས་ཏེ། ་དེའི་སྟོབས་ཀྱིས་འབྱུང་པོ་རྣམས་ལ་ཆད་པ་གཅད་པའོ།། ཅིའི་ཕྱིར་ཆད་པ་གཅོད་ཅེ་ན། དེའི་རྣམ་པར་སྨིན་པས་ཨ་རྫ་གའི་དོག་པ་བཞིན་དུ། ཚལ་བ་བརྒྱར་འགས་པར་འགྱུར་རོ།། སྤུ་གྲི་སོ་ནི་རྩུབ་མོ་ཡིས།། དེ་ཡི་ལྕེ་ནི་གཅོད་པར་འགྱུར ་ཞེས་བྱ་བ་ནི། དཀོན་མཆོག་གསུམ་གྱི་བཀའ་ལས་འདས་པ་དང་། ལག་ན་རྡོ་རྗེའི་ཡེ་ཤེས་ཀྱི་སྤུ་གྲིས་དེའི་ལྕེ་གཅོད་པའོ།། མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས།། དེ་ཡི་སྣ་དང་རྣ་བ་གཅོད་ཅེས་བྱ་བ་ནི། གོང་མ་བཞིན་དུ། དེའི་རྣམ་སྨིན་གྱིས ་སྣ་དང་ལྕེ་གཅོད་པའོ།། འཁོར་ལོ་སྤུ་གྲཱི་སོ་འདྲ་བས། གླང་པ་རབ་ཏུ་གཤེག་པར་བྱེད། ཅེས་བྱ་བ་ནི། ནམ་མཁའ་ནས་ལས་ཀྱི་འཁོར་ལོ་འབྱུང་བས། སྤྱི་བོ་ནས་ལྟེ་བའི་བར་དུ་གཅོད་པའོ།། ཐོ་བ་ལྕགས་ཀྱི་དཀྲིས་པ་ཡིས།། ད་ཡོཾ ་སྙིང་ལ་འཇོམས་པར་བྱེད།། ཅེས་བྱ་བ་ནི། བར་སྣང་ནས་ལྕགས་ཀྱི་འཁྲུལ་འཁོར་གྱིས།། བཀའ་ལས་འདས་པས་དེའི་སྙིང་ནི་འཇོམས་པའོ།། རྣག་དང་ཁྲོག་ནི་དྲོན་མོ་དག། དེ་ཡི་ཁ་ནས་འཛག་པར་འགྱུར།། ཞེས་བྱ་བ་ནི། དོན་སྙིང ་ལྔ་ལ་ནང་ཞུགས་ཤིང་། རྣག་དང་ཁྲག་རྟག་ཏུ་འཛག་པའོ།། རིག་སྔགས་ཞགས་པས་འཆིང་བ་ཡིས།། རྟག་ཏུ་འཁོར་བར་འགྲོ་བ་ན། ཞེས་བྱ་བ་ནི། ཡང་ནས་ཡང་དུ།། རིག་སྔས་ཀྱི་སྨོད་པའི་ཞགས་པ་ཡིས།། ལས་དེས་རྟག་ཏུ་འཁོར་བར ་འཁྱམ་པའོ།། འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ།། དེ་ཉིད་ང་ནི་འཁོར་བར་འགྱུར་ཞེས་བྱ་བ་ནི། དེ་བས་ན་འདིའི་བཀའ་ལས་འདའ་བར་མི་བྱ་ཞིང་།། སེམས་ཅན་ལ་གནོད་པ་མི་བྱའོ།། ཕྱོགས་བཞི་དག་ཏུ་སོང་གྱུར་ནས།། ཞེས་བྱ་བ ་ནི། རིག་སྔགས་འདི་ལ་གུས་པའི་གང་ཟག་སྐྱོང་བ་སྟེ།། རྒྱལ་པོ་བཞི་པོ་དག་གིས་ནི། ཕྱོགས་ཕྱོགས་ནས་སྦྱང་བའོ།། ཆོས་ཀྱི་གོ་ཆ་བགོས་གྱུར་ཏེ། དཟང་པོ་འི་ཁྲི་ལ་འདུག་པ་ནི། ཞེས་བྱ་བ་ནི། བྱམས་དང་། སྙིང་རྗེ་དང ་དགའ་བ་དང་། བཏང་སྙོམས་ཀྱི་གོ་ཆ་གྱོན་པ། སེང་གེའི་གདན་ལ་བཞུགས་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ།། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་ཞེས་བྱ་བ་ནི། དྲི་ཟའི་དེད་དཔོན་ཉི་ཤུ་བརྒྱད་དང་ལྡན་པ། ཤར་ཕྱོགས་ནས་སྐྱོང་བའོ།། ལྕེ ་ཕྱོགས་ནས་ནི་འཕགས་སྐྱེས་པོ་ཞེས་བྱ་བ་ནི། གྲུལ་བུམ་གྱི་དེད་དཔོན་ཉི་ཤུ་བརྒྱད་དང་ལྡན་པ། ལྷོ་ཕྱོགས་སྐྱོང་བའོ།། ནུབ་ཕྱོགས་ན་ནི་མིག་མི་བཟང་ཞེས་བྱ་བ་ནི། ཀླུའི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་བཅས་པས། ནུབ་ཕྱོགས་སྐྱོང་བའོ།། བྱང ་ཕྱོགས་ནས་ནི་ལུས་ངན་པོ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་བརྒྱད་དང་བཅས་པས། བྱང་ཕྱོགས་སྦྱོང་བའོ།། དཔལ་དང་གཟི་བརྗིད་འབར་བ་ཡི།། རྒྱལ་པོ་དག་ནི་ཕྱིན་པ་དང་ཞེས་བྱ་བ་ནི། འཇིག་རྟེན་དུ་དཔལ་དང་ལྡན་ཞིང་། སྡེ་བོ་ཆེ་སྤྱང ་བཞི་བདག་པོ་སྟེ། དེའི་གཟི་བརྗིད་ཀྱིས་གླིང་བཞི་ཁྱབ་པའོ།། ཕྱིན་པ་ནི་ཁྱབ་པའོ།། དེའི་ཚེ་སྟོན་པ་ཐམས་ཅད་མཁྱེན་པའོ།། བར་སྣང་གནས་ལ་རབ་ཏུ་འཕགས།། ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། སེམས་ཅན་གྱི་དོན་ལ ་གནས་པ་སྟེ། ནོར་བུ་རིན་པོ་ཆེ་དང་འདྲ་བར་འཇིག་རྟེན་གྱི་ཁམས་རང་གི་ལག་མཐིལ་དུ་ཤེས་པ། སེམས་ཅན་རྣམས་ལ་འཕགས་པའོ།། ཚངས་པས་སྤྲུལ་པའི་ཞལ་མང་ཁང་།། དེ་ན་རྡོ་རྗེའི་གདན་ལ་བཞུགས།། ཞེས་བྱ་བ་ནི། ཚད་མེད་པ་བཞི ་བསྒོམས་པས་ཚངས་པ་སྟེ། གཞལ་མེད་ཁང་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན། ལྷའི་སྐུའོ།། ཡང་ན་གཞལ་མེད་ཁང་ནི་རི་རབ་ཆེན་པོར་སྣང་བ་འཇིག་རྟེན་གྱི་ཁམས་ཙམ་མོ།། དེ་ལྟ་བུའི་གཞལ་ལཡས་ཁང་གི་ནང་ན། ཡང་དག་པར་རྫོགས་པའི ་སངས་རྒྱས་རྡོ་རྗེ་ལྟ་བུའི་ཏིང་འཛིན་སྣང་བའོ།། དེ་ནས་ཚངས་དང་ཚངས་ཆེན་རྣམས།། ཐལ་མོ་སྦྱར་འཁོང་ཕྱུག་འཚལ་ལོ།། ཞེས་བྱ་བ་ནི། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ་ཚངས་ཚན་རྣམས་ཀྱིས་གུས་པར་ཕྱག་འཚལ་ལོ།། དཔལ་ལྡན་གསེར་གྱི་རི་བོ་འདྲ།། གསེར་གྱི་མཆོད་སྡོང་དང་ཡང་མཚུངས།། ཞེས་བྱ་བ་ནི། ཕྱི་ནང་མེད་པར་སེར་གྱི་གཡོན་ཏན་དང་ལྡན་ཏེ། མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔའ ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འཛམ་བུའི་གླིང་གི་གསེར་གྱི་ཁ་དོག་འདྲ་ཞིང་། ཡོན་ཏན་གྱིས་བརྒྱན་པའོ།། མེ་ཏོག་པདྨ་བཞིན་དུ་རྒྱས།། ས་ལའི་པདྨ་བཞིན་དུ་རྒྱས།། ཞེས་བྱ་བ་ནི། ཞལ་པདྨ་བཞིན་དུ་སེམས་ཅན་རྣམས་ལ་བསྟན ་པ། ཤིང་ས་ལ་བཞིན་དུ་ཟིལ་གྱིས་ནོན་པའོ།། ཉི་མ་དང་འདྲ་ཟླ་ཉ་ལ།། སྐར་མ་རྣམས་ཀྱིས་ཡོངས་བསྐོར་ཞིང་།། ཞེས་བྱ་བ་ནི། དྲེག་པ་ཉི་མ་ལྟ་བུ་སྟེ། འཇམ་པ་ནི་ཟླ་བ་ཉིའི་འོད་ཟེར་ལྟ་བུའོ།། བྱང་ཆུབ་སེམས་དཔའ་ལ་སོགས་པ ་འཁོར་རྣམ་བཞི་ནི། སྐར་མ་ལྟ་བུའོ།། ཐུབ་སྐུ་གསེར་གྱི་ཁ་དོག་ལ།། མཚན་རྣམས་ཀྱིས་ནི་ཡོངས་སུ་བསྐོར།། ཞེས་བྱ་བ་ནི། སྐུ་གསུང་ཐུབ་ཅིང་། འཛམ་བུའི་གླིང་གི་གསེར་གྱི་ཁ་དོག་འདྲ་བ།། སྐུ་ལ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔའི ་བྱང་བཟང་པོ་བརྒྱད་ཅུས་བརྒྱན་པའོ།། འཇིག་རྟེན་མེས་པོ་ཚངས་པ་ཡིས།། འཇིག་རྟེན་སྒྲོན་མ་བསྟོད་བྱས་སྟེ་ཞེས་བྱ་བ་ནི། སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པས་ཀྱང་།། ཡང་དག་པར་རྫོགས་པའི་སངས ་རྒྱས། སེམས་ཅན་ཐམས་ཅད་འཁོར་བ་ནས་སྒྲོལ་བ། སྟོང་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ཞིང་བསྟོད་དོ།། འཇིག་རྟེན་མགོན་པའི་སྤྱན་སྔར་ནི། འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས།། ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཙོ་བོ་སྟེ། སངས་རྒྱས་ཀྱི་བསྟན་པ་སྲུང་བ། ཕྱོགས་སྐྱོང་བཅུས་ཀྱང་ཞུས་པའོ།། འཇིག་རྟེན་སྐྱོང་གི་འཁོར་རྣམས་ཀྱིས།། རྗེས་སུ་བསྟན་པ་མ་ཐོབ་སྟེ། ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱི་ཆོས་འདི། ཡིད་བཞིན་ནོར་བུ་རིན་པོ་ཆེ་འདྲ་བ་སྟེ། འཇིག་རྟེན་སྐྱོང་པ་ངག་གིས་ཀྱང་འདི་དང་གཞན་དུ་མཚུངས་པ་མེད་པའོ།། གང་ཕྱིར་འདི་ལ་སངས་རྒྱས་དང་། རང་སངས་རྒྱས་དག་འབྱུང་འགྱུར་ཞིང་། ཞེས་བྱ་བ་ནི། སྟོང ་ཆེན་མོ་རབ་ཏུ་འཇོམས་མའི་ལམ་འདི་ནས། རིན་པོ་ཆེ་ཤེལ་དང་འདྲ་བ་སྟེ། སངས་རྒྱས་ལ་སོགས་པ་གང་ཡང་འབྱུང་བའོ།། འདི་ལས་ཉན་ཐོས་རྣམས་ཀྱང་སྐྱེ། ལྷ་རྣམས་དག་ཀྱང་སྐྱེ་བར་འགྱུར། ཞེས་པ་ནི། ནམ་མཁའ་ལ་ཆར་བྱུང་བ ་བཞིན་དུ། འདིའི་སྒོ་ནས་གང་ཡང་འབྱུང་བའོ།། རིག་བྱེད་ཡན་ལག་དྲུག་མཐར་ཕྱིན།། བྲམ་ཟེ་རྣམས་ཀྱང་སྐྱེ་བར་འགྱུར་ཞེས་བྱ་ནི། རྟག་པའི་ཆོས་དྲུག་ཡིན་ཏེ། དེ་ཡང་སྔར་བཤད་པ་བཞིན་དུ་ལྟ་བ་དྲུག་གོ།། དེ་རྣམས་མཐར་ཕྱིན་ཅིང་གྲོལ ་བ་སྟེ། འདིའི་སྒོ་ནས་སྐྱེ་གནས་བཟང་པོ་བྲམ་ཟེའི་རིགས་ཐོབ་པའོ།། དྲང་སྲོང་སྐལ་པ་ཆེན་པོ་དང་། དགེ་སྦྱོང་བྲམ་ཟེ་འདི་ལས་སྐྱེ་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒོ་ནས་ལྟ་བ་ཐམས་ཅད་འབྱུང་བའོ།། ཁྱེད་ཅག་སྙིང ་ལས་ཆུང་བྱེད་པ།། མི་ཡི་སྐྱེ་དགུ་གདོན་པར་འགྱུར། ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་རྣམས།། འཇིགས་སྐྲག་བྱེད་པ།། མི་རྣམས་ལ་བྱམས་པ་དང་། སྙིང་རྗེར་ལྡན་པའོ།། ཚངས་པ་ཡི་ནི་ཚིག་ཐོས་ནས། འཇིག་རྟེན་སྐྱོང་གིས་ཚིག ་སྨྲས་པ། ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པའི་ཚིགས་ཐོས་ནས། འབྱུང་པོ་རྣམས་ལ་ཕྱོགས་སྐྱོང་བ་བཅུ་ཡིས་སྨྲས་པའོ།། ཚངས་པ་དང་ནི་ཐུབ་ཆེན་པོ་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང ་རང་སངས་རྒྱས་དང་། སེམས་ཅན་ཐམས་ཅད་བསྐྱེད་པའི་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་རིག་སྔགས་འདི་ཡིན་པའི་ཕྱིར་རོ།། བདག་གིས་རི་རབ་བསྐུས་བྱས་ཤིང་། ཞེས་བྱ་བ་ནི་ཕུང་པོའི་གནས་སྐབས་སོ།། རི་རབ་དེ་ཡི་རྒྱ་དང་ནི། ་འཕང་དང་གྲུ་བཞིའི་ཟུར་རྣམས་དང་། ཞེང་ལ་ཁྲུ་བཞི་འཕངས་ལ་བཞི།། མུ་ཁྱུད་ཟུར་བརྒྱད་ཤོ་འདྲ་བ།། སྟེང་དུ་དཀྱིལ་འཁོར་ལེགས་པར་བྲི།། ས་ཚོན་ལྔས་ནི་ཡང་དག་ཏུ།། སྟོང་ཆེན་རབ་འཇོམས་དཀྱིལ་འཁོར་ཡང་།། གྲུ་བཞི་སྒོ་བཞི ་ཀ་བ་བརྒྱད།། ཏྲ་ར་རྣམས་བཞི་རྟ་བབས་བརྒྱན།། དྲ་ཕྱེད་རིན་ཆེན་ལ་སོགས་པ།། གདུགས་དང་རྒྱལ་མཚན་བ་དན་རྣམས།། འདོད་པའི་ཡོན་ཏན་ལྷ་མོ་དང་།། མཁས་པ་དག་གིས་བྲི་བར་བྱ།། འབྲས་སམ་བག་ཕྱེ་ལ་སོགས་པས།། མཁས་པ་དག ་གིས་ཡང་དག་བྱ།། རི་རབ་གཟུགས་ནི་ཤོ་འདྲ་བ།། ལྷ་དང་ལྷ་མིན་འབྱུང་བའི་གནས།། དེ་ལྟ་བུ་ཡི་གནས་བཅས་ལ།། ལྷ་དང་ལྷ་མིན་འབྱུང་པོ་དང་།། དེ་རྣམས་ལ་ནི་འབུལ་བར་བྱ།། རྒྱལ་པོ་དང་ནི་རྒྱལ་པོའི ་འཁོར།། བློན་པོ་དང་ནི་བློན་མོ་དང་།། གང་དག་དེ་རྣམས་གནོད་པ་དང་།། འབྱུང་པོ་ཡི་དགས་སོགས་གནོད་དང་།། བྱང་སྟེམས་དང་ནི་འཐོར་བ་དང་།། རོ་ལངས་རྦོད་གཏོང་གཏོང་བ་དང་།། ཟོས་པ་དང་ནི་སྐྱུག་པ་དང་།། གྲིབ་མ་ངན་དང་ལྷས་ངན་དང་། ་བྲི་ཉེས་དང་ནི་སྒོམ་ཉེས་དང་།། སྨད་ནད་དང་ནི་ཉིན་གཅིག་དང་།། ཉིན་གཉིས་གསུམ་པ་བཞི་པ་དང་།། ཉིན་བདུན་ཟླ་ཕྱེད་ཟླ་བ་གཅིག། ཉིན་མོ་བ་དང་ཡུད་ཙམ་དང་།། ལྡང་ལྷུབ་པ་དང་འབྱུང་པོ་དང་།། མི་ཡི་རིམས་དང་མི་མ་ཡིན།། རླུང ་དདང་མཁྲིས་པ་བད་ཀན་དང་།། འདུས་པ་བཞི་འགྱུར་དག་དང་ནི།། དེ་ཡི་ཆོ་ག་ཡང་དག་ཡིན།། ནཱད་ནི་བཞི་བརྒྱ་རྩ་བཞིར་གྱུར་པ་ལས།། རྨི་ལམ་ངན་དང་མཚན་མ་ངན།། སྔགས་བཏང་བ་དང་བཟློག་པ་དང་།། མ་མོ་ཟོར་ཁ་ཕུ་ར་ཁ་དང་།། གཤིན་རྗེ ་ལ་སོགས་གང་ཡང་རུང་།། དེ་བཟློག་ཆོ་ག་ཡང་དག་ཡིན།། ཤུ་བ་གཡན་པ་འཛེ་དང་ནི།། ཕོལ་མིག་གཞང་ནད་འབྲས་དང་ནི།། དོང་དང་མེ་དཔལ་བཟློག་པ་དང་།། ཤ་བཀྲ་རྨུ་ཆུ་ཁོང་ནད་དང་།། གླད་པ་ན་བ་ལ་སོགས་དང་།། དེ་ཡི་ཆོ་ག་ཡང ་དག་ཡིན།། གཙོ་བོར་གྱུར་པ་ཉི་ཤུ་བརྒྱད།། སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག། འབྱུང་པོ་རྣམས་ཀྱི་ཆོ་ག་ཡང་དག་བཤད།། རི་རབ་ལ་སོགས་བཞི་དག་ལའང་།། དཀར་པོ་དང་ནི་མཐིལ་ཀ་དང་།། དམར་པོ་དང་ནི་སེར་པོ་རྣམས།། ཤར་ཕྱོགས ་ངོས་ནས་རིམས་བཞིན་དུ། ཡང་དག་གིས་ནི་ཤེས་པར་བྱ།། ཤུར་ཕྱོགས་ལྷ་དང་དྲང་སྲོང་དང་།། དྲི་ཟའི་གདོན་རྣམས་བཟའ་དང་བཅས།། སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག། དེ་རྣམས་ཤར་ཕྱོགས་གདོན་རྣམས་སོ།། གྲུལ་བུམ་ལ ་སོགས་མ་མོ་དང་།། སྲིན་པོ་ཡི་དགས་གདོན་རྣམས་དང་།། ལྷོ་ཕྱོགས་ལ་ནི་ཡང་དག་ཤེས།། སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག། དེ་དག་ལྷོ་ཕྱོགས་གདོན་རྣམས་སོ།། ཀླུ་དང་འདབ་བཟངས་བདག་དང་།། ནུབ་ཕྱོགས་དག་ནི་ཡང ་དག་ཤེས།། སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག། དེ་དག་ནུབ་ཕྱོགས་གདོན་རྣམས་སོ།། གནོད་སྦྱིན་ཕོ་མོ་ལ་སོགས་དང་།། ཀླུ་བཙན་ལ་སོགས་གཞན་རྣམས་དང་།། བྱིང་ཕྱོགས་དག་ནི་ཡང་དག་ཤེས།། སྟོསྙིང་ཕྲག་བརྒྱད་ཅུ་ཉི་ཤུ ་རྩ་བརྒྱད་ཕྲག། དེ་དག་བྱང་ཕྱོགས་གདོན་རྣམས་སོ།། ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་།། བྱང་ཤར་སྟེང་དངོ་འོག་དང་ནི།། མེ་ཡི་དོན་དང་བདེན་བྲལ་དང་།། རླུང་ལྷའི་གདོན་དང་། འབྱུང་པོའི་གདོན། ཚངས་པ་ལ་སོགས་བདག་དང་།། སྟོང་ཕྲག ་བརྒྱད་ཅུ་ཉི་ཤུ་རྩ་བརྒྱུད་ཕྲག། མཚན་དྲུག་ལ་ནི་ཡང་དག་ཤེས།། སྟེང་དང་འོག་དང་ཟུར་རྣམསུ།། འབྱུང་པོའི་ཚོགས་ནི་ཤེས་པར་བྱ།། བག་ཕྱེ་དང་ནི་འབྲས་ཕྱེ་འམ།། གཟུགས་ནི་སྣ་ཚོགས་མཁས་པར་བྱ།། བ་དན་དང་ནི་རྒྱལ་མཚན ་དང་།། གདུགས་དང་མེ་ཏོག་ཕྲེང་བ་དང་།། འབྱུང་པོའི་ཚོགས་དང་བཅས་པ་དང་།། བུ་རམ་ཞོ་དང་སྦྲང་རྩི་དང་།། མེ་ཏོག་དཀར་པོ་ལ་སོགས་དང་། ཤཾ་དང་ཁྲག་དང་ཚོང་དང་ནི།། ཉ་ཤ་སྒོག་པ་ལ་སོགས་དང་།། མེ་ཏོག་སེར་མོའི་ཕྲེང་བ་རྣམས།། ་འོ་མ་ཀར་མངར་གསུམ་དང་།། མར་ལ་སོགས་པའི་སྨད་རྣམས་དང་།། མེ་ཏོག་དམར་པོ་ངུར་བའི་འཕྲེང་བ་དང་།། ཆང་དང་ཤ་དང་ཁྲག་རྣམས་དང་།། ལ་ཕུག་ལ་སོགས་མེ་ཏོག་ལྗང་ཁུའི་ཕྲེང་བ་དང་།། དམར་པོ་ནག་པོ་མཐིང་ཀ་དང་།། སྐྲ ་ཚོགས་མེ་ཏོག་ཕྲེང་བ་དང་།། མེ་དང་བདེན་བྲལ་རླུང་དང་ནི།། དབང་ལྡན་ཚངས་པས་བདག་དང་།། སྔོན་གྱི་རྫས་ལ་ཆག་དྲུག་ཏུ།། ཡང་དག་གིས་ནི་ཤེས་རབ་ལ།། མཁས་པའི་སེམས་ལ་ཤེས་པར་བྱ།། ཨ་ཀཆུ་གུལ་ལ་སོགས་དང་།། ་སྦྲུལ་གྱི་པགས་པ་ཉ་མགོ་དང་།། ཡུངས་ཀར་སྒོག་པ་བསྲེས་པ་དང་།། ག་པུར་བླ་རྩི་སྤང་སྤོས་དང་།། ཙན་དན་ལ་སོགས་སྦྱར་བ་དང་།། ཚིལ་བུ་ཡུངས་ཀར་བསྲེས་པ་དང་།། དེ་དག་ལ་ནི་སྤོས་ཕོར་རོ།། ཁུར་བ་ཚན་དང་ཐུག་པ་དང་།། དེ ་དག་ཀུན་ལ་ཤེས་པར་བྱ།། རྒྱ་ཕིབས་བླ་རེས་གདུགས་དང་བཅས།། རྒྱལ་མཚན་བ་དན་སྣ་ཚོགས་དང་།། སྤྲོས་སྦྱར་ཡང་དག་མེ་ཏོག་དང་།། བུ་རམ་ཞལ་ཟས་སྣ་ཚོགས་དང་།། ལན་ཅིག་སྦྱར་བའི་དྲི་རྣམས་དང་།། དེ་རྣམས་ལ་ནི་ཡང་དག་མཚོན། ་སྣ་ཚོགས་པདྨའི་དབུས་སུ་ནི།། སྟོང་ཆེན་རབ་ཏུ་འཇོམས་མ་ཡང་།། པདྨའི་ལྟེ་བར་ཡང་དག་བཞུགས།། དེ་ཡི་ཕྱི་རོལ་ར་བ་ལ།། འཁོར་ལོ་རྩིབས་བརྒྱད་ཞེས་པར་བྱ།། རྒྱལ་པོ་བཞི་དང་ཕྱོགས་སྐྱོང་དང་།། བཟའ་དང་སྐར་མ་ལ་སོགས་ལ།། ་འཁོར་ལོ་ལྷ་རྣམ་སྒོ་རྣམས་ལ།། མཁས་པས་ཡང་དག་ཤེས་པར་བྱ།། ལྔ་འམ་གཅིག་གམ་གང་འབྱོར་ཡང་།། གང་བའི་བུམ་པ་བཀྲ་ཤིས་པ།། ལྔ་པའི་དབུས་སུ་བཞག་པར་བྱ།། གསེར་རམ་དངུལ་ལས་བྱས་པ་ཡི།། འཇིམ་སོགས་རབ་གནས། ་བྱས་པ་ཡིས།། མཆོད་རྟེན་ལ་ནི་མཆོད་པར་བྱ།། མཚམས་གཅོད་ཡུལ་འཁོར་སྲུང་བ་དང་།། བཀྲ་ཤིས་ལ་སོགས་གང་ཡང་རུང་།། དེ་བཞིན་དུ་ནི་བྱས་ནས་ནི།། ཐེ་ཚོམ་མེད་དེ་ཡང་དག་ཡིན།། སློབ་དཔོན་ལྔ་འམ་གཅིག་ཀྱང་རུང་།། ཡང་དག་གིས། ་ནི་རིམ་པ་བཞིན།། འབྱུང་པོ་རྣམས་ནི་དགུག་པར་བྱ།། སྟོང་ཚན་རབ་ཏུ་འཇོམས་པ་ཡང་།། ཕྱོགས་བཞིའི་མཚམ་སུ་རྒྱུན་མི་འཆད།། སློབ་དཔོན་དགོངས་པ་གསུམ་ལྡན་པས།། ངག་མ་འདྲེས་པར་བཟླས་པར་བྱ།། ཞེས་བསྟན་པའོ།། ས་ཡང་རྣམ་པ ་བཟློག་བྱས་ལ།། ཞེས་བྱ་བ་ནི། ཕྱོགས་སྐྱོང་བ་བཅུས་ཚངས་པ་དང་།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་ཞུས་པའོ།། སྟོབས་དང་ལྡན་ཞིང་རི་རབ་ཐོགས་པར་ནུས་ཤིང་། འཇིག་རྟེན་གྱི་ཁམས་ཀྱང་ལྡོག་པར་ནུས་པའོ།། རྒྱ་མཚོ ་ལ་ནི་ཐུག་པ་རྣམས།། རྣམ་པར་སྦྱང་བ་ཉིད་དུ་བྷུ།། ཞེས་བྱ་བ་ནི། ཤར་ཕྱོགས་ནས་གོ་རིམས་བཞིན་དུ།། ཕྱི་ཁོ་ར་ཁོར་ཡུག་ཙམ་བདག་གི་དབང་དུ་འགྱུར་ཏེ། སྟེང་དང་འོག་ཏུ་ཡང་དེ་བཞིན་ནོ།། འཇིག་རྟེན་ཁམས་དེ་སྦྱོང་བར་བྱེད་ཅིང་འདུལ་བས་ན ་སྦྱང་བའོ།། ཞགས་པ་དམ་པོ་མ་ཉམས་པས།། ཉི་མ་ཟླ་བ་རླུང་རྣམས་དང་།། ཞེས་བྱ་བ་ནི། མདོ་སྡེ་ཞགས་པས་དེ་དང་དེ་ལྡན་པས་ཡང་འདྲེན་པའོ།། སྐར་མ་དང་ནི་ཐམས་ཅད་ཀྱང་།། བདག་གིས་སུ་ནི་བཅིང་བར་བྱ།། ཞེས་བྱ་བ་ནི། རིགས་ཀྱི ་སློད་མོས་ཞགས་པས། སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་རྣམས་བཅིང་བའོ།། གང་དག་རབ་ཏུ་སྡང་བྱེད་ཅིང་།། འཇིག་རྟེན་ལ་ནི་ཕན་མི་བྱེད།། ཅེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་རྒྱུ་ཞིང་།། གནོད་པ་སྐྱེལ་བ་རྣམས ་ལ། རིག་སྔགས་ཀྱི་བཅིངས་པ་ལྔས་བཅིངས་པའོ།། དེ་དག་ལ་ནི་ཐམས་ཅད་དུ།། ཕྱོགས་ཀྱང་སྣང་བར་མི་བྱའོ།། ཞེས་བྱ་བ་ནི། གནོད་པ་སྐྱེལ་བའི་འབྱུང་པོ་རྣམས།། ཕྱོགས་བཅུ་རྣམས་སུ་གནས་པའི་ས་མེད་པར།། ་9སྡུག་བསྔལ་དྲག་པོ་མྱོང་བའོ།། འཇིག་རྟེན་ལྷ་དང་བཅས་པ་ཏེ།། འབྱུང་པོ་རྣམས་ཀྱིས་ཕྱིར་སྨོད་དེ།། ཞེས་བྱ་བ་ནི། ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་པོ་རྣམས།། ཕྱིར་འགྱེད་ཅིང་འདོར་མི་གཏོང་བའོ།། འབྱུང ་པོ་མི་ཡི་སྐྱེ་དགུ་ལ།། གནོད་པར་བྱེད་ཅིང་འཚོ་བར་བྱེད།། ཅེས་བྱ་བ་ནི། ཕུང་པོ་ལྔའི་རང་བཞིན། བྱང་ཆུབ་སེམས་ལ་གནོད་པའོ།། གང་དག་སྔགས་དང་སྨན་རྣམས་དང་།། རིག་སྔགས་ལ་ནི་འདའ་བྱེད་པ།། ཞེས་བྱ་བ་ནི། འདི་ལ་གུས་པར ་བྱེད་ཅིང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དང་།། སེམས་ཅན་རྣམས་ལ་འཚ་བར་བྱེད་ཅེས།། རིག་སྔགས་ཀྱི་བཀའ་ལས་འདས་པ་རྣམས་སོ།། འདི་ལ་སྔགས་ཀྱི་དམ་པ་ནི། ཕ་རོལ་གནོན་པ་སྟོན་པར་བྱེད།། ཅེས་བྱ་བ་ནི། རིག ་སྔགས་ཀྱི་རྒྱལ་མོ་སྟོང་མོ་རབ་ཏུ་འཇོམས་མ་འདིས་ཀྱང་། གསང་སྔགས་ཀྱི་ཚིག་སྟོན་པ་ཙམ་གྱིས་ནི། མ་རུངས་པའི་འབྱུང་པོ་རྣམས་ཀྱིས་སྟོབས་འཕྲོག་པའོ།། རིག་སྔགས་ལ་ནི་འདའ་བའི་འཁོར།། ཀུན་ཏུ་ཆད་པས་བསྡིགས་བྱས་ཏེ། ་ཞེས་པ་ནི་ཕྱག་མཚན་དང་སྐུ་མདོག་སྟོན་པའོ།། དེད་དཔོན་དག་ནི་ཉི་ཤུ་བརྒྱད།། རེ་རེ་ལ་ཡང་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཅུའོ།། འདི་དག་གི་ནི་སྐུ་མདོག་དང་ཕྱག་མཚན་ནི།། དཀར་པོ་དམར་པོ་སེར་པོ་དང་།། ལྗང་ཁུ་དང་ནི་མཐིང་ཀ་ལ།། ལ་ལ་དཀར ་སེར་དམར་སེར་དང་། ལ་ལ་སེར་ནག་ལྗང་ནག་དང་།། མགོ་བོ་སེར་པོ་མཇུག་མ་ནག། སྨད་དཀར་སྟོད་གནག་ཁྲ་བའི་གཟུགས།། སྣ་ཚོགས་གཟུགས་ཏེ་ཕྱེད་གཟུགས་སོ།། ལག་ན་རྡོ་རྗེ་འཁོར་ལོ་ཐོགས།། གཏུན་ཤིང་དང་ནི་རྩེ་གསུམ་མོ།། ལ ་ལ་རལ་གྲི་ལག་ན་ཐོགས།། གཏོ་མཱ་ར་དང་མདུང་ཐུང་ཐོགས།། འཕང་མདུང་དང་ནི་ནར་ཙ་དང་།། ལ་ལ་དབྱུག་པ་ཐོགས་པ་དང་།། རྩེ་གཅིག་དང་ནི་མདུང་རིངས་ཐོགས།། མདུང་དང་མདའ་གཞུ་ལྕགས་ཀྱུ་དང་།། ཝ་ལ་རྔ་རིངས་ག་གེ་དང་། ་ཆ་ལང་དང་ནི་རོལ་མོའི་ཚོགས།། པི་ཝང་གླིང་བུ་གླུ་ལེན་ཅིང་།། གནོད་སྦྱིན་ཕོ་མོ་གྲུ་ལན་ཅིང་།། ཡན་ལག་ལྔ་དང་ལྡན་པ་ཡིས།། རོལ་མོའི་ཚོགས་ནི་ལ་ལ་བྱེད།། ལ་ལ་མི་ལྤགས་གོན་པ་དང་།། མི་མགོ་ལག་ན་ཐོགས་པ་དང་།། མི་ཡི་རྒྱུ་མས ་ཐོད་ཀྱང་བྱེད།། ལ་ལ་མི་ཡི་རུས་པ་ཐོགས།། སྣ་ཚོགས་རྒྱན་དང་སྣ་ཚོགས་ཕྱག་མཚན་དང་།། འབྱུང་པོའི་ཚོགསུ་ཤེས་པར་བྱ།། སྐུ་མདོག་དང་ཕྱག་མཚན་བསྟན་པའོ།། འཇིག་རྟེན་མགོན་པོའི་སྤྱན་སྔ་རུ།། ཐལ་སྦྱར་འཁོད་ནས་འདི ་སྐད་སྨྲས།། ཞེས་བྱ་བ་ནི། འབྱུང་པོའི་གནས་སྟོན་པའོ།། སྒྱུ་མནར་བུ་ནི་ཀ་བ་ལ།། གྲོང་ཁྱུད་བཟང་ན་བྱང་ཕྱོགས་ན། བྱ་རྒོད་ཕུང་པོའི་རྒྱལ་པོའི་ཁབ།། རྒྱ་མཚོ་མཐའ་ཡི་བར་གྱི་སར།། ལན་གསུམོ་བར་དུ་འགྲོ་བྱེད་གྲོང་།། མཁའ་ལྡིང་རྒྱས ་བ་སྦེད་པ་ནས།། རྒྱལ་ཁབ་དང་ནི་སེར་སྐྱའི་གནས།། ཤཱཀྱའི་ཏོག་ནི་གར་བལྟམས་པར།། སྒྲ་ཅན་དང་ནི་ཙཽརྔ་ན།། གཉོན་ཡོད་དང་ནི་གནས་དང་བཅས།། རྒྱ་མཚོའི་གནས་དང་ཡངས་པ་ཅན།། གྱང་ཡུལ་དང་ནི་གཡོར་འདོར་དང་།། ཙམ་པ ་ཡུལ་དང་འཇུག་གོ་ཅན།། སྒོ་དྲུག་དང་ནི་ཟངས་ཀྱི་འདབ་མ་ཅན།། ཟང་གི་འགྲོ་ན་འགྲོག་གནས་དང་།། འབྲུ་མངས་ན་ནི་མཆོག་ཏུ་སྲུང་།། སྲུངས་པ་ཅན་དང་གསོ་བའི་མཐའ།། སྙེན་དགའ་གྲོང་ཁྱེར་གནས་དང་ནི།། ་ཆུ་མཆོག་ན་ནི་འཆི་མེད་གཞི།། རྔ་བཟངས་དང་ནི་གཅི་ཅན་དང་།། རི་ལྡན་ཟོང་ཁྱེར་ཕྱོགས་མཚམས་དང་།། འོད་མའི་འགྲམ་དང་ཀ་ལི་མ་ཀ། འགྲོ་འཇོམས་དང་ནི་མི་ཐུབ་གནས།། མདུན་ཁབ་གནས་དང་འཕྲེང་བ་བརྩིགས།། རྟ་དམ ་ན་དང་མ་རྫོགས་པ།། སྙེམས་པ་ཅན་དང་མ་རྒྱལ་གནས།། གནས་བཅས་དང་ནི་ཞི་བོའི་གྲོང་ཁྱེར་དང་།། འཇིགས་བྱེད་དང་ནི་དབང་འགྲོ་དང་།། རྡོ་གྲོང་དང་ནི་ཤིང་གི་གྲོང་ཁྱེར་ན།། ཁ་དོག་ཅན་དང་ཚངས་པར་ལྡན།། བ་ལང་འཛིན་དང་རྡོ་འཇོག ་དང་།། བོང་སྲུངས་སེལ་དང་རི་ལ་གནས།། ལྡན་གྲོགས་དང་ནི་ཐོ་ནུའི་དང་།། དགའ་བ་དགའ་བྱེད་གྲོང་ཁྱེར་ན།། རླུང་གི་ས་དང་འབྱང་འགྱུར་ན།། བཅོམ་རླག་ན་དང་ལམ་ཀ་དང་།། རབ་ཉམས་དང་ནི་མཛོད་འཛིན་དང་།། རྣམ་རྒྱལ་ལྡན་དང་བཅོམ ་རླགས་ན་ཡང་གནས།། མ་ལ་ཡ་དང་རྩེ་འཛིན་དང་།། པོ་འདྲ་ན་དང་རབ་ཏུ་གནས།། པི་ཏ་མ་ཀ་ལེ་དང་ནི་རླབས་ལྡན་དང་།། སྣ་ནས་ཐུང་དང་གསོ་བའི་མཐལ།། དགའ་བྱེད་དང་ནི་ལག་པ་དང་།། བུ་མཚན་དང་ནི་མཛོད་འཛིན་དང་།། ཕོ་བྲང་ངན ་དང་གཡོག་འཁོར་དང་།། འགྲམ་ལྡན་ཕུང་པོ་གྲོང་ཁྱེར་དྲུག། མཐའ་མ་ན་དང་སྲུང་བ་ཅན།། བ་ལང་འཇོག་དང་ཕྱོགས་མཚམས་ན།། གདུགས་འདྲན་དང་གྲོང་ཁྱེར་གསུམ།། ཚང་ཚིང་གཅིག་དང་ཨུ་དུཾ་འབར།། ཀུའུ་ཤམ་བྷི་ཞི་ལྡན་ན། སྦྲུལ་གྱི ་གདུགས་དང་ག་པོ་འཛིན་ན།། གྱེན་དུ་འགྲོ་དང་ཐོབ་བྱེད་ན།། གྲོང་ལྡན་ཚོལ་བ་ལང་ཆེན་འཛོད།། ལྷ་ཡི་གཡུལ་དང་གཡུལ་འགྱེད་ལྡན།། དགྲ་ངན་ཞིང་དང་རྒྱལ་གཉིས་ན།། དེ་ཉིད་དང་ནི་རབ་ཅནྡ་དང་།། དོན་གྲུབ་གྲུབ་དང་དོན་གནས་དང་།། འགྲོ ་འཇོམས་དང་ནི་སྦོམ་པོ་ཉིད།། སེང་གེའི་སྟོབས་དང་བདེ་བོ་ཆེ།། དེ་བཞིན་གཞན་གྱི་གྲོང་དང་ནི།། ཙམ་པ་དང་ནི་རི་མངས་དང་།། བ་ལང་འབྱོར་དང་གྲོང་ཁྱོར་དང་།། གནས་དང་ཁྭ་ལ་ཀོ་ཤམ་བྷི།། བཟང་པོ་ཅན་དང་དམ་པ་ཅན།། འཆིང་བུ་དང ་ནིམ་ལ་ཡ།། ཚང་ཚིང་གནས་དང་མ་རྒྱལ་གནས།། ཆུ་མཆོག་དང་ནི་སིམ་དྷཱུ་བ།། འགྲོ་ལྡན་དག་དང་སེར་སྐྱའི་གནས།། གཞན་སྙས་དང་ནི་སྒོ་གནས་དང་།། དབུ་མའི་སྡེ་དང་བཟང་མཛེས་དང་།། གྲོང་ཁྱེར་སྙིང་དང་མྱ་ངན་ས།། ཁྲུས ་འགྲོ་དང་ནི་ང་རྒྱལ་བྲག། འཇིགས་བྱེད་དང་ནི་ཁ་ཆེའི་ཡུལ།། རལ་པ་ཅན་དང་གྲོང་དང་ནི།། ཁ་ཆེའི་ཡུལ་གྱི་ས་མཚམས་ན།། ས་ལ་གནས་དང་སྤུ་ཡི་མཚན།། དཀྱིལ་འཁོར་བསྟན་དང་ཀཱ་པུ་ཤ། དགའ་བའི་ཚང་དང་ནི་ནམ་བསྲུང་།། ངན་པ ་དང་ནི་ཐོ་གར་ཡུལ།། གྲོང་བཙས་པ་དང་རྒྱ་མཚོ་གནས།། གྲོང་ཁྱེར་གསུམ་ནི་སྤུ་ཡི་གནས།། གྲ་མི་ངར་དང་སིང་ག་ལ།། ནེ་བཙོ་བཞིན་དང་འོག་ན་གནས།། པུནྡྷ་གར་དང་གྲོང་ཁྱེར་ཆེ།། འཇིགས་པ་བཞིན་དང་ཆུ་དང་ལྡན།། རྟོགས་པོའི་ཡུལ ་དང་ཀ་ཏ་ཀ། འཕྲལ་རིང་འཕྲལ་དང་ཨུ་རྒྱན་ཡུལ།། ཐོང་ཤོང་ངན་དང་མྱ་ངན་ན།། ཡོ་ག་ན་དང་དགའ་དང་ལྡན།། ཕུང་པོའི་དབང་དང་ཆུང་མ་ཅན།། རྒྱལ་པོའི་ཁབ་དང་ཡངས་པ་ས་ཏ། དུག་སྦྲུལ་དང་ག་ལྕང་ལོའི་གྲོང་།། དགའ་བའི་གྲོང་དང་ལྷ་ལས ་བབས་པ་དང་།། དེ་དག་ནི་འབྱུང་པོའི་གནས་བསྟན་པའོ།། སྦྲུལ་གྱི་གང་གིས་འབྱུང་པོའི་དཀྱིལ་འཁོར་ཀུན།། ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འགྱུ་བའི་འབྱུང་པོ ་རྣམས།། ངའི་བཀའ་ལས་མ་འདས་ན།། ཕོ་བྲང་ལྕང་ལོ་ཅན་དུ་སྐྱེ་བ་ཐོབ་པའོ།། འདི་བཤད་པ་འདི་མི་ཉན་པ།། དེ་དག་འཆད་པར་བཤད་བྱ་བ།། ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ།། རིག་སྔགས ་ཀྱི་བདེན་པའི་དམོད་མོས་རླག་པར་བྱེད་པའོ།། ཚངས་པས་སྤྲུལ་པོའི་མདོ་སྡེ་སྟེ།། སངས་རྒྱས་ཞབས་ལ་ཕྱག་འཚལོ།། ཞེས་བྱ་བ་ནི། ཚད་མེད་པ་བཞིའི་སྒོ་ནས་གནས་པ།། བྱང་ཆུབ་ཀྱི་སེམས་དང་ལྡན་པ།། སངས་རྒྱས་ཤཱཀྱ་ཐུབ ་པ་ལ་ཕྱག་འཚལོ།། ཕན་ཚུན་དུ་ནི་བལྟས་བྱས་ན།། བཻ་ཌཱུརྱ་དང་གསེར་དངུལ་དང་།། ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱི་གཞལ་ཡས་ཁང་།། ལྟ་ན་སྡུག་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ།། མུ་ཏིག་རྣམས་དང་ཤེལ་དག་དང་།། སྤུག ་དང་རྡོ་ཡི་སྙིང་པོ་དང་།། ཞེས་བྱ་བ་ནི། མུ་ཏིག་དམར་པོ་དཀར་པོ་འདྲ་བ་བྱས་པ། ས་གཞི་དང་རྩིག་པ་ཤེལ་ལས་བྱས་པ།། སྤུག་དང་རྡོའི་སྙིང་པོས་ཀ་རྟེན་དང་ཀ་བ་བྱས་པའོ།། རིན་ཆེན་བདུན་གྱིས་བརྒྱན་པ་ཡི།། རྩིབས་སྟོང་ཁ་དོག་གསེར་འདྲ ་བའི།། ཞེས་བྱ་བ་ནི། སྒོ་བཞི་ཀ་བ་བརྒྱད།། ཏྭ་ར་རྣམ་བཞི་ནི་གཞི་གསོར་ལས་བྱས་པ།། རིན་པོ་ཆེ་སྣ་བདུན་གྱིས་འཕྲ་བྱས་པའོ།། ཤིང་རྟ་རྣཾ་བ་བཞི་བྱས་པ།། བཟོ་རྣམས་ཀུན་དང་ལྡན་པ་སྟེ། ཞེས་བྱ་བ་ནི། ཤར་ཕྱོགས་སེང་གེའི་ཤིང་རྟ་དང་། ་རྟར་རྣམ་བཞིས་མཛེས་པའོ།། དེ་བཞིན་དུ་གོ་རིམས་བཞིན་དུ་སྦྱར་བར་བྱའོ།། གླང་པོ་ཆེ་དང་། རྟ་དང་། རི་དགས་ཤཱརྡུ་ལའོ།། རྫུ་འཕྲུལ་གྱི་ནི་མཁའ་ལ་འགྲོ། རྒྱལ་པོ་དག་ནི་དེར་བཞུགས་ནས།། ཞེས་བྱ་བ་ནི། ཡང་ན་ཤིང་རྟ་དེ་དང་ལྡན་ཞིང་། ནམ ་མཁའ་ལ་རྒྱུའོ།། འབྱུང་པོའི་དཀྱིལ་འཁོར་ཉིད་དུ་དོང་།། ས་ནི་གསེར་གྱི་ཕྱེ་མ་ལ།། ཞེས་བྱ་བ་ནི། སེམས་ཀྱི་སྤྲུལ་པའི་གཞལ་ཡས་ཁང་དང་འདྲ་བ་ན། ལྟ་ན་སྡུག་པ་སྣ་ཚོགས་ཀྱི་གཟུགསུ་སྣང་བའོ།། མེ་ཏོག་དག་གིས་བཀང་བྱས་ནས།། མགུལ ་པར་ལྷུང་དང་སྐུད་པ་དང་།། ཞེས་བྱ་བ་ནི། ས་གཞི་ཡང་མེ་ཏོག་གིས་བཀང་བ། ཕོ་བྲང་ཡང་མེ་ཏོག་གིས་སྣང་བ་སྟེ། འབྱུང་པོ་དང་འབྱུང་མོ་རྣམས།། མེ་ཏོག་གི་མགོ་ལ་བརྒྱན་པ་སྟེ། འདོད་པའི་ཡོན་ཏན་ལྔ་སྤྱོད་པའོ།། ཞགས་པ་དག་ཀྱང ་གདགས་བྱས་ལ། ཕྱོགས་ཀྱི་ས་ནི་ཇི་སྙེད་པའི།། ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱང་།། ཚངས་པའི་ཐག་པས་བཅིངས་ཏེ།། ས་དང་བར་སྣང་ལ་རྒྱུ་བ་རྣམས་ལའོ།། འབྱུང་པོ་ཐམས་ཅད་ཁྲིད་ཤོག་ཅེས།། གནོད་སྦྱིན་གྱི་ནི་དེད་དཔོན་ཀུན།། ་ཅེས་བྱ་བ་ནི། གནོད་པ་བྱེད་པའི་འབྱུང་པོ་རྣམས།། ཀུན་ཀྱང་ཞགས་པས་དྲང་བའོ།། ཕྱོགས་བཅུ་དག་ཏུ་དགྱེ་བར་བྱ།། ཞེས་བྱ་བ་ནི། ཕྱོགས་བཅུ་ན་གནས་པའི་སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཀྱི་འབྱུང་པོ་རྣམས་དགྱེ་བའོ།། ་སྟོང་ཆེན་རབ་ཏུ་འཇོམས་པ་ཡི།། མདོ་སྡེ་ཡི་ནི་དམ་པ་འདི།། ཞེས་བྱ་བ་ནི། སེང་གེའི་སྒྲ་ལྟ་བུས་དམ་པ་རྣམས་ཀྱི་དམ་པའོ།། ཚངས་པའི་འཇིག་རྟེན་རབ་ཏུ་འབྱུང་།། ལྷ་རྣམས་ཀུན་གྱི་རྣམ་པར་བསམ།། ཞེས་བྱ་བ་ནི། ཆོས་སྐུའི་རང་བཞི ་ན་མཁའི་རང་བཞིན་ཐམས་ཅད་ཁྱབ་པ།། སེམས་ཅན་རྣམས་ཀྱི་ཡུམ་ལྟ་བུའོ།། སྟོང་ཆེན་མོའི་ལུས་ཀྱིས་སོ།། གནོད་སྦྱིན་དང་ནི་སྲིན་པོ་བཏུལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་ལུས་ངག་ཡིད་གསུམ ་གྱིས་ཀྱང་།། མ་རུངས་པ་ཐམས་ཅད་འདུལ་བའོ།། ལུས་ངན་པོ་ཡི་ཚིག་ཐོས་ནས།། གནོད་སྦྱིན་གྱི་ནི་དེང་དཔོན་སྟོང་།། ཞེས་བྱ་བ་ནི།། རྒྱལ་པོ་ཆེན་པོ་སྐུ་བཻ་རའི་ཚིག་ཐོས་ནས།། གནོད་སྦྱིན་དེད་དཔོན་སྟོང་ཕྲག་གནས་པའོ།། ་ཕྱོགས་བཞི་དག་ཏུ་སོང་ནས་སུ།། གསང་བ་པོ་ལ་དྲག་ཏུ་བསྒོ། ཞེས་བྱ་བ་ནི། གནོད་སྦྱིན་དེ་རྣམས་ཀྱང་།། བཀའ་སྩལ་པའི་ཚིག་སྣང་བའོ།། ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད།། དྲི་ཟ་ལས་བྱུང་གདོན་གྱི་ཚོགས།། ཞེས་བྱ་བ་ནི། ་ཐུབ་པ་ནི་སངས་རྒྱས་ལ་ཞུས་པའོ།། དྲི་ཟའི་དེད་དཔོན་གྱི་གདོན་ཕྱོགས་དེར་འཁོད་པ་དག་གོ། ཤར་ཕྱོགས་ཆ་ན་འཁོད་པ་དག། མདོ་སྡེའི་ཞགས་པས་དེ་དག་ཀུན།། ཅེས་བྱ་བ་ནི། ཤར་ཕྱོགས་ན་གནོད་པར་བྱེད་པ།། རིག་སྔགས ་ཀྱི་དམོད་མོས་ཞགས་པས་བཅིངས་པའོ།། བཅིང་བ་ལྔ་ཡིས་བསྡམས་པ་ཡིས།། འབྱུང་པོ་མང་པོ་ང་ལ་ཉོན།། ཞེས་བྱ་བ་ནི། ཡེ་ཤེས་ལྔའི་ཞགས་པས་བསྡམས་པ་སྟེ།། དྲི་ཟའི་གདོན་སྟོང་ཕྲག་བརྒྱད་ཅུ་རྣམས།། རྒྱལ་པོ་ཆེན ་པོ་ཡུལ་འཁོར་སྲུང་གིས་བཀའ་སྩལ་པའོ།། ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད།། གྲུལ་བུམ་ལས་འབྱུང་གདོན་གྱི་རྣམས།། ཞེས་བྱ་བ་ནི། ཐུབ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་ཞུས་པའོ།། གྲུལ་བུམ་གྱི་དེང ་དཔོན་ལ་སོགས་པ། རིག་སྔགས་དམོད་པའི་ཞགས་པས་འདྲེན་པའོ།། ལྷོ་ཕྱོགས་ཆ་འདིར་འཁོད་པ་དག། མདོ་སྡེ་ཞགས་པས་དེ་དག་ཀུན།། ཅེས་བྱ་བ་ནི། ལྷོ་ཕྱོགས་ནས་གླགས་ཚོལ་ཞིང་སེམས་ཅན་ལ་གནོད་པ་བྱེད་པ་རྣམས།། རིག ་སྔགས་ཀྱི་ཞགས་པས་བཅིངས་པའོ།། བཅིངས་པ་ལྔ་ཡི་བསྡམས་པ་ཡིས།། འབྱུང་པོ་མང་པོ་དེ་ལ་ཉོན།། ཞེས་བྱ་བ་ནི། ཡེ་ཤེས་ལྔའི་རང་བཞིན་གཏི་མུག་ལ་སོགས་པ་དེ་དེའི་བསྣམས་པ་བཅིངས་པ་སྟེ། མ་རུངས་པའི་གདོན་ལ ་སོགས་པ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་འདུལ་བའོ།། ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད།། ཀླུ་ལས་གདོན་དུ་གྱུར་པ་རྣམས།། ཞེས་བྱ་བ་ནི་ཐུབ་པས་ནི་སངས་རྒྱས་ལ་ཞུས་པ། ཀླུའི་དེད་དཔོན་དུ་གྱུར་པ། ནུབ་ངོས་ནས་འཁོད་པའོ།། ་ནུབ་ཕྱོགས་ཆ་འདིར་འཁོད་པ་དག། མདོ་སྡེའི་ཞགས་པས་དེ་དག་ཀུན།། ཅེས་བྱ་བ་ནི། མ་རུངས་པའི་ཀླུ་དང་ས་བདག་ལ་སོགས་པ། རིག་སྔགས་ཀྱི་དམོད་མོའི་ཞགས་པས་བཅིངས་པའོ།། བཅིང་བ་ལྔ་ཡིས་བསྣམས་པ་ཡི།། འབྱུང་པོ་མང ་པོ་ང་ལ་ཉོན།། ཞེས་བྱ་བ་ནི། ནུབ་ངོས་ནས་གླེགས་ཚོལ་ཞིང་།། སེམས་ཅན་རྣམས་ལ་གནོད་པ་བྱེད་པ་སྟེ།། འདོད་པའི་ཡོན་ཏན་ལྔ་ཡིས་བཅིངས་པ་བསྡམས་ནས།། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གིས་ཀླུའི་གདོན་ལ་སོགས་པ་ལ་ཆང ་པ་གཅོད་པའོ།། ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད།། གནོད་སྦྱིན་ལས་ནི་གདོན་གྱུར་པ།། ཞེས་བྱ་བ་ནི། ཐུབ་པ་ནི་སངས་རྒྱས་ལ་ཞུས་པས་སྟེ།། གནོད་སྦྱིན་གྱི་དད་དཔོན་རྣམས་བང་ངོས་ན་གནས་པའོ།། བྱང་ཕྱོགས་ཆ་འདིར་འཁོད་པ་དག། མདོ་སྡེའོ ་ཞགས་པས་དེ་དག་ཀུན།། ཅེས་བྱ་བ་ནི། བྱང་ངོས་ནས་གླགས་ཚོལ་ཞིང་སེམས་ཅན་ལ་གནོད་པར་བྱེད་དེ།། དེ་རྣམས་ཀྱང་རིག་སྔགས་ཀྱི་དམོད་མོའི་ཞགས་པས་བཅིངས་པའོ།། བཅིང་བ་ལྔ་ཡིས་བསྡམས ་པ་ཡི།། འབྱུང་པོ་མང་པོ་ང་ལ་ཉོན།། ཞེས་བྱ་བ་ནི། གནོད་སྦྱིན་གྱི་གདོན་ལ་སོགས་པ།། ཡེ་ཤེས་ལྔའི་བཅིང་བས་བསྡམས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུས་ཆད་པས་གཅོད་པའོ།། ལུས་ངན་གྱི་ནི་བུ་ཐུ་བོ།། ཀུན་ཏུ་རྒྱལ་བ་མི་ལ་ཞོན།། ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་དེད་དཔོན་སྡེ་པོ་ཆེ་རྣམས་ཡིན་ཏོ། འདིར་ཡང་གནོད་པ་བྱེད་པ་རྣམས་སོ།། དེའི་དྲུང་ན་འཁོད་པའོ།། གནོད་སྦྱིན་བྱེ་བ་དྲུག་ཅུ་དག། ཅེས་བྱ་བ་ནི་རྣམ་ཐོས་ཀྱི་བུ་ཚ་ཤོས་ལ་འཁོད་པའོ།། བཅིང་བ་རྣམ་པ་ལྔས ་བསྡམས་ནས།། མདོ་སྡེའི་ཞགས་པས་རབ་ཏུ་དྲངས།། ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔས་བཅིངས་པས་བསྡམས་པས།། རིག་སྔགས་ཀྱི་དམོད་མོའི་ཞགས་པས་བསྡམས་པའོ།། དེ་ཉིད་ཀྱི་ནི་བུ་གཉིས་པ།། སྐྱེད་པ་པོ་ཞེས་རྣམ་གྲགས་པ།། ་ཞེས་བྱ་བ་ནི། རྣམ་ཐོས་ཀྱི་བུ་ཆེ་ཤོས་ཀྱི་འོག་མའོ།། དེའི་དྲུང་ན་འཁོད་པ་ཡི།། གནོད་སྤྱིར་བྱེ་བ་དྲུག་ཅུ་རྣམས།། ཞེས་བྱ་བ་ནི། བུ་དེའི་འཁོར་དེད་དཔོན་སྡེ་པོ་ཆེ་རྣམས།། བཅིངས་པ་རྣམ་པ་ལྔས་བསྡམས་ནས།། མདོ་སྡེའི་ཞགས ་པས་ཀུན་ཏུ་དྲངས།། ཞེས་བྱ་བ་ནི། ཡེ་ཤེས་ལྔའི་རང་བཞིན་གྱིས་སྔམས་ཤིང་།། རིག་སྔགས་ཀྱི་དམང་མོའི་ཞགས་པས་བཅིངས་པའོ།། དེ་ཉིད་ཀྱི་ནི་བུ་གསུམ་པ།། དེ་ཡི་མིང་ནི་གདོན་པོ་ཆེ།། ཞེས་བྱ་བ་ནི། རྣམ་ཐོས་ཀྱི་བུ་མཐའ་ལྷག་གོ།། དེ་ཡི་དྲུང ་ན་འཁོད་བ་ཡི།། གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས།། ཞེས་བྱ་བ་ནི། གནོད་སྦྱིན་གྱི་དེད་དཔོན་སྡེ་པོ་ཆེ།། རྣམ་སོ།། བཅིང་བ་རྣམ་པ་ལྔས་བསྡམས་ནས།། མདོ་སྡེའི་ཞགས་པ་ཀུན་ཏུ་དྲངས།། ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔས་བསྡམས ་པ། རིག་སྔགས་ཀྱི་དམོད་མོས་བཅིངས་པའོ།། དེ་ཉིད་ཀྱི་ནི་བུ་བཞི་པ།། དེ་ཡི་མིང་ནི་བུམ་བུའི་ལྟོ།། ཞེས་བྱ་བ་ནི། རྣམ་ཐོས་སྲས་ཀྱི་བུ་ཐ་མའོ།། དེ་ཡི་དྲུང་ན་འཁོད་པ་ཡི།། གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས།། ཞེས་བྱ་བ་ནི། བུ་དེའི་འཁོར ་དེད་དཔོན་སྡེ་པོ་ཆེ་རྣམསོ།། བཅིང་བ་རྣམ་པ་ལྔས་བསྣམས་ནས།། མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས།། ཞེས་བྱ་བ་ནི། དེ་རྣམས་ཀྱང་ཡེ་ཤེས་ལྔས་བསྡམས་ཤིང་། རིག་སྔགས་ཀྱི་ཞགས་པས་བསྡམས་པའོ།། དབང་ཕྱུག་ཆེན་པོ་ལྷ ་ཆེན་པོ།། ལག་བཞི་པ་ལ་སྟོབས་པོ་ཆེ།། ཞེས་བྱ་བ་ནི། གཡས་གཉིས་ན་ཏྲི་ཤུ་ལ་དང་།། བུམ་པ་སྤྱི་བླུགས་འཛིན་པ།། གཡོན་གཉིས་ན་ཕྲེང་བ་དང་མཆོད་སྦྱིན་མཛད་པ།། སྟོབས་དང་གཟི་བརྗིད་དང་ལྡན་པ་ཁམས་གསུམ་ལ་དབང་བྱེད ་པའོ།། དེ་ཡི་དྲུང་ན་འཁོད་པ་ཡི།། གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས།། ཞེས་བྱ་བ་ནི། དབང་ཕྱུག་ཆེན་པོའི་འཁོར་རྣམས།། ཞེས་བྱ་བ་ནི། དེད་དཔོན་དུ་གནས་ཤིང་། སྡེ་ཆེ་བའོ།། བཅིང་བ་རྣམ་པ་ལྔས་བསྡམས་ནས།། མདོ་སྡེའི་ཞགས་པས་ཀུན ་ཏུ་དྲངས།། ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔས་བསྡམས་ཤིང་།། རིག་སྔགས་ཀྱི་དམོད་མོའི་ཞགས་པས་བསྡམས་པའོ།། འབྱུང་པོ་འཇོམས་པའི་རི་ལ་ནི།། འབྱུང་པོ་ཐམས་ཅད་ལྷ་གནས་སུ།། ཞེས་བྱ་བ་ནི། རིས་མི་གཅིག་པའི་དོན་ཐམས ་ཅད་གནས་པའོ།། འཇོམས་པ་ནི་རིག་སྔགས་ཀྱི་འཇོམས་པའོ།། རིག་སྔགས་ཐམས་ཅད་འབྱུང་བའི་གནས།། རིག་སྔགས་འདི་ནི་ཀུན་ཏུ་བསམ།། ཞེས་བྱ་བ་ནི། ན་མཁའ་བཞིན་ཐམས་ཅད་ལ་ཁྱབ་པ།། ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་བསྐྱེད་པའི་ཡུལ་ལྟ་བུའོ།། ཆད་པ་མི་བཟང་དྲག་པོ་སྟེ།། གང་ཕྱིར་སངས་རྒྱས་རྣམས་ཀྱིས་གསུངས་ཞེས་བྱ་བ་ནི། འདས་པ་མ་འོངས་པ་ད་ལྟར་གྱི་སངས་རྒྱས་རྣམས་ཀྱི་གསུང ་པཔ། གཞན་རྣམས་ཀྱིས་མི་ཐུབ་པ།། དམོད་མོའི་ཆང་པའོ།། སངས་རྒྱས་ལ་ནི་གུས་པར་ནི། ཐམས་ཅད་འདི་ལ་སྐྱོབསུ་འདོང་།། ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འདོང་ཞིང་ཞེས་བྱ་བ་ནི། ་དམ་པའི་ཆོས་རིག་སྔགས་ལ་གུས་པའོ།། གཡོ་མེད་པར་ནི་རྗེས་ཞུགས་ཤིང་།། ཐམས་ཅད་མེད་པར་གྱུར་ཏ་རེ།། ཞེས་བྱ་བ་ནི། རྫུན་མི་སྨྲ་བར་སེམས་ཅན་མི་སླུ་བས་ཏེ། སྟོང་པའི་རང་བཞིན་དུ་སྣང་བའོ།། དེ་ནས་ཐང་ཅིག་ཙམ་གྱི་ནི། ་འབྱུང་པོ་མང་པོ་ཐམས་ཅད་ལྷགས།། ཞེས་བྱ་བ་ནི། གཟུགས་སྣ་ཚོགས་སུ་སྣང་བའི་འབྱུང་པོ་རྣམས་ཀྱང་།། རིག་སྔགས་ཀྱི་ཡེ་ཤེས་ཞགས་པས་དྲངས་ནས།། ཕྱོགས་བཞིར་སྣང་བའོ།། རི་རྣམས་དང་ནི་གཡང་ས་དང་།། རྒྱ་མཚོ་དང་ནི་མཚོ ་རྣམས་དང་།། ཞེས་བྱ་བ་ནི། འབྱུང་པོའི་གནས་ནི་དེ་རྣམས་དང་ལྡན་པའོ།། རླུང་དང་འབབ་ཚུ་ལུ་མ་དང་།། རྦ་ཀློང་དག་དང་གང་འཁོད་དང་།། ཞེས་བྱ་བ་ནི། དེ་དང་ལྡན་པའི་གནས་སུ་བསྡད་ཅིང་།། སེམས་ཅན་རྣམ་ལ་གནོད་པ་བྱེད་པའོ།། སྐྱེས ་མོས་ཚལ་དང་གཞལ་མེད་ཁང་།། ཀུན་དགའ་དང་ནི་ནགས་རྣམས་དང་། ཞེས་བྱ་བ་ནི། འབྱུང་པོ་རྣམས་དང་གནས་གཅིག་ཏུ་མི་གནས་ཏེ། གཟུགས་སྣ་ཚོགས་སྣང་བའོ།། མཆོད་རྟེན་གནས་དང་གྲོང་གི་གནས།། ཤིང་ལྗོན་དྲུང་ན་གན་གནས ་དང་གྲོང་གི་གནས།། ཞེས་བྱ་བ་ནི། གནས་དེ་དང་དེ་ལ་གནས་ཤིང་།། འཇིག་རྟེན་ཁམས་སུ་རྒྱུ་བའོ།། གྲོང་ཁྱེར་སྒོ་དང་གྲོང་རྣམས་དང་།། གྲོང་རྡལ་དང་ནི་ལྗོངས་རྣམས་དང་ཞེས་བྱ་བ་ནི། འབྱུང་པོ་ཚན་གཅིག་ནི་གྲོང་ཁྱེར་རྣམས་སུ་རྒྱུ་ཞིང་།། ་སེམས་ཅན་རྣམས་ལ་གླགས་ཚོལ་བའོ།། རྒྱལ་པོའི་ཕོ་བྲང་སྒོ་རྣམས་དང་། གཞལ་མེད་ཁང་དང་གནས་པ་དང་། ཞེས་བྱ་བ་ནི། ཚན་གཅིག་ཡང་རྒྱལ་པོ་ལ་གནོས་པ་བྱེད་པ་རྣམས།། གནས་དེར་བསྡད་ཅིང་གླགས་ཚོལ་བའོ།། དཀྱིལ ་འཁོར་དག་དང་དུར་ཁྲོད་དང་། དེ་བཞིན་ལྷ་ཁང་རྣམས་དང་ནི་ཞེས་བྱ་བ་ནི། ཚན་གཅིག་ནི་ལྷ་ཁང་རྙིང་པ་ལ་ཆགས་ཤིང་དགེ་བ་ལ་བར་ཆོད་བྱེད་པའོ།། མཚམས་དང་ཤོ་གམ་གནས་རྣམས་དང་།། ཁང་སྟོང་དང་ནི་གྲམ་ས་དང་།། ཞེས ་བྱ་བ་ནི། དེ་དང་དར་ལྡན་པའི་གནས་སུ་བསྡད་ཅིང་།། གཟུགས་མི་གཅིག་པར་སྣང་བའོ།། གནོད་སྦྱིན་གང་རྣམས་བླ་འོག་དང་།། ཕྱོགས་བཞི་དང་ནི་མཚམས་རྣམས་ནས། ཞེས་བྱ་བ་ནི། གནོད་སྦྱིན་དེ་དང་ལྡན་པ་ནི། ཕྱོགས་མཚམས་བརྒྱད ་དུ་གནས་པའོ།། གནོད་སྦྱིན་བྱེ་བ་སྟོང་རྣམས་ནི། རིག་སྔགས་ཞགས་པས་བཀུག་པ་རྣམས།། ཞེས་བྱ་བ་ནི། སྟོང་ཕྲག་དེ་དང་དེ་ཡོད་པ།། མ་རུངས་པའི་འབྱུང་པོ་རྣམས།། རིག་སྔོགས་ཀྱི་དམོད་མོའི་ཞགས་པས་འདྲེན་པའོ།། རྫ་རྔ་དག་ནི་བརྡུངས ་ནས་སུ། ལ་ལས་རྔ་ཟླུམ་དག་ནི་བརྡུངས། ཞེས་བྱ་བ་ནི། སྒྲ་ལ་དགའ་བའི་གནོད་སྦྱིན་རྣམས་བསམ་གྱི་མི་ཁྱབ་པར་སྣང་བའོ།། པི་ཝང་གླིང་བུ་ཁར་བའི་རྔ།། སྟོབས་ཆེན་དག་ནི་སྒྲ་འབྱིན་ཏེ། ཞེས་བྱ་བ་ནི། ཚན་ཅིག ་ཡང་རོལ་མོ་ལ་དགའ་ཞིང་།། སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ།། རོལ་མོའི་སྒྲ་དབྱངས་སྣ་ཚོགས་དང་། ཀླུ་དང་གར་རྣམས་བྱས་ནས་སུ།། ཞེས་བྱ་བ་ནི། སེམས་ཅན་རྣམས་སླུ་བའོ།། དབང་པོ་ཟླ་བ་ཆུ་ལྷ་དང་། བ་ར་དྷྭ་ཛ་སྐྱེ་དགུའི ་བདག་ཅེས་པ་ནི། གནོད་སྦྱིན་གྱི་དེད་དཔོན་སུམ་ཅུ་རྩ་གཉིས་སུ་གནས་ཤིང་།། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དག་གོ། མ་ལྡན་པ་དང་ཀུན་ཏུ་ལྡན།། མངོན་ཤེས་གངས་ཅན་རྫོགས་པ་དང་།། ཞེས་བྱ་བ་ནི། དེ་རྣམས་ཡང་སྟེའི་སྟེར་བཅས ་ཤིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམསུ་རྒྱུ་བའོ།། ཙན་དན་དང་ནི་འདོད་ཆགས་དང་།། མགུལ་བ་མཛེས་དང་མགུལ་མཛེས་དང་།། ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་བྱས་ཤིང་། རིག་སྔགས་ལ་གུས་པའོ།། སྐྱེ ་དགུའི་བླ་མར་འགྱུར་བ་དང་། ལྷ་ལས་བྱུང་བའིམ་ལྡན་དང་། ཞེས་བྱ་བ་ནི། གནོད་སྦྱིན་གྱི་མཚན་ད་དང་དེད་ལྡན་ཞིང་།། ནཱ་མཁའ་དང་ས་སྟང་འོག་ཏུ་རྒྱུ་བའོ།། དྲི་ཟ་སྣ་ཚོགས་དེ་དང་ནི། མེ་རྒྱལ་རྒྱལ་བ་ཁྱུ་མཆོག་དང་།། ཞེས་བྱ་བ་ནི། སྔ ་བོ་ཆེར་གྲགས་ཤིང་སྟོབས་དང་ལྡན་པའོ།། དེ་བཞིན་ཕུང་པོ་ལྔ་ཞེས་བྱ།། གཡར་མོ་དང་ནི་ཉི་ཟེར་དང་།། ཞེས་བྱ་བ་ནི། ཉི་མའི་འོད་དང་ལྡན་པ།། ཡུད་ཙམ་གྱིས་སྟོང་གསུམ་ཁྱབ་པའོ།། ཉ་ལྕིབས་དང་ནི་རལ་གྲི་བུ།། ཀུན་གཉིས་བཤེས་དང ་གྲགས་འཛིན་དང་།། ཞེས་བྱ་བ་ནི། འབྱུང་པོ་སྡེ་ཚན་དེ་དང་ལྡན་པ། རལ་གྲི་བཞིན་དུ་རྣོ་བའོ།། འབྲོག་གནས་དང་ནི་ཡིད་བཟངས་དང་།། ཁབ་སྨྲ་དང་ནི་རི་སུལ་དང་།། ཞེས་བྱ་བ་ནི། སྡེ་བོ་ཆེ་ཉི་ཤུ་རྩ་གཉིས་དང་ལྡན་པ། དེ་རྣམས་ཡང་གཟུགས ་སྣ་ཚོགས་དང་ལྡན་པའོ།། རྔ་འཛིན་དང་ནི་ཁབ་བཟངས་དག། སྡེ་དང་དཔུང་དང་བཞོན་པས་བྱས།། ཞེས་བྱ་བ་ནི། སྟོབས་དང་ལྡན་པ་སྡེ་བོ་ཆེར་གྲགས་པའོ།། ལྷ་དང་ཀླུ་དང་དྲི་ཟ་དང་། གནོད་སྦྱིན་འབྱུང་པོ་ལྷ་མ་ཡིན།། ཞེས་བྱ་བ་ནི། ་གདོན་རིགས་མི་ཅིག་པ་ལྷའི་གདོན་ལ་སོགས་པ་སྟོང་ཕྲག་བརྒྱད་ཅུའོ།། ཉིན་གསུམ་པའི་སྨྱོ་བྱེད་དང་། དེ་བཞིན་བཞི་པའི་རིམས་དག་དང་། ཞེས་བྱ་བ་ནི། ནད་སྣ་ཚོགས་གཏོང་ཞིང་སྐྱོ་བར་བྱེད་པ་རྣམས་ཡིན་ཏེ།། དེ་རྣམས་ཡང་གཞན ་གྱིས་མི་ཐུབ་པ་སྟོབས་དང་ལྡན་པའོ།། འཇིག་རྟེན་འཚོ་བ་གང་ཡིན་པ།། གནོད་སྦྱིན་འབྱུང་པོ་མ་རུངས་རྣམས།། ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་རྒྱུ་བ།། སེམས་ཅན ་རྣམས་ལ་འཚེ་བར་བྱེད་པའོ།། ཕྱོགས་བཞི་ནས་ནི་བཀུག་ནས་སུ།། བཅིང་བ་ལྔ་ཡིས་བསྡམས་པ་རྣམས།། ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་རྣམས་ལ།། ཡེ་ཤེས་ལྔའི་ཞགས་པས་བཅིངས་པའོ།། འཇིག་རྟེན་མགོན་པོའི་སྤྱན་མངའ་རུ། ་ཐལ་མོ་སྦྱར་ནས་འདི་སྐད་སྨྲས།། ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྤྱན་སྔར།། གུས་པར་བྱས་ནས་ཞུས་པའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ།། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ།། ་ཞེས་བྱ་བ་ནི། བདུད་བཞི་འཇོམས་པ་ལ། དཔའ་བ། སྐྱེས་བུ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོས་སྐུ་ལ་བརྒྱན་པ། སེམས་ཅན་རྣམས་ལ་མཉམ་པ་ཉིད་དུ་ལྟ་བ། སྙིང་རྗེ་དང་བྱམས ་པས་ཁྱབ་པ། ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ།། ཆོས་རྒྱལ་ཁྱོད་ལ་ཕྱག་འཚལོ།། ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱི་ཞབས་ལ་གུས་པར་ཕྱག་འཚལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ། ཆོས་ཀྱི་རྒྱལ ་སྲིད་མཛད་པའོ།། དེ་དག་གི་མདུན་དུ་རྒྱུག་པ། འབྱུང་པོ་གནོད་སྦྱིན་ལུས་པོ་ཆེ།། ཞེས་བྱ་བ་ནི། ཆེ་བ་རི་རབ་དང་མཉམ་པ།། ཆུང་བ་བས་སྤུའི་རྩེ་མོ་ཙམ།། དེ་དང་དེར་ལྡན་པའི་འབྱུང་པོ་རྣམས་རྒྱུ་བའོ།། ལག་པ་བཞི་པ་མ་རུངས ་པ། རྐང་མངས་དང་ནི་རྐང་གཅིག་དང་།། ཞེས་བྱ་བ་ནི། མདའ་དང་གཞུ་དང་རལ་གྲི་མདུངས་རྣམས་ཐོགས་པ། སྟོང་ཆོ་གཅིག་གི་རྐང་པ་ཡོད་པ། རྐང་གཅིག་ནི་གཉིས་སྤེལ་ནས་རྒྱུ་བའོ།། རྐང་བཞི་པ་དང་རྐང་གཉིས་དང་རྐང་པ་བསྒྲེང ་ལ་སྤྱི་གཙུག་དང་།། ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་ཡང་སྤྱི་བོའི་གཙུག་གིས་འགྲོ་ཞིང་།། སེམས་ཅན་རྣམས་འཇིགས་པར་བྱེད་པའོ།། དེ་བཞིན་དུ་རྐང་བཞི་རྐང་གཉིས་ཀྱང་འཇིགས་པར་བྱེད་པའོ།། ལུས་མངས་མགོ་བོ་གཅིག ་པ་དང་།། ལུས་གཅིག་པ་ལ་མགོ་བཞི་དང་།། ཞེས་བྱ་བ་ནི། གཟུགས་ཆེ་ཞིང་འཇིགས་སུ་རུང་བ་བཞིན་མི་སྡུག་པ་རྣམས་སོ།། མིག་མོངས་པོ་ལ་ལུས་ཕྱེད་དང་།། མིག་གཅིག་ལྷོ་ནི་བཅུ་གཉིས་དང་།། ཞེས་བྱ་བ་ནི། རྐང་གཅིག་ལག་གཅིག ་ལུས་སུ་སྣང་ཞིང་། ལུས་དེ་ལ་མིག་མང་པོ་ཡོད་པ་སྟེ། འབྱུང་པོ་གཞན་ཡང་ལྟོ་བ་རི་བོ་ལྟ་བུར་གནས་པ། མང་པོ་བསྡེབས་པ་མིག་གཅིག་ཏུ་སྣང་བའོ།། བོང་བུ་རྔ་མོ་གླང་ཆེན་མགོ། ལག་པ་བསྒྲེང་ལ་མགོ་སྡུང་དང་།། ཞེས་བྱ་བ་ནི། ་གཟུགས་མིའི་གཟུགས་ལ་མགོ་བོ་སྣ་ཚོགས་སུ་སྣང་བ།། རྐང་པ་དང་ལག་པ་བསྒྲེང་བར་བྱེད་པའོ།། མཚོན་ཆའི་སོ་དང་མཚན་ཆའི་ལག། མཚོན་ཆའི་རྐང་པ་སྲིན་པོ་རྣམས།། ཞེས་བྱ་བ་ནི། དེ་ཀུན་གྱི་ཡན་ལག་དང་རལ་གྲི་དང་། མདའ ་གཞུ་དང་མདུང་ལ་སོགས་པར་སྣང་བའོ།། ཟངས་ཀྱི་སྒྲ་དང་ཟངས་ཀྱིས་སོ།། ཟངས་ཀྱི་མིག་དང་ཟངས་ཀྱི་ལག་ཅེས་བྱ་བ་ནི། ཤིན་ཏུ་དམར་བ་འཇིགས་སུ་རུང་བ་སྟེ། མཚོན་ཆ་བཞིན་དུ་སྣང་བའོ།། ཟངས་ཀྱི་ཐོ་བ་རྐང་པ་དང་། ཟངས་ཀྱི་སྣ་དང ་ཟངས་ཀྱི་ཁ།། ཞེས་བྱ་བ་ནི། མཚན་ཚྭ་མི་འཇིགས་པ་འཛིན་པ།། རྐང་པ་ཡང་ཐོ་བའི་ཚུལ་དུ་གནས་པའོ།། དེ་བཞིན་དུ་ཁ་ལ་སོགས་པ་ཡང་།། ཟངས་ཀྱི་སྐུ་བཞིན་དུ་སྣང་བའོ།། རྐང་ལག་ཀུན་ཏུ་འབར་བ་དང་།། མི་ཡི་ལུས་སུ་གནས་པ་རྣམས།། ་ཞེས་བྱ་བ་ནི། མེ་བཞིན་དུ་འབར་ཏེ། དེས་ཀྱང་མི་ལ་ཞེ་སྡང་ལ་སོགས་པ་འབར་བར་བྱེད་པའོ།། སྒུར་ཞར་ལྔ་པ་གསུམ་ཡོད་པ། མིག་མི་སྡུག་པ་ཁ་གྲེལ་པ་ཞེས་བྱ་བ་ནི། བོང་ཐུང་ཞིང་ལུས་པོ་སྒུར་ཏེ། དེའི་སྐེ་ལ་ལྦ་བ་གསུམ་ཡོད་པ།། ལུས ་པོ་ཞ་ཞིང་ཁ་གདངས་པ། མཆུ་སྔོན་པོར་སྣང་བ་འཇིགས་པའོ།། ཆུ་སྲིན་སྟག་གི་གཟུགས་དང་ནི།། གཟུགས་མི་སྡུག་དང་ཁ་རལ་པོ་ཞེས་བྱ་བ་ནི། མིའི་ལུས་ལ་མགོ་བརྙན་དུ་ཡོད་པ། ཁ་གདངས་ཤིང་མི་སྡུག་པའོ།། མཆུ་འཕྱང་པོ་དང་སོ་ཡོན ་གོ་རབ་ཏུ་སྡུག་པའི་ཁྲོ་ཉར་ཅན།། གདོང་བ་ཡོ་བ། དེ་བཞིན་དུ་མཆུ་དང་ས་ཡོ་བའོ།། ཁྲོ་བར་གནས་ཤིང་སེམས་ཅན་ལ་འཇིགས་པར་བྱེད་པའོ།། གསུས་པོ་ཆེ་དང་བུམ་སྣ་བོ།། རྣ་འཕྱངས་པོ་དང་རྣ་བ་མེད་ཅེས ་བྱ་བ་ནི། གསུས་པ་རི་ཙམ་སྣང་བ། རྣ་བ་གོས་སུ་གོན་པ། རྣ་བ་བཅས་པའི་འབྱུང་པོ་རྣམས་སོ།། ལག་རིངས་དང་ནི་རྣ་བ་རིང་།། སྣ་ཡི་རྩེ་དང་ལག་རྩེ་རིང་ཞེས་བྱ་བ་ན།། ལག་པ་བརྐྱང་བས་དཔག་ཚད་བརྒྱར་སླེབས་ཏེ། སྣས་ལུས ་ཁབས་ཏེ་གླང་པོ་ཆེའི་སྣ་དང་འདྲ་བ།། དེ་བཞིན་དུ་སོར་མོ་ཡང་རིང་བའོ།། ལུས་བསྐམས་ལུས་ནི་རིང་བ་དང་།། སྐྲ་རིངས་རབ་ཏུ་བརྒྱན་པ་དང་།། ཞེས་བྱ་བ་ནི། ཤིན་ཏུ་ནག་པ། ཤིང་ལྤགས་གྱོན་པ་འདྲ།། རིང་བ་ནི་རིང་བ་བས་ཀྱང་ཆེས ་རིང་བ་ལུས་རྣམས་ཀྱང་སྒྲ་རིང་བ་བརྒྱན་པའོ།། རྐང་པ་མིང་པ་ཕྲ་བ་དང་། དྲི་ང་བ་དང་བུམ་ལྟོའོ།། ཞེས་བྱ་བ་ནི། ཡན་ལག་གི་ཚིག་རྡོག་པོར་ཡོང་བ། རྐང་པ་ཕྲ་བས་ཏེ། དྲི་མི་ཞིམ་པ་རྣམ་པ། གསུས་པ་རི་བོ་ཙམ་ཡོད་པའོ།། ཡན་ལག་ཆུ་སྲིན ་འདྲ་བ་དང་། གཏུན་ཤིང་ཐོ་བ་འདྲ་བའི་ལྷོ་ཞེས་བྱ་བ་ནི། ལག་པ་དང་རྐང་པ་ཡང་ཆུ་སྲིན་འདྲ་སྟེ། གཟུགས་རིང་བ། རྐེང་པ་ཉག་པ། ནར་པོར་སྣང་བའོ།། གནམ་ལྟོ་བ་དང་རྣ་བོ་ཆེ།། གྱེན་དུ་བརྫེས་སྐྲ་རབ་ཏུ་དམར་ཞེས་བྱ་བ་ནི། སྣ་ཡར་འཁྱིལ ་བ་གླང་པོ་ཆེའི་སྣ་འདྲ་བ།། ཁབ་ཀྱི་རྩེ་མོ་དང་འདྲ་བའི་སྒྲ་དམར་ཞིང་འབར་བའོ།། མགོ་བོ་ཆེ་ལ་གཞུ་མགྲིན་པོ།། རྐེད་པ་སྒུར་པོ་བུམ་ལྟོ་བོ་ཞེས་བྱ་བ་ནི། འབྱུང་པོ་ལ་ལ་ནི་གཞུ་བཞིན་དུ་རྐང་པ་སྐུར་བས་ཏེ། དེ་བཞིན་དུ་ཡན་ལག་དང་ལུས ་བོ་རྣམས་ཀྱང་སྦྱར་བའོ།། ར་རབ་རྩེ་མོ་བརྒྱལ་ནས་སུ།། མེ་འདག་གི་ནི་ཆར་པ་འབེབས་ཞེས་བྱ་བ་ནི། གཟི་བརྗིད་དང་། སྟོབས་དང་ལྡན་ཞིང་། རོ་རབ་དང་ས་གཡོ་བར་བྱེད་པ་མ་རངས་པའི་ཆར་འབེབས་པར།། ལྡན་ཤིང་རི་དང་སྟོང་པ་དང་། ་སྤྲིན་གྱི་ཚོགས་ཀྱི་མདོག་འདྲ་བ་ཞེས་བྱ་བ་ནི།། ལ་ལ་གཟུགས་བཟང་བར་གནས་པ།། གཞན་རྣམས་ཡང་བཞིན་མི་སྡུག་པའོ།། དུང་དང་རྔ་ཆེན་རྫ་རྔ་དང་།། གྲུལ་བུམ་རྔ་བྲན་རྣམས་ཀྱི་སྒྲ།། ཞེས་བྱ་བ་ནི། སྒྲ་དང་རོལ་མོ་ལ་དགའ་བ ་གར་སྣ་ཚོགས་དང་ལྡན་པའོ།། འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན།། མིང་པོ་ཆེ་ལ་བུང་བུའི་སྒྲ་ཞེས་བྱ་བ་ནི། རི་རབ་ཀྱི་རྩེ་མོ་ནས་གླིང་བཞིར་ཐོས་པའི་སྒྲ།། སྒྲ་དེས་སེམས་ཅན་འཇིགས་པའོ།། ནག་པོ་སྔོན་པོ་སེར་པོ་དང་། དམར་སེར་མ ་ལྟར་དམར་སེར་དང་ཞེས་བྱ་བ་ནི། བཞིན་མི་སྡུག་པ་གཟུགས་སྣ་ཚོགསུ་སྣང་བ། བསྐལ་པའི་མེའི་འོད་དང་འདྲ་བའི་འོད་ཟེར་སྣང་བའོ།། ཁབ་འདྲའི་སྤུ་དང་རལ་གྲི་སྒྲ།། དམར་པོའི་ཁྲག་གིས་བསྐུས་པ་རྣམས་ཞེས་བྱ་བ་ནི། ཤིན་ཏུ་རྣོ་བ ་ལུས་དང་མགོ་རྣམས་ལ་ཁྱབ་པ།། ཁ་ཡང་ཁྲག་གིས་བསྐུས་པའོ།། མི་རོ་དག་ནི་ཁྱེར་ནས་སུ།། ཟ་བཞིན་ཏུ་ནི་རྣམ་པར་རྒྱུག་ཅེས་བྱ་བ་ནི། མི་རྣམས་ལ་འཚེ་བར་བྱེད་ཅིང་སྲོག་འཕྲོག་པ་རྣམས་ཡིན་ཏེ། གླགས་ཚེལ་ཞིང་འཕྲང་ཁ་སྐྱུགས ་པ་རྣམས་ཡིན་ནོ།། སོ་རྣོན་ལག་པ་དམར་པོ་དང་། མཆུ་ནི་ཁྲག་གིས་བསྐུས་པ་དང་ཞེས་བྱ་བ་ནི།། མཆེ་བ་རིང་བ། མཚོན་འདྲ་བ་སྟེ། སེམས་ཅན་རྣམས་ཀྱིས་ལག་པ་དམར་པོར་སྣང་བ། ཁྲག་འཐུང་བ་ལ་དགའ་བའོ།། ལུས་ཕྱེད་དག་ནི ་ཟོས་པ་དང་།། མཁལ་མ་སྙིང་དང་གྲོལ་གྱིས་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་འཚེ་བར་བྱེད་པས། ཤ་དང་ཁྲག་ལ་དགའ་བ་དང་། དོན་སྙིང་ལྔ་ལ་དགའ་བའོ།། སྙིང་པ་ཤིན་ཏུ་བཀང་བ་དང་།། བྱིན་པ་དག་ནི་ཕ ་བཞིན་དུ།། ཞེས་བྱ་བ་ནི། མི་རྣམས་ཀྱིས་ནི་སྲོག་ཕྲོགས་ནས་དོན་སྙིང་རྣམ་པ་ལྔ་ཕྱུང་ནས་ཟ་བར་བྱེད་པའོ།། མེར་མེར་པོ་དང་སྲོག་ཆགས་ཀྱི།། རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོག་ཅེས་བྱ་བ་ནི། བྱང་ཆུབ་སེམས་ཆགས་སུ་མི་སྟེར་བར་ཟ་བ། ་མའི་མངལ་ནས་གཟི་བརྗིད་འཕྲོག་པའོ།། ཀེང་རུས་ཀྱི་ནི་ལུས་ཀྱིས་སུ་སྐྱེ་བོ་མང་པོ་སྐྲག་པར་བྱེད་ཅེས་བྱ་བ་ནི། ལྤགས་པ་དང་ཤ་མེད་པ་དང་རུས་པར་སྣང་ཏེ། དེ་ལྟ་བུའི་གཟུགས་ཀྱིས་ཀྱང་འཚེ་བར་བྱེད་པའོ།། ཁྲག་གིས་རབ་ཏུ་བཀང་པ ་ཡི། མིའི་པགས་པ་ཐོགས་ནས་སུ།། ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་ཁྲག་འཇིབ་ཅིང་།། མིའི་པགས་པ་གོན་པའོ།། མི་ཟད་དུག་གིས་ཀུན་བསྐུས་ཏེ། ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུགས་ཅེས་བྱ་བ་ནི།། བསམ་པ་དང་། མཐོང་བ་དང ་རིགས་པ་དང་། འཚེ་བའི་དུག་རྣམས་བསྐུས་པ། སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་རྒྱུག་པའོ།། གྲོང་ཁྱེར་རྣམས་ཀྱི་སྒོ་རྣམས་དང་།། ཁྱིམ་ནས་ཁྱིམ་དུ་རྣམ་པར་མཐོང་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་གླགས་འཚོལ་བ། ་གྲོང་དང་གྲོང་ཁྱེར་གྲོང་རྡལ་ཏུ་རྒྱུ་བའོ།། རླུང་དང་བད་ཀན་མཁྲིས་པ་རྣམས། ཕྱོགས་གཞི་དག་ཏུ་འཁྲུག་པར་བྱེད།། ཅེས་བྱ་བ་ནི། འབྱུང་པོ་རྣམས་ཀྱི་མཛེ་དང་པོ་ལ་མིག་ལ་སོགས་པ་ནང་བཞི་བརྒྱ་རྩ་བཞི་གཏོང་བའི་བདག་པོའོ།། དེ་ལྟར་དེ་ལ ་རྒྱལ་པོ་ཡི།། གདོན་དང་འཇིགས་པ་ཆེན་པོ་གནས་ཞེས་བྱ་བ་ནི།། རྒྱལ་པོ་ཆེན་པོ་བཞིས་ཀྱང་འབྱུང་པོའི་གདོན་དེ་རྣམས་འདུལ་བའོ།། ལྷགས་པ་དེ་དག་ཐམས་ཅད་ཀྱང་།། རོག་སྔགས་ཞགས་པས་རབ་ཏུ་བསྡམས་ཞེས་བྱ་བ་ནི། སྟོང་ཆེན་མོའི ་རིག་སྔགས་ཀྱིས། འབྱུང་པོ་རྣམས་རང་དབང་མེད་པར་བཀུག་པའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ།། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ།། ཞེས་བྱ་བ་ནི། མ་རིགས་པ་ལ་སོགས་པ་ཉོན་མོངས་པ་འདུལ་བ་ལ་དཔའ་བའོ།། ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེའ་བྱང་བཟང་པོས་སྐུ་ལ་བརྒྱན་པ། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་བྱེད་པའོ།། ཐལ་མོ་སྦྱར་ནས་ཕྱག་འཚལོ།། ཆོས་རྒྱལ་ཁྱོད་ལ་ཕྱག ་འཚལོ།། ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱིས་ཀྱང་གསུངས་པར་ཕྱག་འཚལ་ཏེ། སྟོང་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་མཛད་པའོ།། གྲོང་ཁྱེར་གྲོང་དང་ཡུལ་འཁོར་དང་། ཕོ་བྲང་འཁོར་དུ་རྒྱུ་བ་དང་། ཞེས་བྱ་བ་ནི། འབྱུང་པོ་རྒྱུ་བའི ་དུས་ཚོང་ནི། སྔོ་དྲོ་ཤར་གྱི་ཕྱོགས་ན་རྒྱུ།། ཉི་མ་ཕྱེད་ན་ལྷོ་ན་རྒྱུ། ཉི་མ་སྦྱར་ནས་ནུབ་ཀྱི་ཕྱོགསུ་རྒྱུ། ཉི་མ་སྦྱར་ནས་མ་ནུབ་བར་དུ་བྱང་གི་ཕྱོགས་ནས་རྒྱུ། ཉི་མ་ནུབ་ནས་ས་སྲོས་བར་དུ་ཤར་ལྷོ་མཚམས་སུ་རྒྱུ། སྲོང་འཁོར་ནམ་བྱེད ་བར་དུ་སྲིན་པོའི་ཕྱོགས་ནས་རྒྱུ།། ནམ་ཕྱེང་སྐྱ་རེངས་ཚུན་ཆད་ནུབ་བྱང་ཕྱོ་གས་ནས་རྒྱུ། སྐྱ་རེངས་ཤར་ནས་ནམ་ལངས་ཚུན་ཆད་བྱང་ཤོར་མཚམས་ནས་རྒྱུ། དེ་དག་དུས་རྒྱུ་བ་ནི་མཆོད་ཕྱིར་ལྷགས་ཀྱང་འཚོ་བ་མེད་། ཚེས་གྲངས ་ངག་ལ་རྒྱུ་བ་རྣམས།། དེ་དག་མི་ལ་འཚེ་བར་བྱེད།། ཚེས་གཅིག་དང་ནི་བཅུ་གཅིག་ལ། ཤར་གྱི་ཕྱོགས་ནས་ཆུ་ཚོད་བཞིའི་བར་དུ་རྨྨ། ཚེ་གཉིས་དང་བཅུ་གསུམ་ལ་ལྷོའི་ཕྱོགས་ནས་ཆུ་ཚོད་བརྒྱད་རྒྱུ། ཚེས ་གསུམ་དང་བཅུ་གཉིས་ལ་ཆུ་ཚོད་བཅུའི་བར་དུ་རྒྱུ། སྲོད་འཁོར་ཙ་མོ། ཚེས་བཞི་དང་བཅུ་བཞི་ལ་ནམ་ཕྱེད་ནས་ཆུ་ཚོང་དྲུག་བྱང་གི་ཕྱོགས་ནས་རྒྱུ། ཆོས་ལྔ་དང་བཅུ་དྲུག་ལནི་ཉི་མ་དྲོས་ནས་ཤར་ལྷོ་མཚམས་ནས་ཆུ་ཚད་བདུན་རྒྱུ་བའོ།། ་ཚེས་དྲུག་དང་དགུ་ལ་ཆུ་ཚོད་སུམ་ཅུ་ཐམ་པ་ལྷོ་ནུབ་མཚམས་ནས་སྔ་དྲོ་ནས་རྒྱུ་བའོ།། ཚེས་བདུན་དང་བཅུ་ཐམ་པའི་དུས་སུ་ནུབ་བྱང་མཚམོས་ནས་སྔ་དྲོ་ནས་ཆུ་ཚོད་བཅོ་ལྔ་ལ་རྒྱུ་བའོ།། ཚེས་བརྒྱད་དང་གནམ་སྟོང་ལ་བྱང་ཤར་ནས་སྔ་དྲོ་ནས་ཆུ ་ཚོ་བཅུ་གཉིས་བར་དུ་རྒྱུའོ།། དེ་དག་ནི་འབྱུང་པོ་རྒྱུ་བའི་དུས་བསྟན་པའོ།། གནོད་སྦྱིན་མ་རུངས་མདངས་འཕྲོག་པ། སྙིང་རྗེ་མེད་ཅིང་ཁྲག་འཐུང་བ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་འཚེ་བར་བྱེད་ཅིང་སྲོག་འཕྲོག་པ་སྟེ། འབྱུང ་པོ་དེ་རྣམས་ཤ་དང་ཁྲག་ལ་དགའ་བའོ།། ལུས་ཆེན་འཇིགས་པ་ཆེན་པོ་སྟེ། སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ་ཞེས་བྱ་བ་ནི། ལུས་ནི་རི་རབ་དང་མཉམ་པ། སྟོབས་ཀྱིས་ནི་རི་རབ་སྤྲུལ་པ། སྐད་ཡང་དྲག་པོའི་ཚུལ་དུ་སྣང་བའོ།། མགྲིན ་བཅུ་པོ་ལ་མིག་སྟོང་པོ།། གདོན་ཆེན་མིག་ནི་དམར་པོ་རྣམས་ཞེས་བྱ་བ་ནི། མགོ་རེ་རེ་ལ་མིག་བརྒྱ་བརྒྱ་ཡོང་པ་སྟེ། མིག་ང་ཡང་དམར་པོར་སྣང་ཞིང་འཇིག་སུ་རུང་བའོ།། འཁོར་ནི་མང་པོ་རྣམས་བཏང་སྟེ། ལག་ན་མཚོན་ཐོགས་རབ་ཏུ་འཇིགས། ་ཞེས་བྱ་བ་ནི། གནོད་སྦྱིན་མ་རུངས་པ་མང་པོར་སྣང་ཞིང་། རལ་གྲི་ལ་སོགས་པའི་མཚོན་ཆ་མང་པོ་ཐོགས་པའོ།། སྦྲུལ་གྱི་པགས་པ་ཐོགས་པ་དང་།། ལག་བཞི་ལག་ན་སྒྲོན་མེ་ཐོགས་ཞེས་བྱ་བ་ནི། དུག་སྦྲུལ་གྱི་པགས་པ་གོན་པ། མ~ཾ་གསལ ་བ་གསལ་བར་བྱེད་པ་ཁ་ནས་མ་འབར་ཞིང་འཇིགས་པར་བྱེད་པའོ།། ལག་ན་མཚོན་ཐོགས་དབྱིག་པ་ཐོགས།། རྡོ་རྗེའི་མདུང་རྩེ་ལག་ན་ཐོགས་ཞེས་བྱ་བ་ནི། འབྱུང་པོ་མ་རུངས་པ་རྣམས་ཀྱང་། ལག་ན་མཚོན་སྣ་ཚོགས་ཐོགས ་ཤིང་། འཇིག་སུ་རུངས་པའོ།། རབ་ཏུ་དྲག་པའི་དམག་རྒོལ་ནས། ཕྱོགས་བཅུ་ཀུན་ཏུ་སྐྲག་པོར་བྱེད་ཅེས་བྱ་བ་ནི། དཔུང་མང་པོ་དང་ལྡན་ཞིང་ཕྱོགས་བཅུ་དག་ཏུ་འཁོད་པ་སྟེ། དེ་དག་གིས་ཀྱང་སེམས་ཅན་རྣམས་ལ་འཇིགས ་པ་དང་སྐྲག་པར་བྱེད་པའོ།། སྡང་བའི་གནས་ན་འཁོད་པ་ཡི།། གསང་བ་པོ་ནི་ངང་ཀུན་ཡང་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་སྡང་བ། རྒྱ་ཆེར་གནོད་པ་སྐྱེལ་བའོ།། མི་ཡི་འཇིག་རྟེན་འདི་དག་ཏུ།། སྐྱེས་པ་བུད་མེད་གཞན་ཡང་འཛིན ་ཅེས་བྱ་བ་ནི། སྟོང་གསུམ་གྱི་མེ་རྣམས་ལ་འབྱུང་པོ་དེ་རྣམས་ཀྱིས་འཚེ་བར་བྱས་པའོ།། ཤ་ཁྲག་དྲོན་མོར་བཅས་པ་ལ། རྣམ་པར་འཁྲུལ་ཅིང་འདོད་པའི་གཟུགས་ཞེས་བྱ་བ་ནི། མི་རྣམས་ཀྱིས་སྲོག་གོ་ཅོད་ཅིང་ཤ་དང་ཁྲག་ལ་དགའ ་བའོ།། སེང་གེ་དང་ནི་སྟག་དང་རྟ།། མ་ཧེ་བ་གླང་བོང་བུ་རྔ་ཞེས་བྱ་བ་ནི། གཟུགས་མི་གཅིག་པ་བྱོལ་སོང་རྣམས་ཀྱི་གཟུགས་སུ་སྤྲུལ་པའོ།། གླང་པོ་ཆེ་ཡི་གཟུགས་འདྲ་དང་།། དོམ་དང་གཟིག་དང་སྤྱང་གི་དང་།། ཞེས་བྱ་བ་ནི། དེ་དང་དེར ་ལྡན་པའི་གཟུགས་སུ་སྣང་ཞིང་། སེམས་ཅན་རྣམས་ལ་འཚེ་བར་བྱེད་པའོ།། ཁྱི་དང་ཝ་དང་ར་ངག་དང་། བྱི་ལ་བྱི་བ་སྠའི་གཟུགས་ཞེས་བྱ་བ་ནི། གནོད་པ་སྐྱེལ་བའི་དུས་སུ་ག་ཅན་གཟན་གྱི་གཟུག ་སུ་སྤྲུལ་པའོ།། བསེ་དང་ཕག་དང་བསྲེ་མོང་དང་།། ཉ་དང་རུས་སྦལ་དག་གི་གཟུགས་ཞེས་བྱ་བ་ནི།། གཟུགས་ཀྱང་སྣ་ཚེཀ་སུ་སྣང་བ། རྨི་ལམ་ཡང་དེ་བཞིན་དུ་སྣང་བའོ།། ཁ་ཅིག་དག་ནི་སྲམ་གྱི་གཟུགས།། ཁྭ་དང་འུག་པ་ཁུ ་བྱུག་དང་། ཞེས་བྱ་བ་ནི། དེ་ལྟ་བུའི་གཟུགསུ་སྣང་ཞིང་གནོད་པ་ཆར་སྐྱེལ་བའོ།། བྱ་རྒོད་ཁྲ་དང་ཉ་མིང་བཅས།། རྨ་བྱ་ངང་པ་ཐི་བ་དང་ཞེས་བྱ་བ་ནི། དེའི་གཟུགསུ་སྟོན་ཅིང་། སྐད་མི་གཅིག་པ་མང་པོ་འདོན་པའོ།། ཁྲུང་ཁྲུང་དང་ནི་བྱ་རྣམས ་དང་།། ཁ་ཅིག་བྱ་གག་གཟུགས་རྣམསུ།། ཞེས་བྱ་བ་ནི། འཇིག་སུ་རུང་བ་མ་རུངས་པ་རྣམས་ཡིན་ཏེ། ལྟས་དང་རྨི་ལམ་ངན་པར་བྱེད་པའོ།། གནོད་སྦྱིན་རྣམས་ནི་མི་ཡིས་མཐོང་།། འདབ་བཟངས་བྱ་ཡི་ཚུལ་གྱིས་ཀྱང་ཞེས་བྱ་བ་ནི། འཇིགསུ ་རུང་བའི་གཟུགས་སྟོན་པ། སེམས་ཅན་རྣམས་སྐྲག་པར་བྱེད་པའོ།། སྐྱེ་བོ་མང་པོ་སྐྲག་པར་བྱེད་ཅིང་ཞེས་བྱ་བ་ནི། སྐྱེས་པ་བུད་མེད་བྱིས་པ་རྣམས་ལ་སྐྲག་པར་བྱེད་པའོ།། ཁ་ཅིག་ནི་མི་ཡི་མགོ་ཅན་ལ།། ལུས་ནི་བྱ་གག་ཕུང་པོ་འདྲ།། ཞེས་བྱ ་བ་ནི། འཇིགས་སུ་རུང་བའི་འབྱུང་པོ་རྣམས་ཀྱང་། མིའི་མགོ་ཅན་ལ་བྱོལ་སོང་གི་ལུས་སོ།། ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ།། ལུས་དང་བྲལ་བ་ཉིད་དུ་སྣང་ཞེས་བྱ་བ་ནི། སྣ་ཚོགས་མཚོན་གྱིས་འཚེ་ཞིང་། ཁྲག་ཁྲུག་ལ་དགའ་བའོ།། ་རྣམ་པར་འཁྲུགས་ཤིང་འདོད་ལ་མོས།། རྒྱུ་མའི་འཕྲེང་བས་རབ་ཏུ་དཀྲིས་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་སེམས་འཁྲུགས་པར་བྱེད་པ་སྟེ། ཡན་ལག་མིའི་རྒྱུ་མའི་ཕྲེང་བས་བརྒྱན་པའོ།། རྩེ་གསུམ་མདུང་གིས ་རབ་འདེབས་ཤིང་།། སྲོག་ཆགས་རྣམས་ལ་གནོད་པར་བྱེད་ཅེས་བྱ་བ་ནི།། འཇིག་སུ་རུང་བའི་འབྱུང་པོ་དེ་དག་ཡང་སྙིང་རྗེ་དང་བྲལ་བའོ།། མི་ཟད་པའི་དབུགས་འབྱིན་ཅིང་།། སྐྱེ་དགུ་འདི་དྲག་སྐྲག་པར་བྱེད་ཅེས་བྱ་བ་ནི། སྐེ་བ་ཆེ་ཞིང་སྐད ་ཆེ་བ་སྟེ། སྒྲ་ངེས་སེམས་ཅན་རྣམས་སྐྲག་པའོ།། སྲོག་ཚོགས་རྒྱུད་རྣམས་ཇི་སྙེད་པར།། སྣ་ཚོགས་ཀྱི་ནི་གཟུགསུ་སྣང་ཞེས་བྱ་བ་ནི། ཉ་ལ་སོགས་པའི་སེམས་ཅན་གྱི་གཟུགསུ་སྣང་ཞིང་། གཟུགས་མི་གཅིག་པ་མང་པོ་སྣང་བའོ།། ་ཁ་ཅིག་དག་ནི་རི་ཡང་ཐོགས།། ལ་ལ་རལ་གྲི་འཁོར་ལོ་ཐོགས། ཞེས་བྱ་བ་ནི། སྟོབས་དང་ལྡན་ཞིང་རི་རབ་ཐེགས་པར་ནུས་པ། མཚོན་རྣོན་པོས་འཚེ་བར་བྱེད་པའོ།། གྲངས་ནི་བརྒྱ་ཕྲག་སྟོང་རྣམས་ཏེ།། དབྱུག་པས་བསྡིགས་ཤིང་ཁ་དེག ་དྲག་པོ་ཞེས་བྱ་བ་ནི། འབྱུང་པོ་རྣམས་སྡེ་ཆེན་པོར་གནས་ཤིང་སེམས་ཅན་རྣམས་ལ་ཆང་པ་ཆེན་པོ་གཅོད་པའོ།། མིག་ཆུང་པ་ལ་བཞིན་མི་སྡུག། སྲིན་པོའི་སོ་ནི་རྣོ་བ་དང་། ཞེས་བྱ་བ་ནི། བཞིན་མི་སྡུག་པ་ཁ་དང་སོ་རྣམས་ཡོང་བའོ།། སྣ་དང ་རྣ་བ་གཅད་པ་དང་།། ལྕེ་གཙང་གདོང་ནི་གཉེར་མ་ཅན་ཞེས་བྱ་བ་ནི། གཟུགས་ངན་པར་སྣང་ཞིང་། དབང་པོ་རྣམས་མ་ཚང་བའོ།། རྐང་ལག་དང་ནི་ཏུ་བས་པ་དང་།། མགོ་བོ་གཅད་པའི་སྲིན་པོ་རྣམས་ཞེས་བྱ་བ་ནི། མགོ་བོ་མང་པར་བྲང་ནས་གདོང་བ་སྣང ་བྱས་ཏེ། ཚིགས་རྣམས་ལ་ཡང་གདོང་བ་སྣང་བའོ།། སྐབས་ནི་རབ་ཏུ་ཚོལ་བར་བྱེད། སྡིག་པ་ཅན་རྣམས་གཟི་བརྗིད་འཕྲོག་ཅེས་བྱ་བ་ན། སེམས་ཅན་རྣམས་ལ་གྲགས་ཚོལ་ཞིང་། སྡིག་པའི་སེམས་དང་ལྡན་པ ་སེམས་ཅན་གྱི་དཔལ་འཕྲོག་པའོ།། མི་ཡི་ལུས་རྣམས་དག་ལ་ནི། རབ་ཏུ་ཕྲ་བའི་གདོན་དུ་སྣང་ཞེས་བྱ་བ་ནི། མི་ཡི་ལུས་ལ་ཞུགས་ནས་མི་དགའི་སེམས་དང་། ལྕིབ་པའི་སེམས་དང་ལྡན་པར་བྱེད་པའོ།། སྤུ་ཡི་བར་དང་ནད་རྣམས ་དང་།། དེ་བཞིན་རྨ་ཡི་ཁ་རྣམས་སུ་ཞེས་བྱ་བ་ནི། བ་སྤུའི་བར་དུ་འཛིན་ཅིང་། རྨ་མེད་པ་རྨ་ཡོད་པར་བྱས་ཏེ། རྨའི་ནང་རུལ་བར་བྱས་ནས། ཕྱི་སུམས་ནས་ནང་ན་ཚ་ཚན་པོ་དང་ལྡན་པར་བྱེད་དོ།། ལྷགས་པ་དེ་དག་ཐམས་ཅད་ཀྱང་།། ་རིགས་སྔགས་ཞགས་པས་རབ་ཏུ་དྲངས་ཞེས་བྱ་བ་ནི། རིག་སྔགས་ཀྱི་དམོད་མོའི་ཞགས་པས་མ་རུངས་པའི་འབྱུང་པོ་རྣམས་བཅིངས་པའོ།། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ།། ཞེས་བྱ་བ་ནི། དེ་དང་དེར་ལྡན་པའི་འབྱུང་པོ་རྣམས་ཀྱིས ་ཀྱང་།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གུས་པར་ཕྱག་འཚལོ།། ཐལ་མོ་སྦྱར་ནས་ཕྱག་འཚལོ།། ཆོས་རྒྱལ་ཁྱོད་ལ་ཕྱག་འཚལོ།། ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཆོས་སྲིད་དུ་མཛད་ཅིང་། སྟོང ་གསུམ་གྱི་ཆོས་ཀྱིས་རྒྱལ་པོར་སྣང་བའོ།། རིའི་རྒྱལ་པོ་རི་རབ་དང་ཞེས་བྱ་བ་ནི། འདོད་པའི་ཁམས་ན་འདོད་ཡོན་ལྔ་ལ་སྤྱོད་པ་བཞིན། འབྱུང་པོ་རྣམས་ཀྱང་འདོད་པའི་ཡོན་ཏན་ལྔས་སྤྱོད་དོ།། ཇི་ལྟར་སྤྱོད་ཅེ་ན། གཟུགས་མཐོང་བས ་མདངས་འཕྲོག་པ་དང་། སྒྲ་སྙན་པོ་ཐོས་ནས་འཛིན་པ་དང་། དྲི་ཞིམ་པོ་ཚོར་ནས་འཛིན་པ་དང་རོ་ཞིམ་པོ་མྱངས་ནས་འཛིན་པ་དང་། ལུས་རླིག་པས་འཛིན་པ་དང་། དེ་དག་ཀྱང་གུད་ན་གནས་ཤ་ན། རཱི་རབ་འཁོར་ཡུག་ལ་གནས་ནས་འཛིན ་པའོ།། དེ་བཞིན་འཁོར་ར་འཁོར་ཡུག་དང་། བྱ་རྒོད་ཕུང་པོ་གཤོལ་འདའ་འཛིན་ཅེས་བྱ་བ་ནི། དབུས་ཀྱི་རི་བོ་མཆོག་རབ་གནས། ཕྱིའི་འཁོར་ར་འཁོར་ཡུག་ལ་ཐུག་པའི་རི་བོ་ཆེན་པོ་ལ་གནས་པའི་འབྱུང་པོ་རྣམས་སོ།། དེ་བཞིན་དུ་བྱ་རྒོད ་ཕུང་པོ་དང་། རི་བདུན་ལ་སོགས་པའོ།། སྤོས་ངད་ལྡན་དང་གངས་ཀྱི་རི།། སྣ་ཚོགས་སྡེ་དང་པཎྜ་བ་ཞེས་བྱ་བ་ནི། དེ་ཡང་འཛམ་བུའི་གླིང་ན་གནས་པའི་རི་རྣམསོ།། ན་ལ་ད་ཡི་རི་གཉིས་དང་། དཔལ་གྱི་རི་ཡི་རྩེ་མོ་ནི་ཞེས་བྱ་བ་ནི། འཛམ་བུའི ་གླིང་གི་ལྷོ་ཕྱོགས་ན་གནས་པའོ།། གང་དག་ཤིན་ཏུ་མཐོང་འཕགས་དང་།། རི་བོ་དེ་དག་ཀུན་ལ་ཡང་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་རྣམས་འཚོགས་ཤིང་། འབྱུང་པོའི་ཚོགས་རྣམས་འདུལ་བའོ།། ལྷ་དང་དྲང་སྲོང་གང་གནས་པ།། དེ་དག ་ཐམས་ཅད་མི་དགའ་ཞིང་ཞེས་བྱ་བ་ནི། སྟོང་ཆེན་པོ་རབ་ཏུ་འཇོམས་མའི་གཟི་བརྗིད་ཀྱིས། རི་རབ་དེ་རྣམས་ན་གནས་པའི་འབྱུང་པོ་རྣམས་ཡིད་མི་དགའ་བའོ།། འཇིགས་པའི་ཡིད་ཀྱི་མྱ་ངན་བྱེད།། བྱེ་བ་སྟོང་གི་ལྷ་དག་དང་།། བྱ་བ ་ཕྲག་བརྒྱའི་ལྷ་དག་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། འདར་ཞིང་ཀྱི་ཧུད་ཅེས་སྒྲ་འབྱིན་པའོ།། ལྷ་ཡི་བུ་མོ་སྐལ་ཆེན་དང་། ཐལ་མོ་རབ་ཏུ་སྦྱར་བར་བྱེད་ཅེས་བྱ་བ་ནི། རིག་སྔགས་ཀྱི་དམོད་མོས་འཇིགས་པས་གུས་པར ་སངས་རྒྱས་ལ་ཕྱག་འཚལ་ལོ།། ཐང་བཟངས་རིས་དང་སྒྲ་གཅན་དང་།། ཚིམ་པར་བྱེད་པའང་དེར་ཕྱིན་ཏོ་ཞེས་བྱ་བ་ནི། ལྷ་མ་ཡིན་གྱི་དབང་པོ་ལ་སོགས་པ་ཡང་། རིག་སྔགས་ཀྱི་དམོད་མོས་བཀུག་སྟེ། གུས་པར ་སངས་རྒྱས་ལ་འདུད་པའོ།། ལྷ་མིན་བྱེ་བོ་ཕྲག་སྟོང་དང་། ལྷ་མིན་བྱེ་བ་ཕྲག་བརྒྱ་དང་ཞེས་བྱ་བ་ནི། དེ་ཡང་ལྷ་མ་ཡིན་གྱི་གྲངས། འབྱུང་པོ་ལ་གཏོགས་པ་རྣམས་སོ།། དེ་དག་བུ་མོ་འཕྲུལ་ལྡན་པ།། མང་པོ་ཀུན་ཀྱང་ཐལ་མོ་སྦྱར་ཞེས་བྱ་བ ་ནི། ལྷ་མ་ཡིན་གྱི་དབང་པོའི་བུ་མོ་ལ་སོགས་པ་ཡང་། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། སངས་རྒྱས་ཀྱི་སྤྱན་སྔར་འཁོད་པའོ།། རབ་ཏུ་གནས་དང་རྒྱ་མཚོ་དང་ཞེས་བྱ་བ་ནི། ཕྱིའི་རྒྱ་མཚོ་ལ་གནས་པ་དང་། ས་འོག་དང་ན་མཁའ་ལ་རྒྱུ་ཞིང་། ་མ་རུངས་པའི་ཀླུ་དང་ས་བདག་རྣམས་དང་། རིགས་བཞིར་གནས་ཤིང་ཕྱོགས་བཅུ་དག་ཏུ་འཁོད་པའོ།། ཀླུ་ཡི་རྒྱལ་པོ་གཟི་ཅན་དང་ཞེས་བྱ་བ་ནི། ས་རིམ་པ་བདུན་གྱི་འོག་ན་གནས་པ་སྟེ། དེའི་འཁོར་ཤ་ཟླ་དང་འབྱུང་པོ་རྣམས་ཡོད་དེ། ་མིའི་དྲི་ཚོར་བ་ཙམ་གྱིས་མདངས་འཕྲོག་པའོ།། ཀླུའི་གནོད་པའི་མཚན་ཉིད་བསྟན་པའོ།། ཀླུ་ཡི་རྒྱལ་པོ་མ་གྲོས་པ་དང་། དགའ་བོ་སྙན་དགའ་གཉིས་པོ་དང་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་དུ། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང ་སངས་རྒྱས་ཀྱི་དྲུང་དུ་འཁོད་པའོ།། རྡོ་རྗེ་བློ་གྲོས་བག་ཤུ་དང་།། གང་དག་དགའ་བོ་སིན་དུ་མཚོ་ཞེས་བྱ་བ་ནི། དེ་རྣམས་ཀྱང་མཚོ་མ་གྲོས་པ་ལ་གནས་ཤིང་། གླིང་གཞི་རི་རབ་དང་བཅས་པར་རྒྱུ་བའོ།། བྱ་ཡི་རྒྱལ་པོ་འདབ་བཟངས་དང་།། རྒྱ་མཚོ་ཆེན ་པོ་འཁྲུགས་བྱེད་དང་ཞེས་བྱ་བ་ནི། དེའི་རྒྱ་མཚོ་གཏིང་ན་གནས་པ་རྣམས་ཡིན་ཏེ།། དེ་རྣམས་སངས་རྒྱས་ཀྱི་དྲུང་དུ་འཁོད་པའོ།། སྟོང་ཕྲག་བྱེ་བའི་ཀླུ་རྣམས་དང་།། བྱེ་བ་བརྒྱ་ཡི་ཀླུ་དག་དང་ཞེས་བྱ་བ་ནི། དེ་རྣམས་ཀྱི་འཁོར་དུ་བཅས ་པ་ས་བདག་ཀླུ་དང་བཅས་པ་རྣམས་སོ།། དེ་དག་བུ་མོ་སྐལ་ཆེན་རྣམས།། ཐལ་མོ་རབ་ཏུ་སྦྱར་བར་བྱེད་ཅེས་བྱ་བ་ནི།། ཀླུའི་བུ་མོ་དེ་ཡང་གྲངས་དེ་དང་ལྡན་པར་གནས་ཤིང་། སངས་རྒྱས་ཀྱི་སྤྱན་སྔར་འཁོད་པའོ།། ཉི་མ་ཟླ་བ་གིཉི་ག་ཡང་།། སྐར་མའི ་འཁོར་གྱིས་ཡོངསུ་བསྐོར་ཞེས་བྱ་བ་ནི། དེ་ཡང་བར་སྣང་དུ་རྒྱུ་ཞིང་།། རིག་སྔགས་ཀྱི་དམོད་མོས་འཁོད་པའོ།། གསེར་གྱི་མེ་ཏོག་ཡན་ལག་ན།། མ་ག་དྷ་ན་འཇིགས་བྱེད་པ་ཞེས་བྱ་བ་ནི། དེ་ཡང་གནོད་སྦྱིན་འབྱུང་པོ་རྣམས།། འཛམ་བུའི ་གླིང་ན་གནས་ཤིང་། རིག་སྔགས་ཀྱི་དམོད་མོས་འཁོད་པའོ།། གསོལ་བའི་ཐ་ན་མི་ཐོང་ཅན།། ཀོ་ས་ལ་ན་རབ་ཏུ་དཀར་ཞེས་བྱ་བ་ནི། ཡུལ་མ་ག་དྷཱ་ན་གནས་ཤིང་། སྟོང་གསུམ་རྒྱུ་བའོ།། བཟང་པོའི་ཡུལ་ནི་ཁབ་སྤུ་ཅན།། རྒྱུད་ཀྱི་ཡུལ ་ན་གྲགས་པ་འཛིན། ཅེས་བྱ་བ་ནི། དེ་ཡང་འཛམ་བུའི་གླིང་གི་ནུབ་ཕྱོགས་སུ་གནས་ཤིང་།། སེམས་ཅན་རྣམས་ལ་འཚེ་བར་བྱེད་པའོ།། རྔ་འཛིན་པ་དང་སྐྲག་བྱེད་པ། དྷ་སྐྱེ་བ་ནས་མིག་དམར་གནས་ཞེས་བྱ་བ་ནི། འབྱུང་པོའི་གནས ་དེ་དང་ལྡན་པ་ནི། སེམས་ཅན་ལ་གནོད་པར་བྱེད་པར་གྲགས་པའོ།། སྲུང་བྱེད་པ་ན་སེར་སྐྱ་སྟེ།། སེམས་དཔའ་ན་ནི་མིག་སོར་པོ།། ཞེས་བྱ་བ་ནི། གནོད་སྦྱིན་གྱི་དེད་དཔོན་གནས་དེ་ན་གནས་ཤིང་། སྐང་གཅིག་མས་ཐམས་ཅད་རྒྱུ ་བའོ།། བེའུ་བན་ན་བུམ་པའི་ལྟོ།། དགའ་བའི་ཡུལ་ན་རིང་པོར་སྐྱེས་ཞེས་བྱ་བ་ནི། གནས་དེ་དང་ལྡན་ཞིང་གླིང་བཞི་རི་རབ་དང་བཅས་པ་ལ་རྒྱུ་བའོ།། བ་ལང་འཛིན་ན་རབ་ཏུ་འཇོམས།། དུང་ཡུལ་ན་ནི་ཉི་མའི ་གྲོགས་ཞེས་བྱ་བ་ནི། གནས་དེ་དང་ལྡན་ཞིང་སངས་རྒྱས་ཀྱི་སྤྱན་སྔར་འཁོད་པའོ།། ལྗོངས་ཆེན་རྣམས་ཀྱི་གནོད་སྦྱིན་ནི།། བརྗོད་པ་བཅུ་དྲུག་དེ་དག་ལ་ཞེས་བྱ་བ་ནི།། འབྱུང་པོ་གནས་ཅན་དུ་གནས་པ།། གྲགས་པ་དང་ལྡན་པ།། རིག་སྔགས ་ཀྱི་ཞགས་པས་འདྲེན་པའོ།། ལག་ན་རྡོ་རྗེ་གནོད་སྦྱིན་ཆེ།། ཆོས་སྐྱོང་རབ་ཏུ་དཀར་བ་དང་ཞེས་བྱ་བ་ནི།། རི་རབ་རྩེ་མོ་ལ་གནས་ཤིང་སངས་རྒྱས་ཀྱི་བསྟན་པ་སྲུང་བའོ།། སེར་སྐྱ་རབ་མཛེས་ཁྱབ་འཇུག་དང་།། བུམ་ལྷོ་གསུས་པ་གསུམ་པོ་དང་ཞེས ་བྱ་བ་ནི། གནོད་སྦྱིན་དེ་རྣམས་ཡང་རི་རབ་གྱི་ཁོང་སོང་ལྷོ་ངོས་ན་གནས་ཤིང་།། དགེ་བའི་རྩ་བ་ལ་གནོད་པར་བྱེད་པའོ།། ཆུ་སྲིན་བདེན་པ་འཆང་བ་དང་།། རྔ་ལྡན་རྒྱལ་བ་ཁྲུ་མཆོག་དང་ཞེས་བྱ་བ་ནི། དེ་རྣམས་ཀྱང་ལྷོའི་འཛམ་བུའི ་གླང་ན་གནས་ཤིང་། གླིང་གཞི་རི་རབ་དང་བཅས་པར་རྒྱུ་བའོ།། གནོད་སྦྱིན་ཆེན་པོ་དབང་ཕྱུག་ཆེ།། ལག་པ་བཞིན་ཅན་སྟོབས་པོ་ཆེ་ཞེས་བྱ་བ་ནི། ཏི་སའི་གངས་ལ་གནས་ཤིང་། སེམས་ཅན་རྣམས་ལ་མཆོད་པར་འོས་པའོ།། སྡེ་པ་རབ་ཏུ་འདུལ ་བ་ནི། མཐུ་བོ་ཆེ་ལ་སྟོབས་པོ་ཆེ་ཞེས་བྱ་བ་ནི། འབྱུང་པོ་ང་དང་དེར་ལྡན་པ་ནི། སྟོང་གསུམ་རྒྱུད་དེ་རིག་སྔགས་ཀྱི་ཞགས་པས་འདྲེན་པའོ།། གཤིན་རྗེ་གཤིན་རྗེའི་ཕོ་ཉ་དང་། བདུད་རྣམས་སྡེ་དང་བཅས་པ་དང་ཞེས་བྱ་བ་ནི། མ་རུངས་པའི ་གཤེན་རྗེའི་ཕོ་ཉ་མོ་དང་། བདུད་ཀྱི་ལྷ་རྣམས་ཡང་འདྲེན་པའོ།། གནོད་སྦྱིན་བྱེ་བའི་གཡོག་འཆང་བ།། གནོད་སྦྱིན་དེ་མིང་འཕྲོག་པོ་ཡིན་ཞེས་བྱ་བ་ནི། འཇིག་རྟེན་གྱི་མི་རྣམས་ལ་གནོད་པ་སྐྱེལ་ཞིང་གཟི་བརྗིད་དང་འོད་འཕྲོག་པའོ།། ་ཤཱ་རི་ཏ་ནི་སྡེར་བཅས་དང་། རི་ཡི་བུ་མོ་གནོད་སྦྱིན་མ་ཞེས་བྱ་བ་ནི། དེ་ཡང་གཟི་བརྗིད་ཆེ་ཞིང་ས་ལ་གནས་པའོ།། གཟི་བརྗིང་ཆེན་མོ་འཇིགས་པའི་གཟུགས།། འཕྲོག་མ་ཞེས་ཀྱང་གྲགས་པ་དང་ཞེས་བྱ་བ་ནི།། གནོད་སྦྱིན་སྲིན་མོར་གྲགས ་པ་དང་། མིའི་མངལ་ནས་བུ་འཕྲོག་པའོ།། གདོལ་པ་མོ་ནི་གཏུན་མོ་ཡང་།། བུ་རྣམས་ལྔ་བརྒྱས་བསྐོར་བ་དང་ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་རྣམས་བུ་ལྔ་བརྒྱ་དང་ལྡན་པའོ།། མི་སྡུག་ནག་པོ་ཀརྐ་ཏ།། པདྨོ་དང་ནི་པདྨ་ཅན ་ཞེས་བྱ་བ་ནི། གནོད་སྦྱིན་མོ་དེ་རྣམས་ཡང་།། རིག་སྔགས་ཀྱི་དམོད་མོས་སྡོད་པར་མི་ནུས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་འཁོད་པའོ།། མེ་ཏོག་སོ་དང་ས་ག་དང་།། སྲིན་མོང་བོང་བུའི་སྣ་ཅན་དྲང་ཞེས་བྱ་བ་ནི། སྲིན་མོ་དེ་རྣམས་ལྷོ་ཕྱོགས ་ན་གནས་ཤིང་སེམས་ཅན་རྣམས་ལ་གནོད་པ་བྱེད་པའོ།། ཙན་དན་དང་ནི་ཁྱབ་འཇུག་ལེན། སེང་གེ་སེར་སྐྱ་དམར་སེར་པོ་ཞེས་བྱ་བ་ནི། དེ་དག་ནི་གནོད་སྦྱིན་གྱི་དེད་དཔོན་དུ་གནས་པ། བྱིས་པའི་གདོན་བཅོ་ལྔའི་གཙོ་བོ་རྣམས་སོ།། གླང་པོ ་ཀླུ་ཡི་སོ་ཅན་དང་།། རི་ཤེས་དྲག་པོའི་མཆེ་བ་ཅན་ཞེས་བྱ་བ་ནི། དེ་དང་དེ་ལྡན་ཞིང་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ།། སྲིན་མོ་སོ་བཟངས་ཡོད་པ་དང་། ཚངས་པས་ལེན་དང་ཁྱབ་འཇུག་ལེན་ཞེས་བྱ་བ་ནི། མིང་དེར་གྲགས ་པ་སེམས་ཅན་ལ་གནོད་པ།། སྐད་ཅིག་མས་གླིང་བཞིར་རྒྱུ་བའོ།། གནོད་སྦྱིན་ཧ་ལ་ཧ་ལ་དང་།། གནོད་སྦྱིན་རྣམ་པའི་མཆུ་ཅན་དག་ཅེས་བྱ་བ་ནི། གནོད་སྦྱིན་འདི་དག་ཡང་། ལྕང་ལོ་ཅན་གྱི་ཕོ་བྲང་དུ་གནས་ཤིང་། ་རྣམ་ཐོས་ཀྱི་བུའི་འཁོར་དུ་གནས་པའོ།། མདུང་དང་མདའ་གཞུ་ཀུན་ཐོགས་ཤིང་།། མི་རྟ་བ་ལང་རི་དགས་ཞེས་བྱ་བ་ནི། མཚོན་ཆེ་སྣ་ཚེགས་ཐོགས་ཤིང་། སེམས་ཅན་རྣམས་ལ་གནོད་པ་བྱེད་པའོ།། ཟ་ཞིང་འཚ་བ་དེ་དག་ནི། ཕྱོགས ་རྣམས་ཀུན་ཏུ་རྒྱུག་ཅིང་འདོང་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་གླབས་ཚེལ་ཞིང་སྲོག་འཕྲོག་པ་རྣམས་སོ།། ས་འོད་རབ་ཏུ་གཡོ་བར་བྱེད།། ནགས་ཚལ་རྣམས་ཀྱང་རབ་ཏུ་སྐེམས་ཞེས་བྱ་བ། རི་རོབ་འགུལ་བར་བྱེད་ཅིང་། རྒྱ་མཚོ་ཡང་སྙོམས་པར ་བྱེད་པའོ།། རི་རྣམས་ཀུན་ཡང་གཡོ་བར་བྱེད།། སྐྱེ་དགུ་འདི་དག་འཚེ་བྱེད་ཅིང་ཞེས་བྱ་བ་ནི།། ཚེའི་བར་ཆོད་བྱེད་སེམས་ཅན་རྣམས་ལ་འཇིགས་སྐྲག་བྱེད་པའོ།། ཕན་ཚུན་ནས་ནི་འདུ་བ་དག། རིག་སྔགས་ཀྱིས་ནི་དྲངས་ནས་ལྷགས་ཞེས་བྱ ་བ་ནི། དེ་དང་དེར་ལྡན་པའི་འབྱུང་པོ་རྣམས་ལ།། རིག་སྔགས་ཀྱི་བཅིང་བ་ལྔ་དམོད་མོའི་ཞགས་པས་བསྡམས་པའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱིས་ཀྱང ་འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། གུས་པས་ཕྱག་འཚལ་ནས་བསྟོད་པའོ།། ཐལ་མོ་སྦྱར་ནས་ཕྱག་འཚལོ།། ཆོས་རྒྱལ་ཁྱོད་ལ་ཕྱག་འཚལོ།། ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་ཆོས་སྲིད་མཛད་ཅིང་། དམ་པའི་ཆོས་ཀྱིས་རྒྱལ ་པོ་ལ་གུས་པར་ཕྱག་འཚལ་བའོ།། འཇིག་རྟེན་མགོན་པོའི་སྤྱན་སྔ་རུ།། གུས་པས་ཕྱག་འཚལྔ་བསྟོད་པའོ།། ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱི་སོ་སོ་རང་རང་གི་སྒོ་ནས།། ཆོས་ཀྱི་རྒྱལ་པོ་ལ་ཞུ་བ་ཕུལ་བའོ།། དེ་ནས་ཞེས་བྱ་བ་ནི། འབྱུང ་པོས་སྨྲས་པའི་དོན་དེ་གནས་སོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་བུས།། འཇིག་རྟེན་མགོན་ལ་འདི་སྐད་གསོལ།། ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ།། རྒྱལ་པོ་ཆེན་པོ་རྣམས་ཐོས་སྲས་ཀྱིས་ཞུས་པའོ།། ་བདག་གི་ཕྱོགས་ཆ་བྱང་ཕྱོགས་སུ།། རྒྱལ་པོའི་གནས་སུ་སྤྲུལ་པ་ནི་ཞེས་བྱ་བ་ནི། རི་རབ་ཀྱི་བྱང་ཕྱོགས་ན་མངའ་མཛད་ཅིང་། བྱང་ཕྱོགས་སྐྱོང་བར་བྱེད་པའོ།། ལྕང་ལོ་ལྡན་པ་ཡིད་དུ་མཆི། དེ་བས་བདག་གི་ལྕང་ལོའི་བདག་ཅེས་བྱ་བ་ནི། ་ལྷ་ན་སྡུག་ཅིང་མཛེས་པར་སྣང་བའོ།། ཡིད་དུ་འོངས་པར་གནས་སོ།། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན།། ལྷ་རྣམས་ཀུན་གྱིས་བསམ་པར་འགྱུར་ཞེས་བྱ་བ་ནི། ལས་ཀྱིས་ལྷས་བྱིན་གྱིས་བརླབས་པ། རིན་པོ་ཆེའི་གཞལ་ཡས་ཁང་དུ་སྣང་བའོ།། ་ཕྱིར་ཤིན་ཏུ་མཐོན་པོ་ཅན།། རིན་ཆེན་ཀུན་གྱིས་བརྒྱན་པ་ལགས་ཞེས་བྱ་བ་ནི། རིན་པོ་ཆེ་བདུན་ལས་བྱས་པ། རྒྱ་ཕིབས་དང་ལྡན་པ། བདུན་ཐོག་ཡོད་པའོ།། འཕང་དུ་དཔག་ཚད་བཅུ་དྲུག་སྟེ། གསེར་གྱི་རྒྱུ་ལས་བགྱིད་པ་ལགས་ཞེས་བྱ ་བ་ནི་ཐོག་རེ་རེ་དཔག་ཚད་བཅུ་དྲུག་བཅུ་དྲུག་སྟེ། རིན་པོ་ཆེ་སྣ་བདུན་གྱི་འཕྲོ་བྱས་པའོ།། ཕྱོགས་བཞི་ལྕོག་ནི་ར་རཾ་ལའང་། གནོད་སྦྱིན་ལག་ན་རྡོ་རྗེ་ངག་ཅེས་བྱ་བ་ནི། སྒོ་བཞི་དང་ལྡན་པ་ཕྱོགས་རཾ་ནས་སྲུང་མར་སྣང་བའོ།། ཀུན་ནས་ཀུན་ཏུ་རྣམ་པར ་འགྱུར། ལག་ན་ཚན་ཆ་ལགས་པར་སྤྲུལ་ཞེས་བྱ་བ་ནི། གནང་སྦྱིན་པོ་མོ་མང་པོ་གནས་ཤིང་། མཆོད་ཆ་སྣ་ཚོགས་ཐོགས་པའོ།། རྒྱལ་པའ་ཕོ་བྲང་དམ་སྒྲ།། བཞི་པ་བསྟོད་པ་བགྱིས་པ་ནི་ཞེས་བྱ་བ་ནི། ཀ8 ་བརྒྱད་ཀྱིས་མཛེས་པ། རྒྱན་རྣམ་བཞིས་ལྟ་ན་སྡུག་པའོ།། གཅིག་ནི་གསེར་ལས་བགྱིས་པའི་སྒོ། གཉིས་པ་དངུལ་ལས་བགྱིས་པ་ལགས།། ཞེས་བྱ་བ་ནི། ཐོག་རེ་རེ་ལ་ཡང་སྒོ་བཞི་བཞི་དང་ལྡན་པའོ།། གསུམ་པ་ཤེལ་གྱི་སྒོ་མོ་ལགས།། ་བཞི་པ་གསེར་གྱིས་རྣམ་པར་སྤྲས་ཞེས་བྱ་བ་ནི། རིམ་པ་བཞིན་དུ་རིན་པོ་ཆེ་རྣམས་ཀྱིས་བྱས་པའོ།། གྲོང་ཁྱེར་དེ་ཡི་ནང་དག་ན། སྐྱེད་མོས་ཚལ་གྱིས་མེ་ཏོག་རྒྱས་ཞེས་བྱ་བ་ནི། རྫིང་དུ་དང་། མེ་ཏོག་གི་ར་བ་ཆུ་ལས་སྐྱེས་པ་དང་། ཐང ་ལས་སྐྱེས་པས་བརྒྱན་པའོ།། དེ་ཡི་ནང་ན་གཞལ་མང་ཁང་།། རིན་ཆེན་སྣ་བདུན་སྣ་ཚོགས་མཆིས་ཞེས་བྱ་བ་ནི། གནོད་སྦྱིན་པོ་རྣམས་སྤྱོད་པ་བྱེད་པའི་གཞལ་ཡས་ཁང་སྣང་བའོ།། རིན་ཆེན་སྣ་ཚོགས་ལྗོན་ཤིང་དང་། བྱ་བྲན་སྣ་ཚོགས ་སྐད་ཀྱང་འབྱིན་ཅེས་བྱ་བ་ནི། དེའི་སྐྱེད་མོས་ཚལ་དང་རྫིང་བུར། ཁྲུང་ཁྲུང་དང་ཁུ་བྱུག་ལ་སོགས་པ་བྱ་སྣ་ཚོགས་ཀྱི་སྐད་ཀྱིས་མཛེས་པའོ།། མེ་ཏོག་སྣ་ཚོགས་ལེགས་པར་བཀྲམ།། སྣ་ཚོགས་སྤོས་ཀྱི་བྱུག་པས་ལེགས་ཞེས་བྱ་བ་ནི། ཆུ་དང ་ཐ་ལས་སྐྱེས་པའི་མེ་ཏོག་ཀུ་མུ་ཏ་དང་པཎྜ་རི་ཀ་ལ་སོགས་པས་བརྒྱན་པའོ།། ཡན་ལག་བརྒྱད་དང་སྦྱར་བའི་པོག་ཕོར་དང་ལྡན་པའོ།། གནོད་སྦྱིན་མོ་ནི་འཇོམས་མ་དང་།། ཀླུ་དང་རོལ་མོས་རབ་ཏུ་བརྒྱན་ཙས་བྱ་བ་ནི། ལྷ་ན་སྡུག་པ་རྒྱགས ་མདང་ལྡན་པ་ཤ་སྟག་རྣམས་ཀྱིས།། རོལ་མོ་སྣ་ཚོགས་ལ་སྤྱོད་པའོ།། དཔལ་གྱི་དམ་པ་ཉམ་སུ་མྱོང་།། དེར་ནི་འབྱུང་པོའི་དཀྱིལ་འཁོར་དེར་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་དེ་རྣམས་ལ་སྤྱོད་པའོ།། གང་དག་འཁོར་ཞིང་མཆིས ་པ་དག། རྣམ་པའི་མཆོག་ཀུན་ལྡན་པ་སྟེ། ཞེས་བྱ་བ་ནི། ཡིད་བཞིན་ནོར་བུ་བཞིན་དུ་འདོད་པ་གང་ཡང་འབྱུང་བའོ།། ཆོས་འཚལ་བ་དང་ཆོས་སྤྱོད་པ་ཞེས་བྱ་བ་ནི།། ཡང་དག་པར་རྫོགས་པའི་བཀའ་ཉན་ནས།། མི་ལ་སོགས་པ་སེམས་ཅན་གང་ལ་ཡང་གན། ་པ་མི་སྐྱེལ་ཅིང་སྡོམ་པ་གསུམ་ལ་གནས་པའོ།། སྲོག་ཆགས་རྣམས་ལ་འཚེ་མི་བགྱིད། ཟས་དང་སྐོམ་གྱིས་མི་འབྲེལ་ཏེ་ཞེས་བྱ་བ་ནི། འཇིག་རྟེན་གྱི་སེམས་ཅན་རྣམས་ལ་དགའ་ཞིང་། བྱང་ཆུབ་ཀྱི་སེམས་དང་ལྡན་པའོ།། སྐྱེ་དགུ་མི ་ཟད་གཞན་དག་ནི། ལོངས་སྤྱོད་ཆེན་པོར་འཚལ་བགྱིད་ཅིང་ཞེས་བྱ་བ་ནི། མིའི་ཚིགས་རྣམས་ལ་ཕྲད་པར་དགའ་ཞིང་།། ཕུན་སུམ་ཚོགས་པར་བྱས་ནས་སྐྱོང་བར་བྱེད་པའོ།། ཕྱོགས་བཞི་ཀུན་ཏུ་རྣམ་པར་ལྟ།། གྲོང་ཁྱེར་སྒོ་གམ་གཡོ་བ་དང་། ་ཞེས་བྱ་བ་ནི། མིའི་གྲོང་ཁྱེར་གྱི་ཕྱོགས་བཞི་ནས་སྲུང་ཞིང་། དེ་རྣམས་མཐོ་བར་དགའ་བའོ།། བཟང་ཤིང་རྭ་པ་ནགས་ཚལ་ན། གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚིགས་ཞེས་བྱ་བ་ནི། གང་དང་གང་དུ་གནས་པའི་འབྱུང་པོ་རྣམས་ལ་རིག་སྔགས་འདིའི ་དམོད་མོས་འཁོང་བའོ།། བྱེ་བ་སྟོང་ཕྲག་བརྒྱ་མཆིས་པ།། དེ་དག་ཐམས་ཅད་མདོ་སྡེ་ཡི།། ཞགས་པས་དྲངས་ཏེ་ཀླག་པར་བགྱི་ཞེས་བྱ་བ་ནི། གང་ཡང་རུང་བ་གནོད་པ་རྣམས་ལ།། རིག་སྔགས་ཀྱི་དམོད་མོའི་ཞགས་པས་འདུལ་བར་བྱེད་པའོ།། རྒྱལ་པོ་ས ་ཕོ་བྲང་དབུས་ན་ན། ཆོས་ཀྱི་རྒྱལ་པོ་གནས་འགྱུར་བ་ཞེས་བྱ་བ་ནི། རྒྱལ་བ་ལྡན་པ་བཞིས་དབུས་སུ། དམྱིགས་པ་མེད་པའི་ཕོ་ཐུང་སྣང་བའོ།། བསིལ་བའི་རྫིང་བུས་བསྐོར་བ་སྟེ། ཙན་དན་ནགས་ཀྱིས་འཁོར་བ་ལགས། ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་བསིལ་བར་བྱུང་བའི་ཡེ་ཤེས་ཀྱིས་བསྐོར་ཞིང་། བྱམས་པ་དང་སྙིང་རྗེའི་ནགས་ཚལ་གྱིས་བསྐོར་བའོ།། ཀུན་ནས་དཔག་ཚད་དྲུག་ཅུ་སྟེ། ཁང་པ་བརྩེགས་པ་སྤྲུལ་པ་དག་ཅེས་བྱ་བ་ནི། སེམས་ཀྱི་གཞལ་ཡས ་ཁང་དུ་སྣང་ཞིང་ཡིད་བཞིན་ནོར་བུ་ལྟ་བུའོ།། གཅིག་ནི་གསེར་ལས་བརྫིས་པ་སྟེ། གཉིས་ནི་དངུལ་ལས་བགྱིས་པ་ལགས།། ཞེས་བྱ་བ་ནི། ཕྱི་ནང་གཉི་སུ་མེད་པར།། རིན་པོ་ཆེ་གསེར་དངུལ་ལས་བྱས་པའོ།། གསུམ་པ་བཻ་ཌཱུརྱ་ལས་བགྱིད།། ་བཞི་པ་གཙང་དང་ཤེལ་གྱི་རྒྱུ་ཞེས་བྱ་བ་ནི། ཆོས་མི་འགྱུར་བར་སྣང་བས་བཻ་ཌཱུརྱ་སྟེ། ཕྱི་ནང་གཉི་སུ་མེད་པར་གསལ་བ་ནི་ཤེལ་ལྟ་བུའོ།། ལྔ་པ་མུ་ཏིག་དམར་པོ་སྟེ། དྲུག་པ་རྡོ་ཡི་སྙིང་པོ་ལགས་ཞེས་བྱ་བ་ནི། རྡོ་རྗེ་ཕ་ལམ་ལས་བྱས་པའི་སེང ་གེའི་ཁས་མུ་ཏིག་གི་དྲ་བའི་ཕྲེང་བས་སྟེ། དེ་ཡང་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ།། བདུན་པ་སྨུག་ལས་བགྱིས་པས་ཏེ།། བརྒྱད་པ་རིན་ཚན་བདུན་ལས་བགྱིས་ཞེས་བྱ་བ་ནི། རིན་ཚན་དྲ་བ་དང་དྲ་བའི ་ཡོན་ཏན་གྱིས་བརྒྱན་པའོ།། བུད་མེད་སྟོང་ཕྲག་བརྒྱ་དག་དང་།། དེ་དག་རེ་རེ་ཀུན་ན་གནས་ཞེས་བྱ་བ་ནི། ཤེས་རབ་ཀྱི་རང་བཞིན་གཉིསུ་མེད་པོའི་ཡེ་ཤེས་དང་ལྡན་པའོ།། ལྷབ་ལྷུབ་སྣ་ཚོགས་མཆོག་དག་དང་།། ཆ་བྱད་སྣ་ཚོགས་མང་པོས་བརྒྱན ་ཅེས་བྱ་བ་ནི། ཚད་མེད་པ་བཞིའི་རྒྱན་གྱིས་བརྒྱན་ཅིང་མཛེས་པའོ།། གླུ་དང་རོལ་མོ་སྣ་ཚོགས་དང་།། བཟོ་ཡི་གནས་ལ་མཁས་པ་མཆིས་ཞེས་བྱ་བ་ནི། ཟག་པ་ཟད་པའི་ཡེ་ཤེས་དང་ལྡན་ཞིང་། སེམས་ཅན་རྣམས་ཀྱི་ལས་འཇོམས་པར་བྱེད་པ ་ལ་མཁས་པའོ།། དེ་ལྟའི་རབ་ཏུ་དགའ་བ་ཡིས།། བདེ་ཞིང་ཚིམ་པའི་ཡིད་དུ་འགྱུར་ཞེས་བྱ་བ་ནི། ཡང་དག་པའི་ཡེ་ཤེས་དང་ལྡན་ཞིང་བདེ་བར་གནས་པའོ།། དེ་ན་བདག་གི་ཆུན་སྐྱེམས་དང་།། འདོད་པ་བདག་གིས་རབ་མྱོང་བྱས་ཞེས་བྱ་བ་ནི། ་དེ་ཡང་འབྱུང་པོ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་། འདོད་པའི་ཞགས་པས་བཅིངས་པའོ།། བདག་གི་འཁོར་རྣམས་འཕྱན་བགྱིད་ཅིང་།། ཕྱོགས་བཅུ་དག་ཏུ་འཇིགས་པ་སྐྱེད་ཅེས་བྱ་བ་ནི། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི ་འཁོར་ཚན་ཅིག་ཡང་། སྡིག་ལ་དགའ་བས་སེམས་ཅན་ལ་འཇིགས་སྐྲག་བྱེད་པའོ།། བུད་མེད་དག་དང་སྐྱེས་པ་དང་། དེ་བཞིན་ཁྱེའུ་བུ་མོ་དང་ཞེས་བྱ་བ་ནི། གཟི་བརྗིད་འཕྲོག་པར་ཤེ་དག་གོ། མངལ་ན་གནས་པ་འཇིགས་པར་བགྱིད།། དུད་འགྲོའི ་སྐྱེ་གནས་གཏོགས་པ་ལའང་འཚེ་ཞེས་བྱ་བ་ནི། མེར་མེར་པོ་དང་ནུར་ནུར་པོ་རྣམས་འཕྲོག་ཅིང་།། དུད་འགྲོ་རྣམས་ཀྱི་སྲོག་འཕྲོག་པའོ།། སྐར་མ་དག་དང་ཉི་ཟླ་དང་།། གཏུན་པའི་གཟའ་རྣམས་གནོད་པར་བགྱིད་ཅེས་བྱ་བ་ནི། ཟླ་བ་ཉི་མ་མི ་སྣང་བར་བྱས་ཤིང་། བཟའ་བ་དང་བཏུང་བ་རྣམས་འཕྲོག་པའོ།། ལོ་ཐོགས་ས་བོན་འབྲས་བུ་དང་། མེ་ཏོག་སྨན་དང་སྐོམ་དང་། ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱིས་ཀྱང་དུས་མ་ཡིན་པའི་རླུང་དང་སེར་བ་གཏོང་བའོ།། མི་རྣམས་ཀྱི་ནི་དཔལ ་འཕྲོག་ཅིང་།། མཐོན་པོ་རྣམས་ཀྱང་དམའ་བར་བགྱིད་ཅེས་བྱ་བ་ནི། གཟི་བརྗིད་ཕུན་སུམ་ཚོགས་པ་འཕྲོག་པར་བྱེད་པ། ཕྱུག་པོ་ལྕོགས་པོར་གཏོང་བ་དག་གོ།། འཇིག་རྟེན་དག་ན་ནོངས་པ་རྣམས།། དམག་དང ་ཕཐབ་མོ་ཤ་ཉེར་དང་ཞེས་བྱ་བ་ནི། ཁྲག་ཁྲུག་ལ་དགའ་བར་བྱེད་པ་འམ། མིའི་འཇིག་རྟེན་གྱི་སེམས་རྣམ་པར་བྱེད་པའོ།། ཚིག་གམ་ཞིག་གམོ་བསང་བྱ་བ།། དེ་ཀུན་འབྱུང་པོ་རྣམ་པར་འགྱུར་ཞེས་བྱ་བ་ནི། ཁྲག་ཁྲུག་ལ་སྨན་མ་བྱས་ཤིང ་མི་རྣམས་ཀྱི་སྲོག་འཕྲོག་པའོ།། སྦེད་ཅིང་སྟོར་བར་བགྱིད་པ་དང་།། བཟློག་པར་བགྱིད་ཅིང་རྒོད་པར་བྱེད་ཅེས་བྱ་བ་ནི། འབྱུང་པོ་དེ་རྣམས་བཟུང་ནས། ཟས་དང་སྐོམ་ཡང་མི་འཇུ་ཅིང་བཟློག་སྟེ། སྦེང་བ་ནི་ནང་སྣ་ཚོགས་གཏོང་ཞིང ་སེམས་ཡང་སྟོར་བར་བྱེད་པའོ།། རེས་དགའ་ཡང་སེམས་སྐྱོང་བར་བྱེད་པའོ།། བྱེད་པ་རྒོད་པའོ།། འཇིགས་པར་བྱེད་ཅིང་ལྟ་བར་བགྱིད།། དགྲར་འགྱུར་བ་ཡང་སྟོན་པར་བགྱིད་ཅེས་བྱ་བ་ནི། སྐྱེས་པ་བུད་མེད་ཁྱེའུ་བུ་མོ་རྣམས་ལ། རིམས ་དང་ཡམས་ནད་ཀྱིས་བཏབ་ཅིང་། འཇིགས་སྐྲག་བྱེད་ནི་ངོ་སླབ་འཆོལ་སྨྲས་པའོ།། ལྟ་བ་ནི་དྲན་པ་སྟོར་ཞིང་ན་མཁའ་དང་ས་གཞི་ལ་ལྟ་བ་རྣམས་ཏེ། སེམས་མི་དགའ་བར་བྱས་ནས་ངུ་བའི་སྒྲ་འབྱིན་པའོ།། སྡིག་པའི་རྨི་ལམ་མཐོང་བར ་བགྱིད། ཉལ་བ་དག་ལ་གནོད་པར་བགྱིད་ཅེས་བྱ་བ་ནི། ཤིན་ཏུ་འཇིགས་པའི་རྨི་ལམ་དང་། མི་དགེ་བའི་ལྷ་སྟོན་ཏེ།། སྐྱེས་པ་ལ་མོར་སྦྱར་ཅིང་གནོད་ལ། བུད་མེད་ལ་ཕོར་སྦྱར་ཅིང་གནོད་པའོ།། སྒོ་ནས་སེ་སྒྲིལ་སྒྲ་འབྱུང་ཞིང་།། མི ་དྲན་རྗེད་དེ་ཟ་བར་བགྱིད་ཅེས་བྱ་བ་ནི། གྲོང་དང་གྲོང་ཁྱེར་དུ་རྒྱུ་ཞིང་། སེ་གོལ་ཙམ་གྱིས་ཁྲག་ཁྲུག་བྱེད་དོ།། ཁྲག་ཁྲུག་གི་སྨན་མས་ཟ་བ་དང་འཐུང་བར་བྱེད་པའོ།། འཛའ་བོ་གཉེན་བཤེས་གཟུགས་དག་ཏུ།། དགའ་ཞིང་སྐམ་མཆིད་སྨྲ་བར་བགྱིད་ཅེས་བྱ་བ ་ནི། ཚེ་འདི་དང་ཕྱི་མ་ཡང་། མཛ་བོ་དང་གཉེན་ཤེས་སུ་སྐྱེས་ཤིང་མི་དེ་ལ་གནོད་པར་བྱེད་པའོ།། བུ་མོ་སྡུག་གུའི་གཟུགས་ངག་ཏུ།། འདོད་ལ་སྤྱོད་པ་དགའ་བར་བགྱིད་ཅེས་བྱ་བ་ནི། མཛེས་སྡུག་བུ་མོའི་གཟུགས་སུ་བྱས་ནས། བྱང་ཆུབ་སེམས ་དང་ཚེ་འཕྲོག་མའོ།། ཉི་མ་སྐར་མའི་གཟུགས་དང་ནི། ཟླ་བའི་གཟུགསུ་གདའ་བར་བགྱིད་ཅེས་བྱ་བ་ནི།། རྨི་ལམ་དང་ལྷས་ལ་ཡང་དེ་ལྟ་བུའི་རྨོ་བའོ།། རླུང་དང་སྐར་མདའི་རྩེ་གཟུགས་སུ།། དེ་ལ་གནོད་པར་དེ་དགེ་གདའ་ཞེས་བྱ་བ་ནི། ཕྱུགས ་ཆེན་པོར་གྱུར་ཅིང་། ན་མཁའ་ནས་འབྲུག་སྒྲ་དང་གློག་བབས་ཏེ། བར་སྣང་ལ་འོད་ཆེན་པོ་སྣང་བའོ།། སྐར་མའི་ཚོགས་དང་འདྲ་བ་དག། འཇིགས་པར་བགྱིད་པ་ཝ་དང་ཁྱི་ཞེས་བྱ་བ་ནི། དངོས་པོ་དང་རྨི་ལམ་ལ་ཡང་། གཅན་གཟན་གྱི ་གཟུགས་སྤྲུལ་ནས་གནོད་པའོ།། རྣམ་པར་སྤྲུལ་ནས་ལྗོན་ཤིང་དང་། མཆོད་རྟེན་དག་གི་གནས་ན་གདའ་ཞེས་བྱ་བ་ནི། གནས་དེ་དག་ཏུ་གནས་ཤིང་། སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ།། སྐྱེས་པ་གཞོན་ནུའི་གཟུགས་མཛེས་པས།། འབར ་ཞི་ཤིང་རྟའི་སྒྲ་ཡང་འབྱིན་ཅེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱིས་ཁྱེའུ་དང་བུ་མོར་སྐྱེས་ནས། ཕ་མ་དག་ལ་གནོད་པར་བྱེད་པའོ།། ཤིང་རྟའི་སྒྲ་ནི་སྐད་སྣ་ཚོགསུ་འབྱུང་བའོ།། གནས་རྣམས་དང་ནི་ཤུལ་དག་ཏུ།། རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན ་ཅེས་བྱ་བ་ནི། གཟུགས་དང་འོད་དང་རྫུ་འཕྲུལ་སྟོན་པའོ།། གྲོང་ཁྱེར་དག་དང་ཁྱི་རྣམས་ཀྱི། སྒོ་ཡང་གདོན་དེ་དག་ཀྱང་འབྱེད་ཅེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱི་ཕྱིར་འབྲང་ཞིང་། གྲོང་དང་གྲོང་ཁྱེར་རྣམས ་ལ་གནོད་པར་བྱེད་དེ།། སྒོ་ཕུག་དང་འཕང་དཀར་བསྡད་ཅིང་འཛིན་པའོ།། སྲོག་དང་ལུས་ཀྱང་བླངས་བགྱིད་ཅིང་།། ལམ་ན་ཀུན་ཏུ་བསྐོར་བགྱིད་ཅེས་བྱ་བ་ནི། ལུས་ལ་ན་ཚེ་དྲག་པོར་བྱས་ཤིང་། སྲོག་འབྲལ་བར་བགྱིང་པོའོ།། ་བསྐལ་པ་བདུན་གྱི་བར་དུ་ཡང་རྗེས་རྣག་པའོ།། རྣམ་པ་སྣ་ཚོགས་གཟུགས་དག་ཏུ།། རྣམ་པ་སྣ་ཚོགས་སྒྲ་རྣམས་དང་ཞེས་བྱ་བ་ནི།། གཟུགས་སྣ་ཚོགསུ་བསྒྱུར་ཞིང་། ཁ་དོག་སྣ་ཚོགས་སྤྲུལ་པའོ།། རྣམ་པ་སྣ་ཚོགས་ནད་ཀྱིས ་རྣམས།། ལུས་ལ་ན་བར་གནས་པར་སྟོན་ཅེས་བྱ་བ་ནི། མཛེ་དང་ལྷོག་པ་ཕོལ་མིག་ལ་སོགས་པའི་ནད་བཞི་བརྒྱ་རྩ་བཞི་སྟོན་པ་དག་གོ། ནང་རྣམས་ཀུན་གྱི་མཚན་ཉིད་ཀྱང་།། ཕྱིན་ཅི་ལོག་ཏུ་བརྩོན་པར་བྱེད་ཅེས་བྱ་བ་ནི། རླུང ་བད་ཀན་མཁྲིས་པར་སྟོན་ཅིང་། བད་ཀན་རླུང་དང་མཁྲིས་པར་སྟོན་ཏེ་རྩ་འཁྲུག་པར་སྣང་བའོ།། ཇི་སྙེད་འཇིག་རྟེན་རང་བཞིན་དག། ཐམས་ཅད་ལོག་པས་དེ་དག་སྟོན་ཅེས་བྱ་བ་ནི། སྟོང་གསུམ་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས ་སྐད་ཅིག་ཡུད་ཙམ་གྱི་རྒྱུ་ཞིང་། སེམས་ཅན་རྣམས་ལ་འཚེ་བ་ཕྱིན་ཅི་ལོག་པར་སྟོན་པའོ།། རིག་སྔགས་ཞགས་པས་དྲངས་པས་ན།། དེ་དག་ཀུན་ཀྱང་འདིར་མཆིས་སོ་ཞེས་བྱ་བ་ནི།། སྟོང་ཚཆེན་མོ་རབ་ཏུ་འཇོམས་མའི་དམོད་མོའི་ཞགས ་པས་མ་རུངས་པའི་འབྱུང་པོ་རྣམས་བཅིངས་པའོ།། དེ་ནས་ཞེས་བྱ་བ་ནི། འབྱུང་པོ་བཤད་པའི་དེ་ནས་སོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ་ཞེས་བྱ་བ་ནི། བྱང་ཕྱོགས་ཀྱི་གདོན་གནོད་པར་བྱེད་པ་རྣམས་ལ་ཆང་བ་གཅོད་པའོ།། ལངས ་ཏེ་ཐལ་མོ་རབ་སྦྱར་ནས་ཞེས་བྱ་བ་ནི། འཁོར་གྱི་ནང་ནས་སངས་རྒྱས་ཀྱི་སྤྱན་སྔར་ལངས་སོ།། ཞབས་ལ་འཁོར་ལོའི་མཚན་མངརའ་བ།། གསར་གྱི་མཆོད་སྟོང་དག་འབར་ཞིང་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་དང་ལྡན ་ཞིང་། དཔེ་བྱུང་བཟང་པོ་བརྒྱད་རྒྱས་བརྒྱན་པའོ།། ཆོས་ཀྱི་ཕུང་པོའི་རང་བཙུན་སྐུའོ།། འཇིག་རྟེན་སྣང་བར་མཛད་པའོ།། ཐུབ་པ་ཆེན་པོ་མེ་དང་འདྲ་ཞེས་བྱ་བ་ནཾ། སྟེང་གཙྪ་ནྡྷེ་སྦྱོང་གི་འཇིག་རྟེན་གྱི་ཁམས་ན་ཆོས་ཀྱི་རྒྱལ་པོར་སྣ ་པབ་བསྐལ་པ་མི་ལྟར་འབར་བའི་འོང་ངོ་།། སྟོང་ཕྲག་དྲུག་ཅུ་རྩ་བཞི་ནི། གནོད་སྦྱིན་གསང་སྔགས་མི་རིང་ཅན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྟང་ཆེན་མོའི་རིག་སྔགས་ཞལ་ནས་གསུངས་པས། གནོད་སྦྱིན་གྱི ་གདོན་རྣམས་རླག་པར་བྱེད་པའོ།། བྱང་ཕྱོགས་ཆ་ཡི་ཕྱོགས་ཆ་གནས།། བྱང་ཕྱོགས་དག་ཏུ་གནོད་པར་བགྱིད་ཅེས་བྱ་བ་ནི། གནོད་སྦྱིན་འབྱུང་པོ་མ་རུངས་པ་རྣམས་སོ།། འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། དེ་དག་འཆད་པ་བདག ་གིས་གཅོད་ཅེས་བྱ་བ་ནི། སྟོང་ཆེན་མོའི་རིག་སྔགས་ཀྱི་ཆང་པས་གཅོད་པའོ།། སྱཛྫ་དམ་ཞེས་བྱ་བ་ནི། འདི་ལྟ་སྟེ། གང་ལ་ཞེ་ན་རིག་སྔགས་འདིའོ།། བྱང་ཕྱོགས་སུ་བདག་བདེ་ལེག་སུ་གྱུར་ཅིག་ཅེས་བྱ་བ་ནི། བདག་ཉེ་བར་མཚོན་པའོ།། ་བདེ་ལེགས་ནི་སེམས་ཅན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་པའོ།། དེ་དག་ནི་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་བ་བཅུའི་ཆད་པ་སྐྱེས་པ་སྟེ། ཚངས་པ་དང་ནི་བརྒྱ་བྱིན་དང་།། འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ ་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་རྣམས་དང་། བརྒྱ་བྱིན་ལ་སོགས་པ་འདོད་པ་ཁམས་ཀྱི་ལྷ་རྣམས་དང་། འཇིག་རྟེན་སྐྱོང་བ་བཅུ་པོ་དང་། གནས་གཙང་མ་དང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་། གནོད ་སྦྱིན་དང་དཔོན་ཐམས་ཅད་དང་།། འཕྲོག་མ་བུ་དང་བཅས་པ་དང་ཞེས་བྱ་བ་ནི། མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་དང་། གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་དེང་དཔོན་ལྔ་རྩེན་དང་། འཕྲོག་མའི་བུ་ལྔ་བརྒྱའོ།། བདག་གི ་མེ་ཏོག་སྤོས་ངག་དང་། སྦྱིན་སྲེག་འདི་ནི་བླང་བར་གྱིས་ཞེས་བྱ་བ་ནི།། རྒྱལ་ཆེན་རྣམ་ཐོས་ཀྱི་བུས། སེམས་ཅན་གྱི་དོན་དུ་དེ་དག་འབུལ་བའོ།། དེ་དག་གི་ནི་བརྩོན་འགྲུས་དང་།། གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་ཞེས་བྱ་བ་ནི། ལྷ་དེ་དག་གི ་མཐུའི་ནུས་པའོ།། ནད་ཐམས་ཅད་བཅོམ་པར་འགྱུར་ཞེས་བྱ་བ་ནི། རླུང་མཁྲིས་པད་ཀན་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་འཇོམས་པའོ།། བདག་འཇིགས་པ་དང་། གནོད་པ་ཐམས་ཅད་ལས་བདེ་ལེགསུ་གྱུར་ཅིག་སྭཱ་ཧཱུ~ཾ། ཞེས་བྱ་བ་ནི། གང་ཟག ་ཡང་འདི་ལ་གུས་པར་བྱེད་པ་ནད་དང་འཇིགས་པ་ལས་ཐར་པའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་ཕུངང་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ལ་རྒྱན་པའི་སྤྲུལ་པའི་སྐུ་ལ་གུས་པར ་ཕྱག་འསོ།། ཐལ་མོ་སྦྱར་ཏེ་ཕྱག་འཚལོ།། ཆོས་རྒྱལ་ཁྱོད་ལ་ཕྱག་འཚལོ།། ཞེས་བྱ་བ་ནི་གསུམ་སྟོང་འཇིག་རྟེན་གྱི་ཁམས་ཆོས་ཀྱི་རྒྱལ་སྲིད་མཛད་ཅིང་། ཆོས་ཀྱི་རང་བཞིན་གྱིས་ཁྱབ་སྟེ། དེ་ལ་སྐུ་གསུང་ཐུགས་ཀྱིས ་གུས་པར་ཕྱག་འཚལ་བའོ།། རྒྱལ་ཆེན་ཡུལ་འཁོར་སྲུང་བ་ཡང་། ལངས་ཏེ་ཐལ་མོ་སྦྱར་བཏུད་ནས་ཞེས་བྱ་བ་ནི།། འཇིག་རྟེན་མགོན་གྱི་སྤྱན་སྔར་གུས་པས་འདུད་པའོ།། མེ་ཏོག་ལྟ་བུར་རྒྱས་གྱུར་ཅིག། ཀ་ལ་བཾ་ཀའི་སྒྲ་དབྱངས ་ཅན་ཞེས་བྱ་བ་ནི། ཞལ་པདྨ་རྒྱས་པ་དང་འདྲ་བ།། དབྱངས་གསལ་བ་ཕྲ་བའོ།། ཁུ་བྱུག་དང་ནི་རྨ་བྱའི་སྒོ།། རྔ་དང་འབྲུག་གི་སྒྲ་སྒྲོགས་པ། ཞེས་བྱ་བ་ནི། སྒྲ་གསལ་བ་ཡིད་དུ་འོང་བ།། རོལ་མོའི་ཚོགས་དང་ལྡན་པའོ།། ཐུབ ་ཆེན་གནོད་སྦྱིན་གྱི་སྲིན་པོ་དང་།། དྲི་ཟ་སྟོང་ཕྲག་དྲུག་ཅུ་བཞི་ཞེས་བྱ་བ་ནི། ཤར་ཕྱོགས་ན་འཁོད་པའི་འབྱུང་པོ་རྣམས་སོ།། ཤར་གྱི་ཕྱོགས་ཆའི་ཕྱོགས་ན་གནས། ཤར་ཕྱོགས་པ་ལ་གནོད་པར་བགྱིད་ཅེས་བྱ་བ་ནི། མ་རུངས་པ་དེ ་རྣམས་ལ་རིག་སྔགས་ཀྱི་དམོད་མོས་ཆད་པ་གཅོད་པའོ།། འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། དེ་དག་ཐམས་ཅད་བདག་གིས་བཤད་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར། རྒྱལ ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་ཞུས་པའོ།། གང་ཞུས་ན་དྲི་ཟ་ལ་སོགས་པའི་སྲོགོ་སྙིང་རིག་སྔགས་སྙིང་པོས་ཞུས་པའོ།། གསང་སྔགས་ནི་འདི་ལྟ་སྟེ། དྷ་ར་ཎི་ལ་སོགས་པའོ།། ཤར་ཕྱོགསུ་བདག་བདེ་ལེགསུ་གྱུར་སྭཱ་ཧཱ། ཞེས་བྱ་བ་ནི། གང ་ངག་འདི་ལ་ཤྭར་ཕྱོགསུ་གནོད་པ་དང་།། འཇིགས་པ་མི་འབྱུང་བའོ།། འདི་ཡང་ཡུལ་འཁོར་སྲུང་གིས་གསུངས་པ་སྟེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ནི། གོང་དུ་བཤད་པ་བཞིན་དུ་ཤེས་པར ་བྱའོ།། དེ་དག་གི་གཟི་བརྗིད་དང་མཐུའི་དབང་གིས། གང་ཟག་ནང་དང་འཇིགས་པ་ལས་ཐར་པའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་བྱའོ།། རྒྱལ་པོ་ཆེན་པོ་འཕགས་སྐྱེས་ཀྱང་། ཐལ་མོ ་སྦྱར་ཏེ་དེ་ནས་ལངས་ཞེས་བྱ་བ་ནི། འཇིག་རྟེན་མགོན་གྱིས་སྤྱན་སྔར་གུས་པས་ཐལ་མོ་སྦྱར་བའོ།། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས།། སྨྲས་པས་ཐམས་ཅད་རབ་གཟིགས་པ་ཞེས་བྱ་བ་ནི། རིན་པོ་ཆེ་རང་གི་ལག ་མཐིལ་དུ་སྣང་བ་དང་འདྲ་བ་འཇིག་རྟེན་གྱི་ཁམས་ཐུགས་རྗེས་ལྟ་བ། རྣམ་པར་རྟོག་པའི་ངོ་བོ་བདུད་བཞི་འཇོམས་པའོ།། ཐེ་ཚོམ་ཐམས་ཅད་གཅོད་མཛད་པ།། འཇིག་རྟེན་ཐམས་ཅད་རྣམ་འདྲེན་པ་ཞེས་བྱ་བ་ནི། མ་རིགས་པའི ་ངོ་བོ་ཉིད་ཉོན་མོངས་པ་རྣམས་འཇོམས་པའོ།། ཡེ་ཤེས་ཀྱི་འོད་ཟེར་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན། མཐོ་རིས་སུ་འདྲེན་པའོ།། གྲུལ་བུམ་ཡི་དགས་སྲུལ་པོ་དག། སྟོང་ཕྲག་དྲུག་ཅུ་རྩ་བཞི་ནམས་ཞེས་བྱ་བ་ནི། མ་རུངས ་པའི་གྲུལ་བུམ་ལ་སོགས་པ།། རིག་སྔགས་ཀྱི་ཆད་པས་གཅོད་པའོ།། ལྷོ་ཕྱོགས་ཆ་ཡི་ཕྱོགས་ན་གནས།། དེ་དག་བུ་ལ་གནོད་པར་བགྱིད་ཅེས་བྱ་བ་ནི། ལྷོ་ཕྱོགས་ན་འཁོད་ཅིང་གནོད་པར་བྱེད་པའོ།། འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། ་དེ་དག་འཆང་པ་བདག་གིས་བཤད་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་ཞུས་པའོ།། གང་ཞུས་ཤེ་ན། གྲུལ་བུམ་ལ་སོགས་པའི་སྲོག་གི་སྙིང་པོའོ།། རིག་སྔགས ་ཀྱི་ལས་ཀྱི་སྙིང་པོའོ།། གསང་སྔགས་ནི་འདི་ལྟ་སྟེ། ཤཱནྟི་ཤཱནྟི་ལ་སོགས་པའོ།། ལྷོ་ཕྱོགས་སུ་བདག་བདེ་ལེགསུ་གྱུར་ཅིག་སྭཱ་ཧཱ། ཞེས་བྱ་བ་ནི། གང་ཟག་འདི་ལ་གུས་པ་ལ་ལྷོ་ཕྱོགས་ཀྱི་ནད་འཇིགས་པ་མི་འབྱུང་བའོ།། ཚངས་པ་ལ ་སོགས་པས་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ།། དེ་དག་གི་གཟི་བརྗིད་དབང་ཕྱུག་གིས་གང་ཟག་གི་ནད་དང་འཇིགས་པ་དང་བྲལ་བའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་སོགས་པ་ནི། གོང་དུ་བཤད་པ་བཞིན་དུ ་ཤེས་པར་བྱའོ།། རྒྱལ་པོ་མིག་མི་བཟང་བ་ཡང་།། ཐལ་མོ་སྦྱར་བ་བྱས་ནས་ལངས་ཞེས་བྱ་བ་ནི། འཇིག་རྟེན་མགོན་པོའི་སྤྱན་སྔར་གུས་པར་འདུད་པའོ།། སྤྲིན་ཆེན་སེང་གེ་ཆེན་པོ་ལ།། ཆེ་བའི་ཆེན་པོ་རྒྱ་མཚོ་ཆེ་ཞེས་བྱ་བ་ནི། འཇིགས ་པ་མེད་པ་སོང་གེ་བཞིན་དུ་སྤྱོད་པ། སེམས་ཅན་སྤྲིན་གྱི་ཆར་བཞིན་དོན་བྱེད་པའོ།། རྒྱ་མཚོ་བཞིན་དུ་བསམ་གྱིས་མི་ཁྱབ་པའོ།། གསུང་བ་ཆེན་པོ་དཔའ་བོ་ཆེ།། གཡུལ་ཆེན་རབ་ཏུ་འཇོམས་མཛད་པ་ཞེས་བྱ་བ་ནི། སྨྲ་བའི་སེང་གེ་སྟོབས ་དང་ལྡན་པ། ཉོན་མོངས་པའི་གཡུལ་ཆེན་པོ་འཇོམས་པའོ།། ཀླུ་དང་འདབ་བཟང་གསང་བའོ།། སྟོང་ཕྲག་དྲུག་ཅུ་རྩ་བཞི་དག་ཅེས་བྱ་བ་ནི། མ་རུངས་པ་ཀླུའི་གདོན་ལ་སོགས་པ་རིག་སྔགས་ཀྱི་དམོད་མོའི་ཆད་པས་གཅོད་པའོ།། ནུབ་ཀྱི་ཕྱོགས ་ཆའི་ཕྱོགས་ན་གནས།། དེ་ནས་བྱུང་ནས་གནོད་པར་བགྱིད་ཅེས་བྱ་བ་ནི། ནུབ་ངོས་ནས་འཁོད་ནས་དེ་དག་ནས་བྱུང་བའོ།། འཇིག་རྟེན་མགོན་གྱི་སྤྱན་སྔར་ནི།། དེ་དག་ཆད་པ་དག་གིས་བཤད་ཅེས་བྱ་བ་ནི། ཡང ་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གིས་ཞུས་པའོ།། གང་ཞུས་ཤེ་ན། ཀླུ་རྣམས་ཀྱི་སྙིང་པོའོ།། རིག་སྔགས་ཀྱི་ལས་ཀྱི་སྙིང་པོའོ།། གསང་སྔགས་ནི་འདི་ལྟ་སྟེ། བ་ཊི་བ་ར་ཏྲི་ལ་སོགས ་པའོ།། ནུབ་ཕྱོགས་སུ་བདག་བདེ་ལེགསུ་གྱུར་ཅིག་སྭཱ་ཧཱ། ཞེས་བྱ་བ་ནི། གང་དག་ནུབ་ཕྱོགས་ཀྱི་འཇིགས་པ་དང་། ནང་ལ་སོགས་པ་དང་བྲལ་བའོ།། ཚངས་པ་ལ་སོགས་པ་ནི། སྔར་བཤད་པ་བཞིན་ནོ།། དེ་དག་གི ་མཐུ་དང་གཟི་བརྗིད་ཀྱིས་ཀྱང་། གང་ཟག་གི་ནང་དང་འཇིགས་པ་དང་བྲལ་བའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་སོགས་པ་ནི། གོང་བཞིན་དུ་ཤེས་པར་བྱའོ།། དེ་ནས་ནི་ཚིག་གི་བར་གྱི་དེ་ནས་སོ།། ཚངས་པ་དང ་ནི་ཚངས་ཆེན་ཡང་།། ཐལ་མོ་སྦྱར་བ་བྱས་ནས་ལངས་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་། འཇིག་རྟེན་མགོན་པོའི་སྤྱན་སྔས་འདུད་པའོ།། ཚངས་པ་བཀྲུས་པས་དག་པའོ།། རིག་བྱེད་ཀུན་གྱི་ཕ་རོལ་ཞེས ་བྱ་བ་ནི། མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་དང་དུ་བླངས་ཏེ། ཚད་མེད་པ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ།། སྐྱེ་བོ་དགའ་མཛད་སྨན་པའི་རྗེ།། འཇིག་རྟེན་ཐམས་ཅད་གསོ་མཛད་པ།། ཞེས་བྱ་བ་ནི ་འཇིག་རྟེན་གྱི་ཁམས་ཀྱི་མེས་བོར་མཛད་ཅིང་། དེའི་དོན་མཛད་པས་དབང་དུ་བསྡུས་པའོ།། གནོད་སྦྱིན་སྲིན་པོ་གང་གི་རྣམས།། ཕྱོགས་དང་ཕྱོགས་མཚམས་གནས་པ་རྣམས་ཞེས་བྱ་བ་ནི། ཕྱོགས་བཅུ་ན་བསྡང་བའི་འབྱུང་པོ་རྣམས།། ་རིག་སྔགས་ཀྱི་དམོད་མོའི་འཆང་པ་གཅོད་པའོ།། ས་ཡི་འོག་དང་ས་ཡི་སྟེང་།། ནམ་མཁའ་དག་ལ་གནོས་པའི་གདོན་ཞེས་བྱ་བ་ནི། ས་བདག་ཏུ་གནས་པ་བར་སྣང་ལ་རྒྱུ་བ། མ་རུངས་པའི་འབྱུང་པོ་རྣམས་སོ།། འཇིག་རྟེན་མགོན ་པོའི་སྤྱན་སྔར་ནི། དེ་དག་ཐམས་ཅད་བདག་གིས་བཤད་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར། མི་མཇེད་ཀྱི་བདག་པོ་ཚངས་པས་ཞུས་པའོ།། གང་ཞུས་ཤེ་ན། འབྱུང་པོ་རྣམས་ཀྱི་གཉེན་པོ་རིག་སྔགས ་ཀྱི་སྙིང་པོའོ།། གསང་སྔགས་ནི་འདི་ལྟ་སྟེ། བྷ་མེ་བྷ་མ་གཽ་ཤེ་ལ་སོགས་པའོ།། ཕྱོགས་བཅུ་དག་ཏུ་བདག་ལྡོགསུ་གྱུར་ཅིག་སྭཱ་ཧཱ། ཞེས་བྱ་བ་ནི། གང་ཟག་འདི་ལ་གུས་པ་ལ། ཕྱོགས་ཐམས་ཅད་ཀྱི་འཇིགས་པ་མི་འབྱུང ་བའོ།། ཚངས་པ་དང་ནི་བརྒྱ་བྱིན་ལ་སོགས་པ་ཞེས་བྱ་བ་ནི། གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ།། དེ་དག་ཀུན་གྱི་མཐུའི་ནུས་པས། གང་ཟག་ལ་འཇིགས་པ་དང་། ནང་ཐམས་ཅད་བྲལ་བའོ།། རླུང་ལས་གྱུར་དང་མཁྲིས ་ལས་གྱུར། བད་ཀན་ལས་གྱུར་འདུས་ལས་གྱུར་ཅེས་བྱ་བ་ནི། འདིའི་རྐྱེན་གྱིས་མཛེ་ནང་བཅོ་བརྒྱད་དུ་འབྱུང་སྟེ། དེ་རྣམས་ཀྱིས་ཀྱང་འཇིགས་པ་དང་བྲལ་བའོ།། ནང་རྣམས་ཐམས་ཅད་བཅོམ་པར་འགྱུར། བདག་འཇིགས་པ་དང་གནོད་པ་ཐམས ་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱཧཱ། ཞེས་བྱ་བ་ནི།། གང་ཟག་གང་ཡང་འདིའི་ནུས་པས། ནང་བཞི་བརྒྱ་རྩ་བཞི་དང་འཇིགས་པ་བརྒྱད་དང་བྲལ་བའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་སོགས་པ་ནི ་གོང་བཞིན་དུ་ཤེས་པར་བྱའོ།། དེ་ཡན་ཆད་ནི་འབྱུང་པོའི་གནས་སྐབས་བཤད་པ་སྟེ། བཞི་པའོ།། །། དེ་ནས་ཞེས་བྱ་བ་ནི། འབྱུང་པོ་ཆོ་ག་བཤད་པའི་དེ་ནས་སོ།། བཅོམ་ལྡན་འདས་འདི་སྙམ་དུ་དགོངས ་ཏེ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་སེམས་ཀྱི་དོན་ལ་སྙེམས་པར་ཞུགས་ཏེ། ཡང་ན་ཐུགས་རྗེས་གཟིགས་ནས། འགྲོ་བ་རིས་དྲུག་གི་སེམས་ཅན་ལ་གནོད་བྱེ་སེམས་པའོ།། སངས་རྒྱས་བཅོམ་ལྡན ་འདས་རྣམས་ནི་ཞེས་བྱ་བ་ནི། གངྒཱ་ཀླུང་གི་བྱེ་མ་སྙེད་ཙ་མོ།། ཡང་འདི་ནས་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དང་སེལ་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ ་སེང་གེ་རྣམས་ཞེས་བྱ་བ་ནི། རྒྱལ་སྲིད་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན་ལ་དགོངས་ནས་ཆོས་ཀྱི་རྒྱལ་སྲིད་བྱེད་པའོ།། གཅིག་གི་ཕྱིར་འཇིག་རྟེན་དུ་འབྱུང་བ་མ་ཡིན་ཞེས་བྱ་བ་ནི། ཤཱཀྱ་སེང་གེའི་བསྟན་པ་ལས ་འབྱུང་བ་ནི་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སྔོན་དུ་སོང་བའི་སངས་རྒྱས་རྣམས་ཀྱིས་བྱས་པའི་ཕྱིར་ཞེས་བྱའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་བྱ་བ་ནི། འདས་པ་དང་ད་ལྟར་བཞུགས་པ་དང་། མ་བྱོན་པ་རྣམས་སོ།། ་གྲོང་ཁྱེར་ནི་ཞེས་བྱ་བ་ནི། ས་གཅིག་ཏུ་བཤད་པ་ལ་བྱ། གྲོང་རྡལ་ནི་ཆེ་བའི་ཕྱིར་རོ།། ལྗོངས་ནི་ལྕགས་རི་དང་བཅས་པའོ།། གྲོང་དང་ཞེས་བྱ་བ་ནི་ཆུང་བ་ལ་སོགས་པའོ།། ཁྱིམ་ན་ཞེས་བྱ་བ་ནི། སེམས་ཅན་ནོ།། སེམས་ཅན་གཅིག ་གི་བར་གྱི་དོན་གྱི་ཕྱིར། འཇིག་རྟེན་དུ་འབྱུང་བ་ཞེས་བྱ་བ་ནི། སངས་རྒྱས་རྣམས་འབྱུང་བའི།། གང་གི་ཕྱིར་བྱུང་ཞེ་ན། འཇིག་རྟེན་གྱི་ལྷ་དང་བཙོས་པ་ནས་བྱུང་བའི་ཕྱིརརོ།། བཅས་ནས་བྱུང་ཞེས་བྱ་བ་ནི། འགྲོ་བ་རིས་དྲུག་གི་སེམས ་ཅན་གྱི་དོན་དུ་བྱུང་བའོ།། བདུད་དང་བཅས་པ། ཚངས་པ་དང་། བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་དོན་དུ་ཞེས་བྱ་བ་ནི། འཇིག་རྟེན་མི་ལ་གང་ཡང་འབྱུང་བའི ་ཕྱིར། དེའི་དོན་དུ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་སྤྱན་གྱིས་ལྟ་བའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་བྱ་བ་ནི། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཙམ་མོ།། འཇིག་རྟེན་དུ་འབྱུང་སྟེ་ཞེས་པ་ནི། གཅིག་གི་དོན་དུ་མ ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱིས་ལུང་བསྟན་པའི་ཕྱིར་རོ།། དེ་ནི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། དཔེར་ན་ཞེས་བྱ་བ་ནི། སྨན་པ་མཁས་པའི་དཔའ་བོ་སྨན་པ་མཁས་པ་མཆོག་ཏུ་ཕྱིན་པ་ཞེས་བྱ་བ་ནི། ་གཅིག་གི་དོན་དུ་ནི་མ་ཡིན་ནོ།། གང་གི་ཕྱིར་ཞེ་ན། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ།། གསོ་བ་ལ་བརྩོན་པ་ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་པའོ།། སྨན་པས་ཤེས་པར་བྱ་བ་བཞིན་དུ་བརླབས་པ་ཞེས་བྱ་བ་ནི།། ཡོན་ཏན་ནི་རིག་པ ་སླབས་པའོ།། རྒྱལ་པོ་གཅིག་གི་དོན་དུ་འབྱུང་བ་མ་ཡིན་ཞེས་བྱ་བ་ནི། རྒྱལ་པོའི་དོན་དུ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། རྒྱལ་སྲིད་བྱེད་པའི་ཕྱིརརོ།། ཡང་ན་སེམས ་ཅན་གྱི་དོན་བྱེད་།། ཡུལ་གཅིག་གི་དོན་དུ་འབྱུང་བ་མ་ཡིན་པས་ན་ཞེས་བྱ་བ་ནི། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་རྣམསུ་རྒྱུ་བའོ།། སེམས་ཅན་གཅིག་གིས་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་ནོ།། རབ་ཏུ་བྱུང་ཞེས་བྱ་བ་ནི། བཅོམ ་ལྡན་འདས་ཤཱཀྱ་ཐུབ་པའོ།། མ་ཡིན་པ་དང་འདྲའོ་ཞེས་བྱ་བ་ནི། ཐེག་པ་ཆུང་ངུ་མ་ཡིན་པས། ཐེག་པ་ཆེན་པོ་ཡིན་པའི་ཕྱིརརོ།། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བ་ལ་གནས་པའི་སེམས་ཅན་རྣམས་འདོན ་པའོ།། ཕྱོགས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་རྣམསོ།། བཞུགས་པའི་ཕྱོགས་དེ་ཞེས་བྱ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའོ།། དེ་དག་ཏུ་ཞེས་བྱ་བ་ནི། སེམས ་ཅན་གྱི་དོན་ནོ།། མི་རྣམས་དང་མི་མ་ཡིན་པ་དག་ཀྱང་རྣམ་པར་འཚོ་བར་མི་བྱ་བར་སེམས་ཀྱིས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སེམས་ཀྱིས་དགོངས་ནས། གྲོང་ཁྱེར་ཡངས་པ་ཅན་དུ་སེམས་ཅན་གྱི་དོན་དུ་བཞེངས་སོ།། གང ་གི་ཕྱིར་ཞེ་ན། མུན་ནག་བྱུང་བའི་ཕྱིར།། ང་ཡང་ཞེས་བྱ་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པའོ།། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞེས་བྱ་བ་ནི། ཞེང་དང་ཆུ་རུ་དཔག་ཚད་ལྔ་བཅུའོ།། རྒྱ་ཆེ་བ་ཡངས་པ་སྐྱེ་བོ་མང་པོའི་ཚོགས་འདུལ་བ། ་འོབས་རིམས་པ་བདུན་གྱིས་བསྐོར་བ། ཤིང་ལྗོན་པ་རྣམས་ཕྱོགས་ཕྱོགས་ན་ཡོད་པ། སྐྱེད་མོས་ཚུལ་ན་ཕྱོགས་ན་བརྒྱན་པ། སྐྱེད་མོས་ཚལ་རེ་རེ་ཡང་རྫིང་བུ་རེ་རེ་དང་བཅས་པ། རྫིང་བུའི་ནང་ན་མེ་ཏོག་པདྨ་དང་། པུཎྜ་རི་ཀ་དང་། ཨུཏྤ ་ལ་དང་། ཀུ་མུ་ད་ལ་སོགས་ཏེ། དྲི་ཞིམ་པོའི་མེ་ཏོག་སྐྱེ་བ། ཆུ་དེ་ཡང་ཙན་དན་ལ་སོགས་པའི་དྲི་ཞིམ་པ་སྐྱེ་བ། རྫིང་བུ་དེ་རྣམས་ཀྱི་ནང་ན། བྱའི་ཚོགས་ཡོད་པ། དང་པ་དང་། ངུར་བ་དང་། ཁྲུང་ཁྲུང་དང་། ས་རཱ་སྭ་ལ་སོགས ་པ་ཡོད་པ། སྐྱེད་མོས་ཚལ་དེ་རྣམས་ཐང་ལས་སྐྱེས་པའི་མེ་ཏོག་དྲི་ཞིམ་པ་ཛཱ་ཏིའི་མེ་ཏོག་དང་ཀུ་མུན་དང་། ཛཾ་བ་ཀ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྔོན་པོ་དང་། མཐིང་ཀ་དང་། ལེ་བརྒན་ལ་སོགས་པའི་དྲི ་ཞིམ་པོ་སྐྱེ་བ། སྐྱེད་མོས་ཚལ་གྱི་འགྲམ་ནས། འབྲས་བུ་ཅན་གྱི་ཤིང་སྐྱེས་པ། ཨ་འབྲས་ཀྱི་ཤིང་དང་། འཇམ་འབྲས་ཀྱི་ཤིང་དང་རྟ་ཀ་དང་ཨུ་ནུའི་ཤིང་དང་སེ་བ་དང་རྒྱའི་སེ་བ་དང་ཤུག་པ་དང་། རྒྱ་ཤུག་དང་། ཤིང་བལ ་པོ་སེའུ་དང་། ཨུ་དུམ་བ་ར་དང་། ནྱ་གྲོ་དྷ་ལ་སོགས་པའི་ཤིང་ཡོད་དོ།། གྲོང་ཡངས་པ་ཅན་ཕྱོགས་ཕྱོགས་ན་མཆོད་རྟེན་གྱིས་བསྐོར་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དར་བ། དགེ་སློང་ངམ་དགེ་སློང་མ་ངམ། ་དགེ་བསྙེན་ནམ་དགེ་བསྙེན་མ་འམ། དེ་དག་ཀྱང་སངས་རྒྱས་ཀྱིས་གསུངས་པ་དེ་བཞིན་སྲུང་བ། བྲམ་ཟེ་འམ་བྲམ་ཟེ་མོ་འམ། རྒྱལ་པོ་འམ་རྒྱལ་མོ་འམ། བཙང་པོ་འམ་བཙན་མོ་འམ། རྫ་རིགས་སམ་དམང་རིགས་ལ་སོགས་པ ་འམ། སྐྱེ་བོ་མང་པོ་འདུས་པ་འམ། བྱོལ་སོང་ངམ་ཕྱུགས་ལ་སོགས་པ་མང་པོ་ཡོད་པ། གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ནོ།། ག་ལ་བ་དེར་ཞེས་བྱ་བ་ནི། གྲོང་གི་ནང་དུའོ།། ཡངས་པ་ཅན་གྱི་གྲོང་ཁྱེར ་ཆེན་པོའི་སྐྱེ་བོའི་ཚོགས་ཞེས་བྱ་བ་ནི། ལི་ཙ་བྱི་ལ་སོགས་པའི་བྲམ་ཟེའོ།། ཕལ་པོ་ཆེའི་དོན་ཡང་བྱས་པར་འགྱུརརོ་ཞེས་བྱ་བ་ནི། གྲགས་པ་ཆེན་པོ་བྱུང་བའོ།། ཅིའི་ཕྱིར་ཞེ་ན། མུན་ནག་ཆེན་པོ་བྱུང་བ་དང་། མུ་ཁེ་བྱུང་པོ་དང་། ་ནང་སྣ་ཚོགས་བྱུང་བའོ།། སངས་རྒྱས་ཀྱིས་མཛད་པ་ཡང་བྱས་པར་འགྱུརརོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་དོན་ཡིན།། མཉམ་དུ་དགོངས་ཏེ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པའོ།། དེ་ནས་ཞེས་བྱ་བ་ནི ་མཉམ་པ་ཉིད་དུ་བསྒོམས་པའི་གཏང་ལའོ།། བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཞེས་བྱ་བ་ནི་ཉི་མ་ཤར་བའི་དུས་སོ།། ཆོས་གོས་དང་ཤྲམ་ཐབས་དང་ལྷུང་བཟེད་བསྣམས་ཏེ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས ་སྟན་ལས་ལངས་ཏེ་བསིལ་བྱེད་དང་ལྷུང་བཟེད་ཐོགས་ནས་བྱ་རྒོད་ཕུང་པོའི་རི་ལ་བབས་ནས་གྲོང་ཁྱེར་ཡངས་པ་ཅན་ལ་ཁ་ལྟས་པའོ།། དགེ་སློང་ཉིས་བརྒྱ་ལྔ་བཅུ་དང་ཐབས་གཅིག་ཏུ་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཁོར་དང ་བཅས་པའོ།། བྱ་རྒོད་ཀྱི་ཕུང་པོའི་རི་ལས་ཤོད་དུ་གཤེགས་པ་དང་། ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་ལ་སོགས་པ་མཆོད་པ་བྱེད་པའོ།། མི་མཇེད་ཀྱི་བདག་པོ་ཚངས་པས་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི་ལྷའི ་རྫས་དང་། མེ་ཏོག་དང་མཆོད་པ་ལ་སོགས་པ་འབུལ་ཏེ། ལྷའི་བུ་ཚངས་པ་དང་ཚངས་ཆེན་དང་། དགའ་ལྡན་གྱི་ལྷའི་བུ་ལ་སོགས་པ་ལ་མཆོད་པ་བྱེད་པའོ།། བཅོམ་ལྡན་འདས་ལ་གཡས་རོལ་ནས་ཕུལ་ལོ་ཞེས་བྱ་བ་ནི་ལྷ་དང ་མི་ལ་སོགས་པ་གུས་པས་བྱས་ནས་འབུལ་བའོ།། ཡང་ན་ནི་བཅོམ་ལྡན་འདས་གར་གཤེགས་པའི་སར། ལྷའི་ཟ་འོག་དང་། དར་དང་། ས་གཞི་ལ་གཏིང་ནས་གཤེགས་པའོ།། ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས ་གཡོབ་ཅིང་འདུག་པར་གྱུར་ཏོ་ཞེས་བྱ་བ་ནི། དགའ་ལྡན་གྱི་ལྷའི་བུ་དང་། ཚངས་པ་དང་ཚངས་ཆེན་ལ་སོགས་པས། ལྷ་རྫས་ཀྱི་མེ་ཏོག་དང་དྲི་ལ་སོགས་པའི་ཆར་འབེབས་པའོ།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གདུགས ་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི།། ལྷའི་དབང་པོ་བརྒྱ་བྱིན་ནམ། ལྷའི་བུ་དབང་ཕྱུག་ཆེན་པོ་འམ། ཁྱབ་འཇུག་གམ་འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕུལ་བའོ།། བཅོམ་ལྡན་འདས་ལ་གཡོན་རོལ་ནས་ཕུལ་ལོ།། ཞེས ་བྱ་བ་ནི། སུམ་ཅུ་རྩ་གསུམ་ལྷའི་བུ་དང་། བུ་མོ་རྣམས་ཀྱིས་ཀྱང་ཕུལོ།། ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏེ་ཞེས་བྱ་བ་ནི། ལྷའི་ཟ་འོག་དང་དར་ལ་སོགས་པ་དོག་ས་ལ་བཏིང་བའོ།། རྒྱལ ་པོ་ཆེན་པོ་བཞིས་ཀྱང་རེ་རེ་ཞིང་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི། རྒྱལ་ཆེན་གྱི་ལྷ་རྣམས་དང་ལྷའི་བུ་མོ་ར་རེ་བླངས་ནས་ཕུལ་བའོ།། བཅོམ་ལྡན་འདས་ལ་རྣམ་ལོགས་ནས་ཕུལ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི ་མདུན་དུ་ཡིན་ཏེ། མེ་ཏོག་གི་ཆར་ཕབ་པའོ།། བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འཁོད་པར་གྱུར་ཏོ་ཞེས་བྱ་བ་ནི།། རྒྱལ་ཆེན་བཞིའི་ལྷའི་བུ་དང་ལྷའི་བུ་མོས་ལྷའི་ཟ་འོག་དང་། དང ་ལ་སོགས་པ་ངོག་ས་ལ་བཏིང་བའོ།། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་སོ་སོ་ནས་ལྷའི་གདུགས་དང་ཞེས་བྱ་བ་ནི། ལྷ་དང་ལྷ་མོ་དང་གནོད་སྦྱིན་དང་གནོད་སྤྲིན་མོ་ལ་སོགས་པས་སོ་སོའི་ལག་ནས་ཕུལ་བའོ།། ཉན་ཐོས་རྣམས ་ལ་ཕུལ་ནས་ཞེས་བྱ་བ་ནི་སྔོན་དུ་བཅོམ་ལྡན་འདས་ལ་ཕུལ་ནས། ཉན་ཐོས་རྣམས་ལ་ཡང་བཀུར་སྟི་བྱས་པའོ།། དེ་ལྟ་བུའི་གྲགས་པ་དང་བཀུར་སྟི་དང་མཉེས་པར་བྱ་བ་མཉེས་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཁོར་དང ་བཅས་པ་རྣམས་ལའོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་དུ་བབས་ཏེ་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་དོན་དུའོ།། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ ་ག་ལ་བ་དེར་གཤེགས་པ་དང་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་མི་རྣམས་ཀྱིས་མཐོང་ནས། གདུགས་དང་རྒྱལ་མཚན་དང་། བ་དན་དང་རོལ་མོའི་ཚོགས་ཀྱིས། བཅོམ་ལྡན་འདས་ལ་སྔུན་དུ་ཞུ་བའོ།། གྲོང་ཁྱེར་ཡངས་པ་ཅན་གྱི ་གྲོང་དང་གྲོང་བར་དང་གྲོང་གི་ཕྱི་རོལ་དང་། པ་དན་དང་རྒྱལ་མཚན་དང་། གདུགས་དང་མེ་ཏོག་གི་ཕྲེང་བ་དང་མུ་ཏིག་དང་མུ་ཏིག་གི་ཕྲེང་བ་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། བསིལ་ཡབ་དང་རྔ་མང་དང་། མང་དཀར་པོ་དང་། ངར ་དབྱངས་དང་བླ་རེ་དང་དོག་སཱ་ལ་ཟ་འོག་དང་དུར་བཏིང་བ་དང་། གྲོང་བར་དུ་ཟུར་ཟུར་དུ་བཀྲ་ཤིས་བུམ་པ་གང་བ་ཡང་དག་པར་བཞག་པའོ།། ཡངས་པ་ཅན་གྱི་ལོ་ཙོ་བྱི་རྣམས་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤིན་ཏུ་བྱིན་པ ་དགའ་ནས་ལི་ཙ་འམ་ལི་ཙིའི་ཆུང་མ་འམ་ལི་ཙིའི་བུ་འམ་བུ་མོ་འམ། ལི་ཙིའི་འཁོར་ཕོ་འམ་འཁོར་མོ་འམ། ཉེ་བ་རྣམས་ལ་དགའ་བའི་སེམས་དང་ལྡན་ནོ།། སྡུག་བསྔལ་ཐམས་ཅད་དང་བྲལ་བའོ།། དཔེར་ན་མིག་གཅིག་བརྩོན་དུ ་བཟུང་བ་དང་བརྩོན་ཐོན་ནས་སྡུག་བསྔལ་དང་བྲལ་བ་ལྟ་བུའོ།། བཅོམ་ལྡན་འདས་ཤིན་ཏུ་མཛེས་པ་ཞེས་བྱ་བ་ནི། དཔེར་ན་བུ་མོ་གཞུ་ནུ་མ་བག་མར་འགྲོ་བ་བཅས་པ་ལྟ་བུ་སྟེ། ཡང་ན་དབྱར་ཀའི་ན་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུའོ།། སྐར ་མ་རྣམས་ནི་ཉན་ཐོས་ལ་སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་ལ་མཛེས་པའོ།། དང་པོར་འོས་པ་ཞེས་བྱ་བ་ནི། དཔེར་ནི་བུ་གཙས་པ་ཚོང་ལ་སོང་ནས། ཡུན་རིང་པོར་ལོན་ནས་མ་དང་ཕྲད་པ་ལྟ་བུའོ།། དབང་པོ་ཞི་བ ་ཞེས་བྱ་བ་ནི། མུ་སྟེགས་ཤིན་ཏུ་ང་རྒྱལ་ཆེ་བ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ནས་དད་པ་སྐྱེས་པ་དང་འདྲ་སྟེ། ཡང་ན་ནི་འདོད་པའི་ཡོན་ཏན་ལྔ་དང་བྲལ་བའོ།། ཐུགས་ཞི་བ་ཞེས་བྱ་བ་ནི་སེམས་མི་འཕྲོ་བ་ལྟ་བུའོ།། དབང་པོ་དུལ་བ་ཞེས ་བྱ་བ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་དང་བྲལ་བའོ།། ཐུགས་དུལ་བ་ཞེས་བྱ་བ་ནི། བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་ལས་བྲལ་བའོ།། དུལ་བ་དང་ཞི་གནས་ཀྱི་ཞེས་བྱ་བ་ནི། ཉན་ཐོས་ཀྱི་ཚུལ་ཏུ་གནས་པའོ།། དམ་པའི ་ཕ་རོལ་ཏུ་ཕྱིན་པ་བསྙེས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ་དེ་ལ་སྦྱིན་པ་ནི་སེམས་ཅན་རྣམས་ཡོངས་སུ་འཛིན་པ་སྟེ། དེ་ལ་ཡང་གསུམ། ཟས་སྐོམ་དང་ནོར་བུ་དང་། འབྲུ་ལ་སོགས་པས ་སེམས་ཅན་རྣམས་ཚིམ་པར་བྱས་ཏེ་མགུ་བར་བྱེད་པ་དང་། ཕན་སྐྱབས་དང་དཔུང་གཉེན་གྱིས་སེམས་ཅན་རྣམས་འཇིགས་སྐྲག་ལས། དབུགས་ཕྱུང་སྟེ་མགུ་བར་བྱེད་པ་དང་དོན་དང་ཡི་གེ་དང་བརྡའི་སྒོ་ནས་སེམས་ཅན་རྣམས་ཉོན ་མོངས་པ་ལས་གྲོལ་བར་བྱས་ཏེ། མགུ་བར་བྱེད་པའོ།། ཚུལ་ཁྲིམས་ནི་དེ་དག་ལ་མི་གནོད་ཅིང་ཕན་པར་སེམས་པ་སྟེ། དེ་ལ་གསུམ་བཅས་པ་དང་རང་བཞིན་གཙོ་བོའི་སྒོ་ནས་གཞན་ལས་གནོད་བ་ལས་ལྡོག་པར་དམ་བཅས་པའི ་སེམས་ཅན་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་སྒོ་ནས་དཀའ་བར་བྱེད་པའི་དམ་བཅས་པའི་སེམས་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ཡིས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པའི་སེམས་བརྟན་པའོ།། བཟོད ་པ་ནི་སྲན་བྱའི་དངོས་པོ་ལ་མི་སྐྲག་ཅིང་སྲན་ཚུགས་པ་སེམས་པའོ།། དེ་ལ་ཡང་གསུམ་སྟེ། ཆོས་ལ་སེམས་པའི་ཕྱིར་རྟག་ཏུ་སྡུག་བསྔལ་བ་ལ་སྲན་ཚུགས་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ་མི་སྐྲག་ཅིང་སྲན་ཚུགས་པའི ་ཤེས་པ་དང་ཆོས་ཉིད་སྟོང་པ་ཉིད་སྤྲོས་པ་བྲལ་དོན་ལ་མི་སྐྲག་ཅིང་སྲན་ཚུགས་པའོ།། བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའི་ཤེས་པའོ།། དེ་ལ་ཡང་གསུམ་ཏེ། བསྒྲུབ་བྱའི་དངོས་པོ་དེ་ལྟར་སྒྲུབ་པའི་དམ་བཅས་པའི་སེམས་དཔའ ་དང་། དེ་ཉིད་ཉམས་སུ་མྱོང་བའི་སེམས་པ་དང་། བསྒྲུབ་བྱ་དེ་ཉིད་མཐར་མ་ཕྱིན་པར་མི་གཏོང་བའི་སེམས་དཔའོ།། བསམ་གཏན་ནི་དམིགས་པ་ལ་རྩེ་གཅིག་པའོ།། དེ་ལ་ཡང་གསུམ་སྟེ་མི་མཐུན་ཕྱོགས་ཀྱི་བྱིང་རྒོད་དངོས་པོར་ཡང ་མ་བྱུང་ལ་དོག་པ་ཡང་ཡོད་པའི་ཚེ་སྤོང་བའི་སེམས་མཉམ་པ་ཉིད་ལ་རྒྱུན་ཏུ་བཞག། བླན་ཏེ་བཞག་པའི་སྒོ་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱབ་པར་ཅན་སྒྲུབ་པ་དང་། བྱིང་རྒོད་བྱུང་གིས་དོགས་པ་ཡང་ཡོད་ཀྱང་། ་དངོས་སུ་མ་བྱུང་བའི་སེམས་རྣལ་ཏུ་ཞུགས་པའི་སྐབས་དང་། བྱིང་རྒོད་སེམས་བྱུང་ཡང་མ་བྱུང་གིས་དོགས་པ་ཡང་མེད་པའི་སེམས་ལྷུན་གྱིས་གྲུབ་པའི་སྐབས་ན་ལུས་ཀྱི་འབྱོར་པ་སྟོང་ནས་མེ་བྱུང་སྨད་ནས་ཆུ་གྲུབ་པ་ལ་སོགས་པའི་སྒོ ་ནས་སེམས་ཅན་དོན་བྱེད་པའོ།། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ།། དེ་ལ་ཡང་གསུམ་སྟེ། སྒྲ་ཐོས་ནས་རྟོགས་པ་དང་། རིག་པ་ངེས་པའི་ཤེས་རབ་ཀྱིས་སྒྲ་དོན་ལ་སྤྱད་པས་དོན་རྟོགས་པ་དང་དེ་ལྟ་བུའི་དོན་བསྒོམས་པས ་ཕུལ་ཏུ་བྱུང་བ་སྐྱེས་པའོ།། ཐབས་ནི་དགེ་བ་ཆུང་ངུ་བྱས་པ་ཡང་མི་ཟད་པར་ཆེན་པོར་བྱེད་པ་སྟེ། རང་གི་སྐྱོན་དགེ་བ་ཆེན་པོ་ཆུང་ངུར་འགྲོ་བ་དང་། མི་ཟད་པ་ཟད་པར་འགྱུར་བ་སྤོང་བ་དང་རང་གི་དགེ་བ་ལ་སེམས་འཇུག་པའི་ཐབས་ཤེས ་པ་དང་། རང་གི་དགེ་བའི་འབྲས་བུར་མྱུར་དུ་སྨིན་པའི་ཐབས་ཤེས་པའོ།། སྨོན་ལམ་ནི་འདོད་པའི་གནས་སུ་རང་གི་དགེ་བ་སྟོབས་པའོ།། དེ་ལ་ཡང་གསུམ་སྟེ། རང་གི་དགེ་བ་དེ་ཕྱི་མ་ལ་སོགས་པ་ལ་རྒྱུན་མི་འཆད་པར་སྨོན་ཅིང་དེ ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྔོ་བ་དང་། བདག་གང་དུ་སྐྱེ་བ་དེར་སེམས་ཅན་རྣམས་འདོད་ཆགས་མེད་པ་ཞེ་སྡང་མེད་པར་གྱུར་ཅིག་ཅེས་སེམས་སྦྱོང་བ་དང་བདག་གང་དུ་སྐྱེ་བ་དེར་མ་བཏབ་པའི ་ལོ་ཐོག་སྐྱེ་བ་དང་སྨན་དང་མེ་ཏོག་ཕུན་སུམ་ཚོགས་པའི་ཞིང་ཁམས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག། ཅེས་སྨོན་ལམ་གང་བ་པོ།། སྟོབས་ནི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའོ།། དེ་ལ་ཡང་གསུམ་སྟེ། མི་དགེ་བའི་ལས་ཀྱི ་དབང་དུ་མི་འགྲོ་ཞིང་ཟིལ་གྱིས་གནོན་པར་མི་ནུས་ཤིང་། ཕར་ལ་ཟིལ་གྱིས་གནོན་པ་དང་། བདུད་དང་རྒོལ་བ་རྣམས་ཀྱིས་ཚུར་ཟིལ་གྱིས་མནན་པར་མི་ནུས་ལ་ཕར་ལ་ཟིལ་གྱིས་མནོན་པའོ།། ཡེ་ཤེས་ནི་དངོས་པོ་དེ་ཤེས་པའོ།། ་དེ་ལ་ཡང་གསུམ་སྟེ། གཉིསུ་སྣང་བ་ཡང་མི་སྣང་ལ་ཞེན་པ་མེད་པ་དང་སྣང་ནི་སྣང་ལ་ཞེན་པ་མེད་པ་དང་། ཉན་ཐོས་ལ་སོགས་པ་གང་གིས་འདུལ་བ་དང་། དེ་དང་དེར་སྟོན་པའོ།། དེ་ལྟར་བཅུ་པོ་དེ་རྣམས་རེ་རེ་ལ་ཡང་གཉིས་གཉིས་ཏེ ་སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་དང་སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའོ།། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། བྱམ་པ་དང་སྙིང་རྗེའི་རྣལ་འབྱོར་གྱིས་ཟིན་པ་དང་། བླ་ན་མེད་པའི་རྒྱུར་བསྔོས ་པོ་དེས་ནི། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་ཡང་ཡིན་པའོ།། དེ་ལས་བཟློག་པ་ནི་སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའོ།། དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ཡང་སྦྱར་བར་བྱའོ།། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ ་མ་ཡིན་པ་ལ་གཉིས་ཏེ། སྦྱིན་བྱའི་རྫས་ལ་སེམས་དཔའ་མི་དམིགས་པ་དང་། སྦྱིན་བདག་མི་དམིགས་པ་དང་། ལེན་པ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་ལོ་ཀ་ལས་འདས་པ་གཡེང་བ་ལས་འཕགས་པའི་ཕྱིར་འདས་པའོ།། ་འཁོར་གསུམ་ཡོངས་སུ་མ་དག་པ་ནི་ལོ་ཀ་ལས་མི་གཡོ་བ་འཕགས་པའི་ཕྱིར་ན་འཇིག་རྟེན་པའི་དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་སྦྱར་རོ།། ངེས་པའི་ཚིག་ནི་སྦྱིན་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་ན་སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། གཞན་ལ་ཡང་སྦྱར་བར་བྱའོ།། མིང་གི་རྣམ་གྲངས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ།། མཆོག་ཏུ་ཕྱིན་པ་ཞེས་བྱ། མཐར་ཕྱིན་པ་ཞེས་བྱའོ།། འོ་ན་འབྲས་བུ་སྐུ་གསུམ་མམ་ཆོས་ཀྱིས་དབྱིངས་ཡེ་ཤེས་དང ་རྒྱུ་ཕ་རོལ་ཏུ་ཕྱིན་པ་གཉིས་ཐ་དད་དུ་མི་འགྱུར་རམ་ཞེས་ན། ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ཆོས་ཅན་ལ་ཆོས་དབྱིངས་ཡེ་ཤེས་སམ་སྐུ་གསུམ་ནི་ཆོས་ཉིད་ཀྱི་ཚུལ་ཏུ་གནས་པ་འམ། ཆོས་དབྱིངས་ཡེ་ཤེས་ནི་རྟེན་ལ།། ཕ་རོལ་ཏུ་ཕྱིན ་པ་ནི་བརྟེན་པའི་ཚུལ་ཏུ་གནས་པ་ཐ་མི་དད་པའོ།། དབང་པོ་དབེན་ཞིང་ཞེས་བྱ་བ་ནི། དབང་པོ་ནི་མིག་གི་དབང་པོའོ།། ཡང་ན་ནི་གྲིམ་པ་བདུན་གྱི་བར་དུ་སྤྱི་ལྟ་སྟེ། ཏིང་འཛིན་ལ་སྙོམས་པར་བཞུགས་པའོ།། ཁུག་པ་ནི་ཞེས ་བྱ་བ་ནི་སེམས་ཡིན་ཏེ། ཉོན་མོངས་པ་ལ་སོགས་པ་ཡང་དག་པར་སྤངས་པའོ།། གླང་པོ་ཆེན་པོ་ལྟར་ཤིན་ཏུ་དུལ་བ་ཞེས་བྱ་བ་ནི། གླང་པོ་ཆེ་ནི་དཔེ་ཡིན་ཏེ་གླང་པོ་ཆེ་དུལ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཟུགས ་ལ་སོགས་པ་འདུལ་བའོ།། མཚོ་ལྟར་དང་ཞིང་ཞེས་བྱ་བ་ནི། མཚོ་ནི་ཤིན་ཏུ་རྒྱ་ཆེ་བ་ཏིང་རིང་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དཔག་ཏུ་མེད་པའོ།། རྙོག་པ་ནི། ་དྲི་མས་ཏེ་དྲི་མ་ནི་ཉོན་མོངས་པ་ལ་སོགས་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་དང་བྲལ་བའོ།། རྣམ་པར་གསལ་བ་ཞེས་བྱ་བ་ནི།། ཏིང་འཛིན་ལ་སོགས་པ་རྣམ་པར་གསལ་བ་སྟེ། ཡང་ན་ནི་ཡེ ་ཤེས་ལྔ་རྣམ་པར་གསལ་བ་དང་ལྡན་པའོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་སྐུ་ལེགས་པར་བརྒྱན་པ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང ་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། ་སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་དང་། རི་དགས་ཨ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དྲང་པོར་སླེབས་པ་དང་། གསང་བའི་གནས་སྦུབསུ་ནུབ་པ ་དང་། གསེར་གྱི་ཁ་དོག་དང་། མདོག་དང་ཤིན་ཏུ་འཇམ་པ་དང་། སྥུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་།། ཞལ་མཛད་པུས་བརྒྱན་པ་དང་སེང་གེའི་རོ་སྟོང་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པ་གྲུབ་པ་དང་། ཕྲག ་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་ཏུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་ཚེ་མས་ཤིན ་ཏུ་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་དང་། སྤྱན་དཀར་ནག་ཕྱེད་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངསུ་རྫོགས་པ་འདི་ལྟར། རུས་པ་འམ་པ་སོ་ལ་གཟུགས་བརྐོས་པ་དང་འདྲ་བ་མངའ་བས་ཕྱག་དང་ཞབས་འཁོར་ལོའི་མཚན་དང ་ལྡན་པའོ།། ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཛེག་ཅིང་ཞབས་ཞུམ་པ་མེད་པས་ཞབས་ཤིན་ཏུ་གནས་སོ།། ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་པས། ཕྱག་དང་ཞབས་དྲ་བར་འབྲེལ་བའོ།། ་ཤིང་བལ་གྱི་གཡེང་བུ་ལྟར་ཤིན་ཏུ་འཇམ་ཞིང་གཞོན་པས་ཕྱག་དང་ཞབས་གཞོན་ཤིང་འཇམ་པའོ།། ཞབས་དང་ཕྱག་དང་མགུར་གྱི་ལྷུན་ཤིན་ཏུ་མཐོ་བའོ།། ཕྱག་དང་ཞབས་ཀྱི་སོར་མོ་རིང་བའོ།། རྟིང་པ་རིང་བས་རྟིང་པ ་ཡངས་པའོ།། སྐུ་ལག་པ་མདུན་དུ་འཕགས་དྲང་བས་སྐུ་ཆེ་ཞིང་དྲང་བའོ།། པུས་མོའི་ལྷ་ང་དང་ལོང་བུ་མཛེས་པར་ནུབ་པས། ཞབས་ལེགས་པར་མཐོ་བའོ།། སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་ཡན་ལག་གི་སྤུ་གྱེན་དུ་འཁྱིལ ་བའོ།། རི་དགས་ཨེ་ནཱ་ཡའི་བྱིན་པ་དང་། སྨིན་མ་དང་ལྡུམ་བུ་དར་བ་ལྟར་དྲང་ཞིང་མཉམ་པ་ལ་རིམས་ཀྱིས་གཞོལ་བར་གྲུབ་ཅིང་བྱིན་པ་ཟླུམ་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུའོ།། བརླ་དྲང་པོར་བཞག་སྟེ་མ ་བཏུད་ཀྱང་ཕྱག་གི་མཐིལ་གཉིས་ཀྱིས་པུས་མོ་གཡས་པའི་ལྷ་ང་ལ་རེག་པའོ།། ཕྱག་བརླ་དྲང་པོར་སླེབས་པའོ།། གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུབས་སུ་ནུས་པའོ།། གསང་བའི་གནས་སྐབསུ ་ནུབ་པའོ།། ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་གོ། གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་ཁ་དོག་ཏུ་འདུག་པ་སྐུ་ལ་རྡུལ་གྱིས་མ་གོས་པས་མདོག་ཤིན་ཏུ་འཇམ་པའོ།། ་ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེ་སྐྱེས་ཤིང་། གཉིསུ་མེད་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའོ།། མེ་ཏོག་ཀུནྡྷ་དང་ཟླ་བ་དང་འོ་མ་དང་བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་རྒྱས་པས་ཀྱང་འཕགས་པས་འོད་གསལ ་བའི་མཛོད་པུས་སྨིན་མཚམས་ཤིན་ཏུ་རྒྱས་པས་ཞལ་མཛོད་པུས་བརྒྱན་པའོ།། རོ་སྟོང་ཆེ་བས་སེང་གེའི་རོ་སྟོད་དོ།། མགུལ་པ་རྒྱུ་ལེགས་པར་ལྦུ་འབྲེལ་ཅིང་ལྷུན་ཟླུམ་པས། ཕྲག་པའི་ལྷན་མཛེས་པ་གྲུབ་པའོ།། གསེར་གྱི་བསྟན་པ ་ཤིན་ཏུ་ཕྱིས་པ་ལྟར་ཤིན་ཏུ་ཕྲག་ལེགས་པར་གྲུབ་པས་ཕྲག་སོ་ཤིན་ཏུ་རྒྱས་པའོ།། རླུང་དང་མཁྲིས་པ་བད་ཀན་གྱིས་མ་ཉམས་ཤིང་རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་གོ།། སྐུ་ཆུ་ཞེང་འདོམ་དུ་མཉམ་པས། ཤིང་ནྱ་གྲོ་དྷ་ལྟར ་ཆུགབ་པའོ།། སྤྱི་གཙུག་ཟླུམ་ཞིང་ལེགས་པར་གཡས་ཕྱོགསུ་འཁྱིལ་པ་དང་ལྗང་ཞིང་དབུ་མཉམ་སྙིང་ལེགས་པར་གྲུབ་པ་ལ།། མཛེས་པ་མངའ་བས་དབུའི་སྤྱི་གཙུག་དང་ལྡན་པོ།། མེ་ཏོག་ཨུཏྤ་ལ་དམར་པོའི་འོད་མངའ་བའི་ཁ་དོག ་ལྟར་འདུག་ཅིང་ཤིན་ཏུ་ཡངས་པ་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའོ།། ཚངས་པ་དང་བྱ་ཀ་ལ་བཾ་ཀ་ལྟ་བུའི་གསུང་མངའ་བས་ཚངས་པའི་དབྱངསོ།། འགྲོམ་པ་མེ་ལོ་ཤི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་།། མཛེས་པར ་སྐྱེས་ཏེ་ཡིང་དུ་འོང་བས་སེང་གེའི་འགྲམ་པ་ལྟ་བུའོ།། མེ་ཏོག་ཀུནྟ་དང་དུང་གི་ཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བས་ཚེམས་ཤིན་ཏུ་དཀར་བའོ།། ཚེམས་ལ་མཐོ་དམན་མེད་པས་ཚེམས་མཉམ་པའོ།། ཚེམས ་ལ་བར་མཚམས་མ་དོང་པས་ཚེམས་མ་དོང་པས་ཚེམས་ཐགས་བཟང་བའོ།། བླ་འོག་རྒྱུ་དགུ་མེད་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའོ།། དཀར་ནག་ཆ་མ་འདྲེས་པ་ཤིན་ཏུ་རྣམ་པར་དག་པའི་མདོག་དམར་པོ་མ་གཡོགས་པས། ་སྤྱན་དཀར་ནག་ཕྱེད་པའོ།། རྫི་མ་བྷ་འོག་ཤིན་ཏུ་ལེགས་པར་གནས་ལྔ་མ་འཛིངས་པས་པའི་རྫི་མ་ལྟ་བུའོ།། དེ་ལ་བླ་མ་ལ་བསུ་སྦྲེལ་དང་ཆོས་ཉན་པ་ལ་སྡོད་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་རྗེསུ་སྒྲུབ་པ་ལ་སོགས་པ་ལ་ཕྲ ་རུང་དུ་བྱས་པ། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ནི།། དེ་ནི་འཁོར་ལོ་ཤིན་ཏུ་མང་བའི་སྔ་ལྟས་སོ།། སོ་ཡི་དམ་ལ་བརྟན་པས་ཞབས་ཤིན་ཏུ་གནས་པ་སྟེ་དེ་ནི་མི་གཡོ་ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་སོ།། སྦྱིན་པ་དང་ངག་སྨན ་པ་དང་། དོན་དཔྱོད་པ་དང་དོན་མཐུན་པའི་བསྡུ་བ་རྣམ་པ་བཞི་གོམས་པར་བྱས་པས་ཞབས་དང་ཕྱག་དྲ་བས་འབྲེལ་པ་སྟེ། དེ་ནི་མྱུར་དུ་འདུ་བའི་ལྔ་ལྟསོ།། བཟའ་བ་དང་བཅའ་བ་དང་། བཏུང་བ་ཞིམ ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་སྟེ། དེ་གཉིས་ནི་བཅའ་བ་དང་བཟའ་བ་དང་། བཏུང་བ་ཞིམ་ཞིང་ཉམ་སུ་བདེ་བ་མཐོང་བའི་ལྔ་ལྟས་སོ།། བཅིང་བ་བཀྲོལ་བ ་དང་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྦྱངས་པས་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲངས་པས་ཏེ། དེ་ནི་སྐུ་ཚེ་རིང་བའི་ལྔ་ལྟསོ།། དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། གཟུང་བ ་མངོན་པར་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཞབས་ཀྱི་གྲོང་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་སྟེ། དེ་ནི་མི་མཉམ་པའི་ཆོས་དང་ལྡན་པའི་སྡེ་ལྟསོ།། རིག་པ་དང་བཟོའི་ལས་རིམ་གྲོར་བྱས་ཤིང་གཞན་འབྱིན་པ་དང་། ་བདག་གིས་བླངས་པས་རི་དགས་ཨེ་ནའི་བྱིན་པ་ལྟ་བུར་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ།། བདོག་ཅིང་ཡོད་པའི་ནོར་བླངས་ནས་མི་འགོང་པར་གཏོང་ཞིང་མེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་སླེབས་པ་སྟེ། དེ་ནི་ཡོ་བྱད་ལ ་མངའ་བ་དང་འདུལ་བ་ས་ལྟས།། གྲོགས་པོ་དང་། མཛབ་ཤེས་དང་གཉེན་པ་མ་ཕྱེ་བ་དང་བྱེད་པར་འགྱུར་བའི་སེམས་ཅན་རྣམས་ཚངས་པའི་སྤྱོད་པ་ལ་ཡང་དག་པ་བསྐུལ་བ་དང་། གསང་བའི་ཚིགས་ཡོངསུ་བསྲུངས་པས་གསང་བའི ་གནས་སྦུབས་སུ་ནུབ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ།། སྟན་དང་གོས་དང་ཁང་པ་དང་གཞལ་མེད་ཁང་དང་། གཞལ་མེད་ཁང་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་སྟེ། དེ་གཉིས་ནི་ནམ་བཟའ ་དང་གདན་དང་། ཁང་པ་དང་གཞལ་མང་ཁང་དང་གནས་བཟང་པོ་ཐོགས་པའི་སྔ་ལྟས་སོ།། འདུ་འཛི་སྦྱངས་པ་དང་། མཁན་པོ་དང་། སློབ་དཔོན་དང་ཕ་མ་དང་ཕུ་ནུ་ལ་སོགས་པ་རྣམས་ལ། ཚུལ་དང་འདྲ་བའི་རིམ་གྲོ་བྱས་པ་དང་། བཙུན ་པར་བྱས་པ་དང་བཅོལ་བར་སྣ་ལ་མ་གཟན་པས་སྥུ་རེ་ར་ནས་གཡས་ཕྱོགསུ་འཁྱིལ་བ་དང་། ཞལ་མཛོད་པུས་བརྒྱན་པ་སྟེ། དེ་ནས་མཉམ་པ་མེད་པའི་སྔ་ལྟས་སོ།། མི་སྙན་པ་ཟེར་ཞིང་མི་སྨོན་པ་དང་། སྙན་པར་སྨྲ་ཞིང་ལེགས་པར ་བཤད་པ་མཐུན་པར་འཛིན་པས་སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲོག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་མེད་པའི་སྔ་ལྟསོ།། ན་བ་རྣམས་ལ་ཅི་དང་རིམ་གྲོ་དང་། སྨན་པ་དང་ཉམསུ་ཕན་པའི་ཟས་བྱིན་པ་དང་། རིམ ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་སྟེ། ད་ནི་ནད་ཉུང་བའི་སྔ་ལྟསོ།། སྐྱེད་མོས་ཚལ་དང་འཁོར་དང་ལྟུང་བ་དང་རྫིང་བུ་དང་། རྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་དང་འཕྲེང་བའི་གནས་དང་། སྟེགས ་དང་། གཙུག་ལག་ཁང་བྱ་བ་ལ་སོགས་པ་ལ་གཞན་མོས་པར་བྱ་བ་སྔོན་དུ་སྟོང་ཞིང་བདག་གིས་གཞན་བྱོན་པ་སྟེ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཆེན་པོ་མངའ་བའི་སྔ་ལྟས་སོ།། ཡུན་རི ་པོར་ཚིག་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བའི་སྨྲ་བ་སྨྲས་པས་ལྗགས་ཤིན་ཏུ་སྲབ་པ་དང་ཚངས་པའི་དབྱངས་ཏེ་དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟསོ།། གསུང་ཡན་ལག་ལྔ ་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་གྱུར་པ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེསུ་འབྱུང་བ་དང་། གཏང་མི་ཕྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་བཙལ་བའོ།། ་ཡུན་རིང་པོ་ནས་ཚིག་འཁྱལ་པ་སྤངས་ཤིང་། དུས་སུ་སྨྲས་པས་སེང་གེའི་འགྲམ་པ་ལྟ་བུ་སྟེ། དེ་ནི་ཚིག་ཀུན་གྱིས་མཉན་པའི་སྔ་ལྟོསོ།། རིམ་གྲོར་བྱ་བ་དང་སྐས་པ་མེད་པས་གིཉིས་འཚོ་བ་ཡོངས་སུ་དག་པས་ཚེམས་ཤིན་ཏུ ་དཀར་བ་དང་མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟ་སོ།། ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་སྨྲ་བས་ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་སྟེ།། དེ་ནི་འཁོར་དབྱེར་མེད་ཕྱིས ་པའི་ལྔ་ལྔ་སོ།། པང་གིས་འཁྱུད་པ་བཞིན་དུ་ཉེ་བར་བསམ་པ་མེད་ལ་མ་ཆགས་མི་སྡུང་བ་དང་། རྨོངས་པའི་མིག་གིས་བལྟ་བས་སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ནི་ཀུན་ནས་མཛེས་པའི་སྣ་ལྟ་སོ།། དེ་དག་ནི་སྐྱེས ་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ།། ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཐོང ་ཀྱི་མདོག་ལྟར་འདུག་པའོ།། གཉེན་ཤེས་བྱམས་པ་དང་འདུ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐུགས་མངའ་སྟེ། སེན་མོའི་མདོག་སྡུམ་པ་ཡིན། རིགས་དང་རྒྱུད་མཐོན་པོར་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། ཚུལ་ལ་ཁ་ན་མ ་ཐོ་བ་མི་མངའ་སྟེ། སེར་མོ་ཟླུམ་པ་ཡིན་ནོ།། དགེ་བའི་རྩ་བ་ཤིན་ཏུ་ཚོགས་པ་སྟེ། སོར་མོ་རྒྱས་པ་ཡིན་ནོ།། དགེ་བའི་རྣ་བ་རིམས་ཀྱིས་གྲུབ་པ་སྟེ།། སོར་མོ་རིམ་གྱིས་གྲུབ་པ་བཞོན་པ་ཡིན་ནོ།། ཐུགས་དང་གསུང་དང་སྐུའི་འཕྲིན ་ལས་དང་། འཚོ་བ་ཤིན་ཏུ་དབེན་པ་སྟེ་རྩ་མི་མངོན་པ་ཡིན་ནོ།། ཉོན་མོངས་པའི་མདུད་པ་འགྲོལ་བ་སྟེ། ཙ་བར་མདུད་པ་མེད་པ་ཡིན་ནོ།། ཤིན་ཏུ་དབེན་པའི་ཆོས་མངའ་བ་སྟེ། ལོང་བུ་མི་མངོན་པ་ཡིན་ནོ།། མི་མཉམ་པ་ཐམས་ཅད་ལས ་གྲོལ་བ་སྟེ། ཞབས་མི་མཉམ་པ་མེད་པ་ཡིན་ནོ།། མིའི་སེངྒེ་སྟེ་སེང་གེའི་འགྲོས་སུ་བཞུད་པ་ཡིནོ།། མིའི་གླང་པོ་སྟེ་གླང་པོ་ཆེའི་འགྲོས་སུ་བཞུད་པ་ཡིན་ནོ།། ངང་པའི་རྒྱལ་པོ་ལྟར་ན་མཁའི་ལ་བཞུད་པ་སྟེ། དུང་བའི་སྟབས་སུ་བཞུད ་པ་ཡིན་ནོ།། མིའི་ཁྱུ་མཆོག་སྟེ་ཁྱུ་མཆོག་གི་འགྲོས་སུ་བཞུད་པ་ཡིན་ནོ།། མཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགསུ་བཞུད་པ་ཡིན།། ལྟ་ན་མཛེས་པ་སྟེ་མཛེས་པར་བཞུད་པ་ཡིན།། རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། མ་ཡ ་བར་བཞུད་པ་ཡིན།། ཚུལ་རྣམ་པར་དག་པ་ཡོན་ཏན་སྟོན་པ་སྟེ།། སྐུ་ཤིན་ཏུ་ལེགས་པ་ཡིན་ནོ།། སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པས་ཏེ་སྐུ་ཤིན་ཏུ་སྦྱངས་པ་ཡིན།། ཆོས་རིམས་ཀྱིས་སྟོན་པས་ཏེ་སྐུ་རིམས་ཀྱིས་གཞོལ་བ་ཡིན།། ་སྐུ་དང་གསུམ་ཞུགས་ཤིན་ཏུ་གཙང་བ་དང་ལྡན་པ་སྟེ་སྐུ་ཤིན་ཏུ་གཙང་བ་ཡིན་ནོ།། རང་བཞིན་གྱིས་ཐུགས་འཇམ་པ་དང་། ལྡན་པས་ཏེ་སྐུ་ཤིན་ཏུ་འཇམ་པ་ཡིན་ནོ།། རང་བཞིན་གྱིས་རྣམ་པར་དག་པ ་མངའ་སྟེ། སྐུ་ཤིན་ཏུ་རྣམ་པར་དག་པའོ།། ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པ་སྟེ། དཔེ་བྱད་བཟང་པོ་ཤིན་ཏུ་རྫོགས་པ་ཡིན་ནོ།། ཡོན་ཏན་ཡངས་ཤིང་ཟད་པ་སྟོན་པ་སྟེ་སྐུ་ཆེ་ཞིང་མཛེས་པ་ཡིན།། སེམས་ཅན་ཐམས་ཅད ་ལ་མཉམ་པའི་ཐུགས་མངའ་སྟེ།། སྐུ་ལེགས་པར་མཉམ་པ་ཡིན།། མཆོག་ཏུ་འཇམ་པའི་ཆོས་སྟོན་པ་སྟེ།། སྐུ་ཤིན་ཏུ་གཞོན་པ་ཡིནོ།། རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་སྟེ།། སྐུ་ལ་ཞུམ་པ་མེད་པ་ཡིནོ།། མི་དགེ་བའི་རྩ་བ ་ཐམས་ཅད་བྱང་བ་སྟེ། སྐུ་ཤིན་ཏུ་རྒྱས་པ་ཡིནོ།། ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ། སྐུ་ཤིན་ཏུ་མཁྲེགས་པ་ཡིན།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པ་སྟེ། ཡན་ལག་དང་ཉིངད ་ལག་གཙང་མར་མཛེས་པ་ཡིན་ནོ།། གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྣང་བ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན་ནོ།། ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན་ནོ།། འཁོར་བའི་ལེགས་ཉེས་ཐམས་ཅད ་ཤིན་ཏུ་སྦྱངས་པ་སྟེ། ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན་ནོ།། ང་རྒྱལ་གྱི་དེའུ་བཅོམ་པ་སྟེ། ཕྱལ་མ་ཞུམ་པ་ཡིན་ནོ།། ཆོས་ཟད་པ་རྣམ་པར་བཟློག་པས་ཏེ་ཕྱལ་ཕྱམ་མེར་འདུག་པ་ཡིན།། ཆོས་ཟབ་མོ་ཤིན་ཏུ་ཐུགསུ་ཆུད་པ་སྟེ་ལྟེ ་བཟབ་པ་ཡིནོ།། མཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ། ལྟེ་བ་གཡས་ཕྱོགསུ་འཁྱིལ་པ་ཡིན་ནོ།། སློབ་མ་ཀུན་ལ་མཛེས་པའི་དགེ་འདུན་མངའ་བ་སྟེ། ཀུན་ནས་མཛེས་པ་ཡིན།། ཐུགས་ཤིན་ཏུ་གཙང་བས་ཏེ། སྐུ་སྤྱོད ་པ་ཤིན་ཏུ་གཙང་བ་ཡིན།། ཆོས་ནག་པོ་སྙན་པ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བ་སྟེ། སྐུ་ལ་རྨེ་བ་མེད་པ་ཡིན་ནོ།། ཤིང་བལ་ལྟར་ཡང་བ་རབ་ཏུ་འཐོབ་པའི་ཆོས་སྟོན་པས་ཏེ་ཕྱག་ཤིང་བལ་ལྟར་འཇམ་པ་ཡིནོ།། ་རང་གི་སྐྱེ་བོ་དང་ཕལ་པ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་མཉེས་པ་སྟེ་ཕྱག་གི་རི་མོ་སྣུམ་པ་ཡིན་ནོ།། ཤིན་ཏུ་ཟབ་ཅིང་བརྟན་པར་བཞུགས་པས་བཞུགས་པ་སྟེ། ཕྱག་གི་རི་མོ་ཟབ་པ་ཡིནོ།། བཟོད་པའི་ཡངས་པ་སྟོན་པ་སྟེ། ཕྱག་གི ་རི་མོ་རིང་བ་ཡིན་ནོ།། བསླབ་པའི་གནས་ཧ་ཅང་ཡང་མི་རིང་བར་འཆང་བ་སྟེ་ཞལ་ཧ་ཙང་ཡང་མི་རིང་བ་ཡིནོ།། གཟུགས་བརྙན་འཇིག་ཅན་ཐམས་ཅད་དུ་དགྱེ་བ་སྟེ། ཞལ་གཟུགས་ཀྱི་གཟུགས་བརྙན་མ་ཡིན་ནོ།། འཇམ་པ་སྔོན་དུ་གཏོང ་ཞིང་འདུལ་བ་སྟེ། ལྗགས་ཤིན་ཏུ་འཇམ་པ་ཡིན།། ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པ་སྟེ། ལྗགས་ཤིན་ཏུ་སྲབ་པ་ཡིནོ།། བྱིས་པ་སོ་སོའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱིས་ཆོས་དང་འདུལ་བ་གཏོང་དཔག་པར་དཀའ་བ་སྟེ།། ལྗགས ་ཤིན་ཏུ་དམར་བ་ཡིན།། གླང་པོ་ཆེ་ཆེན་པོའི་སྒྲ་དང་འབྲུག་གི་སྒྲ་ལྟ་བུས་ཉེས་པ་མི་མངའ་སྟེ། གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དབྱངས་དང་ལྡན་པའོ།། སྙན་ཅིང་འཇམས་པ་དང་ཉམ་སུ་བདེ་བར་སྨྲ་བའི་སློབ་མ་མངའ་སྟེ། སྙན་ཅི ་འཇམ་པ་དང་ཉམ་སུ་བདེ་བའི་གསུང་དང་ལྡན་པའོ།། སྲིད་པར་ཀུན་ཏུ་སྦྱོར་བ་ལས་འདས་ཏེ། ཚེམས་འཆེ་བ་ཤིན་ཏུ་ཟླུམ་པ་ཡི་ནོ།། སྐྱེ་བོ་རྣོ་བ་རྣམས་འདུལ་བས་ཏེ། ཚེམས་མཆེ་བ་རྣོ་བ་དང་ལྡན་པ་ཡིན་ནོ།། ་ཆོས་དང་འདུལ་བར་ཤིན་ཏུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་ཏུ་དཀར་བ་ཡིནོ།། ས་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། མཆེ་བ་མཉམ་པ་དང་ལྡན་པ་ཡིན་ནོ།། རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པ་སྟེ། ཚམས ་མཆེ་བ་རིམ་གྱིས་ཞོལ་བ་ཡིནོ།། ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ཤངས་ལགས་པར་མཐོ་བ་དང་ལྡན་པ་ཡིནོ།། འདུལ་བའི་སྐྱེ་བོ་གཙང་མ་མངའ་བ་སྟེ། ཤངས་ཤིན་ཏུ་གཙང་བ་ཡིན་ནོ།། སངས་རྒྱས་ཀྱིས ་ཆོས་ཕུལ་ཏུ་ཡངས་པ་མངའ་བ་སྟེ། སྤྱན་རིང་བ་དང་ལྡན་པ་ཡིན་ནོ།། གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྤྱན་རྣམ་པར་དག་པ་ཡིན་ནོ།། སེམས་ཅན་གྱིས་ཚོགས་ཤིན་ཏུ་བསགས་པ་སྟེ། རྫི་མ་སྡུག་པ་ཡིནོ།། ལྷ ་དང་ལྷ་མ་ཡིན་དང་སྐྱེས་བུ་དང་ན་ཆུང་མཆོག་མིག་དཀར་ནག་ཕྱེད་པ་པདྨའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་བྱས་ཏེ། སྤྱན་དཀར་ནག་ཕྱེད་ཅིང་པདྨའི་འདབ་མ་ལྟར་འདུག་པ་ཡིན་ནོ།། རྟག་ཏུ་ཡངས་པའི ་གཟིགས་པ་སྟེ་སྤྱན་རིང་བ་དང་ལྡན་པ་ཡིནོ།། འཇམ་པ་དུལ་བ་ལ་མཁས་པ་སྟེ་སྨིན་མ་འཇམ་པ་དང་ལྡན་པ་ཡིན་ནོ།། སྐྱོན་ཐམས་ཅད་མཁྱེན་པོ་སྟེ་སྨིན་མའི་སྤུ་མཉམ་པ་དང་ལྡན་ནོ།། དགེ་བའི་རྩ་བའི་སྣུམ་གྱིས་སེམས་སྒྲུབ ་པར་གྱུར་པས་སྐྱེ་བོ་འདུལ་བ་སྟེ་སྨིན་ལ་སྙམ་པ་དང་ལྡན་པ་ཡིནོ།། ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་སྟེ་སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན་ཉོན་མོངས་པའི་རྒྱུ་ལས་རྣམ་པར་རྒྱལ་བ་སྟེ་སྙན་མཉམ་པ ་ཡིན།། སེམས་ཅན་བསམ་པ་མ་མཉམ་པ་འབུལ་བ་སྟེ་སྙན་གྱི་དབང་པོ་མ་ཉམས་པ་དང་ལྡན་པ་ཡིན་ནོ།། ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། ཞལ་འཕྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན།། ་ཕས་ཀྱི་རྒོལ་བ་ཤིན་ཏུ་དུལ་སྟེ། ཞལ་ཕྲ་བ་ཡངས་པ་དང་ལྡན་པ་ཡིན་ནོ།། སྨོན་ལམ་དམ་པ་ཤིན་ཏུ་རྫོགས་པ་སྟེ་དབུ་ཤིན་ཏུ་རྒྱས་པ་ཡིན་ནོ།། གཡུལ་གྱི་བུང་བ་རྣམ་པར་བཟློག་པ་སྟེ། དབུ་བུང་པ་ལྟར་གནག་པ ་ཡིན་ནོ།། མཐོང་བ་དང་བསྒོམ་པ་སྤངས་པའི་བག་ལ་ཉལ་ཟད་པར་བྱ་བ་སྟེ་དབུ་སྟག་པ་ཡིན་ནོ།། ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགསུ་ཆུད་པ་སྟེ། དབུ་འཇམ་པ་ཡིན་ནོ།། རྟག་ཏུ་མ་འཁྲུགས་པའི་ཐུགས། ་དང་ལྡན་པ་སྟེ། དབུ་མི་རྫི་བ་ཡིན་ནོ།། རླུང་བའི་གསུང་ཡོངས་སུ་བྲལ་པ་སྟེ། དབུ་མི་རྩུབ་པ་ཡིན་ནོ།། བྱང་ཆུབ་ཀྱིས་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་བསྒྲུབས་པ་སྟེ། དབུ་ལ་དྲི་ཞིམ་པ ་ཡིནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་པོས་བརྒྱན་པ་ཡིན་ནོ།། ཞེས་བྱའོ།། ཤིང་ས་ལའི་རྒྱལ་པོ་ལྷ་རོ་ཞེས་བྱ་བ་ནི། ཤིན་ཏུ་སྐྱེ་ལེགས ་པ་ཡལ་ག་མང་བ་ལོ་མ་རྒྱས་པ། དཔེར་ན་དབྱར་ཀ་ཚད་པ་ཆེ་བའི་དུས་སུ་ཚད་པ་ལ་འཇིགས་ནས་ཤིང་དེས་ཀྱང་མི་ལ་ཕན་ཐོགས་ཏེ། དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས ་ཀྱང་འགྲོ་བ་རིགས་དྲུག་སེམས་ཅན་རྣམས་ལ་ཕན་འདོགས་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། དེ་བཞིན་ཉིད་ནི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་སྟེ། དེ་ཡང་དང ་པོ་བྱུང་ཡང་དེའི་ངང་ལས་བྱུང་བ།། བར་དུ་གནས་ཀྱང་དེར། ཐ་མར་འགག་པ་ལ་ཐིམ་ཡང་དེ་ལ་ཐིམ་པའི་ཕྱིར་ཏེ་ཆོས་སྐུའོ།། ཡང་ན་དེ་བཞིན་ཉིད་རྟོགས་པ་སྟེ། སྟོང་ཉིད་སྤྲོས་བྲལ་རྟོགས་ཤིང་། རིག་པའི་ཕྱིར་ལོངས་སྐུའོ།། ་ཡང་དེ་བཞིན་དུ་གཤེགས་པས་དེ་བཞིན་གཤེགས་པ་སྟེ། མར་མེ་མཛད་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སེམས་ཅན་དོན་ལ་གཤེགས་པ་སྟེ་སྤྲུལ་པའི་སྐུའོ།། ་སྐུ་རྣམ་པར་སྤྲས་པ་ཞེས་བྱ་བ་ནི། ཤིང་སཱ་ལའི་ལོ་མ་རྒྱས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོན་ཏན་གྱིས་སྤྲས་པའོ།། ཉི་མ་ལྟར་འོད་ཟེར་གྱིས་དྲ་བས་ཀུན་ཏུ་འགྱེད་པ་ཞེས་བྱ་བ་ནི། འོད་ཟེར་ནི་ཉི་མ་བདུན་གྱི་འོད་ཟེར་དྲུ་བ ་སྟེ། ཉི་མ་དེ་བཞིན་དུ་འོད་ཟེར་ཁྱབ་པ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཁྱབ་པའོ།། འོད་ཟེར་ནི་དྲ་བ་ཀུན་ཏུ་འགྱེད་པ་ཅིའི་ཕྱིར་ཞེ་ན་དོན་མེད་པར་དྲ་བ་འགྱེད་པོ་ཡིན་ནོ།། འོ་ན་རྒྱལ་པོའི་ཁབ་ན་རྒྱལ ་སྦྱིན་པ་སྱ་རཱ་རི་རྒྱལ་ཁྲིམས་ཡིན་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་དུས་ནུ་བཻ་ཌཱུརྱ་ཤེལ་ཞེས་བྱ་བའི་ལྷ་ཁང་ན་བཞུགས་ཏེ་དུས་གཅིག་ན་བཅོམ་ལྡན་འདས་སེམས་ཅན་གྱི་དོན་བྱེད་ལ་དགོངས་ནས་བསོད་སྙོམས ་མཛད་དེ་ཚོང་དཔོན་ཆེན་པོ་བཀྲ་ཤིས་དཔལ་དང་། ལུམ་དཔལ་ལྡན་གྲགས་མ་ཞེས་བྱ་བ་སྟེ། ཡོ་བྱད་ཕུན་སུམ་ཚོགས་པ་མེ་ཏོག་གི་ར་བ་དང་སྐྱེད་མོ་ཚལ་ལ་སོགས་པ་ཁོའི་གནས་ནི་ཤིན་ཏུ་ཡིད་དུ་འོངས་པ་དང་། སེམས་དགའ་བ་དང་། ་ཚོང་དཔོན་དེའི་སློབ་དཔོན་མུ་སྟེགས་གཅེར་བུ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེའི་ཁྱིམ་དུ་བསོད་སྙོམས་ལ་གཤེགས་ཏེ། དེ་ནས་ཚོང་དཔོན་ཡབ་ཡུམ་དད་པ་སྐྱེས་ནས། ཡང་དག་པར་རྫོགས་པའི ་སངས་རྒྱས་མ་བྱོན་པ་དེ་རིང་འདིར་བྱོན་པ་ཤིན་ཏུ་ལེགས་སོ།། ཆོས་སྟོན་གྲངས་བཀུར་སྟི་བྱས་ཡོ་བྱད་ལ་སོགས་པ་ཕུལ་ནས། དེ་ནས་ཚོང་དཔོན་གྱི་ཆུང་མ་ནུད་པ་དེ་བཅོམ་ལྡན་འདས་ལ་གཟིགསུ་ཕུལ་ལོ།། ཚོང་དཔོན་གྱིས་དེ ་སྐད་སྨྲསོ།། བཅོམ་ལྡན་འདས་ནི་མངོན་པར་ཤེས་པ་མཛད་དེ་འདིའི་ལུས་ལ་ཅི་སྐྱེ་ཞེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ།། ཚོང་དཔོན་འདིའི་ལུས་ལ་སྐྱེས་བུ་དམ་པ་སྐྱེའོ།། སངས་རྒྱས་ཀྱི་བསྟན་པ་བསྲུང་བ ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་མྱུར་དུ་ཐོབ་པ་སྐྱེའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་ཚོང་དཔོན་དགའ་བའི་སེམས་དང་ལྡན་ནོ།། བཅོམ་ལྡན་འདས་ལ་ཕྱག་ལན་གསུམ་བཙལ ་ནས་ཡང་བཀུ་སྟྲི་ལ་སོགས་པ་བྱས་སོ།། དེ་ནས་བཅོམ་ལྡན་འདས་གཤེགས།། གཤེགས་པའི་དུས་སུ་མུ་སྟེགས་གཅེར་དུ་དང་འཕྲང་ངོ་།། གཅེར་བུའི་སེམས་ལ་ངའི་ཡོན་བདག་གཽ་ཏྟ ་མས་ཕྲོགསོ་སྙམ་ནས། ནང་དུ་ཕྱིན་ནས་ཚོང་དཔོན་ལ་སྨྲསོ།། ཀྱེ་ཚོང་དཔོན་གཽ་ཏ་མས་ཅི་ལ་བྱོན་སྨྲས་པས་ཚོང་དཔོན་གྱི་ཞལ་ནས། བཅོམ་ལྡན་འདས་བསོད་སྙོམས་ལ་བྱོན་པ་ལགས་དད་པ་སྐྱེས་ནས་བཀུར་སྟི ་བྱས་པ་ཡིན་པའི་འདིའི་ནང་པ་གཟུགསུ་ཕུལ་བ་ལགས། བཅོམ་ལྡན་འདས་ཀྱི་ཞལ་ནས་འདིའི་ལུས་ལ་སྐྱེས་བུ་དམ་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། རྫུ་འཕྲུལ་གྱི་རྐང་པ ་མྱུར་དུ་འཐོབ་པ་སྐྱེས་གསུང་སོ།། གཙར་བུའི་མཚན་ཉིད་ནི་མངོན་པར་ཤེས་པ་གཅེར་བུ་རའི་འཕོངས་ལ་ཐལ་ལྕགས་བརྒྱབ་པས་གཅེར་བུ་ར་དང་འདྲ་བ་བཞི་བཞི་ལྔ་ལྔ་ཐོན་པ་དེ་བཞིན་དུ་མཚན་ཉིད་དང་འདྲ་བའི་གཅེར་བུས ་རྫུན་པོ་སྨྲསོ།། ཀྱེ་ཚོང་དཔོན་གོའུ་ཏ་མའི་འདོད་པ་ཡིན། ཀྱེ་བུ་དང་སྨྲེ་སྟེ་སྐྱེས་མ་ཐག་ནས་གསོད་པ་དེའི་གཏིང་ལ་ཁྱོད་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཟད་པ་བྱེད་པ་དེའི་གཏིང་ལ་ཕ་བསད་ནས་ཁོ་རང་རབ་ཏུ་བྱུང ་ཡིན། དེ་ས་བུ་སྐྱེ་བ་ཡིན་ཁྱོད་ཀྱིས་མྱུར་དུ་མ་བསང་ན་དེ་བཞིན་དུ་ཁྱེད་ལ་དེ་དག་མྱུར་དུ་འོང་ངོ་།། དེ་ནས་ཚོང་དཔོན་གྱིས་ནུབ་མོའི་དུས་སུ་ཆུང་མའི་གསུས་པ་ཕྱག་གཉིས་ཀྱིས་མཉེས་སོ་མཉེས་པས་མོ་མ་བཟོད་ནས་སྐང ་ངན་ཆེན་པོ་བྱུང་ངོ་།། དེ་ནས་ཁྱིམ་ཆོས་དང་ཉེ་བ་ལ་སོགས་པས་ཐོས་ནས། རམ་འདའ་བྱས་པས་དེའི་ནུབ་མོ་དབུགས་དང་མ་ཐའོ།། ཡང་ཕྱི་དེ་ནུབ་མོའི་དུས་སུ་མེ་ཏོག་གི་ར་བ་ཡོད་པའི་སྐྱེད་མོས་ཚལ་གྱི་དབུས་སུ་ཁང་པ་གཅིག་གི ་ནང་དུ་ཡང་ཁྲིད་ནས་ཆུང་མའི་གསུས་པ་མཉེསོ།། མཉེས་པ་དང་བུད་མེད་དེ་ན་ཚྭ་ཆེན་པོ་བྱུང་བས་དབུགས་ཆད་དོ།། དེ་ནས་ཚོང་དཔོན་གྱིས་ཁ་སྐད་བསྒྱུར་ནས་སྨྲསོ།། ངའི་ཆུང་མ་དེ་ཡང་བྱིས་པ་མ་ཐོན་པར་གུམ་མོ་ཞེས་སྨྲས།། ་མྱ་ངན་གྱི་ཚུལ་ཡང་བྱས་དེ་ནས་མུ་སྟེགས་གཅེར་བུའི་ཚོགས་རྣམས་ཀྱང་རྒྱལ་པོའི་ཕོ་བྲང་ངམ། སྲང་ག་འམ་སྲང་ག་ཆེན་པོའམ། གྲོང་ངམ་གྲོང་ཁྱེར་ཆེན་པོ་འམ། གྲོང་རྡལ་ལ་སོགས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་པོ ་སྐྱེས་བུ་རྣམས་གཽ་ཏ་མའི་རྫུན་པོ་ལ་ཚོང་དཔོན་དེའི་བུད་མེད་ལ་བུ་ཁྱེའུ་ག་རེ་མོ་ཡང་ཤི་གཽ་ཏ་མའི་རྫུན་པོ་ལ་སེམས་ཅན་ཐམས་ཅད་དད་པ་སྐྱེས་དེ་སྐད་བཞིན་དུ་གཅེར་བུའི་ཚོགས་རྣམས་ཡང་ནས་ཡང་དུ་སྨྲས་ཞིང་དྲིལ་བུ་དཀྲོལ ་ཞིང་བ་ངན་འཕྱར་ཞིང་ཡར་མར་འགྲོ་བྱས་སོ།། གཅེར་བུའི་ཚོགས་རྣམས་ཀྱང་རང་དོང་སྐྱེསོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཻ་ཌཱུ་རྱའི་ར་ཤེལ་གྱིས་གཙུག་ལག་ཁང་གི་ནང་དུ་སེང་གེའི་གདན་ལ་རྡོ་རྗེ་དཀྱིལ་དཀྲུང་དུ་བཞུགས ་ཏེ་བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པའི་ཉན་ཐོས་དང་དགེ་སློང་ངམ་དགེ་སློང་མ་འོམ། དགེ་བསྙེན་ནམ་དགེ་བསྙེན་མ་འམ། འཁོར་གྱི་དབུས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སོ།། ཡང་དག་པར་རྫོགས་པའི་སངས ་རྒྱས་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་དྲ་བ་ཉི་མའི་འོད་དང་ལྡན་པ་སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཆེན་པོ་ཁྱབ་པོ།། ཀུན་ཏུ་ཁྱབ་པོ་ཡང་འོད་ཟེར་གྱི་དྲ་བ་དེ་བ་སྤུ་རེ་རེ་ལ་འདུའོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བ་སྤུ་རེ་རེ་འམ་མཛོད་སྤུ་ནས་འོད་ཟེར་གྱི་དྲ་བ་ཉི་མ་བདུན་ཤར་བ་དང་འདྲ་བ་ན་མཁའ་ལ་འཕྲོའོ།། དེ་ནས་འོད་ཟེར་དེ་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ། དགའ་ལྡན་ནམ་སུམ་ཅུ་རྩ་གསུམ ་མམ་རྒྱལ་ཆེན་གྱི་ལྷ་འམ། འོད་ཟེར་གྱི་དྲ་བས་ཀུན་ཏུ་ཁྱབ་པོ་འོད་ཟེར་གྱི་དྲ་བ་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛོད་སྤུ་ལ་འདུའོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ ་ར་བ་ལན་གསུམ་བྱས་ལ། མགོ་བོས་ཕྱག་འཚལ་ཏེ། སྤུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པའོ།། བཅོམ་ལྡན་འདས་ཀྱེ་ལགས་གང་གི་སེམས་ཅན་གྱིས ་དོན་ལགས་མཚན་ཉིད་གང་ལགས། རྒྱུ་གང་ལགས་རྐྱེན་གང་ལགས་བཅོམ་ལྡན་འདས་ཞེས་སྨྲསོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཏིང་འཛིན་དེ་ལས་ལངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ཏོ།། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་ཉན་ཐོས་དང་། དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མའི་འཁོར་རྣམས་དུར་ཁྲོད་བསིལ་བའི་ཚལ་ཏུ་འགྲོ་བ ་ལགས། གཞོན་ནུ་འོད་ཟེར་སྐྱེས་དགྲ་བཅོམ་པ་ཡང་དག་པར་བྱུང་བས་གཤེགས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་སེང་གེའི་སྟན་ལས་ལངས་ཏེ། གཙུག་ལག་ཁང་ནས་ཕྱིར་གཤེག་སོ།། དེ་བཞིན་དུ་དགྲ་བཅོམ་པ ་རྣམས་ཀྱང་གཤེགསོ།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་ཆེན་གྱི་ལྷ་དང་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་རྒྱལ་ཆེན་གྱི་ལྷ་རྣམས་དང་། ལྷ་མ་ཡིན་དང་། གདུག་དང་རྒྱལ་མཚན ་དང་། བ་དན་དང་ལྷའི་རོལ་མོས་བཅོམ་ལྡན་འདས་ལ་སྔོན་དུ་བསུས་སྟེ། ལྷ་རྫས་ཀྱི་དྲི་བཟང་པོ་དང་མེ་ཏོག་གི་ཆར་ཕབ་པོ།། དེ་ནས་རྒྱལ་པོ་ཆེན་པོ་གཟུགས་ཅན་སྙིང་པོས་ཐོས་ནས་རྒྱལ་པོ་དང་རྒྱལ་པོ་ཆེན་པོ་འཁོར ་དང་བཅས་པ་ཡང་གཤེགསོ།། དེའི་གཏིང་ལ་གཅེར་བུའི་མཚན་མ་འམ་ཚོང་དཔོན་གྱི་འཁོར་རམ། རོ་དེའི་བླ་ལ་གཤེགསོ།། དེ་བཞིན་དུ་རྒྱལ་པོ་ཁབ་གྱི་སྐྱེ་དགུ་འམ་སྐྱེ་དགུའི་བདག་པོ་ལ་སོགས་པ་དུར་ཁྲོད་བསིལ ་བའི་ཚལ་དུ་གཤེགསོ།། བསིལ་བའི་ཚལ་དུ་སླེབས་ནས། ཕྱོགས་གཅིག་ཏུ་བཅོམ་ལྡན་འདས་དང་ཉན་ཐོས་ལ་སོགས་པ་བཞུག་སོ།། ཕྱོགས་གཅིག་ཏུ་གཅེར་བུ་དང་མུ་སྟེགས་བསྡང་ངོ་།། དེ་ནས་རོ་སྲེགས་པའི་ས་ནས་སྐད ་བྱུང་ངོ་།། སྐད་བྱུང་བ་དང་པདྨ་སྐྱེའོ།། པདྨའི་སྟེང་ན་གཞོན་ནུ་འོད་ཟེར་སྐྱེས་ཞེས་བྱ་བ་སྐྱེས།། ཤིན་ཏུ་སྐྱེས་ལེགས་པ་དགྲ་བཅོམ་པའི་བྱང་དང་ལྡན་པ་དེ་མིའི་ནང་དུ་དེ་ལྟ་བུ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་ལ་སྨྲས ་པ། ཀྱེ་ཚོང་དཔོན་ཁྱོད་ཀྱི་བུ་འདི་ལགསོ།། ཞེས་སྨྲསོ།། ཚོང་དཔོན་གྱིས་གཅེར་བུ་ལ་ཁ་བལྟས་ནས་ལངས་དོགས་བྱེད་དོ།། དེ་ནས་གཅེར་བུས་ཚོང་དཔོན་ལ་སྨྲས་སོ།། ཀྱེ་ཚོང་དཔོན་མེའི་ནང་དུ་གང་ཡང ་ཤི་ནས་མེ་ལ་བསྲེགས་པ་ལ། ཁྱོད་ཀྱི་བུ་ནི་གང་ལས་སྐྱེས། མེའི་ནང་དུ་འགྲོ་ན་ནི།། ཁྱོད་ནི་ངེས་པར་ཚིག་པར་འགྱུར་ཞེས་བརྗོད་པས་འགྲོ་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ ་བཀའ་སྩལ་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་གཞོན་ནུ་ལོང་ལ་སྤྱོད་ཅིག་ཅེས་བརྗོད་པ་དང་། རྒྱལ་པོ་ཆེན་པོས་བླངས་ནས། མེའི་ནང་ནས་ཁྱེར་ནས་འོངས་སོ།། མེ་དེ་ཡང་ཤིན་ཏུ་བསིལ་བ་ཚ་བའི་དངོས་པོ་མེད་དོ།། ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱིས་བླངས་ནས། བྱིན་གྱིས་བརླབས་ནས། དགྲ་བཅོམ་པ་གཞོན་ནུ་འོད་ཟེར་སྐྱེས་ཞེས་བྱ་བར་མཚན་བཏགསོ།། དེ་ནས་གཟུགས་ཅན་སྙིང་པོས་བླངས་ཏེ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཀྱང་ལྡོག ་གོ། ངོ་མཚར་ཆེའོ།། མི་རྣམས་ཀྱིས་ཀྱང་ངོ་མཚར་ཆའོ་ཞེས་བལྟད་མོ་ལྷསོ།། ཡང་བཅོམ་ལྡན་འདས་ལ་དད་པ་སྐྱེས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཕབ་པོ།། ལྷའི་རོལ་མོས་མཆོད ་པ་བྱས་སོ།། མུ་སྟེགས་གཅེར་བུའི་ཚན་པ་དེ་ཕམ་མོ།། བདུད་ཕམ་མོ།། འོད་ཟེར་གྱི་དྲ་བ་འགྱེད་པ་ཞེས་བྱ་བའི་ངེས་ཚིག་གོ།། ། མཚན་མོ་མུན་པའི་ནང་ན་ཞེས་བྱ་བ་ནི།། མཚན་མོ་ནི་དཔེ་ཡིན་ཏེ། དེ་བཞིན ་མཚན་མོའི་མེ་ནི་ཤིན་ཏུ་གསལ་བས་མཚན་མོ་ཞེས་བྱའོ།། རྭ་བའི་སྒྲོལ་མེའི་ཕུང་པོ་ཆེན་པོ་རབ་ཏུ་འབར་བ་དང་འདྲ་ཞིང་ཞེས་བྱ་བ་ནི། དཔེར་ན་མི་ཞིག་གིས་རི་བོ་ཆེན་པོ་ལ་འབར་བ་མཐོང་བཞིན་དུའོ།། བཅོམ་ལྡན་འདས་གསར ་གྱི་རི་བོ་ནས་གཤེགས་པ་མཐོང་ངོ་ཞེས་བྱ་བ་ནི། གསེར་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པའོ།། རི་བོ་ཆེན་པོ་ལྟར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའོ།། ལྷམ་མེ་ལྷན་ནེ་ཞེས་བྱ་བ་ནི་འོད་ཟེར་སྣ་ཚོགས་སོ།། རྒྱང ་རིང་པོ་ནས་གཤེགས་པ་མཐོང་ངོ་ཞེས་བྱ་བ་ནི། མུན་ནག་གི་ནང་ནས་མེ་འབར་བ་མཐོང་བ་བཞིན་དུ་མཐོང་ངོ་།། གཤེགས་པ་ན་གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ།། མཐོང་བ་ནི་ལི་ཙ་བྱི་རྣམས་ཀྱིས་སོ།། མཐོང ་མ་ཐག་ཏུ་ཞེས་བྱ་བ་ནི་གུས་པའི་སེམས་ཀྱིས་བཅོམ་ལྡན་འདས་ལའོ།། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ནས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྡན་པའི་སེམས་ཅན་རྣམས།། སངས ་རྒྱས་བཅོམ་ལྡན་འདས་མཐོང་ནས་སེམས་དེ་འཁྲིལ་བར་འགྱུར་བའོ།། སེམས་དད་པར་གྱུར་པ་དེ་དག་ཅེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་མི་རྣམས་སོ།། བཱི་དོར་བྱེད་པ་ཞེས་བྱ་བ་ནི་དད་པས་བཅོམ་ལྡན་འདས་ལ ་མཆོད་པ་བྱེད་པའོ།། བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར། ལམ་གོང་ནས་གཤེགས་པའི་ལམ་དེ་འཕྱག་ཅིང་ཆག་ཆག་འདེབས་ཞེས་བྱ་བ་ནི། སངས་རྒྱས་གཤེགས་པའི་ལམ་ལ་གཞན་རྣམས ་ཀྱིས་ཀྱང་ཙན་དན་ལ་སོགས་པའི་དྲི་ཞིམ་པོའི་ཆུས་ས་གཞི་རྣམ་པར་དག་པར་བྱས་པའོ།། བྱི་དོར་བྱས་མེ་ཏོག་འཐོར་ཞེས་བྱ་བ་ནི། ས་གཞི་མཐོན་དམན་མེད་པར་བྱས་ལ་མེ་ཏོག་སྣ་ཚོགས ་ཀྱིས་སིལ་མར་བཀྲམ་ལ་མེ་ཏོག་གི་ཕྲེང་བའི་དྲ་བས་བརྒྱན་པའོ།། དར་གྱི་ལྡ་ལྡི་དང་དྲིལ་བུ་གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་ཀྱིས་བརྒྱན་ཏོ་ཞེས་བྱ་བ་ནི།། གྲོང་ཁྱེར་གྱི་ཕྱོགས་བཞིར་ཡང་བར་སྣང་གི་ཕྱོགསུ ་དེ་རྣམས་འཕྱར་བའོ།། བདུག་སྤོས་སྣ་ཚོགས་ཀྱིས་གདུགས་ནས་ཞེས་བྱ་བ་ནི། གྲོང་ཁྱེར་གྱི་ཕྱོགས་དང་མཚམས་སུ་བདུགས་སྤོས་སྣ་ཚོགས་ཀྱིས་པོག་པོར་བཞག་པ་དང་བུམ་པ་གང་བ་བཞག་པའོ།། ག་ལ་བ་དེར ་སོང་སྟེ་ག་ལྀ་བ་དེར་དོང་སྟེ་ཕྱིན་པ་དང་།། ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུའོ།། ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི།། གྲོང་ཁྱེར་ཡངས་པ་ཅན་གྱི་མི་རྣམས་དང་ཡཾ་ཙ་བྱི་རྣམས་ཀྱིས ་ཕྱག་འཚལ་བའོ།། དེ་ནས་ཞེས་བྱ་བ་ནི་ཕྱག་འཚལ་གྱི་གཏང་ལའོ།། བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པའོ།། རི་མོ་ཅན་མེ་ཏོག་པདྨའི་སྙིང་པོ་ལྟར་འཇམ་པ་ཞེས་བྱ་བ་ནི་ལི་ཙ་བྱིའི་མགོ ་ལ་རེག་པའོ།། སྔོན་ལགས་པར་སྤྱད་པའི་མཚན་གྱིས་བརྒྱན་པ་ཞེས་བྱ་བ་ནི་སྐྱེས་བུའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའོ།། གཞོན་ཤ་ཆགས་ཤིང་ཞེས་བྱ་བ་ནི་ལོ་བཅུ ་གཉིས་མའི་ཤྱ་ལྟ་བུའོ།། འཛུམ་པ་ནི་ལུས་ངག་ཡིད་གསུམ་འཇམ་པོས་ཉི་མའི་འོད་ཟེར་བས་ལྷག་པའི་འོད་དང་ལྡན་པ་ཞེས་བྱ་བ་ནི་ཉི་མ་བདུན་གྱི་འོད་ཟེར་དང་ལྡན་པའོ།། འོད་ཟེར་བརྒྱ་ཕྲག་མང་པོ་ཀུན་ཏུ་འཕྲོ་བ་ཞེས་བྱ། ་བབ་ནི། མཛོད་སྤུའམ་བ་སྤུའི་བུ་ག་འམ་ལྟེ་བའི་གནས་སམ་དབུའི་གཙུག་ཏོར་རམ་ལྗགས་སམ་སྣའི་བུ་འམ། སྙན་ནམ། སྤྱན་གྱི་སྒོ་ནས་སེམས་ཅན་གྱི་དོན་ལ་འཕྲོ་བའོ།། དྲི་མ་མེད་པའི་ཕྱག་གིས་ཞེས་བྱ་བ ་ཉོན་མོངས་པའི་དྲི་མོ་དང་བྲལ་བའོ།། ལི་ཙ་བྱི་རྣམས་ཀྱི་མགོ་ལ་བྱུགས་ཏེ་ཞེས་བྱ་བ་ནི་བྲམ་ཟེ་ཆེན་པོ་སྟི་ཁྱོད་ཀྱིས་བཏབ་པས་ཡང་དག་པོར་རྫོགས་པའི་སངས་རྒྱས་རྩེ་ཕྱུག་གི་སྤྱི་བོར་བཞག་ནས་བྱིན་གྱིས་བཪྵ ་རྗེས་སུ་བསྟན་པ་མཛད་དོ་ཞེས་བྱ་བ་ནི་རྫ་སུ་དྲན་པ་དྲུག་གོ། དེ་ནས་ཞེས་བྱ་བ་ནི་ལི་ཙི་བྱི་བྱིན་གྱིས་བརླབས་ཞེས་བྱ་བའོ།། བཅོམ་ལྡན་འདས་ལངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་ནང་དུ་གཤེགས་པ་ནི། གྲོང་ཁྱེརདབུས ་ནམ་གྱི་གུང་ཐུན་ལ་ཞེས་བྱ་བ་ནི་ཡི་དགས་རྒྱུ་བའི་དུས་སུའོ།། སྒོ་སྐྱེས་ཀྱི་གཞི་ཞབས་ཀྱིས་མནན་ནུས་ཞེས་བྱ་བ་ནི། དབང་པོའི་ཕུར་པ་ལ་ཞབས་ཡང་དག་པར་བཞག་པའོ།། ཕྱོགས་བཞིར་གཟིགས་ཏེ་ཞེས་བྱ་བ་ནི་ཡེ་ཤེས ་སྤྱན་གྱིས་གཟིགས་པའོ།། ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་ཞེས་བྱ་བ་ནི། སྔོན་དུ་སོང་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ།། ན་བཟའ་བླ་གོས་གསོལ་ཏེ་ཞེས་བྱ་བ་ནི ་མཛེས་པའི་ཆོས་གོས་ཕྲག་ལ་གཟར་ནས་ཞེས་བྱ་བ་ནི་ཡིན་ནོ།། བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ།། ཕྱི་མའི་དུས་ན་ཞེས་བྱ་བ་ནི། སྐུ་མྱ་ངན་ལས་འདས་པའོ།། དགེ་སློང་མ་ལ ་སོགས་པ་ཞེས་བྱ་བ་ནི། བསྟན་པ་བསྲུང་དགོས་པའི་དུས་སུ་ཏེ་བཀུར་སྟི་བྱེད་པའོ།། གང་སུ་ཡང་རུང་བ་དག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལྕང་ལོ་ཅན་རྣམས་ཀྱིས་བཀུར་སྟི་བྱེད་པར་འགྱུརརོ།། དེ་བཞིན་གཤེགས་པའི ་སྐུ་གདུང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་བྱེད་པ་དང་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་ཡོད་པ་རྣམས་ཀྱིས། སྐུ་གཟུགས་དང་གདུང་དང་རིང་བསྲེལ་ལྟ་བུའོ།། རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ ་ཏུ་འཇོམས་པ་གདོན་ཐམས་ཅད་ལས་ཐར་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་བདུད་བཞི་པོ་ཕམ་པར་བྱེད་པ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཡང་དག་པར་འགྲུབ་པ། སྡུག ་བསྔལ་ཐམས་ཅད་འཇོམས་པར་བྱེད་མ། མ་རུངས་པའི་འབྱུང་པོ་རྣམས་རླག་པར་བྱེད་མ། ཆོས་ཐམས་ཅད་ཀྱི་འབྱུང་གནས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྐུར་སྣང་བའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་བྱེ་མ་སྙེད་རྣམས་ཀྱིས། སངས་རྒྱས་ཀྱི་ཕྱག་འདི་ཞེས་བྱ་བ་ནི། སྟོང་ཚན་པོ་རབ་ཏུ་འཇོམས་མ་འདི། ཡང་འདས་པའི་སངས་རྒྱས་འོད་སྲུང་ལ་སོགས་པ་གངྒཱ་ཀླུང་གི་བྱེ་མ་སྙེད་བྱེ་བ ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞིས་བསྲུང་ཞིང་། ཕྱག་རྒྱའི་རྒྱས་བཏབ་པ་དེ་བཞིན་དུ་མ་འོངས་པའི་སངས་རྒྱས་བྱམས་པ་ལ་སོགས་པ་ཡནྡ་ན།། ད་ལྟར་ཡང་ཤཱཀྱ་ཐུབ་པ་ལ་སོགས་པས། བསྲུང་ཞིང་ཕྱག་རྒྱའི་རྒྱས ་བཏབ་པའོ།། འཛིན་ཅིང་འཆང་བ་དང་ཀློག་ཅིང་སྟོན་པ་དང་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་བསྒོམ་པ། ཏིང་ངེ་འཛིན་དང་ཁ་ཏོན་དུ་སྔགས་དང་མདོ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ ་དག་ལ་ཞེས་བྱ་བ་ནི།། རྒྱ་ཆེར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གུས་པར་འདི་ལ་རྒྱ་ཆེར་སྦལ་ནས་བླ་མར་བྱས། མཆོད་པར་བྱས་པའོ།། ཡམས་ཀྱི་ནད་དང་འཇིགས་པ་དང་། འཚེ་བ་དང་ནད་འགྲོ་བོ་དང ་འཁྲུག་པ་དང་འཐབ་པ་དང་། འཆང་བ་དང་། ཁ་མཆུ་དང་ཤགས་དང་ཐ་ན་ཕྲ་མ་དང་སྡིག་པ་མི་དགེ་བ་སྡུག་བསྔལ་བའི་ལས་ཀྱིས་མི་ཚུགས་ཤིང་འཚེ་བར་བྱེད་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུརརོ་ཞེས་བྱ་བ་ནི་གྲོང ་ཡངས་པ་ཅན་གྱི་དབུས་སུ་འཁོར་གྱི་ནང་དུ་བཀའ་སྩལ་པའོ།། བཅོམ་ལྡན་འདས་ལ་མི་མཛད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། མཉམ་པ་ཉིད་དུ་ཁྱབ་པའི་སངས་རྒྱས་ལ། འཇིག་རྟེན་གྱི ་མེས་པོས་ཞུས་པའོ།། བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། སྐུ་གསུང་ཐུགས་བཙུན་པ་དཀའ་ཐུབ་མཛད་པ། བདུད་རྣམས་བཅོམ་ཞིང་ཕ་རོལ་ཕྱིན་པ་དྲུག་མཐར་ཕྱིན་པ་ཉོན་མོངས་པ་ལྔ་ལས་འདས་པའོ།། རིག ་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་ནི།། དེ་བཞིན་གཤེགས་པ་རྣམས་ཀྱིས་རིང་བསྲེལ་ལྟ་བུ་ཕྱག་རྒྱ་བཞིའི་ངོ་བོར་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་ཆོས་ཀྱི་རྣམ་གྲངས ་ཞེས་བྱ་བ་ནི་བར་ཆོས་མེད་པ་བདུད་རྣམས་ཀྱིས་མི་ཚུགས་པ་སྟེ་འདིའི་ལམ་ནས་ཐར་པ་ཐོབ་པ། དམིགས་པ་མེད་པའི་ཡེ་ཤེས་སྟོང་པ་ཉིད་དུ་སྣང་བའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་གདྷཱརྀ་བྱེ་མ་སྙེད་རྣམས་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་དེ་གང་ལགས་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདས་པ་དང་མ་འོངས་པ་དང་། དེ་ལྟར་ཡོད་པས་གསུངས་པ་གསང་སྔགས་ཀྱི་ཚིགས་ཞུས་པའོ།། དེ་སྐད་ཅེས ་གསོལ་པ་དང་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་ཞུས་པའོ།། བཅོམ་ལྡན་འདས་ཀྱི་མི་མཛད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས ་དང་ལྡན་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་རྒྱན་པ་སྤྲུལ་པའི་སྐུས་བཀའ་སྩལ་བའོ།། ཚངས་པ་དེའི་ཕྱིར་ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཁྱོད་ལ་བཤད་ཞེས་བྱ་བ་ནཱི། ཕ་རོལ་ཏུ་ཕྱིན་པའོ་རང་བཞིན་སྡུག ་བསྔལ་ཐམས་ཅད་འཇོམས་པར་བྱེང་པོའི་གསང་སྔགས་སངས་རྒྱས་ཀྱི་སེམས་ཅན་གྱི་དོན་ལ་བཀའ་སྩལ་པའོ།། བཙུན་པ་བཅོམ་ལྡན་འདས་དེ་ལྟར་འཚ་ལོ་ཞེས་གསོལ་ནས་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང ་གུས་པར། བཅོམ་ལྡན་འདས་ལ་གསོལ་བ་བཏུབ་བྷའོ།། མི་མཛད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་བྱ་བ་ན། འཁོར་རྣམ་པནི་དང་ཚངས་པས་དབུའ་མཛད་པ་མི་དང་མ་ཡིན་པའི་ཚོགས ་རྣམས་འཇོམས་པའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་རིགས་དང་མཚན་མ་སྟོན་ཏེ་མཚན་མའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། དེའི་མཚོན་བྱ ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། སྐུ་མདོག་ནི་དཀར་པོ་ཞལ་བཞི་པ་གཡས་ཞལ་སྔོན་པོ་ལྷག་པའི་ཞལ་དམར་པོ་གཡོན་ཞལ་ལྗང་གུ་སྤྱན་གསུམ་གསུམ་དང་ལྡན་པའོ།། དབུ་ལ་རིགས་ལྔས་བརྒྱན་པའོ།། ཕྱག་བརྒྱད་པ། ་གཡས་ན་འཁོར་ལོ་རལ་གྲི། རྡོ་རྗེ་དང་རྩེ་གསུམ་མོ།། གཡོན་གྱི་ཕྱག་ན་འཛིན་པ་ནི། བུམ་པའི་སྟེང་ན་རྡོ་རྗེ་དང་རིན་པོ་ཆེ་དང་ཞགས་པ་དང་ནི་ལྕགས་ཀྱུའོ།། པདྨ་ཟླ་བའི་སྟེང་ན་རྡོ་རྗེ་སྤྱི་ཀྲུང་མཛད་པ། སྐུ་མེ་འོད་ཀྱི་དཀྱིལ་ན ་བཞུགས་པའོ།། རྡོ་རྗེ་རིགས་ཀྱི་དེ་བཞིན་གཤེགས་པའི་རིགསོ།། དེ་བཞིན་དུ་སྟོང་ཚན་མོ་རབ་ཏུ་འཇོམས་མ་རྩ་བའི་སྔགསོ།། སྱ་ཏྭེ་དཾ། ཨ་ཙ་ལྀ་ལ་སོགས་པའོ།། སྟོང་ཆེན་མོ་རྩ་བའི་སྔགས་དཱ་ལ། འདི་སྐད་ཅེས་བྱ་སྟེ། ལུས ་སུ་རྟོགས་པ་དང་དྲན་པ་དང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན།། ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་སྟེ་ལྷའི་གཟུགས་སུ་བསྒོམ་པ་ནི་ཐབསོ།། རིག་སྔགས་སྟོང་པ་ཉིད་སྒོམ་པ ་ནི་ཤེས་རབ་སྟེ། དེས་ན་ཐབས་དང་ཤེས་རབ་བཟུང་དུ་འབྲེལ་བའོ།། ཏིང་ངེ་འཛིན་གསུམ་གང་ཞེ་ན། རྣམ་པར་ཐར་པའི་སྒོ་གསུམ་སྟེ་སྟོང་པ་ཉིད་ཀྱི་ཏིང་འཛིན་ནི་སྟོང་པ་ཉིད་ཀྱིས་རྣམས་པ་དང ་དབེན་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ།། མཚན་མ་མེད་པའི་ཏིང་ངེ་འཛིན་ནོ།། ཞི་བའི་རྣམ་པ་དང་མཚན་མ་མེད་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་མཚན་མ ་མེད་པའི་ཏིངངེ་འཛིན་ཅེས་བྱའོ།། སྨོན་པ་མེད་པའི་ཏིང་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྨོན་པ་མེད་པའི་ཏིང་འཛིན་ཅེས་བྱའོ།། རྫུ་འཕྲུལ ་གྱི་རྐང་པ་བཞི་ཞེས་བྱ་བ་ནི་མོས་པའི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིངངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིངངེ་འཛིན་སྤོང་བའི་འདུ་བྱེད་པ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ།། ཡང་དག་པར་སྤོང་བ་བཞི་ཞེས་བྱ་བ་ནི། སྡིག་སྟོན་མི་དགེ་བའི་ཆོས་མ་སྐྱེས ་པ་རྣམས་མི་བསྐྱེད་པའི་ཕྱིར་མོས་པ་བསྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་མོས་པ་བསྐྱེད་པའོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་མོས་པ་བསྐྱེད་ཅིང་བརྩོན་འགྲུས་རྩོམ་པ་དང་། སྐྱེས་པ་རྣམས་འཕེལ་ཞིང ་ཤིན་ཏུ་རྒྱས་པར་བྱ་བ་དང་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པ་བསྐྱང་བའོ།། དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་ན། ལུས་དྲན་པ་ཉེ་བར་བཞག་པ་ནི། ཡན་ལག་འདུས་པ་སྣ་ཚོགས་ཀྱི་ལུས་བཟུང་འཛིན ་ལ་སོགས་པ་སྟོང་ཞིང་མི་དམིགས་པ་བསྒོམ་པའོ།། ཚོར་བ་ནི་བྱིན་ཡང་མོད་ནང་ན་ཡང་མིང་གཉིས་ཀ་མེད་པར་མི་དམིགས་པ་བསྒོམ་པའོ།། སེམས་ནི་མིང་ཙམ་སྟེ་མི་དམིགས་པ་བསྒོམ་པའོ།། ཆོས་ནི་ཆོས་ལ་མི ་དམིགས་པར་བསྒོམ་པའོ།། དེ་ནི་ཐེག་པ་ཆེན་པོའི་དབང་དུ་བྱས་པའོ།། བསམ་གཏན་བཞི་ཞེས་བྱ་བ་ནི་བསམ་གཏན་དང་པོ་ནས་ཡན་ལག་ལྔ་སྟེ།། རྟོག་པ་དང་དཔྱོད་པ་གཉིས་ཉོན་མོངས་པའི་ཡན་ལག་གོ།། དགའ ་བྱ་དང་བདེ་བ་གཉིས་ཕམ་པའི་ཡན་ལག་གོ།། སེམས་རྩེ་གཅིག་པ་གཉིས་ཀའི་ཡན་ལག་གོ།། བསམ་གཏན་གཉིས་པ་ནི་ཡན་ལག་ཀུན་ལ་བསྡུས་ནས་བཞིར་བཤད།། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་གོ། ་ཚོར་བ་ཡིད་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག། སེམས་རྩེ་གཅིག་པ་གཉིས་ཀ་གནས་ཀྱི་ཡན་ལག་གོ། བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དྲན་པ་ཤེས་བཞིན་གསུམ་གཉེན ་པོའོ།། ཚོར་བ་བདེ་བ་ཕན་ཡོན་གྱིའོ།། སེམས་རྩེ་གཅིག་པ་གཉིས་ཀ་གནས་ཀྱི་ཡན་ལག་གོ།། བཞི་པ་ན་ཡང་ཡན་ལག་ལྔ་སྟེ་བཞིར་བཤད་།། བཏང་སྙོམས་ཡོངསུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། བདེ ་པ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ།། ཤེས་བཞིན་ཡོངས་སུ་དག་པ་ནི་གཉེན་པོ་འཚར་བ་དང་ཕན་ཡོན་གྱི་ཡན་ལག་ས། སེམས་རྩེ་གཅིག་པ་ནི་གཉིས་ཀའི་གནས་ཀྱི་ཡན ་ལག་གོ།། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ནི། གང་གིས་འདུ་བྱེད་ཐམས་ཅད་མ་སྐྱེས་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་པའོ།། ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ཀུན ་འབྱུང་བ་རབ་ཏུ་སྤོངས་སོ།། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཐོང་བ་དེས། འགོག་པ་མངོན་དུ་བྱས་སོ།། ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་ངེས། ལམ་བསྒོམ་སོ།། དབང་པོ་ལྔ ་ཞེས་བྱ་བ་ནི།། དད་པའི་དབང་པོ་ནི། ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་ལ་མངོན་པར་ཡིད་ཆེས་པ་སྟེ་དབང་པོ་ནི་འདིའོ་ཞེས་མངོན་པར་འཛིན་པའོ།། བརྩོན་འགྲུས་ཀྱི་དབང་པོ ་ནི་བྱ་བོ་དེ་ལ་ངེས་པར་འཇུག་བྱའོ།། དྲན་པའི་དབང་པོ་ནི་དྲན་པ་ཉམས་པ་མེད་པ་སྟེ་ངེས་མ་རིགས་པའི་སྐབས་མི་བྱེད་པའོ།། ཏིང་ངེ་འཛིན་གྱི་དཔུང་པོ་ནཱི་སེམས་རྩེ་གཅིག་པ་སྟེ་ངེས་དབང་བྱེད་པའོ།། ཤེས ་རབ་ཀྱི་དབང་པོ་ནི་བླང་བ་དང་དོར་བ་གཉིས་རྣམ་པར་འབྱེད་པའོ།། སྟོབས་ལྔ་ཞེས་བྱ་བ་ནི། དད་པའི་སྟོབས་ལ་སོགས་པ་བཤད་པ་ནི། དབང་པོ་ལྔ་ཉིད་རབ་ཀྱིས་མཐར་གྱུར་པ་ལ་བཞག་གོ།། དེ་དག་ཀྱང ་ད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་ཏིང་འཛིན་གྱི་སྟོབས་དང་ཤེས་རབ་ཀྱི་སྟབས་ཞེས་མངོན་པར་བརྗོད་པར་འགྱུར་རོ།། རྗེས་སུ་དྲན་པ་དྲུག་ཅེས་བྱ་བ་ནི།། རྟེན་དཀོན་མཆོག་གསུམ ་རྗེས་སུ་དྲན་པ། ཡུལ་ཚད་མེད་པ་བཞི་རྗེས་སུ་དྲན་པ། ཤེས་བྱ་བདེན་པ་གཉིས་དྲན་རྗེསུ་དྲན་པ། ཐབས་ཤེས་རབ་རྗེས་སུ་ངན་པ་དང་། རྒྱུ་རིགས་ལྔའི་དམ་ཚིག་རྗེས་སུ་དྲན་པ་དང་། འབྲས་བུ་སངས་རྒྱས ་རྗེས་སུ་དྲན་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་ནི། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གི་ས་དང་པོ་ལ་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་རང་གི་མཚན་ཉིད་མངོན་སུམ་དུ་སྐྱུ་རུར་ལག་མཐིལ་དུ་བཞག ་པ་བཞིན་རྟོགས་པའོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་གོང་དུ་ཆོས་རང་དོང་སྤྱིའི་མཚན་ཉིད་རྟོགས་པ་མ་རྗེད་པའོ།། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་མངོན་པར་རྫོ་གས་པར་སངས་རྒྱས ་པ་ལ་ཐོགས་པ་མེད་པར་འཇུག་པས་སམ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པའོ།། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཉོན་མོངས་པ་སྤོང་བཞི་སྟེ། དེ་ལ་ལུས་ཤིན་ཏུ་སྦྱངས་པ་ནི་ལུས་ཤིང་བལ་གྱི ་འདབ་མ་ལྟར་ཡང་བ་དང་རེག་ན་བདེ་བ་ལ་སོགས་པའོ།། སེམས་ཤིན་ཏུ་སྦྱངས་པ་ནི་དམིགས་པ་ལ་རྩེ་གཅིག་པ་སྟེ་རྫུ་འཕྲུལ་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དང་ལྡན་པའོ།། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཉོན ་མོངས་པ་སྤོང་བ་གནས་ཀྱི་ཡན་ལག་སྟེ་ཏིང་ངེ་འཛིན་ལ་གནས་ནས་གནས་ངན་ལེན་གནས་འགྱུར་བའི་ཕྱིར་རོ།། བཏང་སྙོམས་ཡང་དག་ནི། ངོ་བོ་ཉིད་ཀྱི་ཡན་ལག་སྟེ། ཉོན་མོངས་པ་དངོས་སུ་ཡང་མི་འབྱུང་མོང ་ཀྱེདག་པ་ཡང་མེད་དེ་གཉེན་པོའི་འབད་རྩོལ་མེད་པའོ།། དགའ་བ་ཡང་དག་ནི་ཆོས་བདག་མེད་པའི་དོན་མཐོང་བས། ལུས་ཀྱི་དགའ་བ་དང་། སེམས་ཀྱི་བདེ་བ་ཕུལ་ཏུ་ཕྱུང་བ་སྐྱེས་པ་སྟེ་ཕནན་གྱི་ཡན་ལག་གོ།། འཕགས་པའི ་ལམ་ཡན་ལས་བརྒྱད་ཞེས་བྱ་བ་ནི། ཡང་དག་པའི་ལྟ་བ་ནི་མཉམ་བཞག་གི་དོན་རྗེས་ཐོབ་ཀྱིས་གཅོད་པའོ།། ཡང་དག་པའི་རྟོག་པ་ནི་ཀུན་སློང་བའི་འཕེལ་བ་ནུས་པ་ཡོད་པ་སྟེ། ཁ་དོག་ནི་ལེགས་པར་བྱང་བ་བཞིན་ནོ།། ཡང་དག ་པའི་ངག་ན་ལྟ་བ་ལ་ཡིད་ཆེས་པར་བྱེད་པ་སྟེ།། བཤད་པ་དང་འབྲེལ་གཏམ་ལ་སོགས་པའི་སྒོ་ནས་ཡིད་ཆེས་པས་སོ།། ཡང་དག་པའི་ལས་ཀྱི་མཐའ་ནི། ལས་ཀྱི་མཐའ་ཚུལ་ཁྲིམས་རྣམ་པར་དོག་པ་ལ་ཡིད་ཆེས་པ་སྟེ། ་ལུས་དང་ངག་དང་ཡིད་རྣམས་དང་ཡེ་ཤེས་མངོན་དུ་འགྲོ་ཞིང་ཡང་ཤེས་ཀྱི་རྗེས་སུ་བཟུང་བའི་ཕྱིར་རོ།། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི། འདི་ལ་འདོད་པས་དབེན་ཞིང་སྡིག་ཏོ་མི་དགེ་བའི་ཆོས་ཀྱི་དབེན ་རོ་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་ལ་རྣམ་པར་རྟོགས་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངསུ ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོགས་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་དག་དགའ་བ་ལས་འདོད ་ཆགས་དང་བྲལ་བས་དྲན་པ་དང་ལྡན་པས་ཤེས་རབ་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་བ་དང་། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་རྣམ་པར་སྤྱོད་ཅིང་བཏང་སྙོམས ་པའོ་ཞེས་བརྗོད་པ་སྟེ། དེ་དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་བཏང་སྙོམས་དང་དྲན་པས་ཡོངསུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབ་སྟེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་དེ་ཐོགས ་པའི་འདུ་ཤེས་རྣམས་ནུབ་པར་འགྱུར་ཞིང་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ན་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་སྒྲུབ་ཏེ་གནས་སོ།། དེ་ལ་ཡང་རྣམ་པ་ཐམས་ཅད་དུ་ནམ ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ ་མཆོད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་ཀྱང་མ་ཡོད་དོ་ཞེས། ཅུང་ཟག་མེད་པའི་སྐྱེ་མཆེད་ལས་ཉེ་བར་བསྒྲུབས་ཏེ་གནས་སོ་དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆོད་ལས་ཡང་། ་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་ཡང་མེད་དོ།། ཞེས་འདུ་ཤེས་མེད་སྨིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་མིན་སྐྱེ་མཆོད་ས་ལས་ཡང་དག་པར་འདས་ཏེ་འདུ ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ་དེ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ།། སྟོབས་བཅུ་ཞེས་བྱ་བ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་།། རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བ་མཁྱེན་པའི་སྟོབས་དང་། སྟོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་ཟག་པ་ཟད་པ་མཁྱེན་པའི་སྟོབ་སོ།། རྣམ་པར ་གྲོལ་བའི་སྐྱེ་མཆེད་བཅུ་གཅིག་དང་ཞེས་བྱ་བ་ནི། མཐའ་རིག་ས་དང་། མཐའ་དག་ཆུ་དང་མ་དང་རླུང་དང་སྔོན་པོ་དང་། སེར་པོ་དང་དམར་པོ་དང་དཀར་པོ་དང་། མཐའ་དག་རྣམ་པར་ཤེས་པ་དང་མཐའ་དག་ན་མཁའོ།། ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་ཞེས་བྱ་བ་ནི། དེ་ཡང་རྒྱུ་དང་རྐྱེན་འབྲེལ་བྱ་སྟེ་ཕྱི་དང་ནང་གིའོ།། ཕྱི་རྒྱུ་ནི་ས་བོན་དང་མྱུ་གུ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་། འབྲས་བུ་དྲུག་གོ།། རྐྱེན་ནི་ས ་ཁམས་དང་ཆུ་དང་མེའི་ངང་རླུང་གི་དང་ན་མཁའི་དྲང་། དུས་ཀྱི་ཁམས་དྲུག་གོ།། ནང་གི་རྒྱུ་ནི་མ་རིག་པ་ནས་རྒ་ཤིའི་བར་དུ། རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཏེ། དེ་ལ་མ་རིག་པ་ནི་ལས་ལེགས་ཉེས་དང ་དེའི་འབྲས་བུ་མི་ཤེས་པ་དང་ཡང་དག་པའི་དོན་མི་ཤེས་པས་རྨོངས་པའོ།། འདུ་བྱེད་ནི་ལས་ལེགས་ཉེས་བྱེད་པའོ།། རྣམ་པར་ཤེས་པ་ནི་ལས་ཀྱིས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའོ།། སྐྱེ་བ་ཐོག་མར ་མཚམས་སྦྱོར་བའོ།། མིང་དང་གཟུགས་ནི་ཕུང་པོ་ལྔར་གྱུར་པའོ།། སྐྱེ་མཆེད་དྲུག་ནི་དབང་པོ་རྣམས་དོད་པའོ།། རེག་པ་ནི་ཡུལ་དབང་པོ་རྣམས་ཤེས་གསུམ་འདུས་ནས་ཡོངས་སུ་གཅོད་པའོ།། ཚོར་བ་ནི་རིག་པ་ལས་བྱུང་བ ་རྣམ་པ་གསུམ་མྱོང་བའོ།། སྲེད་པ་ནི་ཚོར་བ་བདེ་བ་ལ་ཞེན་ཅིང་མཱི་ངོམས་པའོ།། ལེན་པ་ནི་སྲེད་པ་གཡེན་སྤྲོས་ནས་འཛིན་ཅིང་ཡོངསུ་གཏོང་བའོ།། སྲིད་པ་ནི་ལེན་པ་ལས་བྱུང་བའི་ལས་ཟད་པ་དང་བཅས་པའོ།། སྐྱེ་བ ་ནི་སྲིད་པ་མཐུན་པའི་འབྲས་བུ་གྲུབ་པའོ།། དགའ་བ་ནི་ཕུང་པོ་སྨིན་པའོ།། ཤི་བ་ནི་འཇིག་པའོ།། དེ་དག་ནི་གོང་མ་གོང་མས་འོག་མ་འོག་མ་གྲུབ་པར་བྱེད་དོ།། འདི་དག་ཡན་ལག་ལྔར་འགྱུར་ཏེ། དང་པོ་གསུམ་ནི་འཕེན ་བའི་ཡན་ལག་གོ། དེའི་འོག་མ་བཞི་ནི་འཕངས་པའི་ཡན་ལག་གོ།། དེའི་འོག་མ་གསུམ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ།། སྐྱེ་བ་ནི་མངོན་པར་གྲུབ་པའི་ཡན་ལག་གོ།། རྒ་ཤི་ནི་ཉེས་དམིགས་ཀྱི ་ཡན་ལག་གོ་རྒྱུ་དེ་ཡང་ཚེ་གསུམ་ལ་རྫོགས་ཤིང་དུམ་བུ་གསུམ་དུ་གནས་ཏེ། དེ་ཡང་དང་པོ་གསུམ་ལ་རྫོགས་པ་ནི།། མ་རིག་ས་དང་འདུ་བྱེད་ཚེ་སྔ་མས་བསྡུས་སོ།། རྣམ་པར་ཤེས་པས་མིང་དང་གཟུགས་སྐྱེ་མཆེང་དྲུག་རེག ་པ་ཚོར་བ་སྲེད་པ་ལེན་པ་བདུན་ནི་ད་ལྟར་གྱིས་བསྡུས་སོ།། སྲིད་པ་སྐྱེ་བ་རྒ་ཤི་གསུམ་ནི་ཕྱི་མས་བསྡུས་སོ།། དེ་ལ་དུམ་བུ་གསུམ་ནི་ཉོན་མོངས་པ་དང་ལས་ཚེ་དང་གསུམ་སྟེ་དེ་ཡང་། དང་པོ་བརྒྱད་དང་ངགུ་ཉོན་མོངས།། ་གཉིས་པ་བཅུ་པ་ལས་ཡིན་ཏེ། ལྷག་མ་སྐྱེ་བའི་ཉོན་མོངས་ཡིན།། ཞེས་པས་དང་པོ་མ་རིག་པ་བརྒྱད་པ་སྲེད་པ་དགུ་པ།། ལེན་པ་གསུམ་ནི་ཉོན་མོངས་པའོ།། གཉིས་པ་འདུ་བྱེད་དང་བཅུ་པ་སྲིད་པ་གཉིས་ནི་ལསོ།། ལྷག་མ ་རྣམ་པར་ཤེས་པ་མིང་དང་གཟུགས། སྐྱེ་མཆེད་དྲུག་རེག་པ། ཚོར་བ་སྐྱེ་བ་རྒ་ཤི་དང་བདུན་ནོ།། ཚེ་སྟེ་སྡུག་བསྔལ་ཞེས་ཀྱང་བྱའོ།། དེ་ཡང་དང་པོ་གསུམ་ལས་བར་མ་གཉིས་བྱུང་དེ་ལས་ཐ་མ་བདུན་བྱུང་བས་ཐོག་མ་དང་ཐ་མ་མེད ་ཅིང་ངེས་པ་མེད་པར་འཁོར་རོ།། དེ་ལ་མ་རིག་པ་དང་འདུ་བྱེད་ནི་འདས་པའི་ཉོན་མོངས་པ་དང་ལས་དེ་ད་ལྟར་གྱི་རྒྱུའོ།། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རོག་པ་དང་། ཚོར་བ་ནི་ད་ལྟར ་གྱི་འབྲས་བུའོ།། སྲེད་པ་དང་ལེན་པ་དང་སྲིད་པ་ནི་ད་ལྟར་གྱི་ཉོན་མོངས་པ་དང་ལས་ཏེ། མ་འོངས་པའི་རྒྱུར་འགྱུར་བའོ།། སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་འབྲས་བུའོ།། ཡང་ན་དུམ་བུ་གསུམ་སྟེ། རྒྱུའི་ཀུན་ནས ་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། འབྲས་བུའི་ཀུན་ནས་ཉོན་མོངས་པའོ།། དེ་ལ་དང་པོ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་གསུམ་ནི་ཉེར་ལེན་གྱི་རྒྱུ་ཡིན་ལ། ལས་ཀྱི་ཉོན་མོངས་པ་ནི་ལྷན ་ཅིག་ཏུ་བྱེད་པའི་རྐྱེན་ནོ།། འབྲས་བུའི་ཀུན་ནས་ཉོན་མོངས་པ་དང་། ཡན་ལག་བདུན་ཏེ་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྣམསོ།། ཡང་ན་རྒྱུ་བདུན་གྱི་བྱེ་བྲག་གིས་འབྲས་བུ་ཡང་བདུན་ཏེ། ཕྱིན་ཅི་ལོག་གི ་རྒྱུ་ལ་སོགས་པ་ནི་རྒྱུ་མ་རིག་པའོ།། ཟག་པ་མེད་པའི་རྒྱུ་ནི་འདུ་བྱེད་དེ། ཀུན་གཞི་རྣམ་པར་ཤེས་པ་ལས་ཀྱིས་བག་ཆགས་ཡང་དང་ཡང་དུ་འཇོག་པའི་ཕྱིར།། སྲིང་པོའི་རྒྱུ་ནི་རྣམ་པར་ཤེས་པ་སྟེ། ཉིང་མཚམས་སྦྱོར ་བའི་ཕྱིར་རམ། གནས་སུ་འཁྲིད་པར་བྱེད་པའི་ཕྱིར་རོ།། ཀུན་ཏུ་འཛིན་པའི་རྒྱུ་ནི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་གོ།། ཉེ་བར་བྱེད་པའི་རྒྱུ་ནི་རིག་པ་དང་ཚོར་བའོ།། སྤྱད་པའི་རྒྱུ་ནི་སྲིད་པ་དང་ལྡན་པ་དང་སྲེད ་པའོ།། སྡུད་པའི་རྒྱུ་ནི་སྐྱེ་བ་དང་རྒ་ཤིའོ།། རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་བྱ་བ་ནི། བདེན་པ་བཞི་ལ་ཆོས་རྣམ་པ་བཅུ་དྲུག་ཏུ་ཕྱེ་ནས་ཆོས་ཀྱི་འཁོར་ལོ་ལན་བཞི་སུམ་ཅུ་གཉིས་བསྐོར་བས་ཏེ། ་དེ་ཡང་ཇི་སྐད་དུ་བཤད་པའི་སྡུག་བསྔལ་གྱི་བདེན་པ་ལས་བྱེ་བ་གསུམ་སྟེ་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་ལས་གསུམ་གཅིག་ཏུ་བསྲུང་བའོ།། ཀུན་འབྱུང་གི་བདེན ་བ་ལ་གསུམ་རྒྱུ་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་གཅིག་ཏུ་བསྡུས་པའོ།། འགོག་པའི་བདེན་པ་ལ་འགོག་པ་དང་། ཞི་བ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བ་བཞི་གཅིག་ཏུ་བསྡུས་པའོ།། ་ལམ་གྱི་བདེན་པ་ལ་ལམ་དང་རིགས་པ་དང་བསྒྲུབས་པ་དང་ངེས་པར་འབྱུང་བ་གཅིག་ཏུ་བསྡུས་པ་རྣམསོ།། དེ་ལྟར་སྐལ་པ་ཇི་ལྟ་བ་བཞིན་དུ་བདེན་པ་བཞིན་ལས་ཕྱེ་བའི་བྱེ་བྲག་གི། ཡན་ལག་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ ་བསྐོར་བའོ།། དབུགས་དབྱུང་བ་དང་རྔུབ་པ་རྗེ་སུ་དྲན་པ་རྣམ་པ་བཅུ་དྲུག་དང་ཞེས་བྱ་བ་ནི། དྲན་ཞིང་དབུགས་ན་དུ་རྒྱུན་ཡང་དྲན་ཞིང་དབུགས་ནང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ་དྲན་ཞིང་དབུགས་ཕྱིར་རྒྱུན་ཡང་དྲན་ཞིང ་དབུགས་ཕྱིར་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ།། དབུགས་ནང་དུ་རྒྱུ་ན་ཡང་དབུགས་ནང་དུ་རིང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེསོ།། དབུགས་ཕྱིར་རིང་དུ་ཆུ་ནི་ཡང་དབུགས་ཕྱིར་རིང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེསོ།། དབུགས ་ནང་དུ་ཐུང་ངུ་རྒྱུན་ཡང་ནང་དུ་ཐུང་ངུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ།། དབུགས་ཕྱིར་ཐུང་ངུ་རྒྱུན་ཡང་དབུགས་ཕྱིར་ཐུང་ངུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤསོ།། དཔེར་ན་འཁོར་ལོ་བསྐོར་བ་འམ་འཁོར་བའི་འཁོར་ལོ་བསྐོར་བའི ་མཚན་བུ་མཁས་པ་ནི་རིང་དུ་བསྐོར་ན་རིང་དུ་བསྐོར་ཞེས་བྱ་བར་རབ་ཏུ་ཤེས་སོ།། ཐུང་ངུ་བསྐོར་ན་ཐུང་ངུ་བསྐོར་ཞེས་བྱ་བར་རབ་ཏུ་ཤེས་སོ།། སངས་རྒྱས་རྗེས་སུ་དྲན་པ། ཆོས་རྗེས་སུ་དྲན་པ་དགེ་འདུན་རྗེས་སུ་དྲན་པ ་ཚུལ་ཁྲིམས་རྗེས་སུ་དྲན་པ་གཏོང་པ་རྗེས་སུ་དྲན་པ་ལྷོ་རྗེས་སུ་དྲན་པ། སྐྱེ་བ་རྗེས་སུ་དྲན་པ། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ། འཆི་བ་རྗེས་སུ་དྲན་པ། བཟོད་རྗེས་སུ་དྲན་པ་དང་། བརྩོན་འགྲུས་རྗེ་སུ་དྲན་པ ་དང་། བསམ་གཏན་རྗེས་སུ་དྲན་པ་དང་། ཤེས་རབ་རྗེས་སུ་དྲན་པ་དང་། ཐབས་རྗེས་སུ་དྲན་པ་ཤེས་རབ་རྗེས་སུ་དྲན་པའོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ ་འཁྲུལ་པ་མི་མངའོ།། ཅ་ཅོ་མི་མངའོ།། དངོས་པོ་ཉམས་པ་མི་མངའོ།། འདུ་ཤེས་སྣ་ཚོགས་མི་མངའོ་ཐུགས་མཉམ་པར་མ་བཞག་པ་མི་མངའོ།། མ་རྟགས་པའི་བཏང་སྙོམས་མི་མངའོ།། མོས་པ་ཡོངས་སུ་ཉམས ་བ་མཱི་མངའོ།། བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ།། བསྒོམ་པ་ཡོངསུ་ཉམས་པ་མི་མངའོ།། ཏིང་འཛིན་ཡོངས་སུ་ཉམས་པ་མི་མངའོ།། ཤེས་རབ་ཡོངསུ་ཉམས་པ་མི་མངའོ།། རྣམ་པར་གྲོལ་བ་ཡོངས་སུ་ཉམས ་པ་མི་མངའོ།། རྣམ་པར་གྲོལ་བའི་ཡེ་ཤེས་ཡོངས་སུ་གཟིགས་པ་ཡོངས་སུ་ཉམས་པ་མིངའོ།། སྐུ་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེ་སུ་འབྲང་ངོ་།། གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས ་སྔོན་དུ་གྲོབ་སྡུ་མ་ཤས་ཀྱི་རྗེས་སུ་འབྱུང་།། ཐུགས་ཀྱི་འཛིན་ལས་ཐམས་ཅད་ཡེ་ཤས་སྐྱོན་དུ་འགྲོ་བ་སྟེ་ཡེ་ཤྲཱིས་ཀྱི་རྗེས་འབྱུ་ང་། ངས་པའི་མ་ལམ་ཆགས་མཐོག་པའི་ཡེ་ཤེས་གཟིགས ་པ་ལ་འཇུག་གོ།། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག། སྟོབས་དང་མི་འཇིགས་པ་ལ་སོགས ་པའོ།། ལཱི་གེ་བཞི་བཅུ་རྩ་གཉིས་ཞེས་བྱ་བ་ནི། གཞན་དག་ལས་འདི་སྐད་དུ་འདམས་ཤིང་འདི་སྐད་དུ་སྟོན་ཏོ།། རིགས་ཀྱི་བུ་ཁྱོད་ཚུར་ཤོག། ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ཤིཀ། ཡི་གེ་གཅིག་ལ ་མཁས་པར་གྱིས་ཤིག། ཡི་གེ་གཉིས་ནས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པར་གྱིས་ཤིག། ཡི་གེ་གཅིག་གིས་སྦྱངས་པའི་རང་བཞིན་ཐམས་ཅད་ཤེས་རབ་གྱིས་ཤིག། ཡི་གེ་གཉིས་ཀྱིས་བྱང་བའི་རང་བཞིན ་ཐམས་ཅད་ཤེས་པར་གྱིས་ཤིག། ཡི་གེ་བཞི་བཅུ་རྩ་གཉིས་ཀྱིས་བྱུང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག་ཡི་ཀེ་གཅིག་ཏུ་ཡི་གེ་བིན་བཅུ་རྩ་གཉིས་འདུས་པར་བསྒོམས་ཤིག། ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ ་གཅིག་འདུས་པར་བསྒོམས་ཤིག་ཅེས་སྟོན་ཏོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཡི་གེ་གཅིག་ལ་མཁས་པ་ཡིན་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པ་ཡིན་ཡི་གེ་གཅིག་གི་ནང་དུ་ཡི་གེ་བཞི་བཅུ་རྩ་གཉིས ་འདུས་པར་བསྒོམས་པ་ལ་མཁས་པ་ཡིན།། ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་བསྒོམས་པ་ལ་མཁས་པ་ཡིན་དེ་ལྟར་ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་བྱ་བ་ལ་གོམས་ཤིང་། ཡི་གེ་མེད་པ་ལ་མངོན་པར ་སྒྲུབ་པ་ལ་མཁས་པ་ཡིན་ནོ།། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མཁས་པ་དང་ཡི་གེ་མཁས་པ་ཡིན་ཏེ། དེའི་ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས ་པས་ཡི་གེ་མང་པོས་ཡི་གེ་མེད་པའི་ཆོས་སྟོན་ཀྱང་ཆོས་དེ་ཡི་གེའི་རྣམ་པ་དང་བྲལ་བ་ཡང་མ་ཡིན་ཏེ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་གྱི་རྨད་དུ་བྱུང་བའི་ཆོས་ཏེ་གང་ཉན་ཐོས་དང་རང ་སངས་རྒྱས་ཐམས་ཅད་དང་ཐུན་མོངས་མ་ཡིན་ནོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་སྟོང་པའི་རང་བཞིན་དེ་ཆོས་ཀྱི་སྐུ་ཡིན་པས་དཔེར་ན་སྟོང་པ་ལ་བརྟེན་ཏེ་གློག་སྣང་།། གློག་ལ་རྟེན་ཏེ་འོད་སྣང་ངོ་།། དེ ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟན་ཏེ་བསོད་ནམས་ཀྱི་སྐུ་སྣང་ངོ་།། བསོད་ནམས་ཀྱི་སྐུ་ལ་བརྟེན་ཏེ་སྤྲུལ་པའི་སྐུ་སྣང་ངོ་།། ཡང་གསུམ་དུ་བགྲང་བ་ཡོང་མོས་ཀྱི་དངོས་པོ་ནི་གསུམ་དུ་མེ་།། མི་སྐྱེ་མི་འགྲིབ། རྨི་ལམ་སྒྱུ་མ་དང་འདྲའོ།། ་ཚངས་པ་དེ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བ་གདོན་ཐམས་ཅད་ལས་ཐར་པར་བྱེད་པའི་མདོ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་ཏེ། འཇིག་རྟེན་འདི་དང་ཕྱི་མ་ལོ་ཡང་སྡུག་བསྔལ་མི་འབྱུང་བའོ།། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དེ་ལྟར་ཡོད་པ་རྣམས་ཀྱིས་རྟག་ཏུ་བསྲུང་བའོ།། གཾ་གཱ་སྙེད་རྣམས་ཀྱི་ཞེས་བྱ་བ་ནི་གྲངསོ།། ་སངས་རྒྱས་ཀྱི་ཕྱག་རྟེན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཡུམ་ལྟ་བུའོ།། སངས་རྒྱས་སྒྲུབ་པའོ་ཞེས་བྱ་བ་ནི། དེའི་སྒོ་ནས་ཐམས་ཅད་སྒྲུབ་སྟེ། སངས་རྒྱས་ནི་སྐུ་གསུམ་གྱི་སངས་རྒྱས་སྒྲུབ་བོ།། ཞེས ་སྒྲུབ་པའོ་ཞེས་བྱ་བ་ནི། དོན་དམ་པ་དང་ཀུན་རྫོབ་པའོ།། དགེ་འདུན་སྒྲུབ་པའོ་ཞེས་བྱ་བ་ནི་དགྲ་བཅོམ་པའི་ངོ་བོ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་སྒྲུབ་པའོ།། ཚངས་པ་སྒྲུབ་པའོ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན ་བྷི་ཁམས་ཐུན་མོང་གི་དངོས་གྲུབ་གཟུགས་ཀྱི་ཁམས་ཀྱི་ལྷ་སྒྲུབ་པོ།། དབང་པོ་སྒྲུབ་པའོ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པ་འདོད་པའི་ཁམས་ཀྱི་ལྷའི་དབང་པོ་ལ་སོགས་པ་སྒྲུབ་པའོ།། འཇིག་རྟེན་སྐྱོང་བ་སྒྲུབ་པའོ། ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་གྱི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའོ།། དབང་ཕྱུག་སྒྲུབ་པས་ནི་གཞན་པས་དབང་ཆེ་བར་གནས་པ་འཇིག་རྟེན་གྱི་དབང་ཕྱུག་སྒྲུབ་པའོ།། བདེན་པ་སྒྲུབ་པའོ་ཞེས་བྱ་བ་ནི ་ངག་གིས་དབང་ཕྱུག་ཐོབ་པ། དོན་དམ་ཀུན་རྫོབ་གོ་བའོ།། ལ་མ་སྒྲུབ་པའོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་སྒྲུབ་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་སྒྲུབ་པའོ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་འབྱུང་བར་འདོད་པའོ།། ། ་ཟླ་བ་སྒྲུབ་པའོ་ཞེས་བྱ་བ་ནི་ཟླ་བ་བཞིན་དུ་བདུད་རྩི་ཟིལ་གྱིས་གནོན་པའོ།། ཉི་མ་སྒྲུབ་པའོ་ཞེས་བྱ་བ་ནི་ཉི་མ་བཞིན་དུ་འཇིག་རྟེན་གྱི་ཁམས་རགས་པ་དང་ལྡན་པའོ།། གཟའ་སྒྲུབ་པའོ་ཞེས་བྱ་བ་ནི། འཇིག་རྟེན་ཁམས་ལ་མཐུ ་ཆེ་བར་གྲགས་པའོ།། རྒྱུ་སྐར་སྒྲུབ་པའོ་ཞེས་བྱ་བ་ནི་འཇིག་རྟེན་ཁམས་སུ་བཟང་བ་དང་ངན་པ་དང་བྱེ་བྲག་འབྱེད་པའོ།། ཀུན་གཞི་རྣམ་པར་ཤེས་པའི་གནས་འགྱུར་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྟོང་པ་མཐའ་དག་དང་བྲལ ་བའི་དོན་རྟོགས་པས། རིག་སྔགས་མཚན་ཉིད་པ་སྟེ། དེའི་མཚོན་བྱ་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། མཚོན་པ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྟེ་སྐུ་མདོག་དང་ཕྱག་མཚན་གྱིས་རྣམ་པར་བྱུང་བའོ།། སྐུ་མདོག་མཐིང་ག ་ཞལ་གསུམ་པ་ཕྱག་དྲུག་པ། དང་པོ་མཐིང་ཁ་གཡས་དཀར་བ་གཡོན་དམར་བ། དབུ་ལ་ཐོད་པ་ལྔས་བརྒྱན་པ་དབུ་སྒྲ་གྱེན་དུ་འབར་བ་སྤྱན་གསུམ་པ་ཞགས་ཕྱེད་སྐྱིལ་ཏུ་བཞུགས་པ། ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་ཀླུ་ཆེན་པོ ་ངདང་གནོད་སྦྱིན་ཆེན་པོ་གཉིས་སོ།། གཡས་པ་ན་ཀླུ་མནན་པ་གཡོན་པ་ན་གནོད་སྦྱིན་མནན་པའོ།། གཡས་ཀྱི་ཕྱག་གསུམ་ན་རྡོ་རྗེ་དང་རལ་གྲི་དང་གྲི་གུག་གོ། གཡོན་པ་གསུམ་ན་ཞགས་པ་དང་ཐོད་པ་དང་རྩེ་གསུམ་མོ།། རྒྱན་ཐམས ་ཅང་རིན་པོ་ཆེ་ལས་བྱས་པ། རྡོ་རྗེ་རིགས་ཀྱི་རང་བཞིན་རྒྱུ་མ་ལྟ་བུའོ།། ཉི་མའི་གདན་ལ་མེའི་འོད་རིགས་ལྔའི་སངས་རྒྱས་ཀྱི་ངོ་བོ་ཉིད། རིག་སྔགས་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སངས་རྒྱས་ལ་སོགས་པ་ཐམས ་ཅད་དེའི་སྒོ་ནས་འགྲུབ་པའོ།། སྱཱཏྶེ་དཾ་ཞེས་བྱ་བ་ནི། འདི་ལྟ་སྟེ་རིག་སྔགས་འདིའོ།། སྔགས་ནི་སཱ་ལེ་ཀ་ནི་ཞེས་བྱའོ།། དེ་ནས་ཞེས་བྱ་བ་ནི་རིག་སྔགས་ཀྱི་གཏིང་ལ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས ་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ནི་བཀྲ་ཤིས་པའོ།། འཇིག་རྟེན་ན་འམ་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་དང་མི་ལ་སོགས་པ་གྱུར་པའོ།། ཡང་ན་འདས་པ་དང་ཞེས་བྱ་བ་ནི་སངས ་རྒྱས་གངྒཱ་ཀླུང་གི་བྱེ་མ་སྙེད་ཡིན་ཡང་ན་བགྲང་བ་ལས་འདས་པའོ།། མཐོ་རིས་དག་ནི་རིན་ཆེན་མཆོག་ཡོད་པ། ཞེས་བྱ་བ་ནི་མཐོ་རིས་ནི་སངས་རྒྱས་ཀྱི་ཞིང་ཁམས་ཏེ་ཡང་ན་སངས་རྒྱས་ཀྱི་ཞིང་ཁམས་ཏེ་ཡང་ན་སངས་རྒྱས་ཐོབ ་པའོ།། དེ་བཞིན་གཤེགས་པ་ལྷ་ཡི་ལྷར་འགྱུར་བ། མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད་ཅིང་བྱ་བ་ནི།། རིག་སྔགས་འདིའོ།། ལམ་ནས་དེ་བཞིན་གཤེགས་པའི་ངོ་བོ་དང་ལྷའི་ལྷར་གྱུར་པའི་ངོ་བོ་དང་མིའི་མཆོག་ཀྱང་ཡང ་དག་པར་འགྱུར་བའོ།། དེ་བས་འདིར་ནི་མཆོག་ཏུ་གསུངས་ཞེས་བྱ་བ་ནི།། སྟོང་ཆེན་མོ་རབ་ཏུ་འཇོམས་སྟེ་ཡང་ན་དཀོན་མཆོག་གསུམ་མོ།། གསུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ།། བདེན་པ་ཞེས་བྱ ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མའོ།། དེ་ཡིས་ཞེས་བྱ་བ་ནི་གང་ཟག་གོ།། འདིར་ནི་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དང་རིག་སྔགས་སྒྲུབ་པའོ།། བདེ་ལགས་ཤོག་ཅེས་བྱ་བ་ནི། བཀྲ་ཤིས་པར་གྱུར་ཅིག་པའོ།། ཟང་པ ་ཆགས་བྲལ་བདུད་རྩི་འདུས་མ་བྱས་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་དང་བྲལ་བའོ།། ཡང་ན་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཡེ་ཤེས་བདུད་རྩི་དང་འགྲོགས་པའོ།། ཞེས་པས་ཤཱཀྱ་ཐུབ་པ་དེ་རབ་ཏུ་བྱུང་ཞེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ ་སྟོང་ཆེན་མོ་རབ་ཏུ་འཇོམས་པ་སྟེ་ཡང་དག་པར་བསྟན་པའོ།། བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ་ཞེས་བྱ་བ་ནི་ཡེ་ཤེས་དེ། དེ་ཁོ་ན་ཉིད་དོ།། ཡང་ན་ནི་འགགས་པའོ།། མཚུངས་པ་གང་ཡང་མེད་ཅེས་བྱ་བ་ནི། ངའི་སྒོ་ནས་ཡང་དག ་མེད་པའོ།། བདེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག། ཅེས་བྱ་བ་ནི་ཡིད་བཞིན་གྱི་ནོ་ཕུ་རིན་ཆེན་བཞིན་དུ་གང་ཡང་འགྲུབ་སྟེ། དེ་ཡང་དཀོན་མཆོག་གསུམ་ཡིན་ནོ།། དེའི་བདེན ་པས་བཀྲ་ཤིས་པར་གྱུར་པའོ།། མཆོག་ཏུ་གང་འདོད་ཚུལ་བཞིན་རབ་ཏུ་བསྟན་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ།། སྟོན་པའི་རྣལ་འབྱོར་ནི་བླ་མེད་རྟག་སྒྲུབ་པ་ཞེས་བྱ་བ་ནི་སྟོན་པའི ་མཚན་ཉིད་ཇི་ལྟ་བུ་ཞེ་ནི་ཉོན་མོངས་བདུད་ཚོགས་གནོད་བྱིད་ཅིང་།། ངན་འགྲོ་སྲིང་ལས་སྐྱོབ་བྱེང་པ། སྟོན་པའི་སྟོན་པ་བརྗོད་བྱེད་ཡིན།། རྣལ་འབྱོར་ནི་ཐབས་ཤེས་རབ་ཀྱི་བདག་ཉིད་ཐ་ན་མང་པ་ནི་གོང་ན་མེད་པའོ།། རྡོ་རྗེ་ལྟ ་བུའི་མི་གཉིས་ལམ་མཐོང་བ་ཞེས་བྱ་བ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེའི་ཐེག་པའོ།། རྒྱུ་མཚན་ཉིད་ཀྱི་ཐེག་པ་གང་ཞེ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་དུ་འཁྱེར་བའོ།། འབྲས་བུ་རྡོ་རྗེའི་ཐེག ་པཱ་གང་ཞེ་ན། སྐུ་གསུང་ཐུགས་ཡེ་ཤེས་ལྔ་ལམ་དུ་འཁྱེར་བའོ།། ཏིང་ངེ་འཛིན་ང་ཡང་མཉམ་ཡོད་མ་ཡིན་ཞེས་བྱ་བ་ནི་དེའི་གོང་ན་ཁྱད་པར་གང་ཡང་མེད་པའོ།། དཱི་བས་འདིར་ནི་རིན་ཆེན ་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག་ཅེས་བྱ་བ་ནི།། སྟོང་ཆེན་མོ་རབ་ཏུ་འཇོམས་མ་རིན་ཚན་གྱི་བདེན་པ་འདི་འཆང་བ་ཐམས་ཅད་བཀྲ་ཤེས་པའོ།། ཡང་ཟག་ཅེས་བྱ་བ་ནི་འཁོར་བ་ནས་ཡང་ནས་པ ་དུ་འཛུག་པའོ།། ཉན་ཐོས་འགོག་པ་ཡིན་ཏེ་བྱེ་བྲག་ཏུ་སྨྲ་བའི་མཚན་པ་ཡིན་པའོ།། ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་ཡིན་ཏེ། འོད་བསུངས་དང་འོད་བསྲུངས་ཆེན་པོ་དང་ག་ཡ་འོད་བསྲུངས་དང་ཆུ ་ཀཱ་འོད་བསྲུངས་དང་ཅང་ཤེས་ཀོའུ་དི་ན་དང་དགའ་བྱེད་དང་ཀ་ཏཱ་ཡའི་བུ་ཆེན་པོ་དང་བཱ་ཀུ་ལ་དང་བརྒྱད་།། གང་ཟག་ཟུང་བཞིར་བརྗོད་པ་དེ་དང་ནི་ཕལ་ཆེན་པོ་དང་ཐམས་སྨྲ་བ་གནས་བརྟན་པ་དང་། ཐམས་ཅད ་བསྐུར་བ་དང་བཞི་ཡིན་ནོ།། འདུལ་བའི་སྒོ་ནས་གང་ཟག་མཛད་པའོ།། དྲང་སྲོང་ཆེན་པོ་གང་ཟག་མཚུངས་པ་མེད་ཅེས་བྱ་བ་ནི། ང་ཡིན་ཏེ་འཁྱིལ་པ་དང་། འཁྱིལ་བ་ཆེན་པོ་དང་འོད་སྲུངས་ཆེན་པོ་འཁྱིལ་བ་དང་ཆུ་ཀླུང ་འོད་བསྲུངས་འཁྱིལ་བ་དང་དེ་དག་ནི་དྲང་སྲོང་གང་ཟག་གོ།། དེ་དག་ནི་འགོག་པ་ཆེན་པོ་སྟེ། དེ་དག་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་རིག་སྔགས་ཀྱི་སྒོ་ནས་སོ།། བདེ་སར་གཤེགས་པ་ཞེས་བྱ་བ་ནི་དང་པོ་ནི་བདར་གཤེགས ་བྱ་བ་ལ་སོགས་པའི་ཚིག་དེ་ལ་གཙང་བྱ་བདུན་གཙང་དེ་ཕྱག་གི་ཡུལ་དུ་སྒྲུབས་པ་ལས་བདེར་གཤེགས་ནི། བཅོམ་ལྡན་འདས་ཡིན་པས་སོ་སོ་སྐྱེ་བོ་མཆོད་པའི་ཡུལ་མ་ཡིན་ཏེ་འཁོར་བ་ལ་བཞུགས་པའི་ཕྱིར་དང་། སངས ་རྒྱས་ནི་འཁོར་བ་ལས་ལྡོག་པའི་ཕྱིར་རོ།། བདེ་བར་གཤེགས་པའི་སྲས་ནི་མཛེས་པར་གཤེགས་པ་ལ་སོགས་གསུམ་ལ་འཇུག་སྟེ།། མཛེས་པར་གཤེགས་པ་ནི་ཇི་ལྟར་དབུའ་མའི་ཐེག་པ་མཁྱེན་པས་ཉོན་མོངས་པ་ལ་སོགས ་པའི་སྒྲིབ་པ་སྤངས་པས་སྤངས་པ་ཕུན་སུམ་ཚོགས་པ་བསྟན།། ཡང་ན་མཛེས་པ་ནི་ཆོས་ཐམས་ཅད་རང་བཞིན་མང་བཱི་དེ་ཁོ་ན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པ་སྟེ། མཁྱེན་པ་ཕུན་སུམ་ཚོགས་པའོ།། འདི་ནི་མུ་སྟེགས་ཅན་གྱི་མཁྱེན ་པ་རྣམས་ལས་ཁྱད་པར་བསྟན་ཏེ། དེ་དག་གི་བདག་ཏུ་ལྟ་བ་ལ་སོགས་པའི་མི་ནི་པ་རབ་ཏྲ་བ་སྤངས་པས་གཤེགས་པ་སྟེ་བདག་ཏུ་ལྟ་བ་ལ་ཚད་མས་གནོད་པའི་ཕྱིར་དང་འཁོར་བ་ལ་ཕྱོགས་པ་ཡིན་པའི་ཕྱིར་དོན་དུ་སྤངས་པའི་ཕྱིར་མི་ལྡོག ་པར་གཤེགས་པ་ནི་སྐྱེ་བ་ལེན་པའི་རྒྱུ་འདོད་ཆགས་ལ་སོགས་པ་དང་། ང་རྒྱལ་གྱི་ས་བོན་མ་རིག་པ་ལ་སོགས་པ་ཐམས་ཅད་སྤངས་པས་ན་བདེར་གཤེགས་ཏེ་འདི་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་། དགྲ་བཅོམ་པ་དང ་རང་རྒྱལ་བ་རྣམས་ལ་ཁྱད་པར་དུ་གྱུར་པར་བསྟན་ཏེ། དེ་དག་ནི་མཛེས་པར་གྱུར་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་དང་ཕྱིར་མི་ལྡོག་པའི་ཕྱིར་རོ།། ཇི་སྲིད་དུ་རྟོགས་པའི་དབྱེ་བ་ཁོང་དུ་ཆུང་བས་ལུས་དང་ངག་དང་ཡིད་ཀྱི་ཉེས་པ ་བག་ཆགས་སྐྱོན་གྱི་མཚན་ཉིད་ཐམས་ཅད་རང་གིས་མཁྱེན་ཅིང་།། ལམ་སྟོན་པ་ལ་རྣམ་པ་ཐམས་ཅད་དུ་མི་གསལ་བ་སྤངས་པའི་ཕྱིར་བདེ་བར་གཤེགས་པའོ།། སྦྱིན་པའི་གནས་ཤེས་གསུམ་ཞེས་བྱ། ་བ་ནི། རྒྱུ་དང་འབྲས་བུའོ།། རྒྱུ་ནི་དང་པོའི་ལས་ཅན་ནོ།། འབྲས་བུ་ནི་གཉིསུ་མོང་བའི་ཡེ་ཤེས་ཡིད་ལ་བྱེད་པ།། བརྗོད་དུ་མེད་པའོ།། དེ་ལ་བྱིན་ནཱ་འབྲས་བུ་ཆེ་འགྱུར་བ་ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ་ཞིང་རབ ་གཤིན་ལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་སྒོ་ནས་ཞིང་བཏབ་པ་བཞིན་ནོ།། ས་བོན་བཏབ་པ་བཞིན་ཞེས་བྱ་བ་ནི་དང་པོའི་ལས་ཅན་གྱི་འབྲས་བུའོ།། འདིར་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བདེ ་ལེགས་ཤོག། ཅེས་བྱ་བ་ནི། རིག་སྔགས་འདི་ཡང་དགྲ་བཅོམ་པའི་དགེ་འདུན་གྱི་རང་བཞིན་གྲུབ་པ་དགེ་འདུན་དཀོན་མཆོག་གི་བདེན་པས་བཀྲ་ཤིས་པའོ།། གང་དག་བསྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་ཞེས་བྱ་བ་ནི། དག་པའི ་རྣམ་པར་དག་པའོ།། བསྟན་པ་ནི་མི་འགྱུར་བའོ།། ཡིད་ནི་རློམ་སེམས་སོ།། སེམས་ཀྱི་རང་བཞིན་ཅི་ཞེ་ན། གསལ་བ་སེམས་ཀྱི་སངས་རྒྱས་ཀྱི་ངོ་བོ་ཉིད་དེ་ལྟར་ཟབ་སྟེ་ན་མཁའ་དང་འདྲ་སྟེ་ཕྱི་མོ་ནས་གཙང་ན་ཅིའི་སླད་ནས། ་སེམས་ཅན་གྱི་མྱ་ངན་རྣམས་ཀྱིས་སེམས་ཅན་གྱི་དྲི་མ་དེ་ནི་ཐོག་མ་གང་ལས་མཆིས་པ་དེ་བཤད་པར་སྨོན་ཏོ།། བཀའ་སྩལ་པ་མྱ་ངན་ཐམས་ཅད་ནི་ཕྱིན་ཅི་ལོགས་ལས་སྐྱེས་སོ།། ཕྱིན་ཅི་ལེགས་ཐམས་ཅད་ནི་མི་བདེན་པའི ་སེམས་ལས་སྐྱེས་སོ།། མི་བདེན་པའི་སེམས་ཅན་ཐམས་ཅད་ཕྱི་མོ་ལས་སྐྱེས་སོ།། ཕྱི་མོ་མེད་པ་ཐམས་ཅད་ནི་མི་གནས་པ་ཉིད་ཡིན་ནོ།། ཕྱི་མོ་མེད་ན་ཡོད་པ་མ་ཡིན།། ཡོད་པ་ནི་དྲི་མའོ།། མེད་པ་གཙང་མའོ།། གཙང་མ་དེའི ་གནས་ཀྱང་ངག་ཙང་ཞིང་ཕ་རོལ་ཏུ་ཕྱིན་པའོ།། དེ་ལྟ་བུའི་མཐོང་བ་ཞེས་བྱའོ།། གཽ་ཏཱ་མཽའི་བསྟན་ལ་འཇུག་བྱེད་པ་ཞེས་བྱ་བ་ནི། གཽ་ཏ་མ་ནི་བཅོམ་ལྡན་འདས་བསྟན་པ་ནི་དཀོན་མཆོག་གསུམ་ནི་སྟོང་ཆེན་མོ།། སྟོང་ཆེན་མོ་ནི ་ཆོས་སོ།། ཆོས་ནི་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་མི་དམིགསོ།། མི་དམིགས་པ་དེ་ཉིད་མི་སྐྱེ་བའི་བཟོད་པ་ཐོབ་པ་ཞེས་བྱའོ།། དེ་ནས་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ་ཞེས་བྱ་བ་ནི། དེ་དག་གི་རིག་སྔགས་སོ་བདུད་རྩི་ནི་ཡེ་ཤེས་སོ།། ། ་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངོ་བོའོ།། མུན་པ་གསལ་ནས་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བ་ནི་མུན་པ་ཉོན་མོངས་པའོ།། གསལ་བ་ནི་མ་རིག་པའོ་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་འགག་ན་བདེན་འཁོར ་བ་མེདོ།། དེ་བས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག། ཅེས་བྱ་བ་ནི་རིག་སྔགས་ཀྱི་འདིས་ཀྱང་མཉམ་པ་ཉིད་ལྟ་བྱང་ཆུབ་སེམས་དཔའི་དགེ་འདུན་འགྲུབ་སྟེ། རིན་ཆེན་དེའི་བདེན ་པས་བདེ་བར་གནས་པའོ།། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི་ཞེས་བྱ་བ་ནི་ལྟ་བ་མུ་སྟེགས་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་ཐོམ་པའོ།། གཉི་སུ་འདུས་པའོ།། ཡང་དག་པར་ལྟ་བོ་ནི་སངས་རྒྱས་ཀྱི་ལྟ་བའོ།། འཇིག་ཚོགས་ལྟ་བ་དང་ནི་ཞེས ་བྱ་བ་ནི། འཇིག་པ་ནི་ཆད་པར་ལྟ་བ་དང་། རྟག་པར་ལྟ་བའོ།། ཚུལ་ཁྲིམས་བརྟུལ་ཞུགས་དང་ཞེས་བྱ་བ་ནི་ཉན་ཐོས་སོ།། ཐེ་ཚོམ་ནི་རྟོག་པའོ།། རྟོག་པ་ནི་མ་རིག་པའོ།། ཉོན་མོངས ་གསུམ་པོ་དག་ཅེས་བྱ་བ་ནི། འདོད་ཆགས་ལ་སོགས་པའོ།། ཅིག་ཆར་སྤངས་ཏེ་ཞེས་བྱ་བ་ནི།། གཏི་མུག་ཞེ་སྡང་འདོད་ཆགས་སོ།། འཕགས་པའི་བདེན་པ་མཐོང་བ་ཞེས་བྱ་བ་ནི་བདེན་པ་བཞི་པའོ།། སྡུག་བསྔལ་ཀུན་འབྱུང་། ་འགོག་པ། ལམ་མོ།། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག་ཅེས་བྱ་བ་ནི།། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདི་ཡང་། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ ་འདུན་རྣམས་བསྐྱེད་པའི་ཡུམ་ཡིན་ཏེ། དེ་དཀོན་མཆོག་དེའི་བདེན་པས་བཀྲུ་ཤིས་པར་འགྱུར་བའོ།། ལུས་སུམ་དག་གམ་དེ་བཞིན་ཡིད་ཀྱིས་ཀྱང་ཞེས་བྱ་བ་ནི་ལུས་ལ་ནི་གསུམ་དག་ལ་ནི་བཞི་ཡིད་ལ་ནི་གསུམ་མོ།། ་སྡིག་པ་རྣམས་གསུམ་ནམ་ཡང་མི་བྱེད་ལ་ཞེས་བྱ་བ་ནི་མི་དགེ་བ་བཅུ་སྤངས་པའོ།། གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང་ཞེས་བྱ་བ་ནི་བཤགས་པར་བྱེད་པའོ།། ད་ལྟར་དེ་དག་ལྟ་བས་འཛིན་མི་བྱེད་ཅེས་བྱ་བ་ནི་སྡིག་པ་དང ་བྲལ་བའོ།། བདེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བོང་ལེགས་ཤོག་ཅེས་བྱ་བ་ནི། རིག་སྔགས་འདི་ཡང་དཀོན་མཆོག་གསུམ་གྱི་ངོ་བོ་གྲུབ་པ། རིན་ཆེན་ངའི་བདེན་པས་བདེ་བར་གྱུར ་བའོ།། ཇི་ལྟར་དབང་པོ་སྡོང་པོ་སར་གཙུགས་པ་ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མ་གཡོས་ལྟར་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔའི་ངོ་བོས་མི་ཚུགས་ཤིང་གློ་བུར་གྱི་སྐྱོན་གྱིས་མ་གོས་པའོ།། འཕགས་པའི་ལམ་དྷུ ་དམ་པ་མཐོང་བའི་གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ།། ཞེས་བྱ་བ་ནི་ཀུན་འབྱུང་བ་ཤེས་པའོ།། སྡུག་བསྔལ་ཕུང་པོ་ལྔའི་སྡུག་བསྔལ་སྤངས་པའོ།། འགོག་པ་ནི་སྔོན་དུ་སྣང་བའོ།། ལམ་ནི་སྟོང་པ་ཉིད་དུ་སྣང་བའོ།། ། ་དེ་བཞིན་དུ་སེམས་ཅན་རྣམས་ལས་འཕགས་པའི་ཕྱིར་ན་འཕགས་པའི་དགེ་འདུན་དུ་སྣང་བའོ།། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག་ཅེས་བྱ་བ་ནི་སྟོང་ཆེན་མོ་རབ ་ཏུ་འཇོམས་མ་འདིས་ཀྱང་རིན་ཆེན་དེ་རྣམས་འགྲུབ་ཅིང་ལྡན་པ་སྟེ་དེའི་བདེན་པས་བཀྲི་ཤིས་པར་གྱུར་པའོ།། ཤེས་རབ་ཟབ་མོ་ཤིན་ཏུ་བསྟན་པའོ།། ཞེས་བྱ་བ་ནི་ཤེས་རབ་ནི་རིག་པ། རིག་པ་ནི་སྟོང་པ་ཉིད་དོ།། སྟོང་པ ་ཉིད་ནི་ཆེན་པོ་རབ་ཏུ་འཇོམས་མའོ།། སྟོང་ཆེན་མོན་ཆོས་ཀྱི་སྐུའོ།། ཆོས་སྐུ་ནི་ན་མཁའོ།། འཕགས་པའི་བདེན་པ་སུ་ངག་རྣམ་བསྒོམས་ཤིང་ཞེས་བྱ་བ་ནི་སྡུག་བསྔལ་ནི་ཕུང་པོ་ལྔའི་རང་བཞིན་ཏེ་ཞེས་བྱའོ།། ཀུན་འབྱུང ་ནི་རྣམ་པར་རྟོགས་པ་དང་བྲལ་བའོ།། འགོག་པ་ནི་ལྷག་མཐོང་སྟེ། སྔོན་དུ་བྱའོ།། ལ་ནི་སྟོང་པ་ཉིད་དུ་བསྒོམས་པའོ།། ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི་ལུས་ནི་ཐབ་སོ།། ཡིད་ནི་ཤེས་རབ་བོ།། ཐབས་དང་ཤེས་རབ ་ཟུང་དུ་འབྲེལ་པའོ།། ཐབས་མེད་པས་ཟིན་པའི་ཤེས་རབ་བཅིང་བ་གང་ཞེ་ན་འདི་ལྟར་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ངེས་པར་རྟོགས་ཤིང་མཚན་དང་། དཔེ་བྱད་བཟང་པོ ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་ངེས་པར་མི་རྟོགས་པ་འདི་ནི་ཐབས་མེད་པས་ཟིན་པའི་ཤེས་རབ་སྟེ། བཅིངས་པའོ།། ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང ་དཔེ་བྱུང་བཟང་པོ་དང་།། སངས་རྒྱས་དང་ཞིང་གི་རྒྱུན་དང་།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སེམས་ངེས་པར་རྟོགས་ཤིང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་འདྲིས་པར་བྱེད་ལ། ཡོངས་སུ་མི་སྐྱེ ་བདེ་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བ་ཞེས་བྱའོ།། དེ་དག་ནི་སྟོང་ཆེན་པོ་རབ་ཏུ་འཇོམས་མའོ།། འཇིགས་པ་བརྒྱད་དང་འཕྲང་པར་མི་འགྱུར་ཞེས་བྱ་བ་ནི།། འཇིགས་པ་ནི་སེང་གེ་དང་གླང་པོ་ཆེ་དང་མེ་ད ་སྦྲུལ་དང་། བཙོན་དུ་བཟུང་བ་དང་། ཆུ་དང་རྐུན་པོ་དང་། ཡི་དྭགས་དང་ནི་བརྒྱུད་དོ།། ཕྲད་མི་འགྱུར་ནི་རིག་སྔགས་ཀྱིས་བྱིན་གྱིས་བསླབས་པའོ།། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་འདི་ཡིས་འདིར་ནི ་དེ་ལེགས་ཤོག། ཅེས་བྱ་བ་ནི། རིག་སྔགས་འདིས་ཀྱང་དཀོན་མཆོག་གསུམ་འགྲུབ་ཅིང་།། སྟོང་པ་ཉིད་དུ་སྣང་བ་སྟེ་རིན་ཆེན་དེའི་བདེན་པས་བདེ་ལེགསུ་གྱུར་པའོ།། ཇི་ལྟར་མེ་ནི་རླུང་གི་རབ་གཏོར་བས་ཞེས་བྱ་བ་ནི་མི ་དམིགས་པའོ།། ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད་ཅེས་བྱ་བ་ནི། སྟོང་པ་ཉིད་དོ།། སྟོང་པ་ཉིད་ནི་མཚན་ཉིད་ཅི་ཞེ་ན། བརྗོད་དུ་ཡོད་དེ་དངོས་པོ་མེད་པའོ།། ཡང་ན་སྟོང་པ་ཉིད་ལ་རྫུ་འཕྲུལ་བྱུང་ངོ་།། གང་ཞེ་ན་ནམ་མཁའ་ལ ་རླུང་ལ་སོགས་པ་འབྱུང་བ་བཞིན་དུའོ།། དེ་ལྟར་ཀུན་ཏུ་སྦྱོར་བ་བཏང་བ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའོ།། ཀུན་རྫོབ་ནི་ཐེབས་ཀྱི་ངོ་བོ་ནི་དོན་དམ་པ་ནི་ཤེས་རབ་ཀྱི་ངོ་བོའོ།། དེ་བཞིན་དུ་ཐབས་དང་ཤེས་རབ་སྦྱོར ་བའོ།། སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ་ཞེས་བྱ་བ་ནི་དཔེར་ན་ཡིང་བཞིན་ནོར་བུའི་རྒྱལ་པོ་ནི། ཇི་ལྟར་ཡིད་ལ་བསམ་པ་རྫོགས་བྱེད་པ།། དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། རྟག་ཏུ་སྨོན་ལམ ་རྫོགས་པར་གྲུབ།། མཐའ་དང་དབུས་མེད་འཇུག་རྟེན་འདིར།། འཇིག་རྟེན་པ་ནི་འགྲེས་པར་འགྱུར།། དེ་ཡི་སྨོན་ལམ་དེ་དག་གིས།། ཕྱོགས་བཅུའི་དེ་དག་རྒྱལ་བ་གང་།། ཡང་ན་ཇི་ལྟར་ཟླ་བ་ཤར་འགྱུར་བ།། ཚང ་མེད་པ་ཡིས་གཟུགས་བརྙན་རྣམས།། ཆུ་ཡི་སྣོད་དུ་སྣང་འགྱུར་ཀྱང་།། ཟླ་བ་གཉིས་སུ་འགྱུར་བ་མེད།། དེ་བཞིན་ཆགས་མདཱ་མཁྱེན་ལྡན་རྣམས།། ཆགས་མེད་རྣམ་པར་སངས་རྒྱས་པ།། ཞིང་རྣམས་ཀུན་ནས་རབ་ཏུ ་སྣང་། སངས་རྒྱས་ལ་ནི་གཉིས་ཀྱང་མེད།། ཅེས་གསུངས་སོ།། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག་ཅེས་བྱ་བ་ནི།། འཕགས་པ་དགྲ་བཅོམ་པའི་རང་བཞིན་ཡང ་རིག་སྔགས་འདི་ཡིས་གྲུབ་སྟེ། དཀོན་མཆོག་དེའི་བདེན་པས་བཀྲ་ཤིས་པར་གྱུར་པའོ།། སེམས་ནྡན་གང་དག་འགྲོ་དང་མི་འགྲོ་བ་ཞེས་བྱ་བ་ནི། སྲེལ་སྣ་ཅན་དེ་འགྲོ་བ.རིགས་དྲུག་ཙམ་མོ།། ་བེམས་པོ་ལ་སོགས་པ་འགྱུ་བ་རྣམས་སོ།། དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག་ཅེས་བྱ་བ་ནི། དེ་དག་ནི་སེམས་ཅན་ནོ།། འདིར་ནི་སྟོང་ཆེན་མོའི་བྱིན་བརླབས་སོ།། བྱེད་གྱུར་ཅིག་ནི་སེམས་ཅན་ཐམས་ཅདདོ།། སྟོན ་མཆོག་ལྷ་དང་མིས་ནི་མཆོད་འོས་པ། སངས་རྒྱས་ཕྱག་འཚལ་དང་འདིར་བདེ་ལེགས་ཤོག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་སངས་རྒྱས་རྣམས་ཀྱིས་ཞལ་ནས་བྱུང་བ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ངོ་བོ།། སེམས ་ཅན་རྣམས་ཀྱིས་མཆོད་པར་འོས་པའོ།། སེམས་ཅན་ཡང་དག་འགྲོ་དང་མི་འགྲོ་བ།། དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག་ཅེས་བྱ་བ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་རིན་ཆེན་ཆོས་ཀྱི་བདེན་པས་བདེ་ལེགས ་སུ་གྱུར་པའོ།། ཞི་བ་ཆགས་བྲལ་ལྷ་མེས་མཆོད་འོས་པ།། ཆོས་ལ་ཕྱག་འཚལ་དང་འདིར་བདེ་ལེགས་ཤོག། ཅེས་བྱ་བ་ནི།། འགྲོ་བ་རི་ལས་དྲུག་གི་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་བྱེད་པ། འདོད་པའི་ཡོ ་ཏན་ལྔ་སྤངས་པ། དམིགས་པ་མེད་པའི་ཆོས་ལ་ཕྱག་འཚལ་བའོ།། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག་ཅེས་བྱ་བ་ནི། འཕགས་པའི་བདེན་པ་བཞིས་སེམས་ཅན་གྱི་རེན ་བྱེད་པ་རྣམས་དེའི་བདེན་པས་འགྲོ་བ་རིས་དྲུག་པར་འགྱུར་བ།། དཀོན་མཆོག་བདེན་པ་དེ་ཡིས་བཀྲ་ཤིས་པའོ།། ཚོགས་ཀྱི་དམ་པ་ཞེས་བྱ་བ་ནི།། འབྲས་བུ་དང་རྒྱུའོ།། ལྷ་དང་མིས་མཆོད་འོས་པ་ཞེས་བྱ་བ་ནི་འཇིག་རྟེན་པ་ཐམས ་ཅད་ཀྱིས་མཆོད་པའོ།། དགེ་འདུན་ཕྱག་འཚལ་དང་འདིར་བདེ་ལེགས་ཤོག། ཅེས་བྱ་བ་ནི་མི་དགེ་བ་སྤངས་པ་དགེ་བ་དང་དུ་བླངས་པ་བདེན་པ་བཞིའི་སྒོ་ནས་སྤྱོད་པ་རྣམས་ལ་ཕྱག་འཚལ་བའོ།། འབྱུང་པོ་གང་དག་འདིར་ནི་ལྷག ་གྱུར་ཏེ། ས་འམ་འོན་ཏེ་བར་སྣང་འཁོད་བ་དག་ཅེས་བྱ་བ་ནི། བློ་བུར་གྱི་ཉོན་མོངས་པ་ལྔའི་ངོ་བོ་ལས་གྱུར་པ། དེ་དག་འབྱུང་པོའི་ཚོགས་རྣམས་སོ།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤེག། ཉིན་དང་མཚན་དུ་ཆོས ་ཀྱང་སྤྱོད་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་བདེན་པས་བྱམས་པས་ཁྱབ་ནས་ཆོས་ཀྱི་དམ་པར་དར་བ་སྨོན་ལམ་བཏབ་པའོ།། འདི་ནི་རྒྱལ་བ་དགྲ་བཅོམ་རྒྱལ་བདེན་གང་གིས། ཤིན་ཏུ་བདེན་པ་གསུང་ཞིང་རྫུན་མེད་པ ་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་བཀའ་དང་རིག་སྔགས་ཀྱི་བདེན་པས་ཐེ་ཙོམ་མེད་པའོ།། བདེན་པ་དེ་ཡིས་དེང་འདིར་ནི་བདེ་ལེགས་ཤོག་ཅེས་བྱ་བ་ནི།། དཀོན་མཆོག་གསུམ་གྱི་བདེན་པས། འཇིགས་པ་དང་ནད་རྣམས ་བྲལ་ཞིང་། བཀྲ་ཤིས་དང་བདེ་ལེགས་སུ་གྱུར་པའོ།། དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག་ཅེས་བྱ་བ་ནི། སྟོང་ཚན་མོ་རབ་ཏུ་འཇོམས་མ་སྟེ་རང་བཞིན་ནི་སྨིག་རྒྱུ་དང་འདྲ་སྟེ་ངོ་བོ་ཉིད་ནི་རིག་ལྔའི་སངས་རྒྱས་སོ།། མཚོན ་བྱ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། མཚོན་པ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་པའོ།། རིགས་ནི་རྡོ་རྗེའི་རིགས་ཀྱི་རིན་པོ་ཆེའི་རིགས་སོ།། དེའི་ཕྱག་འཚན་དང་སྐུ་མདོག་ནི་སེར་མོ་ཞལ ་གསུམ་ཕྱག་དྲུག་པ། གཡས་ན་ཐ~ཾང་ཀ་གཡོན་དམར་བ་སྤྱན་གསུམ་པ་དབུ་ལ་རིག་ལྔའི་དབུའི་རྒྱན་ཅན་གཡས་པ་གསུམ་ན། རིན་པོ་ཆེ་དང་རལ་གྲི་དང་མངའོ།། གཡོན་ན་རྡོ་རྗེ་དང་ཞགས་པ་དང་གཞུའོ།། ཞབས་རྡོ་རྗེ ་སྐྱིལ་ཀྲུང་དུ་བཞུགས་པ། པདྨའི་སྟེང་དུ་ཉི་མའི་གདན་དང་བཅས་པ་བཞུགས་པ་ཉི་མའི་འོད་དང་བཅས་པ་ཚོར་བའི་ཕུང་པོ་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ།། རིག་སྔགས་འདི་ནི་སྱཱ་ཏྭེ་དཾ་འདི་ལྟ་སྟེ། སྔགས་ནི་དྷི་རི་དྷི ་ཛི་ཞེས་བྱ་བའོ།། ཚངས་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སས་རྒྱས་ཀྱིས་བཀའ་སྤྲུལ་པའོ།། རིག་སྔགས་ནི་པ་ཉིད་དོ།། རྒྱལ་མོ་ནི་འཇིག་རྟེན་ལ་དབྱུང་བའི་ཕྱིར་རོ།། སྟོང་ཆེན་མོ་རབ་ཏུ་འཇམ ་མ་ཞེས་བྱ་བ་ནི། ཡིད་བཞིན་གྱི་ནོར་བུ་འདྲ་བ་སྟེ། སྡུག་བསྔལ་ཐམས་ཅད་འཇོམས་པའོ།། དོན་ཐམས་ཅད་ལས་ཐར་བར་བྱེད་པ་འདི་ནི་ཞེས་བྱ་བ་ནི། འཁོར་བ་ལས་ཐར་པའོ།། སངས་རྒྱས་ནི་སྡུག་བསྔལ་དང་བྲལ ་བའོ།། ཕྱག་རྒྱའོ་ཞེས་བྱ་བ་ནི་སྟོང་ཆེན་མོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཽ་གཱའི་ཀླུང་གིས་བྱེ་མོ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱའོ།། ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས ་མ་འདི་ཡང་། ཚད་མེད་པ་བཞི་ཕྱག་རྒྱའི་རྒྱས་བཏབ་པ། འདས་པ་དང་མ་འོངས་པ་དང་དུ་གྱུར་བྱུང་བ་རྣམས་ཀྱིས་ཕྱག་རྒྱའི་རྒྱས་བཏབ་པའོ།། སངས་རྒྱས་ཀྱི་གནས་སོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཆོས་ཀྱི་གནས་སོ། ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉི་སུ་མེང་པར་འབྱུང་བའོ།། དགེ་འདུན་གྱི་གནས་སོ་ཞེས་བྱ་བ་ནི། མི་དགེ་བར་མི་གནས་ལ། ཚོགས་སྲོག་པའི་དམ་པའོ།། ཚངས་པའི་གནས་ཞེས་བྱ་བ་ནི།། འདི་ལ་གནས་ཤིང་ཚངས ་པར་སྤྱོད་པའོ།། དབང་པོའི་གནསོ་ཞེས་བྱ་བ་ནི།། འདི་ལ་རྟེན་ཅིང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའོ།། འཇིག་རྟེན་སྐྱོང་བའི་གནས་སོ་ཞེས་བྱ་བ་ནི།། འདིས་བསྐྱེད་ཅིང་ཕྱོགས་སྐྱོང་བཅུ་ལ་དབང་པོའོ།། དབང་ཕྱུག་གི ་གནསོ་སོ་ཞེས་བྱ་བ་ནི།། འདི་ལ་བཙུན་ནུས་དབང་མཛད་པའོ།། དྲང་སྲོང་ཆེན་པོའི་གནས་སོ་ཞེས་བྱ་བ་ནི། འདིའི་བདེན་པ་ལ་བརྟེན་ནས་དམོད་མོས་འབྱུང་བའོ།། འོ་བྱུང་པོའི་གནས་སོ་ཞེས་བྱ་བ་ནི། འབྱུང་བ་ལྔའི་རང ་བཞིན་དུ་འདི་ལས་འབྱུང་བའོ།། མིང་གི་གནས་སོ་ཞེས་བྱ་བ་ནི། སྣ་ཚོགས་ཀྱི་ལྟ་བ་ཡང་དེར་གནས་པའོ།། རྒྱུའི་གནས་སོ་ཞེས་བྱ་བ་ནི་འབྱུང་བ་བཞིའི་རང་བཞིན་ནོ།། ཕྱོགས་ཀྱི་གནས་སོ་ཞེས་བྱ་བ་ནི། ནམ་མཁའ་བཞིན ་དུ་ཕྱོགས་བཅུར་ཐུག་པ་མེད་པའོ།། བསྟན་པའི་གནསོ་ཞེས་བྱ་བ་ནི། མི་དགེ་བ་བྱེད་ཅིང་།། སེམས་ཅན་གྱི་དོན་བྱེད་པ།། སྦྱིན་པོ་དང་ཚུལ་ཁྲིམས་དང་དེ་རྣམས་མཛད་པའོ།། སངས་རྒྱས་ཀྱིས་མངོན་པར་རྫོགས་པར ་སངས་རྒྱས་པའོ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུའི་སྒོ་ནས་རྫོགས་ཏེ་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་ངོ་བོ་ཉིད་དོ།། ཉན་ཐོས་རྣམས་ཀྱིས་ནི་རེག་པའི་ཞེས་བྱ་བ་ནི། བྱེ་བྲག་པ་ཞེས་བྱ་བ་ཡིན་ཏེ ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒོ་ནས། ཚངས་པས་བྱིན་གྱིས་བརླབས་པའོ་ཞེས་བྱ་བ་ནི། ཚངས་པའི་ཏིང་འཛིན་ནི། རླུང་སྒྲོགས་པའོ།། དེ་ཡང་རིག་སྔགས་ཀྱི་སྒོ་ནས་སོ།། དབང་པོ་སྡེ་རབ་ཏུ་བསྔགས་པའོ།། ཞེ ་བྱ་བ་ནི་བསྔགས་པ་ནི་བསྲུང་བ་དང་སྐྱེ་བའོ།། དེ་ཡང་ནི་རིག་སྔགས་ཀྱི་སྒོ་ནས་སོ།། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཆོད་པའོ་ཞེས་བྱ་བ་ནི། འཇིག་རྟེན་སྐྱོང་བ་ནཱི། བརྒྱ་བྱིན་ལ་སོགས་པ་ཡིན་ཏེ། དེ་དག་ཀྱང་རིག་སྔགས ་ཀྱི་རྒྱལ་མོ་མཆོད་པའོ།། དབང་ཕྱག་གིས་ཕྱག་བྱས་པའོ།། ཞེས་བྱ་བ་ནི། དབང་ཕྱུག་ཆེན་མོ་ནི་མུ་སྟེགས་ཀྱི་ལྟ་བ་མཐར་ཐུག་པ་ཡིན་ཏེ། དེ་དག་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ལ་ཕྱག་འཚལོ།། ལྷ་རྣམས ་ཀྱིས་ཀུན་ཏུ་མཆོད་པའོ།། ཅེས་བྱ་བ་ནི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དང་གསུམ་མོ།། དེ་དག་ཀྱང་རིག་སྔགས་ཀྱིས་རྒྱལ་མོ་ལ་མཆོད་པའོ།། རྣལ་འབྱོར་སྤྱོད་པ ་རྣམས་ཀྱིས་བསྔགས་པའོ།། ཞེས་བྱ་བ་ནི། རྣམ་པ་དང་བཅས་པ་རྣམ་པ་མེད་པའོ།། དེ་ལ་རྣམ་པ་དང་བཅས་པའི་ཡེ་ཤེས་སྨྲ་བ་ནི།། དྲུག་གི་ཅིག་ཆར་སྦྱར་བ་ན། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར་ཞེས་བྱ་བ་ལ་སོ་གས་པའོ།། ་རིག་པས་ཀྱང་ཕྲ་རབ་ཀྱང་དམིགས་པར་མི་འགྱུར་གྱི་འདི་དག་ཐམས་ཅད་ནི་སེམས་ཙམ་སྟེ།། སེམས་ཉིད་གཟུང་བ་དང་འཛིན་པའི་ངོ་བོ་དང་བྲལ་བའོ།། རྣམ་པ་མེད་པར་སྨྲ་བའི་བསམ་གཏན་ནི། བདེན་པ་གཉིསུ ་མེད་པ། བསམ་གྱིས་མི་ཁྱབ་པ་སྣང་བ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པའོ།། དེ་ཡང་། དེ་ཡི་ངོ་བོ་གསལ་བར་འདོད།། རྣམ་པ་མེད་ཅིང་མ་གོས་པ།། དེ་ནི་མཁས་པ་མ་ཡིན་པས། ནམ་ཡང་ཤེས་པར་མི་འགྱུར།། ་རོ།། འདི་དག་ཐམས་ཅད་སེམས་ཙམ་ཞེས། དེ་སྙམ་དུ་ནི་དམིགས་ནསུ། ཅི་ཡང་རུང་སྟེ་མདུ་ནུ་འཇོག་ན། དེ་ཉིད་ཙམཱ་ལ་མ་གནས་སོ།། གང་ཚེ་ཤེས་པ་དམིགས་པ་རྣམས།། ཉེ་བར་དེ་ལ་དམིགས་པའི་ཚེ།། ་སེམས་ཙམ་ལ་ནི་གནས་པ་སྟེ།། གཟུང་བ་མེད་པར་དེ་འཛིན་མེད་ཅེས་བསྟན་པས་སོ།། དེ་བཞིན་དུ་རིག་སྔགས་ཀྱི་རྒྱལ་མོའི་སྒོ་ནས་སྤྱོད་པའོ།། མཁས་པ་རྣམས་མངོན་པར་དགའ་བར་གྱུར་པའོ།། ཞེས་བྱ་བ་ནི་མཁས ་པ་ནི་པཎྜི་ཏ་ལ་སོགས་པ་སྟེ། རིག་པའི་གནས་ལཱུ་ལ་མཁས་པའོ།། རིག་པའི་གནས་ལྔ་གང་ཞེ་ན། ལྷ་བསྙེན་རིག་པ་སྦྱངས་དང་སྨན་དང་ནི། བཟོ་དང་སྒྲ་དང་ལྔ་ཡིན་ཞེ་ན། དེ་དག་ཀྱང་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལ་སྤྱོད ་པའོ།། དྲང་སྲོང་རྣམས་ཀྱིས་རབ་ཏུ་བསྔགས་པའོ་ཞེས་བྱ་བ་ནི། དྲང་སྲོང་ནི་ཏིང་འཛིན་ལ་གནས་པ་སྟེ་དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་གནས་པའོ།། ཚངས་པ་རྣམས་ཀྱིས་རབ་ཏུ་བརྒྱན་པའོ་ཞེས་བྱ་བ་ནི། ཚངས་པ ་ནི་མི་མཇེད་ཀྱི་བདག་པོ་ལ་སོགས་པ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་གནས་པའོ།། ལྷ་རྣམས་ཀྱིས་མངོན་པར་བསྟོད་པའོ་ཞེས་བྱ་བ་ནི། ལྷ་རྣམས་ཀྱིས་མངོན་པའི་རང་གི ་གནས་ནས་མར་ལ་མཐོང་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་མཐོང་བའོ།། ཁྲུས་བྱེད་པ་རྣམས་ཀྱིས་བསམས་པའོ་ཞེས་བྱ་བ་ནི།། ཁྲུས་བྱེད་པ་ནི་མུ་སྟེགས་ཀྱི་རིགས་ཡིན་ཏེ།། ཡང་ན་ནི་གཙང་སྦྲ་ལ་བརྟེན་ཏེ། ཀྲི ་ཡཡཱ་ལ་གནས་པའོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་ཁྲུས་བྱེད་པའོ།། རིགས་བཞིའི་འཇིག་རྟེན་གྱིས་དགའ་བར་བྱས་པའོ།། ཞེས་བྱ་བ་ནི།། རིགས་བཞི་ནི་བྲམ་ཟེ་དང་། རྒྱལ་པོ་དང་། རྗེའུ་དང་། དམང་རིགས་དང ་བཞི་ཡིན་ཏེ། ཡང་ན་ནི་བྲམ་ཟེའི་བྲམ་ཟེའོ།། རྒྱལ་པོའི་རྒྱལ་པོའོ།། རྗེའུར་རྗེའུའོ།། དམང་རིགས་ཀྱི་དམང་རིགསོ།། དམང་རིགས་ཀྱི་གདོལ་པ་ནི།། གྲངས་ཀྱི་མི་མཆོད་དོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སོ།། སངས ་རྒྱས་སྤྱོད་ཡུལ་ནི་བྱ་བ་ནི། སངས་རྒྱས་ཀྱི་སྤྱོད་ཡུལ་ནི་དབུ་མའི་ལམ་ཡིན་ཏེ། ཆོས་ཀྱི་སྐུ་ནི་ཏིང་འཛིན་རྣམ་པར་མི་རྟོགས་པ་དེ་ནི་དབུའ་མའི་ལམ་མོ།། དེ་ནས་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས ་སྤྱོད་ཡུལ་དུ་བྱས་པའོ།། རང་སངས་རྒྱས་རྣམས་ཀྱི་སྐྱེད་མོས་ཚལ་ལོ་ཞེས་བྱ་བ་ནི། སངས་རྒྱས་རྣམས་ནི་རང་འབྱུང་ཡ་ཤེས་ཏེ་ཆོས་ནི་ལུས་ཀྱི་བསྟན་པའོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་འཚལ་ལོ།། དྲང་སྲོང་རྣམས་ཀྱི ་གནས་སོ་ཞེས་བྱ་བ་ནི།། དྲང་སྲོང་ནི་སེམས་དམིགས་པ་སྒོམ་པ་སྟེ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་བྱས་པའོ།། ཉན་ཐོས་རྣམས་ཀྱིས་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི། ཉན་ཐོས་ནི་རྟག་པ་དང་མི་རྟག་པ་སྒོམ་པས་སྔོན་དུ་ཆས ་བ་འགྲོ་བ་ནི། ཏིང་ངེ་འཛིན་གྱི་དྲི་མས་ཏེ་དེ་དག་ནི་རིག་སྔགས་ཀྱི་སྒོ་ནས་མྱ་ངན་ལས་འདས་པའོ།། རྣལ་འབྱོར་སྤྱོད་པ་རྣམས་ཀྱི་གནས་སོ།། ཞེས་བྱ་བ་ནི་རྣལ་འབྱོར་ནི་ཐབས་དང་ཤེས་རབ་བོ།། སྤྱོད་པ་ནི་ཐབས་དང ་ཤེས་རབ་ཀྱི་སྒོ་ནས་སྟོང་པའོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྤྱོད་པའོ།། བྱང་ཆུབ་ཀྱི་ཕྱོགས་ཆོས་རྣམས་ཀྱི་འབྱུང་བ་རྣམས་སོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ནི་སུམ་ཅུ་རྩ་བདུན་ནོ།། དེ་ལམ་དུ་ཁྱེར་བ ་སྟེ། དེ་དག་ཀྱང་རིག། ས་ཀྱི་སྒོ་ནས་འབྱུང་གནས་སོ།། ཉོན་མོངས་པོ་རྣམས་འཇོམས་པའོ་ཞེས་བྱ་བ་ནི། ཉོན་མོངས་པ་རྣམས་ནི་བཞིའི་སྒོ་ནས་གནས་སོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་འཇོམས་པའོ།། བག ་ལ་ཉལ་གྱི་ཟུག་རྔུ་རྣམས་འབྱིན་པའོ་ཞེས་བྱ་བ་ནི། བག་ལ་ཉལ་བ་ནི་གཅེར་བུ་པ་སྟེ་དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ན་སུན་འབྱིན་པའོ།། འཕགས་པའི་ཀུན་ཏུ་སྟོན་པའོ་ཞེས་བྱ་བ་ནི། འཕགས་པའི་ཀུན་ཏུ་ལམ་བཞི་སྟེ་ང ་དག་ཀྱང་རིག་སྔགས་ཀྱི་སྒོ་སྟོན་པའོ།། ཐར་པའི་སྒོ་རྣམས་འབྱེད་པའོ།། ཞེས་བྱ་བ་ནི། ཐར་པ་ནི་འཁོར་བ་ནས་ཐར་བས་ཏེ། དེ་དག་ནི་རིག་སྔགས་ཀྱི་སྒོ་ནས་སོ།། འཇིག་ཚོགས་ལ་ལྟ་བ་རྣམས་འཇིགས་པར ་བྱེད་པའོ་ཞེས་བྱ་བ་ནི་འཇིག་ཚོགས་ནི་ཕྲག་དོག་སྟེ། ཕྲག་དོག་འཇོམས་མ་ནི་རིག་སྔགས་ཀྱི་རྒྱལ་མོའོ།། ང་རྒྱལ་གྱི་རི་རབ་བསྐྱིལ་བར་བྱེད་པའོ་ཞེས་བྱ་བ་ནི། ང་རྒྱལ་བ་ནི་མ་རིག ་པསྟེ་རི་ནི་རབ་ཏུ་ཆེན་པོ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་བསྙིལ་བར་བྱེད་པའོ།། འཁོར་བའི་རྒྱ་མཚོ་སྐེམས་པར་བྱེད་པའོ།། ཞེས་བྱ་བ་ནི་རྒྱ་མཚོ་ནི་ཚོར་བ་གཏིང་རིང་བ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི ་སྒོ་ནས་སྐམས་པའོ།། འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་རྣམས་སྒྲོལ་བའོ་ཞེས་བྱ་བ་ནི་རྒྱ་མཚོ་ནི་གཏིང་རིང་གྲངས་མི་ཆོད་པའོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སེམས་ཅན་སྒྲོལ་བའོ།། བདུད་ཀྱི་ཞགས ་པ་གཅོད་བའོ་ཞེས་བྱ་བ་ནི། བདུད་བཞིའི་ཞགས་པ་ནི་ཕྱིན་ཅི་ལོགས་པའོ།། དེ་དག་ཀྱང་རིག་སྔགས་ཀྱིས་གཅོད་པའོ།། བདུད་ཀྱི་འཁོར་སྐྲག་པར་བྱེད་པའོ་ཞེས་བྱ་བ་ནི། བདུད་ནི་ལྷའི་བདུད་ལ་སོགས ་བའོ།། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྐྲག་པའོ།། བདུད་ཀྱི་མཆིལ་མ་འདོར་བའོ།། ཞེས་བྱ་བ་ནི། བདུད་ནི་ག་རུ་དབང་ཕྱུག་ལ་སོགས་པ་སྟེ་དྲི་དག་ཀྱང་རིག་སྔགས་ཀྱིས་བཅོམ་མོ།། ཉོན་མོངས་པའི ་གཡུལ་ལས་སྒྲོལ་བའོ་ཞེས་བྱ་བ་ནི།། ཉོན་མོངས་པ་ནི་མ་རིགས་པ་ལ་སོགས་པ་སྟེ་དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྒྲོལ་བའོ།། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པའོ་ཞེས་བྱ་བ་ནི་མྱ་ངན་ལས ་འདས་པ་ནི་སངས་རྒྱས་ཀྱི་ཡུལོ།། རིག་སྔགས་ཀྱི་སྒོ་ནས་འཁྲིད་པའོ།། འཁོར་བའི་ཁྱིམ་ནས་འབྱུང་བར་བྱེད་པའོ།། ཞེས་བྱ་བ་ནི་འཁོར་བའི་ཁྱིམ་ནི་མ་རིག་པའོ།། འབྱུང་བ་ནི་རིག་པའོ།། རིག་པ་ནི་དགེ་བའོ།། ་དགེ་བ་ནི་གྲོལ་བའོ།། གྲོལ་བར་བྱེད་པ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ།། སྟོང་ཚོན་མོ་རབ་ཏུ་འཇོམས་མ་འདི་གང་ཞེ་ན། རང་བཞིན་ནི་ཆུའི་ཆུ་བུར་ལྟ་བུའོ།། མཚོན་མ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ།། ་རིགས་ནི་རྡོ་རྗེ་དང་པདྨའི་རིགསོ།། མཚོན་པ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་པའོ།། ངོ་བོ་ཉིད་ནི་རིགས་ལྔའི་སངས་རྒྱས་ཀྱི་ངོ་བོ་ཉིད་དོ།། དེའི་ཕྱག་མཚན་དང་སྐུ་མདོག་ནི་གང་ཞེ་ན། ཞལ ་གསུམ་ཕྱག་དྲུག་སྐུ་མདོག་དམར་མོ།། གཡས་དཀར་གཡོན་མཐིང་ཁ། རིག་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། ཕྱག་གཡས་ན་པདྨ་དང་རལ་གྲི་གཡོན་ན་རིན་པོ་ཆེའི་སྟོང་ན་རྡོ་རྗེ་དང་རྩེ་གསུམ་མོ།། འོག་མ ་གཉིས་མཉམ་བཞག་མཛད་དེ། ཕྱག་གི་སྟེང་ན་བུམ་པའོ།། རྒྱན་ཐམས་ཅད་རིནྡ་པོ་ཆེས་བརྒྱན་པོའོ།། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། པདྨའི་སྟེང་ན་ཟླ་བའི་གདན་དང་བཅས་པ། ཉི་མུའི་འོད་ལ་འདུ ་ཤེས་ཀྱི་ཕུང་པོ་སྟེ།། རིག་སྔགས་གང་ཞེ་ན། སྱ་ཏྱེ་དེ་འདི་ལྔ་སྟེ། སྔགས་ནི་ཁ་དྷ་ནི་རྒྱོ་ཤ་ཞེས་བྱ་བའོ།། རིག་སྔགས་ཞེས་བྱ་བ་ནི་སྟོང་པ་ཉིད་དོ།། སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ནི་ཞེས་བྱ་བ་ནི་ཐུན་མོངས་དང་ཐུན་མོངས་མ་ཡིན་པའི་དོན་གྲུབ་པ། ཆོས་ཀྱི་བདུད་རྩི་ཉམས་མྱོང་དྲན་པ་མེད་པ། བདུད་བཞི་འཇོམས་པ། སྟོང་པ་ཉིད་ཀྱི་རང ་བཞིན་སྲུང་བ་དང་སྐྱོབ་པར་བྱེད་པ། འཇིག་རྟེན་ཁམས་ལ་དབང་བྱེད་པ། གློ་བུར་གྱི་འབྱུང་པོ་རྣམས་འཇོམས་པའོ།། མདོ་སྡེ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ ་མ་སྣད་རྣམས་ཀྱི་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞལ་ནས་ཞལ་ཏུ་གསུངས་པར་སངས་རྒྱས་ཀྱི་རྒྱུད་རྒྱུན་མི་ཆད་པའོ།། བཀའ་ཡང་དག་པར་སྣང་བ་ཕྱག་རྒྱ་བཞིའི་རྒྱན་ཕྱིན་ཅི་མ་ལོག་པའོ།། འདིས་ནི་ལྷ་དང་མི་དང ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཕྱག་རྒྱས་བཏབ་སྟེ་ཞེས་བྱ་བ་ནི།། ན་མཁའ་བཞིན་དུ་ཁྱབ་ནས། འཇིག་རྟེན་ཁམས་ལ་རིག་སྔགས་ཀྱི་ཕྱག་རྒྱས་བཏབ་པའོ།། སངས་རྒྱས་ཞེས་བྱ་བ་ནི་གཉིས་སུ་མེད་དོ།། ཕྱག་རྒྱ ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྱག་རྒྱའོ།། ཕྱག་རྒྱས་བཏབ་སྟེ་ཞེས་བྱ་བ་ནི། རིགས་སྔགས་ཀྱིས་བཏབ་པའོ།། མྱ་ངན་འདས་པའི་གྲོང་ཁྱེར་བླ་ན་མེད་པར་བཞུགས་སོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སངས་རྒྱས ་སོ།། གྲོང་ནི་ཞིང་ཁམས་སོ།། བླ་ན་མེད་པ་ནི་གོང་ན་མེད་པའོ།། དེའི་དོན་གྱི་ཕྱིར་མངོན་པར་སངས་རྒྱས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ལམ་ནས་ས་བཅུ་རང ་ཏུ་ཐོབ་སྟེ། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་ནས། ས་བཅུ་གཅིག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པའོ།། རང་སངས་རྒྱས་དང་ཉན་ཐོས་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས། ་རྒྱས་རྣམས་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གནས་པ་རྣམས་དང་། བདག་མི་རྟག་པའི་རང་བཞིན་བྱེ་བྲག་པ་རྣམས་དང་། དམིགས་པ་མེད་པར་འཇིག་རྟེན་གྱི་ཁམས་ལྟ་བ་རྣམས་སོ།། རང་སངས་རྒྱས ་རྣམས་དང་ཉན་ཐོས་རྣམས་དང་། ཕ་མ་དང་། སྦྱིན་གནས་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདི་ལ་དེ་རྣམས་ཀྱིས་ཀྱང་མཆོད་པར་འོས་པ་གཞི་ནས་གནས་པའོ།། བླ་མ་ལྟ་བུ་རྣམས་ལ་བསྙེན་བཀུར་ཏོ། ་ཞེས་བྱ་བ་ནི། གོང་ནས་གོང་ངོ་།། ཚངས་པར་སྤྱོད་པ་སྤྱད་པར་བྱ་བ་ནི་སྟོང་ཆེན་མོའི་སྒོ་ནས་སྤྱོད་པའོ།། ཚུལ་ཁྲིམས་བསྲུངསོ།། མཛེམ་པ་དང་མེད་པར་སྦྱིན་པ་སྦྱིན།། ཚུལ་ཁྲིམས་མཆོག་ཀྱང་ཤིན་ཏུ ་བསྐྱུངས།། བདག་ལུང་མགོན་གྱིས་མ་བསྟན་སྟེ།། བདག་ལ་འདུ་ཤེས་མ་འགྱུར་ཚེ།། སྦྱིན་པའི་འདུ་ཤེས་མ་ལུས་པར།། རྣམ་པར་རྟོག་པ་ཀུན་སྤང་ནས།། དེ་ནི་བྱང་ཆུབ་ལུང་བསྟན་ཏོ།། སྦྱིན་པས་སུ ་ནི་ལོངས་སྤྱོད་བཤད།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་བསྒྲུབས།། གང་ན་ཅུང་ཟད་མི་རྙེད་པ།། དེ་ནི་བྱང་ཆུབ་བླ་མེད་དོ།། དམིགས་པར་གནས་པའི་སྦྱིན་པ་རྣམས་མཁས་པས་མ་ཡིན་རྟོགས་མེང་ངོ་།། དེ་ལ་ཐེག་པ་ཚན ་པོ་མི་དམིགས་པར།། ཚུལ་ཁྲིམས་གཅིག་པའི་དབུ་མའོ་ཞེས་བསྟན་པའོ།། སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་ངོ་ཞེས་བྱ་བ་ནི་སྙིང་རྗེ་ནི་ཚད་མེད་པ་བཞིའོ།། དེ་བཞིན་དུ་ཕ ་རོལ་ཏུ་ཕྱིན་པ་ལྔའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་བསྒོས་པ་རྣམས་ལ་ཡང་ཁྱད་པར་རམ། བྱེ་བྲག་གང་ཡང་མི་དམྱིགས་སོ།། ཡང་སེམས་དང ་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་བླ་ན་མེད་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ།། ཅིའི་སླད་དུ་ཞེ་ན།། ཆོས་གང་ཡང་མི་དམིགསོ།། མི་དམིགས ་པ་ཉིད་མི་སྐྱེད་པའི་བཟོད་པ་ཐོབ་པ་ཞེས་བྱའོ།། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།། སྦྱིན་པ་དང་སྦྱིན་པའི་བདྲག་པོ་དང་། ལེན་པ་ཡང་མི་དམིགས་ན། དེའི་ཚེ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར ་རོ།། ཡང་ཆོས་ཐམས་ཅད་ལ་རབ་ཏུ་རྟོགས་ན་ཆོས་གང་ལ་ཡང་རྣམ་པར་རྒྱུ་བོ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་དག་བསྟན་པའོ།། བྱང་ཆུབ་ཐོབ་པར་བསྒྲུབ་སོ།། ཞེས་བྱ ་བ་ནི། ཅིའི་ཕྱིར་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་གང་ལས་བྱུང་། བཀའ་སྩལ་པ་མ་ཡིན་ནོ།། བྱང་ཆུབ་རྒྱུ་ནི་རྐྱེན་ལས་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན་མ་སྐྱེས་པ་དང་ངོ་བོ་ཉིད་མེད་པ་ནི། རྒྱུ་དང་རྐྱེན་ལས་བྱུང་བ་མོ ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ།། བདུད་ཕྱམ་པར་བྱས་སོ་ཞེས་བྱ་བ་ན་ཅིའི་ཕྱིར་ཞེ་ན། བདུད་ནི་བཞི་ཡིན་ཏེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། འཆི་བདག ་གྲི་བདུད་དང་། ལྷའི་བུའི་བདུད་དང་། དེ་དག་བཅོམ་པས་ན་ཕན་པ་ཞེས་བྱའོ།། དེ་ནས་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་དོན་ཏོ།། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ་ཞེས་བྱ་བ་ནི། རིག་སྔགས ་ཀྱི་རྒྱལ་མོ་ལ་འཇིག་རྟེན་གྱི་ལྷ་རྣམས་ཀྱིས་ངོ་མཚར་དུ་ཆེ་བས་ངག་གཅིག་ཏུ་སྤྲོ་བའོ།། ཀྱེ་མའོ་རིག་སྔགས་རིག་སྔགས་ཆེ།། ཞེས་བྱ་བ་ནི་སྟོང་པ་ཉིད་ཆེན་པོའོ།། སྟོང་ཆེན་མོ་རབ་ཏུ་འཇོམས་མོ་ཞེས་བྱ་བ་ནི་མ་རུངས ་པ་ཐམས་ཅད་འཇོམས་པའོ།། སངས་རྒྱས་ཕྱག་རྒྱ་དེ་ཡིས་ནི་ཞེས་བྱ་བ་ནི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ། རྒྱས་བཏབ་པའོ།། ཕྱོགས་བཞིའི་སེམས་ཅན་ཐམས་ཅད་བསྲུང་ཞེས་བྱ་བ ་ནི་ཕྱོགས་བཞིའི་སེམས་ཅན་གྱི་གླིང་བཞིའོ།། ཡང་ན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་སོགས་པའོ།། ཕྱག་རྒྱ་གང་གིས་བཏབ་འགྱུར་ཞེས་བྱ་བ་ནི། བདེན་པ་དང་ཟླས་པ་བྱེད་པ་དང་རྗེས་སུ་ཡི་རང་བ་དང་ཡོད ་ལ་བྱེད་པ་དང་བསྒོམ་པ་ཡང་བཤད་པ་ལ་ཕྱག་འཚལ་བ་དང་། རིག་སྔགས་ཀྱི་ཁྱིམ་དུ་བཞུགས་པ་དང་ཆོ་ག་བྱེད་པ་དང་མཚམས་གཅོད་པ་ལ་སོགས་པ་བྱའོ།། དབང་པོ་ཐམས་ཅད་སྒྲགས་བགྱིད་པ་ཞེས་བྱ་བ་ནི། ་ངན་བྱེད་འབྱུང་པོ་ལ་སོག་པ་སྐྲག་པའོ།། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་ཞེས་བྱ་བ་ནི་ནད་ཐམས་ཅད་འཇོམས་པའོ།། ཕྱག་རྒྱ་ནི་རིག་སྔགས་སོ།། བདག་ཅག་ནི་ཚངས་པ་ལ་སོགས་པའོ།། ་བཙལ་བར་བགྱི་ཞེས་བྱ་བ་ནི་ཆད་པས་གཅོད་པའོ།། མི་གང་རབ་ཏུ་སྡང་བ་དང་ཞེས་བྱ་བ་ནི་དམ་པ་ལས་འདས་པའོ།། བསྟན་པ་འདི་ལ་མ་དད་པ་ཞེས་བྱ་བ་ནི་མུ་སྟེགས་ཀྱི་རིགས་ཡིན་ཏེ་དེ་དག་ཡང་ན་བསྟན་པ་འཇིགས་པའོ།། ་དེ་དག་ཚངས་པས་སྤྲུལ་པ་ཡི་ཞེས་བྱ་བ་ནི། ནད་རྣམས་ཐམས་ཅད་འབྱུང་སྟེ་གཤིན་རྗེའི་འཁོར་གྱིས་འཚེད་པར་འགྱུར་རོ།། རིག་སྔགས་འཆང་བྱས་བཅད་པར་བགྱི་ཞེས་བྱ་བ་ནི་བདུད་ཀྱི་ཞགས་པས་བཅིངས་ནས་ཁྲིད་པའོ།། ་བརྒྱ་བྱིན་གྱིས་ནི་སྤྱི་བོས་བླངས་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་གྱིས་ཀྱང་ཁས་བླངས་པའོ།། འཇིག་རྟེན་སྐྱོང་བས་རྒྱུས་བཏབ་པོ་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་ལ་དམྦྷ་ཚིགས་ཉམས་པ་དང་། སངས་རྒྱས་ཆོས་དང ་དགེ་འདུན་གསུམ་གྱི་བསྟན་པ་འཇིག་པ་དང་། རིག་སྔགས་ལ་མ་དད་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་རྒྱུས་བཏབ་བོ།། རིག་སྔགས་ནི་གང་ཞེ་ན་རང་བཞིན་ནི་ཆུ་ཤིང་ལྟ་བུ་སྟེ་མཚོན་བྱ་བ་ནི་ནན་ཏན་གྱི་ཡེ་ཤེསོ།། ་མཚོན་པ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ནེ་མོ་རབ་ཏུ་འཇོམས་མ་སྟེ། རིགས་ནི་ལས་ཀྱི་རིགས་སོ།། ངོ་བོ་ཉིད་ནི་རིགས་ལྔའི་ངོ་བོ་ཉིད་དོ།། རྒྱས་བཏབ་པ་ནི་དོན་ཡོད་གྲུབ་པས་རྒྱས་བཏབ་པའོ།། དེའི་ཕྱག ་མཚན་དང་སྐུ་མདོག་ནི་ཅི་ལ་ཞེ་ན་ཞལ་གསུམ་ཕྱག་དྲུག་སྐུ་མདོག་ལྗང་གུ། ཞལ་གཡས་དཀར་བ་གཡོན་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སྤྱན་གསུམ་པ་དབུ་སྐྲ་ལ་ཐོད་པ་ལྔ་ཡིས་བརྒྱན་པ།། ཞལ་གདངས་པ། མཆི་བ ་གཙིགས་པ་ཕྱག་གཡས་ནཱ་རལ་གྲི་དང་རྡོ་རྗེ་དང་།། ལྕགས་ཀྱུའོ།། གཡོན་པ་ན་སྡིགས་འཛུབ་དང་ཞགས་པ་དང་། རྡོ་རྗེ་རྒྱ་གྲམ་དང་སྐྱབས་བྱིན་ནོ།། རྒྱ་ནུ་ཐམས་ཅད་སྦྲུལ་དང་རིན་པོ་ཆེ་ལས་བྱས་པ་ཉི་མའི་འཁོར་ལོའི ་སྟེང་ན་བདུད་བཞི་ཞབས་ཀྱིས་མནན་པ། ཉི་མའི་འོད་དང་བཅས་པ་འདུ་བྱེད་ཀྱི་ཕུང་པོ་ཁྲོ་གཉེར་དང་ལྡན་པ་ལས་ཐམས་ཅད་གྲུབ་པ། རྡོ་རྗེ་རིགས་ཀྱི་ལས་ཀྱི་རིགས་སོ།། རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས ་མ་དེ་བཞིན་ནོ།། རིག་སྔགས་ནི། སྱཱཏྣེ་དཾ་འདི་ལྟ་སྟེ། སྔགས་ནི་ཀཱ་ལྀ་གེ་ལ་སོགས་པའོ།། དེ་དག་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་མུན་པ་སེལ་བའི་ཆོ་གའི་གནས་སྐབས་ཏེ་ལྔ་པའོ།། རིག་སྔགས་ཀྱི་རྒྱལ ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དེ་བཞིན་ནོ།། ཞེས་བྱ་བ་ནི་འདི་བཤད་པའི་ཚེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའོ་སྟོང་གསུམ་གྱི་སྟོང་ཆེན་མོ་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས ་སོ།། ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་སེམས་ཅན་དམྱལ་བ་ནི་འདིའི་སྒོ་ནས་ཐོན་ནོ།། དེ་བཞིན་དུ་བྱོལ་སོང་དང་། ཡི་དགས་ལ་སོགས་པ་ཡིན་ཏེ། ཡང་ན་གནོད་བྱེད་དང་། འབྱུང ་པོ་དང་། བདུད་རྣམས་ལ་ཡང་སྐྲག་པར་བྱེད་བསོད་པར་བྱེད། གནོན་པར་བྱེད་པ་དང་། རིག་སྔགས་ཀྱི་ཆད་པས་མགོ་བོ་དུམ་བུ་དུམ་བུར་བྱས་པའོ།། དཔེར་ན་ཨ་ཙ་ཀའི་དོག་པ་བཞིན་ནོ།། ་རྣམ་པ་དྲུག་དུ་གཡོས་ཇི་བཞིན་གཡོས་ཤེ་ན། ས་ཆེན་པོ་ནི་རྣམ་པ་དྲུག་ཏུ་གཡོས་སོ།། རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡས་སོ།། འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལྔ། ལྡེག་ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ ་ཏུ་ལྡེག་གོ། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་ཏུ་རབ་ཏུ་ཆེམ་ཚམ། འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་རབ་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག་ཀུན་ཏུ་རབ་ཏུ་ཤིག་ཤིག་གོ། ལྷས་ཆེན་པོ་བཅོ་བརྒྱད་བྱུང་བའོ།། ་ལྟས་ཆེན་པོ་བཅོ་བརྒྱད་གང་གི་ཕྱིར་བྱུང་ཞེ་ན། མུ་ག་དང་མི་ནད་དང་ཕྱུག་ནུད་དང་། ཡམས་ཀྱི་ནད་དང་འབྲུམ་བུའི་ནད་གསུམ་དང་། རིམས་ནད་དང་། རླུང་ནད་དང་། མཁྲིས་པའི་ནད་དང་། བད་ཀན་དང་། ་འདུས་པའི་ནད་དང་། འཛེ་དང་ལྷོག་པ་དང་། མེ་དཔལ་དང་ནད་དེ་དག་ལ་སོགས་པ་རླག་པར་བྱེད་པའོ།། བཅོམ་པའོ།། མནན་པའོ།། ཕུང་པོའོ།། ཕྱིར་སོང་ངོ་།། མ་ཚུགསོ།། མུན་ནག་སེལ་བ། འབྱུང་པོ ་རྣམས་ཕམ་མོ།། བདུད་རྣ་མས་བཅོམ་མོ།། ཕྱོགས་བཞིའི་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་ལ་སོགས་པ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཀྱི་འབྱུང་པོ་ལ་སོགས་པའོ།། ས་ལ་གནས་པ། ་རི་ལ་གནས་པ། ཤིང་ལ་གནས་པ། ནམ་མཁའ་ལ་གནས་པ་ཆུ་ལ་གནས་པ། ས་འོག་ན་གནས་པ་རི་བོ་ཆེན་པོ་ལ་གནས་པ། ཁྱིམ་ན་གནས་པ། རྒྱལ་པོའི་ཕོ་བྲང་ན་གནས་པ་རྣམས་ཀྱང་། མ་མ་བྱུང་བའོ།། ་སྐད་དྲག་པོ་བྱུང་ངོ་།། ལུས་ཞིག་གོ། འདར་རོ།། འཇིགས་སོ།། བདག་ཅིག་ནི་འབྱུང་བའོ།། དབང་དུ་ཁྲིད་པ་ནི་སྟོང་ཆེན་མོའི་དབང་གིས་ཁྲིད་དོ།། དེ་ནས་ཞེས་བྱ་བ་ནི། འབྱུང་པོ་སྐྲག་པའི་དེས་ནིས་སོ།། ་བཅོམ་ལྡན་འདས་ཀྱིས་ས་རྡོ་རྗེ་མངོན་པར་སྤྲུལ་པ་དང་ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་རྣམས་ལ་འཛུལ་དུ་མི་སྟེར་བར་འཆིའོ།། དེ་དག་ཀྱང་ཕྱོགས་བཞིར་འབྱོར་ཞེས་བྱ་བ་ནི།། ཕྱོགས་ཕྱོགས་འབྱུང་པོ ་རྣམས་འབྲོས་པའོ།། དེ་ནས་ཞེས་བྱ་བ་ནི།། འབྱུང་པོ་བཅོམ་པའི་དེ་ནས་སོ།། རྒྱལ་པོ་ཆེན་པོ་བཞིའོ་ཞེས་བྱ་བ་ནི། སོ་སོའི་སྒོ་ནས་བྱིན་གྱིས་བརླབས་པའོ།། ཕྱོགས་བཞིར་མེ་ལྕེའི་ཕུང་པོ་མངོན་པར་སྤྲུལ་པ་དང ་དེ་དག་ན་མཁའ་ལ་ཀུན་ཏུ་རྒྱུག་གོ། ཞེས་བྱ་བ་ནི་མི་རུངས་པའི་འབྱུང་པོ་རྣམས་ཕྱོགས་བཞི་མཚམས་སུ་རྒྱུ་གཱནྟི། དེ་ནི་འབྲོས་སུ་མཱི་སྟེར་བའི་འཚེའོ།། དེ་ནས་མི་མཛད་ཀྱི་བདག་པོ་ཚངས་པས་ན་མཁའ་ལ་ལྕོགསུ་མངོན ་པར་སྤྲུལ་པ་དང་ཞེས་བྱ་བ་ནི། ཚངས་པས་རྡོ་རྗེའི་ལྕགས་ཀྱི་རང་བཞིན་སྤྲུལ་པ་ནི་དེ་རྣམས་རྒྱུག་ཏུ་མི་སྟེར་བིའི་འཚེའོ།། དེ་དག་ཤིང་རྟ་ལ་བདུན་ཙམ་ནས་ནམ་མཁའ་ལ་ཀུན་ཏུ་རྒྱུ་གོ།། ཞེས་བྱ་བ་ནི།། མཐོ་ངོ་མར ་དེ་ཙམ་དུ་རྒྱུག་གོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རལ་གྲི་དང་མདའ་དང་། མདུང་ཐུང་ད་མདུང་དང་། མདའ་བོ་ཆེ་དང་། ཤིང་ལྗོན་པ་དང་རིའི་ཆར་མངོན་པར་ཕབ་ཐ ་ཞེས་བྱ་བ་ནི་འཇིགས་སུ་རུང་བའི་སྒྲ་དང་བཅས་ནས་བར་སྣང་ནས་ཕབ་པའོ།། དེའི་ཚེ་གནོད་སྦྱིན་ལྔ་སྟོང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་འདས་པ་རྣམས་ཞེས་བྱ་བ་ནི་མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་ནི་འཛམ ་བུའི་གླིང་གླིང་བཞི་རི་རབ་དང་བཅས་པ་ཉི་མ་ཟླ་བ་སྐར་མ་འདི་དང་ཁོ་ར་ཁོར་ཡུག་གིས་བསྐོར་བའོ།། རིག་བྱེད་ཀྱི་དམོད་མོས་བཅོམ་ཏེ་ཞེས་བྱ་བ་ནི་གནོད་བྱེད་རྣམས་ཀྱིས་ནད་ཀྱིས་ཐེབས་པའོ།། རིམས་ནད་ཀྱིས་བཏབ ་ནས་མྱོས་ཏེ་རྨེ་བཞིན་ཞེས་བྱ་བ་ནི་རིག་སྔགས་ཀྱི་མཐུས་གནོད་བྱེད་རྣམས་ཀྱི་ནད་སྣ་ཚོགས་ཀྱིས་ཟིན་པའོ།། དེ་ལ་འགྱོད་པ་མ་སྐྱེས་ན་མནར་མེད་ལ་སོགས་པ་འཚེད་པའོ།། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ ་གཏུགས་ནས་ཞེས་བྱ་བ་ནི་ནད་ཀྱིས་ཐེབས་པ་དང་། དམྱལ་བ་མནར་མེད་དུ་འགྲོ་བར་ཤེས་ནས་འབྱུང་པོའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བའོ།། གསོལ་བ་དགེ་སྦྱོང་གོའུ་ཏ་མ་ནི་སེམས་ཅན་ཐུམས ་ཅད་ལ་ཕན་པ་དང་། ཐུགས་བརྩེ་བ་ཅན་ལགས་ཀྱིས་ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་དེ་རྣམས་ཀྱང་སངས་རྒྱས་ལ་བག་ཕབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་འདུད་དེ་བཟོད་པར་གསོལ་བའོ།། དགེ་སྦྱོང་གཽ་ཏ ་མས་བདག་ཅག་བསྐྱབ་ཏུ་གསོལ་ཞེས་བྱ་བ་ནི་རིག་སྔགས་ཀྱི་དམོད་མོས་འཇིགས་སྐྲག་སྟེ། རིམས་ནད་ཀྱིས་ཐེབས་པའི་ཕྱིར་སྐྱབས་སུ་འགྲོ་བའོ་དེ་ནས་ཞེས་བྱ་བ་ནི་འབྱུང་པོས་གསོལ་བ་བཏབ་པ་དེ་ནུས་སོ།། དེ་དག་ལ་བྱམས ་པས་ཁྱབ་པར་མཛད་ནས་ཞེས་བྱ་བ་ནི་ཚད་མེད་པ་བཞིའི་སྒོ་ནས་སོ།། བསླབ་པ་འཛིན་དུ་བཅུག་གོ་ཞེས་བྱ་བ་ནི་འབྱུང་པོ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་སྡོམ་པ་བཟུང་བའི་གསོལ་བ་བཏབ་པ་དང་ཕྱིས ་མི་གནོད་པའི་ཁས་བླངས་པའོ།། བདག་ཅག་ཕྱག་རྒྱ་སྤོང་འགྱུར་ན། མ་འགུམས་པ་ཡི་འགྲོ་གང་དང་ཞེས་བྱ་བ་ནི་མ་རུངས་པའི་དོན་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་སྤྱན་སྔར་སྐྱབསུ་འགྲོ་ཞིང་སྡིག་པ་བཤགས་པའོ།། ་ཕ་འགུམས་པ་ཡི་འགྲོ་གང་དང་། དགྲ་བཅོམ་པ་ཡང་འགུམས་གང་དང་ཞེས་བྱ་བ་ནི་ཕ་དང་མ་དང་དགྲ་བཅོམ་གྱིས་མ་ལེགས་བྱེད་པ་རྣམས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ལ་ཁས་ལེན་ཅིང་བཤགས་པ ་བྱེད་པའོ།། དགེ་འདུན་དབྱེ་འབྱེད་འགྲོ་གང་དང་། རྫོགས་སངས་རྒྱས་ལ་སྡང་སེམས་ཀྱིས་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་ཡང་འདིར་བྱས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་བཤགསུ་གསོལ ་བོའོ།། སྐུ་མཚལ་ཕྱུང་བ་བགྱིས་པ་ཡིས། འགྲོ་བ་གང་ལགས་དེར་མཆིའོ་ཞེས་བྱ་བ་ནི་གཞན་ཡང་ཉོན་མོངས་པའི་དབང་གིས་བྱ་སྟེ་ལུས་ངག་ཡིད་ཀྱིས་སེམས་ཅན་རྣམས་འཚེ་བར་བྱས་པ་དང་མི་དགེ་བ་བཅུ་ལས ་བཟློག་པར་བགྱིའོ།། ཨ་རྫའི་ཀིའི་དོག་པ་དང་། མགོ་བོ་ཚལ་པ་བདུན་འགས་ཤིང་ཞེས་བྱ་བ་འདི་ལས་བཟློག་པར་མ་གྱུར་ན་མགོ་དང་ལུས་པོ་ཡང་དུམ་བུ་དུམ་བུར་དབྱེ་བར་འགྱུར་རོ།། གནོད ་སྦྱིན་ནད་ཀྱིས་བཏབ་པ་དང་བདག་ལུས་ཤ་བཀྲ་འབྱུང་བར་ཤོག། ཅེས་བྱ་བ་ནི་འདིའི་བཀའ་ལས་འདས་པར་གྱུར་ན་ནད་སྣ་ཚོགས་ཀྱིས་ཐེབས་ཤིང་སྐྱེ་བ་བདུན་དུ་མནར་མེད་པར་སྐྱེ་བའོ།། གང་འདི་རྒྱལ་བས ་གསུངས་པའི་མདོ།། སྟོང་ཆེན་པོ་རབ་ཏུ་འཇོམས་མ་ཡི་ཞེས་བྱ་བ་ནི།། འདས་པ་དང་མ་འོངས་པ་དང་། ད་ལྟར་ཡོད་པ་རྣམས་ཀྱིས་གསུངས་ཏེ་འདྲ་དང་མཉམ་པའང་མཚུངས་པ་མེད་པའོ།། རིག་སྔགས་རྒྱལ་བས ་འགལ་བགྱིས་ནས་ཞེས་བྱ་བ་འདིའི་དམ་ཚིག་ལས་འགལ་བར་གྱུར་ན་རང་གི་དོན་མི་འགྲུབ་ཅིང་འདིར་ཡང་ནད་ཐམས་ཅད་ཀྱིས་ཐེབས་ཏེ་འཇིག་རྟེན་ཕྱི་མ་ཡང་དམྱལ་བ་ནས་དམྱལ་བར་འཁོར་བའོ།། བདག་ཅག ་འདོད་བཞིན་མི་འགྱུ་རོ་ཞེས་བྱ་བ་ནི་འབྱུང་པོས་ཁས་བླངས་པའོ།། དེའི་ཚེ་གྲོང་ཁྱེར་ཡངས་པ་ཅན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གཟི་བརྗིད་དང་སྟོབས་དང་མཐུ་དང་རིག་སྔགས་ཀྱི་རྒྱལ་མོའི་དམོད་མོ་དང་ཆད ་པ་ཡིས་ནད་ཐམས་ཅད་མང་པོར་འགྱུར་བརླག་པར་འགྱུར་བའོ།། ཡམས་ནད་དང་འཇིགས་པ་དང་། གནོད་པ་དང་ནད་འགེ་བ་དང་འཁྲུག་པ་ཐམས་ཅད་སྦྱིན་ཆང་པར་འགྱུར་རོ།། ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ ་ཅན་གྱི་ལི་ཙ་བྱི་ལ་སོགས་པའི་ནད་ཐམས་ཅད་དང་བྲལ་ཞིང་ཞི་བ་དང་བདེ་ལེགས་པར་གྱུར་པའོ།། གནོད་སྦྱིན་དང་སྲིན་པོ་དང་མི་དང་མི་མ་ཡིན་པ་རྣམས་ཀྱང་རང་རང་གི་སྤྱོད་ཡུལ་ལས་འདས་པའོ།། ཞེས་བྱ་བ་ནི་རིག ་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། འབྱུང་པོ་རྣམས་ཀྱིས་འཚར་བར་བྱེད་པ་མི་ནུས་ཤིང་སོ་སོའི་སྤྱོད་ཡུལ་ཏུ་གནས་པའོ།། ངང་པ་དང་ནེ་ཙཱ་དང་རི་སྐེགས་དང་། ཁུ་བྱུ་གོ་དང་རྨ་བྱ་དང་ངུར་པ་དང་ཤང་ཤྭང་རྟེའུ་དང ་བྱའི་ཚོགས་རྣམས་ཀྱང་སྒྲ་སྙན་པ་འབྱིན་ཏོ་ཞེས་བྱ་བ་ནི་དེ་རྣམས་ཀྱང་ཡམས་དང་རིམས་ཀྱིས་ནད་ཀྱིས་བཏབ་པ་ཡང་ད་ལྟར་རིག་སྔགས་ཀྱི་གཟི་བརྗོད་ཀྱིས་སོ་སོའི་སྐད་འབྱིན་ཅིང་ཡིད་དུ་འོང་བའོ།། མི་འམ་ཅི ་རྣམས་ནི་ལྷའི་བུ་མོ་བཞིན་དུ་ལུས་ལ་གནོད་པ་མེད་དོ་ཞེས་བྱ་བ་ནི་ཡུལ་དེ་ན་གནས་པའི་ལྷ་རྣམས་ཀྱང་རང་གི་ཆ་བྱད་དུ་གནས་ཤིང་སོ་སོའི་གནསུ་གནས་པའོ།། རིན་པོ་ཆེའི་ཆ་བྱད་རྣམས་ཀྱང་མ་དཀྲོལ་བར་འཁྲོལོ ་ཞེས་བྱ་བ་ནི་ལྷ་ཁང་ངམ་ཕོ་བྲང་དམ་གཞན་མི་དང་མི་མ་ཡིན་པའི་རྒྱན་དུ་བྱས་པས་སིལ་སིལ་སྒྲ་སྒྲོགས་པའོ།། རྔ་བོ་ཆེ་དང་། དུང་དང་རྫ་རྔ་དང་། རྔ་བྲན་དང་། པི་ཝང་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་ནུས་པས ་ཡུལ་དེ་རྣམས་ཀྱི་སེམས་ཅན་རྣམས་ལ་བྱར་བཏུབ་པར་བྱུང་སྟེ། སྒྲ་ཐམས་ཅད་ཀྱང་རང་སྐྲག་པར་འབྱུང་བའོ།། གླིང་བུ་རྣམས་ཀྱང་ཇི་ལྟར་གནས་བཀོན་པ་བཞིན་དུ་སྒྲ་འབྱིན་ནོ།། ཞེས་བྱ་བ་ནི། གཞན་གྱིས་བརྡུང་མི ་དགོས་ཏེ་བཀྲ་ཤིས་པའི་རྟག་སོ།། དཔེར་ན་དྲིལ་བུ་ལ་རླུང་གིས་བཏབ་པ་བཞིན་དུ་སོ་སོར་རང་སྐད་དུ་འབྱུང་བའོ།། བལ་པོ་སེའུ་དང་། བིལྐ་དང་སྐྱུ་རུ་ར་དང་། ནྱ་གྲོ་དྷ་དང་། བྱང་ཆུབ་ཀྱི ་ཤིང་དང་། སྤྲེའུ་གནས་དང་། པླག་ཤ་དང་། ཨུ་དུམ་བ་ར་དང་། ས་ལ་ཞེས་བྱ་བ་ནི།། ཡུལ་དེའི་ཤིང་དང་། མེ་ཏོག་གི་ར་བ་དང་། སྐད་ཅིག་མས། འོ་མ་དང་། མེ་ཏོག་དང་། ཡལ་ག་རྒྱས་པར་སྐྱེས་ནས། ཡིད་དུ ་འོང་བར་སྣང་བའོ།། ཏ་མ་ལའི་ཤིང་ལྗོན་པ་རྣམས་ཀྱང་། དྲི་རབ་ཏུ་འབྱིན་ཏོ་ཞེས་བྱ་བ་ནི། འབྲས་བུ་མེད་པ་ལ་ནི་འབྲས་བུ་མེ་ཏོག་མེད་པ་ལ་ནི་མེ་ཏོག། དྲི་མེད་པ་ལ་ནི་དྲི་རབ་ཏུ་བྱུང་ངོ་།། ལོ་མ་མེད་པ་ལ་ནི་ལོ་མ་བྱུང་ངོ་།། ་ཤིང་བསྒོམས་པ་ནི་སྐྱེས་སོ།། དེ་དག་ཀྱང་བཅོམ་ལྡན་འདས་དང་། རིག་སྔགས་ཀྱི་གཟི་བརྗིད་དང་། སྟོབས་དང་མཐུ་རྣམས་ཀྱི་བཀྲ་ཤིས་པའི་རྟགས་སོ།། ལྷ་བརྒྱ་སྟོང་དག་གིས་ཀྱང་། ཧི་ཧི། ཨ་ལ་ལ་ཞེས་བྱ་བ་ནི ་སྒྲ་བྱུང་སྟེ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་ཡུལ་གྱི་ལྷ་དང་། སངས་རྒྱས་ལ་གུས་པར་བྱེད་པའི་ལྷ་རྣམས་མགུ་བའི་སེམས་དང་ལྡན་པའོ།། བར་སྣང་ལ་མེ་ཏོག་གི་ཆར་མངོན་པར་ཕབ་བོ་ཞེས་བྱ་བ་ནི། ་གྲོང་ཁྱེར་ཡངས་པ་ཅན་གྱི་ཡུལ་གྱི་སྟེང་དུ་མེ་ཏོག་གི་ཆར་ཕབ་བོ།། མི་མ་ཡིན་པའི་དྲི་དག་འཇིག་རྟེན་དུ་འབྱུང་ཞེས་བྱ་བ་ནི། ལྷའི་དྲི་བཟང་པོ་དང་།། ལྷའི་བདུག་སྤོས་དང་། མེ་ཏོག་ལ་སོགས ་པའི་མཆོད་པ་བྱུང་ངོ་།། དེ་ནས་ལྷ་རྣམས་ཀྱིས་ཀྱང་། སྡོམ་པ་བཟུང་ངོ་།། ཕྱག་འཚལ་བའོ།། འདོན་ནོ།། གྲངས་སོ།། སྨོན་ལམ་བཏབ་པོ།། རྗེས་སུ་ཡི་རང་ངོ་།། མགུལ་ཏུ་བཏགས་སོ།། དེ་དག་ཀྱང་འཇིགས་པ་ཐམས་ཅད་དང ་བྲལ་ལོ།། དེ་ནས་ཞེས་བྱ་བ་ནི། ན་མཁའ་ལ་ལྷ་བྱུང་བའི་དེ་ནས་སོ།། རྒྱལ་པོ་ཆེན་པོ་བཞི་ཐལ་མོ་སྦྱར་ཏྲ་ཞེས་བྱ་བ་ནི། ལན་གསུམ་སྐོར་བ་བྱས་ནས།། པུས་མོའི་ལྷ་ང་ས་ལ་གཙུགས་ནས་ཞུ་བ་ཕུལ་བའོ།། སངས་རྒྱས་ནི ་གཉིས་སུ་མེད་པའོ།། ཕྱག་རྒྱ་ནི་རིག་སྔགས་སོ།། ཆོས་ནི་སྟོང་པ་ཉིད་དོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ལ།། རྒྱལ་པོ་ཆེན་པོ་བཞིས་ཞུས་པའོ།། ་བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་གི་བསླབ་པའི་གཞི་ཡོངས་སུ་བཟུང་སྟེ་ཞེས་བྱ་བ་ནི། སྡོམ་པ་གསུམ་དང་ལྡན་པ་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་སྐྱབསུ་འགྲོ་བའོ།། གོས་ངུར་མྲིག་གོན་ནས་མདོ་སྡེའི ་རྒྱལ་པོ།། སྟོང་ཆེན་པོ་རབ་ཏུ་འཇོམས་མ་གདོན་ཐམས་ཅད་ལས་ཐར་པར་བགྱིད་པ། སངས་རྒྱས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། གཞན་གྱིས་མི་ཐུབ་པ་འབྱུང་པོ་རྣམས་ཀྱིས་གཉེན་པོའོ།། ཕྱག་རྒྱ་བཞིའི་རང་བཞིན་སྟོང་པ ་ཉིད་དུ་སྣང་བའོ།། ཆོས་ཀྱི་རྣམ་གྲངས་འདི་བླངས་ཤིང་བཟུང་སྟེ། ཞེས་བྱ་བ་ནི། གུས་པས་བྱས་ནས་སྤྱི་བོར་བཞག་པའོ།། ཀུན་ཆུབ་པར་གྱིས་ཤིག་ཅེས་བྱ་བར་ནི། སེམས་ཅན་ཀུན་ལ་ཕན་འདོགས་པའོ།། ཡི་གེར ་བྲིས་ནས་མདུད་པ་བོར་ཏེ་ཞེས་བྱ་བ་ནི། ཡི་གེར་བྲིས་ནས་ནི་གང་ཞེ་ན། དར་རམ་ཤིང་ཤུན་ནཱམ་གྲོ་ག་འམ། རས་ལ་སོགས་པ་གང་ཡང་རུང་།། གི་ཧཾ་གུར་གྲི་ལ་སོགས་ལ།། ཡང ་དག་གིས་ནི་བྲི་བར་བྱ།། དབུས་སུ་འཁོར་ལོ་རྩི་བརྒྱད་བྲི།། མུ་ཁྱུད་རིམ་པ་ལྔ་བསྐོར་བ།། པདྨ་སྣ་ཚོགས་ར་བ་དང་།། ཕྱི་རིམ་རྡོ་རྗེ་ར་བ་དང་།། བིཞི་བཅུ་དག་ནི་བྲི་བར་བྱ།། བྱེ་བྲག་ཏུ་ནི་སྐྱེས་པ་རྣམས།། གུར ་ཀུམ་གྱིས་ནི་བྲི་བར་བྱ།། དེ་ཡི་དགོས་པ་འདོད་པ་རྣམས།། གྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། པདྨ་གཉིས་སམ་ཡང་ན་གསུམ།། བཞི་འམ་ཡང་ན་ལྦུ་བྲིས་ཏེ།། པདྨ་ལ་ནི་ཕྱག་རྒྱའི་མཚན།། རྣམ་པ་སྣ་ཚོགས ་གཟུགསུ་བྲི།། དེ་བཞིན་དུ་ནི་པདྨ་རྣམས།། ཟེ་བས་ཀུན་ཏུ་འཁོར་བ་བྲི།། པདྨ་འདབ་མུ་རབ་རྒྱས་ལ།། སྡོང་བུ་དར་གྱིས་བཅིངས་པར་བྲི།། པདྨ་ལ་ནི་རྩེ་གསུམ་པ།། ཟུར་བརྒྱད་ལ་ནི་དར་དབྱངས་བྲི།། དེ་བཞིན ་པདྨ་དགྲ་སྟར་བཅས།། འདབ་མོ་བརྒྱད་དང་ལྡན་པར་བྲི།། པདྨར་བཅས་པའི་རོལ་གྲི་བྲི།། པདྨ་དེ་ནི་དཀར་པོར་བྱ།། པདྨའི་སྟེང་དུ་དུང་ཡང་བྲི།། ཐམས་ཅད་དུ་ཡང་རྒྱས་པར་བྱ།། ཀུན་ཏུ་ཆོ་གའི་མཚན་མ་རྣམས། ་མཁས་པ་དག་གིས་བྲི་བར་བྱ།། གང་ལ་གནོད་པའི་སེམས་བྱུང་བ།། མིང་རུས་དག་ནི་བྲི་བར་བྱ།། མུ་ཁྱུད་འཁོར་ལོའི་ལྟེ་བ་ལ།། ལྔ་པོ་དག་ཀྱང་དེ་བཞིན་ནོ།། སྔགས་ནི་དྲུག་པོ་རིགས་དྲུག་པ།། མཁས་པ་དག་གིས ་ཡང་དག་བྲི།། ཧཱུཾ་དང་ཕཊ་དང་ཡང་དག་ལྡན།། ཧ་འཇོམས་དང་ནི་སྭཱཧཱ་དག། འཁོར་ལོ་ལ་ནི་རྩིབས་བརྒྱད་ལ།། མཁས་དག་གི་ཡང་དག་བསྟན།། རབ་གནས་ཡང་དག་བྱས་ནས་སུ།། མགུལ་ལམ་དཔུང་པར་ཡང་དག་གདགས། ་འདི་དག་བསྟན་པའོ།། མདུད་པ་བོར་ཏེ་ཞེས་བྱ་བ་ནི།། གང་ཞེ་ན། རས་སམ་དར་དམར་སྐུད་པ་ལ།། གང་དག་རྙིང་པ་གང་ཡང་རུང་།། ཚོན་སྐུད་སྣ་ཚོགས་གང་རྙེད་པ།། དཀར་པོ་དག་ལ་ཡང་དག་བྱ།། རྒྱལ་རིགས ་ལོ་བརྒྱད་ལོན་པ་ལ།། བུ་མོ་གཞོན་ནུས་མཁལ་བར་བྱ།། གཙང་མ་ལ་ནི་གང་ཡང་རུང་།། མདུད་པ་བོར་ཏེ་བརྒྱ་རྩ་བརྒྱད།། དེ་བས་ཉུང་ན་ལྔ་བཅུ་བཞི།། བཅུ་དང་ལྔ་དང་མདུད་པ་བྱོར།། སྔགས་དང་བཟླས་པས་ཡང་དག ་ཏུ། བདུག་སྨོས་ལ་སོགས་ཡང་དག་གདུག། མགུལ་ལམ་དཔུང་པ་ལུས་ལ་སོགས།། མཁས་པས་ཡང་དག་བཅིང་བར་བྱ།། ནད་འཇིགས་སྣ་ཚོགས་མི་ཚུགས་པ།། དུས་མ་ཡིན་པའི་འཚེ་བ་བཟློག། རྨི་ལམ་དྲན་དང ་ལྟས་ངན་བཟློག། གདོན་རྣམས་ཐམས་ཅད་མི་ཚུགས་སོ།། དེ་དགེ་བསྟན་པའོ།། འཆང་ན་དེ་ལ་ཡམས་ཀྱི་ནད་དང་འཇིགས་པ་ལ་སོགས་པ་ཞེས་བྱ་བ་ནི། དེ་དག་ནད་འཇིགས་པས་མི་ཚུགས་པ་ཏེ། འཇིག་རྟེན་འདི་དང་ཕྱི་མ ་ཡང་དེ་བཞིན་ནོ།། འཕྲ་མའི་བར་གྱིས་བསྡིགས་པ་ཞེས་བྱ་བ་ནི།། རིག་སྔགས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་བྱས་ན་མི་ཚུགས་སོ།། མི་དགེ་བའི་ཆོས་རྣམས་ཀྱིས་མི་ཚུགས་པར་འགྱུར་ལགས་སོ་ཞེས་བྱ་བ་ནི། མི་དགེ་བ ་ནི་བཅུ་སྟེ་མི་དགེ་བའི་ཆོས་བྱེད་པའི་ཡུལ་ན་མཐའ་འཁོབ་ལ་སོགས་པ་སྟེ། ཡང་ནི་བྱེད་མཁན་ནི་བཤན་པའི་རིགས་སམ་གདོལ་པའི་རིགས་ལ་སོགས་པས་མི་ཚུགས་པའོ།། རྣམ ་པར་འཚེ་བ་ཐམས་ཅད་ལས་ཤེས་བྱ་བ་ནི། ལྷ་དང་མི་དང་གནོད་སྦྱིན་འབྱུང་པོ་ལ་སོགས་པ་ཡིན་ཏེ། དེ་དག་འབྱུང་པོས་ཀྱང་མི་ཚུགས་སོ།། མི་དང་ཞེས་བྱ་བ་ནི་རྒྱལ་པོ་འམ་རྐུན་པོ་འམ། ཆོས་རྐུན་ནམ། མི་སྡིག་ཅན ་ལ་སོགས་པ་ཡིན་ཏེ། དེ་དག་ཀུན་གྱིས་ཀྱང་མི་ཚུགས་སོ།། ཡང་ན་འཚ་བར་བྱེད་པ་ནི། སེང་གེ་འམ། སྟག་གམ། མ་ཧེ་འམ། བ་མིན་ནམ། སྦྲུལ་འམ། སྡིགས་པ་འམ། དུག་རྣམས་སམ་འཚ་བར་བྱེད་པའི་སེམས ་ཅན་དེ་དག་ཐམས་ཅད་ཀྱིས་མི་ཚུགས་སོ།། རྒྱལ་བར་འགྱུར་ལགས་སོ་ཞེས་བྱ་བ་ནི།། དེ་དག་རྒྱལ་བའོ།། གྲོང་ཁྱེར་ཡངས་པ་ཅན་གྱི་ནད་སེལ་བའི་ཆོ་གའི་གནས་སྐབས་ཏེ་དྲུག་པའོ།། །། ཡུལ ་འཁོར་མཚམས་གཅད་པར་འཚལ་བར་ཁྲུས་བགྱིས་པ་ཟས་དཀར་གསུམ་འཚུལ་བ་ཞེས་བྱ་བ་ནི་གང་ཞེ་ན། དཀྱིལ་འཁོར་ལེགས་པར་བྱས་པ། ས་གཞི་འཇམ་པོ་ལེགས་པ་ལ། རྣམ་ལྔ་དགུ་གིས་བྱུག་པར་བྱ། ་མཁས་པ་དག་གིས་ཐིག་བཏབ་པ།། ས་ཚོན་སྣ་ལྔས་བྲི་བར་བྱ།། དབུས་སུ་སྣ་ཚོགས་པདྨ་དང་།། ཟེ་འབྲུའི་སྟེང་དུ་ཉི་མ་ཡིན།། དེ་སྟེང་རྡོ་རྗེའི་རིགསུ་གནས།། དེ་བཞིན་པདྨ་འདབ་བཞི་ལ།། ཤར་ཕྱོགས་ལྷོ་དང་ནུབ ་ཕྱོགས་བྱུང་།། དེ་བཞིན་གཤེགས་དང་རིགས་བཞི་བཞུགས།། དེ་དག་སྟོང་ཆེན་རབ་འཇོམས་མ།། རིགས་ནི་ལྔ་རུ་ཡང་དག་ཤེས།། ཤྭར་ལྷོ་ལྷོ་ནུབ་ནུབ་བྱང་ཤར་ཡང་དག་ཏུ།། དྷཱུ་པེ་མ་ལ་སོགས་པ་ཡིན།། མུ་ཁྱུད་རྡོ་རྗེས ་བསྐོར་བ་ཡིན།། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ།། སྣ་ཚོགས་འཁོར་ལོ་དེ་དག་བཞིན་ནོ།། གཟའ་རྣམས་དེ་ལ་དགོད་པར་བྱ།། དེ་བཞིན་དུ་ནི་མུ་ཁྱུད་ལ།། སྐར་མ་རྣམས་ནི་ཡང་དག་ཤེས།། གྲུ་བཞི་ལྷ་རྣམས་ཕྱོགས ་ཕྱོགས་ལ།། ཕྱོགས་སྐྱོང་བཅུ་ནི་ཡང་དག་དགོད།། ཤར་ཕྱོགས་དང་ནི་ལྷ་ཕྱོགས་དང་།། ནུབ་ཕྱོགས་བྱང་དང་སྒོ་དག་ལ།། རྒྱལ་པོ་བཞི་ནི་ཡང་དག་བཞུགས།། གྲུ་བཞི་སྒོ་བཞི་ཀ་བ་བརྒྱད།། ཏཱ་ར་རྣམ་བཞི་སྣ་ཚོགས་བརྒྱན།། ་སྣ་ཚོགས་པདྨ་རྒྱ་གྲམ་དང་།། རྡོ་རྗེ་ར་བ་མེ་རིས་བསྐོར།། སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག། བགེགས་རྣམས་ཕྱོགས་ཕྱོགས་གནས་པའོ།། གཏོར་མ་སྣ་ཚོགས་ཕྱོགས་ཕྱོགས་སུ།། རིགས་ནི་ལྟ་ཞིང་མཁས ་བྲིས་བགྱིས།། མདའ་དང་མདུང་དང་རལ་གྲི་དང་། ཕུར་པ་དག་ལ་ཚོན་སྐུད་བསྐོར།། ལྔ་འམ་གཅིག་གམ་གང་ཡང་རུང་།། བཀྲ་ཤཱིས་བུམ་པ་ཡང་དག་དགང་།། ནོར་བུ་རིན་ཚོན་བྱང་ཆུབ་ཤིང་།། འབྲུ་དང་སྙིང་པོ་བདུད་རྩི་དང་།། ་དྲི་དང་གོས་ཀྱིས་ལེགས་པར་བརྒྱན།། བཞི་པོའི་དབུས་སུ་ཡང་དག་བཞག། ལུས་ཁྲུས་ངག་དང་ཡིད་ཁྲུས་དང་།། དྲི་མ་མེད་པའི་གོས་གོན་ལ།། བསྙུང་བར་བྱས་ནས་ཡང་དག་ཏུ།། ཡང་ན་དཀར་གསུམ་ལ་ནི་བརྟེན།། སྙིང ་རྗེ་རྗེ་ལྡན་ཞིང་སེམས་ཅན་ལ།། ཚུལ་ཁྲིམས་དེ་ཡང་དག་བསྲུངས།། རྡོ་རྗེ་སློབ་དཔོན་མཁས་པ་ཡིས།། བསྙེན་པའི་ཆོ་ག་ཡང་དག་བཞུགས།། དེ་དག་བསྟན་པའོ།། ། ཟས་སྣ་སྤངས་པ་ཞེས ་བྱ་བ་ནི། ཤ་དང་སྒོག་པ་བསྲེས་པ་དང་།། ཆང་དང་ཉ་ཤ་ལ་སོགས་དང་།། དེ་དག་ལ་ནི་སྤངས་པར་བགྱི།། མི་སློབ་པའི་གཞ་ཐམས་ཅད་ཡོངས་སུ་གཟུང་ཞེས་བྱ་བ་ནི། ཡང་དག་སེམས་དང་མཚུངས་པ་དང་།། སྡོམ་པ ་གསུམ་དང་ཡང་དག་ལྡན།། སྡིག་པ་ཐམས་ཅད་སྤང་བར་བྱ།། མི་རྣམས་ཐམས་ཅད་གློང་པ་དང་།། སྡོམ་པ་ལ་ནི་གནས་པ་བྱ།། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེས་བྱ་བ་ནི་གང་ཞེ་ན། མི་དགེ་བཅུ་ནི་སྤང་བྱས ་པ། ཚངས་པའི་གནས་བཞི་བསྒོམ་བྱ་བ།། གྲོང་དང་གྲོང་ལ་འཐབ་སྤངས་པ།། རང་སེམས་ཇི་བཞིན་གཞན་དག་དང་།། ཐབ་རྩོད་ཐམས་ཅད་སྤངས་པར་བྱ།། ཤིན་ཏུ་བརྒྱན་པ་གོས་དང་རྒྱན་དང་ལྡན་པ་ཞེས་བྱ་བ་ནི། བུད ་མེད་སྐྱེས་པ་དེ་བཞིན་དུ།། དྷི་མ་མེད་པ་ལེགས་པར་མགོ། གསེར་དང་མུ་ཏིག་ལྔ་སོགས་པ།། ལུས་ལ་ཤིན་ཏུ་ལེགས་པར་བརྒྱན།། དེས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་སུམ་མདོ་དང་ཞེས ་བྱ་བ་ནི། ཆོ་ག་གར་བྱེད་པའི་ས་རུ། བའི་རྣམ་ལྔ་དང་། ཙན་དན་ལ་སོགས་པའི་དྲི་བཟང་པོའི་ཆུས།། ཐམས་ཅད་བྱུགས་ཏེ། མི་གཙང་བ་རྣམ་བོར་ནས། སྤོས་སྣ་ཚོགས་ཀྱི་གདུགས་ཏེ། གོས་དང་མེ་ཏོག་གི་འཕྲེང་བས ་བརྒྱན་པའོ།། ཁྱིམ་རྣམས་ཉལ་ཉིལ་གྱི་ཕུང་པོ་མ་མཆིས་པར་བགྱིས་ཏེ་ཞེས་བྱ་བ་ནི། ཕྱག་དར་བཟང་པོ་བྱས་ནས་སུ།། སྣ་ལྔ་དྲི་དང་གཏོར་བར་བྱ།། ཡང་ངམ་ཟོང་ཁྱེར་ཐམས་ཅད་དུ།། དེ་བཞིན་ལ་ནི་གཏོར་བར་བྱ།། རྒྱལ ་པོའི་ཕོ་བྲང་འཁོར་གྱི་དབུས་ཀྱི་དགོས་རྣམས་སུ་མེ་ཏོག་གི་སིལ་མ་བཀྲམ་པ་ཞེས་བྱ་བ་ནི། གྲོང་ཁྱེར་དབུས་དང་གཞན་དག་དང་།། གང་ཡང་རུང་སྟེ་ཁྱིམ་ལ་སོགས།། མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་།། དུས་ལས་བྱུང་ཏེ་གང་ཡང ་རུང་།། སྤོས་སྣ་ཚོགས་ཀྱིས་རབ་ཏུ་བདུག་པར་བགྱིའོ།། ཞེས་བྱ་བ་ནི། ལྷན་ཅིག་སྦྱོར་དང་གཞན་དག་དང་།། ཨ་ག་ར་སོགས་གང་ཡང་རུང་།། ཕྱོགས་བཞིར་བུ་མེ་ཤིན་ཏུ་ཁྲུས་བགྱིས་པ་བརྒྱན་ཅུས་བྱ་བ་ནི། བྲམ་ཟེ་མོ་འམ ་རྒྱལ་རིགས་སམ། རྫ་རིགས་ལ་སོགས་གང་ཡང་རུང་།། བསྲུང་བར་བྱས་ནས་ཚུལ་ཁྲིམས་བསྲུང་།། སྐྱེས་པ་ལ་སོགས་སྤང་བྱས་པ།། ཡང་ནི་ཟས་ནི་དཀར་གསུམ་བསྟེན།། ལོ་གྲངས་བཅུ་གཉིས་ཉི་ཤུ་གཉིས།། མཚན་ཉིད ་ལྤགས་པ་བྱུང་མཛེས་པ།། དྲི་མ་ཅན་གྱི་གོས་ཀྱང་སྤང་།། ལྗག་ན་མཚོན་ཐོགས་པ་བཞི་དང་།། ཧྲཱིལ་བ་བཞི་དང་ཞེས་བྱ་བ་ནི།། གཞོན་ནུ་དེ་ངག་དང་མཚན་ཐོགས་ནས། རལ་གྲི་ལ་སོགས་གཡས་ན་འཛིན།། དྲིལ་བུ་དཀྲོལ ་ཞིང་བཀྲ་ཤིས་འདོན།། གླུ་གར་ལ་སོགས་དེ་བཞིན་ནོ།། རིན་པོ་ཆེ་སྣོད་བཞི་བཞག་པར་བགྱིའོ་ཞེས་བྱ་བ་ནི།། གྲོང་ངམ་གྲོང་ཁྱེར་གྲོང་རྡལ་དུ། གྲོང་བར་དེ་བཞིན་བཞག་པར་བྱ།། ཡང་ན་ཆོ་ག་བྱེད་པའི་ས། ཕྱོགས་བཞི་ལ་ནི་ཡང ་དག་བཞག། སྱཱ་ངྒ་འདུས་ཀྱི་ནགདུགས་ཤཨཱརྱཱ་དྷཱ་དང་། ཕྱོག་སྔགས་ཀླགྶ་པར་བརྦྷ་སྠཱ་ཞེས་བྱུ་ན། དང་ཞིན་དུ་ཕྱོགས་པནྡྷ་ཕྱོགས་རྣམས།། དག་འདྲ་བར་ཡང་དྲུག་གདོན།། བསྩུ ་བར་བྱ་ཞི་གཙང་སྦྲ་བསྟེན།། ཡང་ན་ཟས་ནི་དཀར་གསུམ་བསྟེན།། ཡི་གེ་བྲིས་ཏེ་མཆོད་རྟེན་ཆེན་པོ་ཞེས་བྱ་བ་ནི།། གསེར་རམ་དངུལ་ལས་བྱས་པ་ཡི།། བུམ་པ་དང་ནི་ཚ་ཚ་དང་། དེ་ལ་སོགས་པ་གང་ཡང་རུང་།། ་ཡི་གེ་བྲིས་ཏེ་འཁོར་ལོ་ལ། དེ་བཞིན་དུ་ནི་རྩེ་མོ་ལ།། མཆོད་རྟེན་ལ་སོགས་ཡང་དག་བཞག། བལ་སྲང་དྲུག་ཅུ་ཐམ་པ་ལ།། བཀལ་ནས་མཆོད་པ་བྱ་བའོ།། དར་རམ་རས་སམ་སྲིན་བལ་ལ།། གང་ཡང་རུང་སྟེ་སྐུད་པ ་ལ།། ཚོན་ནི་སྣ་ཚོགས་བྱས་ནས་སུ།། གྲོང་ངམ་གྲོང་ཁྱེར་ཡང་དག་བསྐོར།། ཤིང་ལྗོན་པ་ཆེན་པོ་དང་རྒྱལ་མཚན་ཆེན་པོའི་རྩེ་མོ་ལ་སྟོད་དོ་བཏགས་ལ། མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་ངག་གིས ་ཞེས་བྱ་བ་ནི། དེ་ལ་སོགས་པ་མཐོན་པོའི་གནས་སུ། སྔར་བཤད་པའི་འཁོར་ལོ་བཏགས་ནས། བལ་ལམ་རས་ལ་བྱས་པའི་སྐུད་པ་སྲང་དྲུག་ཅུ་ཐམ་པ་བྱས་པས་ཤིང་ལ་སོགས་པ་ལ་གདགས་པར་བགྱིའོ།། ་དེ་བཞིན་དུ་མཆོད་པ་ཡང་བྱའོ།། དགུང་ཟླ་ཕྱེད་ཀྱི་བར་དུ་མཆོད་པར་བགྱིའོ།། ཞེས་བྱ་བ་ནི།། གཅིག་གམ་གསུམ་འམ་ལྔ་ཡང་རུང་།། དེ་བཞིན་བདུན་དང་དགུ་དང་ནི།། བཅུ་གཅིག་དང་ནི་བཅོ་ལྔའོ།། གདུགས་རེ་རེ ་ཞིང་རིག་སྔགས་ཀླག་གོ་ཞེས་བྱ་བ་ནི།། སྔ་དྲོའི་དུས་སུ་བྱའོ།། ཡང་ན་རྒྱུན་མི་འཆང་པར་ཀླག་གོ།། དེ་ལྟར་ན་ཡང་ཡུལ་འཁོར་ཡོངས་སུ་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། དབང་ཕྱུང་།། ཁྲུས་བྱའོ།། བཀྲ་ཤིས་བརྗོད།། ་གདོན་ནོ།། རོལ་མོ་ལ་སོགས་བྱའོ།། བཀྲ་ཤིས་ཀྱི་རྫས་གདོན་པར་བྱའོ།། དེ་དག་ནི་གྲོང་ཁྱེར་བསྲུང་བའི་ཆོ་གའི་གནས་སྐབས་ཏེ་བདུན་པའོ།། །། དེ་ལྟར་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཞེས་བྱ་བ་ནི། ་གང་ཡང་རུང་ངོ་།། ཡང་ན་ནང་པའི་ཁྱིམ་མོ།། ཕྱུགས་ལྷས་རྣམས་ཉལ་ཉིལ་མ་མཆིས་པར་བགྱི་སྟེ་ཞེས་བྱ་བ་ནི། ལེགས་པར་ཕྱག་དར་བྱས་ནས། བའི་རྣམ་ལྔས་གཏོར་ཏེ། ཧོམ་ཁུར་ཟླུམ་པོར་བྱས་ནས། ཆོ་ག་ཇི ་བཞིན་དུ་གཏོང་བར་བྱའོ།། རྫས་ནི་ཏིལ་དང་མར་ལ་སོགས་པ། ཀུ་ཤྭ་ལ་སོགས་པ་ཡང་དེ་བཞིན་ནོ།། སེང་ལྡེང་དང་རྒྱུ་ཤུགྶ་ལ་སོགས་པ་ཞེས་བྱ་བ་ནི། ཞི་བའི་ཤིང་གང་ཡང་རུང་བ། དོག་ས་ལ་མེ་ཏོག་སིལ ་མ་བཀྲམ་སྟེ་ཞེས་བྱ་བ་ནི།། ཧོམ་ཁུང་ལ་སོགས་པ་ལ་གཏོར་བར་བགྱིའོ།། སྒོ་གཡས་གཡོན་ན་དྲི་སྣ་ཚོགས་ལེ་ཞེས་བྱ་བ་ནཱི། གང་བའི་བུམ་པོ་ཡང་གཡ་སྣ་གཡོན་དུ་བཞག་གོ།། དྲི་དང་མེ་ཏོག་ལ་སོགས་ཕུལ ་བ་སྟེ། དེ་བཞིན་དུ་མེ་ལྷ་ལ་ཁྲུས་བྱའོ།། ས་བོན་ཐམས་ཅད་མར་གྱིས་བཀུས་ཏེ་ཕྱོགས་བཞིར་གཏོར་བར་བགྱིའོ་ཞེས་བྱ་བ་ནི། སརྦ་པཱ་པ་ནི་ད་ཧ་ན་བཛྲ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཆབ་སྐོར་ཚོན་སྐུད་སྣ་ཚོགས་བྲེ་བར་བྱའོ།། ་ཞེས་བྱ་བ་ནི། མངའ་དང་། མདུང་དང་།། རལ་གྲིས་བསྐོར་བར་བྱའོ།། དུད་འགྲོའི་སྒོ་གླན་སུ་གྱུར་པ་དག་ནི་གཏོན་ལ་སྦྱར་ཡང་གཟུང་བར་བརྒྱའོ་ཞེས་བྱ་བ་ནི། དྲུད་འགྲོ་རྣམས་ཕྱིར་གཏང ་སྟེ། ཡང་བཞུགས་པར་བྱའོ།། ཡང་ན་བགེགས་གང་གནོད་པའི་མིང་བྱང་བཅུག་ལ། མེ་ལ་གཏོང་བར་བྱའོ།། རིག་སྔགས་ཀྱང་ཀླག་པར་བགྱིའོ་ཞེས་བྱ་བ་ནི། གཙང་སྦྲ་ལ་བརྟེན་རྒྱུན་མི་འཆད་པར་ཀླག་པར ་བགྱིའོ།། ཡི་གེ་བྲིས་སམ་ཞེས་བྱ་བ་ནི་འཁོར་ལོ།། འདུད་པ་འདུད་ཏེ་ཞེས་བྱ་བ་ནི་སྲུང་སྐུད་ངོ་།། མཐོན་པོའི་ཁར་བཏགས་ལ་མཆོད་པར་བགྱི་ཞེས་བྱ་བ་ནི། མཆོད་རྟེན་ཆེན་པོའི་རྩེ་མོ་འམ།། རང་ཉལ་བའི ་སྟེང་ངམ། ཡ་ཐེ་མ་ལ་དགས་པ་འམ། གདུང་གི་ལོགས་ལ་གདགས་པ་ཙམ་གྱིས་ཀླུཏྨ། གནོད་བྱེད་དང་ནད་ཐམས་ཅད་ལ་སོགས་པ་ཡང་མི་ཚུགས་པའོ།། ནུད་པའི་མདུན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སམ ་ཞེས་བྱ་བ་ནི་གསེར་རམྦྷ་དངུལ་ལམ་ཟངས་སམ། རང་རིས་ལ་སོགས་པ། སངས་རྒྱས་ཀྱི་རིང་བསྒྱེལ་ལམྦྷི་ཞེས་བྱ་བ་ནི་ཟུངས་སེམ་དངུལ་ལ་སོགས་པ་ལཱྀ་བྱས་པའི་མཆོད་རྟེན་ནམ། རིན་པོ་ཆེའི་སྣོད་དུ་བཞག་ལ། བྲམ ་པ་ཞབས་ཕྲུག་ལ། དྲིའམ་སྨན་ལ་སོགས་པས་ཡང་དག་པར་མཆོད་ལ། ཁྲུས་གསོལ་བར་བྱའོ།། དཀྱིལ་འཁོར་ལ་སོགས་པ་ནི་སྔོན་དུ་བཤད་པ་བཞིན་ནོ།། ཚངས་པ་ལ་སོགས་པའི་གཟུགས་སམ་ཞེས་བྱ་བ་ནི། ་དཀྱིལ་འཁོར་ཡང་དག་པར་བྲིས་ལ་བརྒྱའོ།། ཡང་ན་བག་ཕྱེ་འམ་འབྲས་ཕྱེ་ལ་སོགས་པ་ལ་གཟུགས་བྱས་ལ། དཀྱིལ་འཁོར་ལ་ཡང་དག་པར་བཞག་གོ།། ཕྱག་རྒྱ་བ་ཞི་བགྱིས་ལ་བཞག་པར་འགྱུར་ཞེས་བྱ་བྱ་ནི། ཕྱག་རྩ ་བཞི་ནི་རིག་སྔགས་ཀྱི་རྒྱལ་མོ་སྐྱོང་ཆེན་མྱོ་ཡིན་ཏེ། དང་རམཱ་རཱས་སུམ་ཤིང་ཤུན་ལ་སོགས་པ་ལ་ཆོ་ག་བཞིན་དུ་བྲིས་ལ། ནང་པ་ལ་ཡང་དག་པར་གདགས་སོ།། མེ་ཏོག་སྣ་ཚོགས་དང་། སྤྲོས་སྣ་ཚོགས་པོ ་ཞེས་བྱཱ་ཛྙཱནྟི། མཆོད་པ་སྣ་ཚོགས་ཀྱིས་ཕྱག་རྒྱ་བཞིའི་མཆོད་པ་བྱའོ།། ཚངས་པ་དང་བྱམྦྷ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་ཆེན་པོ་དང་།། གནོད་སྦྱིན་དེད་དཔོན་དང་། འཕྲོག ་མ་ལ་སོགས་པའི་མིང་གིས་ཞེས་བྱ་བ་ནི། དེ་རྣམས་ཀྱི་མིང་དང་གཟུགས་བྱས་ནས། མཆོད་པ་དང་མིང་བྱས་ནས་ཨརྒ་བྱའོ།། དཀོན་མཆོག་གསུམ་ལ་མཆོད་པར་བགྱིའོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས ་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། རིག་སྔགས་ལ་སོགས་པ་ཡང་དག་པར་མཆོད་དོ།། གཟུངས་ཀྱང་ངག་མི་འདྲེས་པར་ཀླག་པར་བྱའོ།། དེ་རྣམས་ཀྱང་སྟོབས་དང་དབང་ཕྱུག་དང་། བྱིན་གྱིས་བརླབས་པ་བདག་ལ ་བདེ་ལེགས་སུ་གྱུར་ཅིག། བདག་ལ་བསྲུང་བ་གྱིས་ཤིགས་བྱ་བ་ནི། སངས་རྒྱས་དང་རིག་སྔགས་དང་། ཚངས་པ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམསོ།། ནད་པ་རྣམས་ནད་ཐམས་ཅད་ལས་ཐར་བར་གྱུར་ཅིག་ཅེས་བྱ་བ་ནི། ་སེམས་ཅན་ཐམས་ཅད་ལ་སོགས་པའོ།། དེ་བཞིན་དུ་བྱས་ན་ཟླ་ཚོམ་མེད་དོ།། ནང་པའི་ཟས་དང་སྐོམ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མའི་སྔགས་བཏོན་ནས། བྱིན་གྱིས་བརླབས་པདྨ ་བྱའོ།། སྨན་རྣམས་ཀྱང་རིག་སྔགས་འདི་བཏབ་སྟེ།། སྩལ་བར་བགྱིའོ་ཞེས་བྱ་བ་ནི་ཕྱི་ནས་འདོད་པའི་སྔགས་རླབས་ནས། བདེན་པ་ཡང་དག་པར་འདར་བར་བྱའོ།། རྫོགས་སངས་རྒྱས་རྣམས་སངས་རྒྱས་ཚེ།། འཇིག ་རྟེརྟེན་སྐྱེང་བས་ཕྱོགས་བཞི་ནས་ཞེས་བྱ་བ་ནི་རྫོགས་སངས་རྒྱས་ཀྱི་དུས་གསུམ་སངས་རྒྱས་རྣམས་སོ།། འཇིག་རྟེན་སྐྱོང་བ་ནི་བརྒྱ་བྱིན་ལ་སོགས་པས་ཏེ། དེ་རྣམས་ཡང་ཕྱོགས་བཅུར་སྐྱོང་བའོ།། སྣོད་བཞི ་ངག་ནི་བླངས་ནས་སུ།། བདེ་བར་གཤེགས་ལ་ཕུལ་བ་དང་།། ཞེས་བྱ་བ་ནི། དང་པོ་བདེ་བར་གཤེགས་པ་རྣམ་ས་ལ་འབུལ་ཏོ།། གཉིས་པ་ཕྱོགས་སྐྱོང་ལ་སོགས་པ་ལོ་སྦྱིན་པའོ།། མཐུ་ཡིས་གཅིག་ཏུ ་སྤྲུལ་མཛད་པ།། ལྷ་ཡི་སྣོད་མཆོག་དེ་དག་ནི་ཞེས་བྱ་བ་ནི། རྫུ་འཕྲུལ་དང་ལྡན་ཞིང་དག་པའི་སྣོད་ངུའོ།། བདུད་རྩི་འདྲ་བའི་སྨན་གྱི་རྣམས།། སྟོན་པའི་ཕྱག་ན་བསྣམས་འགྱུར་བ། ཞེས་བྱ་བ་ནི།། ཡང་དག་པར ་རྫརྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་བྱུང་བ། རིག་སྡིགས་ཀྱི་ནུས་མཐུའི་བདུད་རྩིའོ།། བདེན་པའི་ཚིག་ནི་དེ་དག་གིས། སྨན་རྣམས་བདུད་རྩིར་གྱུར་པར་ཤོག། ཅེས་བྱ་བ་ནི། ནད་པའི་ཟས་དང་སྐོམ་དང་སྨན་ལ ་སོགས་པ་འདིའི་བྱིན་བརླབས་ཀྱི་བདུད་རྩིར་འགྱུར་བའོ།། དེ་བཞིན་ལྷ་མོ་འཕྲོག་མ་ཡིས།། ལྷ་རྫས་དགེ་བ་ཨ་རུ་ར།། ཞེས་བྱ་བ་ནི། ནད་པ་རྣམས་ཀྱི་མ་ལྟ་བུ།། ལྷ་མོས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ ་ཨ་རུ་ར་ཕུལ་བའོ།། བླངས་ནས་སྟོན་ལ་རབ་ཕུལ་བ།། བདུད་རྩི་འདྲ་བའི་སྨན་གྱི་རྣམས་ཞེས་བྱ་བ་ནི།། དེ་ཕུལ་བའི་བདེན་པས་ཀྱང་། འདིར་ནད་པ་ལ་བདུད་རྩིར་སྣང་བའོ།། བདེན་པའི་ཚིག་ནི་དེ་དག་གིས། ནད ་པ་རྣམས་ཀྱི་ནད་སེལ་ཅིང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་དང་། རིག་སྔགས་ཀྱི་བདེན་པས་ནད་རྣམས་སེལ་བར་བྱེད་པའོ།། ཉེས་པ་ཐམས་ཅད་འཕྲོག་པར་བྱེད།། སྨན་རྣམས་བདུད་རྩིར་གྱུར་པར་ཤོག། ཅེས་བྱ་བ ་ནི། རིག་སྔགས་ཀྱི་སྟོབས་དང་གཽཟི་བརྗིད་ཀྱི་བྱིན་གྱིས་བརླབས་ཀྱིས་བདུད་རྩིར་སྣང་བའོ།། སངས་རྒྱས་རྣམས་གཟི་བརྗིད་དང་།། གཙུག་ཏོར་ཅན་གྱི་སྟོབས་རྣམས་ཞེས་བྱ་བ་ནི།། སྔོན་གྱི་དུས་སུ་འདས་པའི་སྤངས ་རྒྱས་རྣམས་གཟིགས་གཟི་བརྗིད་ཀྱིས།། སེམས་ཅན་གྱི་དོན་བྱས་པ་དེ་བཞིན་དུ་གཙུག་ཏོར་ཅན་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ།། ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང་། ལོག་དང་སེལ་གྱི་ཏིང་ངེ་འཛིན་དང་། ་ཞེས་བྱ་བ་ནི། བསྐལ་པ་གཉིས་པའི་དུས་སུ་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་བདེན་པས་སེམས་ཅན་གྱི་དོན་བྱ་སྟེ། དེ་བཞིན་ལོག་དང་སེལ་གྱི་ཏིང་ངེ་འཛིན་གྱིས་ཀྱང་དོན་སེམས་ཅན་གྱི་བྱས་པའོ།། གསེར་ཐུབ ་ཀྱི་ནི་ཡེ་ཤེས་དང་།། འོད་སྤྱང་གི་ནི་རྫུ་འཕྲུལ་དང་ཞེས་བྱ་བ་ནི།། སྐལ་པ་གསུམ་པའི་དུས་སུ།། བདེར་གཤེགས་གསེར་ཐུབ་ཀྱི་ཡེ་ཤེས་ཀྱིས།། སེམས་ཅན་གྱི་དོན་བྱས་པ་དེ་བཞིན་དུ ་སངས་རྒྱུས་འོད་སྲུངས་ཀྱི་རྫུ་འཕྲུལ་གྱིས་སེམས་ཅན་གྱི་དོན་བྱས་པའོ།། ཤཱཀྱ་སེང་གེ་ཐུབ་རྣམས་ཀྱིས།། སྨན་རྣམས་བདུད་རྩིར་གྱུར་པར་ཤོག། ཅེས་བྱ་བ་ནི། བསྐལ་པ་ཐམས་ཅད་སྐྱིགས་མ་ལྔའི་དུས་སུ།། མཐུའི ་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱས་པས།། དེ་རྣམས་ཀྱི་བངོན་པས་འདིར་ཡང་སྨན་རྣམས་བདུད་རྩིར་སྣང་བའོ།། ནད་པ་ཤར་ཕྱོགས་ཁབ་སྟན་པ། སྨན་རྣམས་ཉེ་བར་སྩལ་བར་བགྱི་ཞེས་བྱ་བ་ནི། བདེན་བདེན་པས ་འདིའི་ཚིག་དྲང་། རིག་སྔགས་ཀྱི་གསང་སྔགས་ཁ་དྲོན་དུ་བྱས་པས་ནད་པ་ལ་བདུད་རྩི་སྦྱིན་པར་བྱའོ།། དེའི་ཚེ་ན་རིག་སྔགས་འདི་ཞེས་བྱ་བ་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་མོ་གཡས་ན་རྡོ་རྗེ་དང་གཡོན་ན ་རིན་པོ་ཆེ་འཛིན་པ། སྤྱན་གསུམ་པ་དབུ་ལ་རིག་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། རྒྱན་པ་ཐམས་ཅད་ཀྱིས་བརྒྱན་པ། ཞི་བའི་གཟུགས་ཅན་ཞབས་ཕྱེད་སྐྱིལ་ཏུ་བཞུགས་པ། པདྨའི་སྟེང་དུ་ཟླ་བའི་གདན། ཉི་མའི་འོད་དང་ལྡན ་པ། སེམས་ཅན་ཐམས་ཅད་ལ་དོན་བྱེད་པ། རྡོ་རྗེ་རིགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ།། ལག་མཐིལ་བཞག་སྟེ་ཀླག་པར་བགྱི་ཞེས་བྱ་བ་ནི།། རིག་སྔགས་རྒྱལ་མོ་དེ་བཞིན་དུ་བསྒོམས་ནས། རིག་སྔགས་ཀྱི་ཞལ་ནས ་འབྱུང་བ་བཞིན་དུ་བསྒོམ་པར་བྱའོ།། རིག་སྔགས་གང་ཞེ་ན། སྱ་ཏྭེ་དཾ་འདི་ལྟ་སྟེ། སྔགས་ནི་ཁ་དེ་ཁ་དེ་ལ་སོགས་པའོ།། རླུང་ལས་གྱུར་དང་མཁྲིས་ལས་གྱུར། བད་ཀན་ལས་གྱུར་འདུས་ལས་གྱུར།། ནད་རྣམས་ཐམས ་ཅད་བཅོམ་པས་སྟེ་ཞེས་བྱ་བ་ནི།། དེ་གསུམ་གྱི་གཞི་བླངས་པ། ནད་བཞི་བརྒྱ་རྩ་བཞི་པོ་རྣམས་ཀྱང་།། བདེན་པ་ཚིག་དང་རིག་ཀྱི་གསང་སྔགས་ཀྱིས། ནད་ཐམས་ཅད་བཅོམ་ཞིང་བདེ་བར་འགྱུརརོ།། བདག་ལ་རྟག་ཏུ ་བདེ་ལེགས་ཤོག་ཅེས་བྱ་བ་ནི། ནད་པ་དང་མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད་དོ།། རིམས་ནད་ལ་སོགས་པ་སེལ་བའི་ཆོ་ག་སྟེ་བརྒྱད་པའོ།། བྱང་དང་རོ་ལངས་དང་ལྡན་པའི་ལས་རྣམས ་ལ། སྐྱེས་པ་འམ་བུད་མེད་གདུགས་ཞག་གཅིག་བསྙུང་བ་བགྱིས་པ་ཞེས་བྱ་བ་ནི། སྔགས་བཏུང་བ་དང་རྦོང་གཏོང་གཏང་བ་དང་། མཛེ་དང་ཕོལ་མིག་དང་། ལྷོག་པ་དང་། དུག་དང་དུག་སྦྱར་མ་དང་སྨན་དང་། སྨན ་ཉེས་པོ་དང་།། ས་བདག་ལ་སོགས་པའི་ནད་ཐམས་ཅད་སྨྱོ་བ་དང་། འབོག་པ་ལ་སོགས་པ་བཅོམ་ལྡན་འདས། རབ་ཏུ་བཀྲུས་པ་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི།། བྱད་ཀྱིས་ཕོག་པ་དང་། སློབ་དཔོན་ཡིད་བཞིན་ནོ།། ་དེས་དོགས་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ་ཞེས་བྱ་བ་ནི།། སྔོན་གྱི་དཀྱིལ་འཁོར་བཤད་པ་ལ་བརྟེན་ལ།། སློབ་དཔོན་མཁས་པས་ཆོ་ག་ཡང་དག་པར་བྱ་སྟེ། དེ་བཞིན་སྟ་གོན་གྱི་ཆོ་གའོ།། མཆོད་པ་རྣམ་པ་ལྔ་ལ་སོགས། ་པ་བྱས་ནས། ཡེ་ཤེས་སེམས་དཔའ་ཡང་དེ་བཞིན་ནོ།། ཨརྠ་ལ་སོགས་པས་ཡང་དག་པར་མཆོད་དོ།། སྤོས་སྣ་ཚོགས་ཀྱིས་གདུགས་ལ་ཞེས་བྱ་བ་ནི། བྱད་ཀྱིས་ཕོག་པ་དང་། བུམ་པ ་རྣམས་ལ་གདུག་པ་དང་།། དེ་བཞིན་དུ་ལྷ་རྣམས་ཀྱང་ཡིན་ནོ།། སེང་ལྡེང་དང་རྒྱ་ཤུག་རིགས་གཉིས་ཀྱི་ཞུགས་བུས་ཏེ་ཞེས་བྱ་བ་ནི།། ཐིབས་ཁུང་ཟུར་གསུམ་ཁྲུ་གང་ཚད་དུ་བྱས་པ། ནག་པོའི་སུམ་བརྩེགས་སོར ་བཞི་བྱས་པའོ།། པདྨ་གསུམ་པ་ཕྱི་ལེགས་སུ་བྱས་པ། ནང་དུ་ཡང་དེ་བཞིན་དུ་ཡིན་ཏེ། མེ་ལྷ་ནག་པོ་ཁྲོ་བོར་ནག་པོ་ལ་ཞོན་པ། གཡས་ནུ་རལ་གྲི། གཡོན་ན་སྡིགས་འཛུབ་ཞགས་པ་འཛིན་པ། ཁ་གདངས་པ། ་མེའི་མདོག་ཀྱང་དེ་བཞིན་ནོ།། ས་བོན་ཐམས་ཅད་ཕྱོགས་བཞིར་གཏོར་བར་བགྱིའོ།། ཞེས་བྱ་བ་ནི་རྫས་ནི་ཏི་ལ་ལ་སོགས་ཡིན་ཏེ། ཤ་སྣ་ཚོགས་དང་། འབྲུ་སྣ་ཚོགས་དང་། དུས་ཀྱི་མེ་ཏོག་གང་ཡང་རུང་སྟེ། བག ་ཕྱེ་འམ་འབྲས་ལ་སོགས་པས་གཟུགས་བྱ་ལ། ལི་ག་ཁ་དོག་ཀྱང་དེ་བཞིན་ནོ།། ཞུགས་ཀྱི་ནང་དུ་ཡང་གཏོར་བར་བགྱིའོ་ཞེས་བྱ་བ་ནི། རྫས་དེ་རྣམས་དགང་གིཟར་བླུགས་གཟར་གྱི་རི་མོས་བླུག་པར་བགྱིའོ།། རྩ་བ ་ཐམས་ཅད་དང་མེ་ཏོག་ཐམས་ཅད་ཚོན་སྐུད་སྣ་ཚོགས་ལ་བརྒྱུས་ཏེ་ཞེས་བྱ་བ་ནི། དུག་གི་མེ་ཏོག་སྣ་ཚོགས་དང་བྱས་གང་གནོད་པའི་མིང་རུས་སམ། མཚོན་ཆ་ལ་སོགས་པའི་རྩེ་མོ་ལ་བཏགས་ལ། ཕྱོགས་བཞིར་གདག་སོ།། ་དེ་བཞིན་དུ་བྱས་ཀྱིས་ཕོག་པའི་མགུལ་ཏུ་ཡང་གདགས་སོ་རལ་གྲི་འམ་མདུང་རྩེ་གསུམ་པ་འམ། མདུང་ངམ་མདའ་ལ་གདགས་པར་བགྱིའོ་ཞེས་བྱ་བ་ནི། ཧོམ་ཁུང་གི་ཟུར་དུ་བཞི་བཞི་བཙུགས་ལ། སྔར ་བཤད་པའི་གདགས་པའོ།། སྤོས་ཆབ་སྣ་ཚོགས་སྦྱངས་ཏེ། བུམ་པ་ཆེན་པོའི་ནང་དུ་བླུག་ལ། གང་བྱད་ཀྱིས་ཕོག་པ་དེའི་མགུལ་བ་སྲུད་པ་དེས་བཅིངས་ཏེ་བུམ་པ་ཚབ་ཀྱིས་བཀྲུ་བར་བགྱིའོ་ཞེས་བྱ་བ་ནི། ་སྟོང་ཚན་མོའི་གཞུང་བཞིན་དུ་བཟླས་པ་བྱས་ནས་མཚོན་ཆ་རྣམས་སྣ་གཅིག་བཏགས་ལ་གཅིག་བྱེང་ཕོག་པའི་སྐེ་ལྀ་གདགས་སོ།། དེ་ནས་སྟོང་ཆེན་མོའི་རང་བཞིན་བུམ་པའི་ཆུས་དབང་བསྐུར་ལ་སྐུ་གསུང་ཐུགས ་དག་པར་བྱའོ།། སྐུད་པ་ཡང་མཚོན་གྱི་གཅད་དེ་ཞུགས་ཀྱི་ནང་དུ་དོར་རོ།། ཞེས་བྱ་བ་ནི།། སྟོང་ཆེན་མོར་བསམས་ལ། རིག་སྔགས་ཀྱི་རལ་གྲིར་བྱིན་གྱིས་བརླབས་ནས། བྱད་དང་རོ་ལངས་སྔགས་སུ ་བསམས་ལ། སྲེགས་པར་བྱའོ།། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་འདི་ཡང་བརྗོད་པར་བགྱིའོ་ཞེས་བྱ་བ་ནི། དེའི་དུས་སུ་ཕྱོགསུ་ངག་མོ་འདྲེས་པར་གདོན་པར་བྱའོ།། དེ་ནས་བདེན་པ་བདེར་ལ ་མཆོད་པ་བགྱིའོ།། གང་དག་སངས་རྒྱས་རང་སངས་རྒྱས།། སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། ཞེས་བྱ་བ་ནི། སྐུ་གསུམ་གྱིས་སངས་རྒྱས་དང་།། ལྷག་མ་མཐོང་ནས་སེམས་ཅན་གྱི་དོན་བྱེད་པའི་རང ་སངས་རྒྱས་ཀྱི་བདེན་པ་སྟེ། དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་བྱེད་པ། དེ་བཞིན་དུ་ཉན་ཐོས་རྣམས་ཀྱིས་ཀྱང་བདེན་པ་བཞིའི་སྒོ་ནས་དོན་བྱེད་པའོ།། ་ཚངས་དབང་དང་ནི་འཇིག་རྟེན་སྐྱོང་།། གནོད་སྦྱིན་དེད་དཔོན་དབང་ཕྱུག་དང་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་ཕྱག་འཚན་དབྱུག་གུས་གསུམ་དང་རྡོ་རྗེ་དང་། འཇིག་རྟེན་སྐྱོང་བུ་སོ་སོའི་ཕྱག་མཚན་གནོད ་སྦྱིན་གྱི་དེད་དཔོན་བཞིན་ཏེ། དབང་ཕྱུག་ཆེན་པོའི་རྩེ་གསུམ་མོ།། དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། འཕྲོག་མའི་བུ་དང་བཅས་པ་དང་ཞེས་བྱ་བ་ནི།། དེ་རྣམས་ཀྱི་སོ་སོ་རང་རང་གི་སྟོབས་དང་གཟི་བརྗིད་དོ།། ་དེ་དག་མཐུ་དང་གཟི་བརྗིད་ཀྱིས། རོ་ལངས་ལས་རྣམས་འཆང་གྱུར་ཅིག། ཅེས་བྱ་བ་ནི། བྱུད་དང་། རོ་ལངས་དང་། སྔགས་དང་། སྦོང་གཏོང་དང་། དྲུག་དང་དུག་སྦྱོར་དང་དེ་རྣམས་ཆད་པར་གཅད་པར ་འགྱུར་བའོ།། རྡོ་རྗེས་རིན་ཆེན་ཕུག་པ་དང་། མེ་ཡིས་བུད་ཤིང་བསྲེག་པ་དང་། ཞེས་བྱ་བ་ནི། རྡོ་རྗེ་ཕ་ལམ་གྱི་མུ་མིན་ལ་སོགས་པ་ཕིག་སྟེ། དེ་བཞིན་དུ་མེས་ཀྱང་ཐམས་ཅད་བསྲེགས་པའོ།། རླུང་གིས ་སྤྲིན་ནི་འཐོར་བ་དང་།། ཉི་མས་ནགས་ཚལ་སྐེམས་བྱེད་པ་ཞེས་བྱ་བ་ནི། བར་སྣང་གི་སྤྲིན་འཕུག་པོ་ཡང་རླུང་གིས་གཏོར་ནས།། མི་སྣང་བར་འགྱུར་ཏེ། དེ་བཞིན་དུ་ཉི་མས་ཀྱང་རྒྱ་མཚོ་སྐེམས་པའོ།། བདེན ་པའི་ཚིག་ནི་དེ་དག་གིས།། བྱང་སྟེམས་ལས་རྣམས་ཚིག་པར་ཤོག་ཅེས་བྱ་བ་ནི།། དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་བཀའ་ཡང་བདེན་སྟེ། དེ་རྣམས་ཀྱི་གཟི་བརྗིད་དང་སྟོབས་རིག་སྔགས་ཀྱིས་གསང་སྔགས་ཀྱིས། ་བྱད་དང་རོ་ལངས་ལ་སོགས་པ་ཚིག་པའོ།། སྤོས་དང་མེ་ཏོག་སྣ་ཚོགས་ཀྱིས། སྡིག་པ་ཐམས་ཅད་ངེས་པར་བསལ་ཞེས་བྱ་བ་ནི། རྒྱས་ལ་སོགས་པ་བསལ་ཏཱ། རིག་སྔགས་འདི་ཡི་གརྫི་བརྗིད་ཀྱིས། སྡིག ་པོ་ཐམས་ཅད་སྲེག་པར་བྱེད་པའོ།། སྱཱ་ཏཱུ་དཾ་ཞེས་བྱ་བ་ནི། རིག་སྔགས་ཡིན་ཏེ། རིག་སྔགས་ནི་གང་ཞེ་ན། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་མོ། སྤྱན་གསུམ་པ་དབུ་སྐྲ་སེར་པོ། དབུ་ལ་ཐོད ་པ་ལྔས་བརྒྱན་པ། གཡས་ནཱ་རལ་གྲི་གདེངས་པོ། གཡོན་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཞབས་པུས་བཙུགསུ་བཞུགས་པ། གཡོན་པའི་ཞབས་རྐྱང་བ། ཉི་མོའི་གདན་གྱི་སྟེང་ན་གནོད་བྱེད་མནན་པ། ་བསྐུལ་པ་མེ་ལྟར་འབར་བའི་འོད་དང་ལྡན་པ།། རྒྱན་སྦྲུལ་གྱིས་བརྒྱན་པ།། ཞལ་གདངས་པ་མཆེ་བ་གཙིགས་པ། ཁྲོ་གཉེར་དང་ལྡན་པ། རྡོ་རྗེ་རིགས་མ་དང་།། སྟོང་ཆེན་མོ་རབ་ཏུ་འཇོམས་མའོ།། རིག་སྔགས ་ནི་རིག་སྔགས་ཀྱི་ཞལ་ནས་བྱུང་ངོ་།། ཀླག་པར་བྱའོ།། གསད་པར་བྱའོ།། བཅོམ་པར་བྱ་བ་ལ་སོགས་པའོ།། སྔགས་ནི་ཧུ་མེ་ཧུ་མ་ལ་སོགས་པའོ།། དེ་བཞིན་དུ་བྱས་ན་ཐེ་ཙོམ་མེད་དོ།། ལས་ཀྱི་རྣམ་པར་སྨིན་པ་ནི་མ ་གཏོག་སོ།། ལྷ་ཐམས་ཅད་ཀྱི་གསང་སྔགས་འདི་དག་གི་བྱད་དང་། རོ་ལངས་དང་སྨན་དང་སྔགས་དང་། དུག་དང་དུག་སྦྱར་མ་རྣམས་གཅད་དོ།། བཤིག་གོ། ཕམ་པར་བྱས་སོ།། ཕ་རོལ་ཕམ་པར ་བྱས་སོ་ཞེས་བྱ་བ་ནི། བདེན་པའི་ཚིག་དེ་དག་དང་རིག་སྔགས་ཀྱི་གསང་སྔགས་དམོད་མོས་ཚིག་པར་བྱེད་པའོ།། བྱད་དང་རོ་ལངས་ལ་སོགས་པའི་ཆོ་གའི་གནས་སྐབས་ཏེ་དགུ་པའོ།། །། ལྦ་བ་དང་ཤུ་བ་དང ་སྨྱོ་བ་དང་། འབྲས་དང་། འབྲུམ་བུ་དང་། སྐོང་པོ་དང་། དུག་འཐུངས་པ་ལ་སོགས་པ་ཐར་པར་འཚོལ་པ་ཞེས་བྱ་བ་ནི། དང་པོར་རང་གིས་ཕྱག་གིས་བགྱིའོ།། གཉིས་པ་ཆུས་གདབ་པོ།། གསུམ་པ་ངུར་བས་བྱའོ།། ་བཞི་པ་རྩ་ཀུ་ཤས་བྱའོ།། ལྔ་པ་རྨ་བྱའི་སྒྲོས་སེལ་ལོ།། དྲུག་པ་མཚོན་གྱིས་བརྡེག་གོ།། བདུན་པ་རང་གིས་སོས་བྱའོ།། དེ་བཞིན་དུ་བྱས་ནས་ཐེ་ཚོམ་མེད་དེ།། དེས་མ་སོས་ན་ལས་ཀྱི་རྣམ་པར་སྨིན་པ་ཡིན་ཏེ་གང་གིས ་ཀྱང་མི་སོས་སོ།། ལྷོག་པ་ཡང་དེ་བཞིན་བྱའོ།། དུག་ཟ་བར་འགྱུར་ན་ཆུ་ལ་བཏབ་ན་འཐུང་དུ་གཞུག་གོ། ཤིན་ཏུ་ཁྲུས་བགྱིས་པ་བརྒྱན་པ་ཞེས་བྱ་བ་ནི། འདོང་ཆགས་དང་། འགོག་པ་ལ་སོགས་པ་སྤང་བར་བགྱིའོ།། ། ་སྟན་བཟང་པོའི་སྟེང་དུ་མཆིས་ཏེ་ཞེས་བྱ་བ་ནི། ས་བདག་གི་ནད་ཀྱིས་བཏབ་པ་ཡིན་ཏེ། ལུས་བདེ་བ་དང་། ངག་བདེ་བ། སེམས་བདེ་བར་བྱས་ལ།། བཟླས་པ་རྒྱུན་མི་འཆད་པར་བྱའོ།། རིག་སྔགས་འདི་བརྗོད་པར་བརྒྱ ་ཞེས་བྱ་བ་ནི།། ངག་མ་འདྲེས་པར་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་གདོན་པར་བྱའོ།། དེ་བས་བདེན་པ་བརྗོད་པར་བྱའོ།། སངས་རྒྱས་ཀུན་གྱི་གཟི་བརྗིད་དང་།། རང་རྒྱལ་དག་གི་གཟི ་བརྗིད་དང་། ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་སྟེ་རང་སངས་རྒྱས་ཀྱིས་ཀྱང་སྐུའི་དོན་བྱེད་པའོ།། དགྲ་བཅོམ་བདག་གི་མཐུ་དག་དང་།། གསང་སྔགས་འཛིན་པ་ཐམས་ཅད ་དང་ཞེས་བྱ་བ་ནི།། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་། ཉོན་མོངས་པ་བཅོམ་སྟེ། གསང་སྔགས་འཛིན་པ་ཡང་དག་གཟི་བརྗིད་དང་ལྡན་པའོ།། ཤཱ་རིའི་བུ་ཡི་ཤེས་རབ་དང་། མཽཏྤལ་བུ་ཡི་རྫུ་འཕྲུལ ་དང་།། ཞེས་བྱ་བ་ནི།། ཉན་ཐོས་ཀྱི་ཚོགས་སུ་གྱུར་པ་ལ། ཤེས་རབ་ལ་གྲགས་པ་དང་རྫུ་འཕྲུལ་ལ་གླེགས་པའོ།། མ་འགགས་པ་ཡི་མིག་དང་ནི། འོད་སྲུངས་སྦྱངས་པའི་ཡོན་ཏན་དང་ཞེས་བྱ་བ་ནི།། ཉན ་ཐོས་དེ་གཉིས་ལ་ཡང་མཐོང་བར་གྲགས་པ་དང་། སེམས་ཅན་ལ་བྱམས་པར་གྲགས་པའོ།། ཀཽཎྜི་ནྟིའི་སྔར་ཐོབ་པ་དང་།། ཀུན་དགའ་བོ་ཡིས་ཐོས་པ་དང་ཞེས་བྱ་བ་ནི་ཉན་ཐོས་སུ་གྱུར་པ་དེ་གཉིས་ཀྱང་། སངས ་རྒྱས་ཀྱི་བཀའ་ཐོབ་པ་དང་། ཐོས་པ་མང་པོ་བྱས་པའོ།། ཚངས་པ་ཡི་ནི་བྱམས་པ་དང་།། བརྒྱ་བྱིན་གྱི་ནི་དབང་རྣམས་དང་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ལྟ་ཞིང་། སུམ་ཅུ་རྩ་གསུམ་ལ་སོགས་པ་དབང ་དུ་འདུས་པའོ།། འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་།། དབང་ཕྱུག་ཆེན་པོའི་སྟོབས་ངག་དང་། ཞེས་བྱ་བ་ནི།། ཕྱོགས་བཅུ་སྐྱོང་བར་བྱེད་པ་དེའི་བདག་པོར་གནས་པ།། ལྷ་དབང་ཕྱུག་ཆེན ་པོའི་སྟོབས་དང་ལྡན་པའོ།། དང་དཔོན་རྣམས་ཀྱི་ནུས་མཐུ་དང་། འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་ཞེས་བྱ་བ་ནི། འཇིག་རྟེན་ཁམསུ་མཐུ་ཆེ་བར་གྲགས་པ། འཕྲོག་མའི་བུ་དང་བཅས་པ་ཡང་། འཇིག་རྟེན ་གྱི་ཁམས་སྐད་ཅིག་མས་རྒྱུ་བའོ།། དེ་དག་རྣམས་ཀྱི་མཐུ་དང་གཟིས། བདག་གིས་དུག་ནི་དུག་མད་ཤོག། ཅེས་བྱ་བ་ནི།། གང་གིས་དུག་ནི་དུག་ལ་སོགས་པ་འཐུང་བ་ནི་དེ་རྣམས་ཀྱི་མཐུ་དང་གཟི་བརྗིད་ཀྱིས་དུག ་གིས་མི་ཚུགས་ཤིང་། ངེས་པར་བཅོམ་མོ།། དུག་མེད་དུག་རྣམས་འཇིག་བྱེད་པ།། གསང་སྔགས་ཚིག་རྣམས་དེ་ལགས་སོ།། ཞེས་བྱ་བ་ནི། གསང་སྔགས་ནི།། ཧ་རི་ཀེ་ཤི་ཎི་ལ་སོགས་པའོ།། སྟོང་ཆེན་མོ་རབ ་ཏུ་འཇོམས་མའི་གསང་སྔགས་ཀྱི་ཚིག་གིས་དུག་གསུམ་ངེས་པར་འཇོམས་པའོ།། གསང་སྔགས་ཚིག་རྣམས་དེ་ལགསོ།། ཞེས་བྱ་བ་ནི། རིགས་སྔགས་ནི་གང་ཞེ་ན། ཞལ་གཅིག་ཕྱག་བཞི་སྐུ་མདོག་ལྗང་གུ། ་སྤྱན་གསུམ་པ། སངས་རྒྱས་ལྔའི་དབུ་རྒྱན་ཅན། ཅུང་ཟད་ཁྲོ་མོ་གཡས་ན་རལ་གྲི་དང་རྨ་བྱའི་སྒྲོ་འཛིན་པ། གཡོན་པ་ན་རྡོ་རྗེ་དང་སྒྲོལ་འཛིན་པའོ།། རྒྱན་ཐམས་ཅད་ནི་སྦྲུལ་དང་བཅས་པ།། ཞབས་ཕྱེད་སྐྱིལ་དུ ་བཞུགས་པའོ།། ཉི་མའི་གདན་གྱི་སྟེང་ན་མཐའ་ཡས་དང་། འཇོག་པོ་མནན་པའོ།། འོད་ཉི་མའི་འོད་དང་བཅས་པ། རྡོ་རྗེའི་རིགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ།། འབྲས་དང་རྨ་དང་ཤུ་བ་དང་། གཡན་པ ་དང་ནི་འབྲུམ་བུ་དང་།། ལྷོག་པ་དང་ནི་གཡའ་བ་ནི། བདུན་པ་ལས་ཏེ་རབ་ཏུ་བཅོམ་ཞེས་བྱ་བ་ནི།། འཇིག་རྟེན་ནང་གི་དུག་གསུམ་མ་སྤོངས་པས་ཕྱིའི་དུག་གསུམ་པ་དེ་དག་འབྱུང་སྟེ།། འདིར་ཡང་གསང་སྔགས ་ཀྱི་བྱིན་གྱིས་བརླབས་ཀྱིས་འདི་དག་ངེས་པར་བཅོམ་མོ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེ་དག་འཇིག་རྟེན་དུག་གསུམ་སྟེ་ཞེས་བྱ་བ་ནི། འདོད་ཆགས་ཀྱིས་ནི་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནི།། ་དེ་དག་ནི་དུག་ཆེན་པོ་ཞེས་བྱའོ།། ཞེ་སྡང་གིས་ནི་མི་ལ་ཕྲག་དོག་ལ་སོགསཔ་བྱས་ཏེ། དེ་དག་ཀྱང་དུག་ཆེན་པོ་ཞེས་བྱའོ།། གཏི་མུག་ནི་མི་རིག་པ་ཡིན་ཏེ། དེ་དག་ཀྱང་དུག་ཆེན་པོ་ཡིན་ནོ།། ཡང་ན་སྐུའི་དུག། གསུང ་གི་དུཿ། ཐུགས་ཀྱི་དུག་དང་གསུམ་མོ།། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་འམ། འཇིག་རྟེན་གྱི་དུག་གསུམ་འམ། རང་གིས་རང་དུག་གཏང་བའོ།། ཡང་ན་ནི་རང་གིས་རང་སེལ་དུ་བཏུབ་སྟེ། འཇིག་རྟེན་གྱི་དུག་གསུམ ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མི་སེལ་ལོ།། བཅོམ་ལྡན་སངས་རྒྱས་དུག་མི་མངའ།། ཞེས་བྱ་བ་ནི། རང་གིས་རང་གིས་དུག་བཅོམ་སྟེ། བཅོམ་ལྡན་འདས་ཀྱིས་དུག་བཅོམ་པའོ།། དེ་བས་ན་དུག་མི་མངའ ་བ་ཞེས་བྱ་བའོ།། སངས་རྒྱས་གཟི་བརྗིད་དྲུག་བཅོམ་མོ་ཞེས་བྱ་བ་ནི། དུག་ནི་གསུམ་ཡིན་ཏེ། འགྲོ་བའི་དུག་དང་། འདུག་པའི་དུག་དང་། བྱས་པའི་དུག་དང་གསུམ་མོ།། འགྲོ་བའི་དུག་ལ ་བཞི་སྟེ། ཚོར་བ་མཐོང་བ། རེག་པ་ཁས་བླངས་པ་བཞིའོ།། འདུས་པའི་དུག་ནི་ས་ལ་སྐྱེས་པ་སྟེ། ས་མ་ཡ་འབུམ་སྡེའོ།། བྱེད་པའི་དུག་ནི། སྦྱོར་བ་ལ་སོགས་པ་སྟེ། དཔེར་ན་ཁམ་པོར་གྱི་ནང་དུ་མར་དང་སྦྲང་རྩི་མཉམ ་པར་བྱས་ནས་ཞག་བདུན་བཞག་སྟེ། མཆོད་རྟེན་གྱི་མདུན་དུ་མཆོད་པར་བྱ་བ་དང་། སྦྱིན་སྲེག་བྱ་བ་ནི། མཆོད་པ་བྱ་བ་དང་། དུས་ཁྱད་པར་དུ་འཕགས་པ་ནི། རིག་སྔགས་ཀླག་པར་གྱིའོ་ཞེས་བྱ་བ་ནི།། དེ་དག་གི ་ཚུལ་ཁྲིམས་དང་ལྡན་པར་བགྱིས་ལ། རིག་སྔགས་གདོན་པར་བགྱིའོ།། མེ་ཏོག་ལ་སོགས་པ་མཆོད་པ་ལྔ་དང་ལྡན་པར་བགྱིས་ལ། འབྱུང་པོ་དག་ལ་ཡང་གཏོར་མ་སྦྱིན་ནོ།། ཚེས་བརྒྱད་ཀྱི་ཚེ་ན་ནི། རྒྱལ་པོ་ཆེན་པོ ་བཞིའི་སྐྱེས་བུ་དག་ཅེས་བྱ་བ་ནི། རྒྱལ་པོའི་གཟུགས་སུ་བྱས་ནས་མཆོད་པར་བགྱིའོ།། རྒྱལ་པོ་ཆེན་པོ་རྣམས་ཀྱི་མདུན་ན་དེ་ལ་སེམས་པར་ཞེས་བྱ་བ་ནི། སྔོན་དུ་བཤད་པ་བཞིན་དུ། རྒྱལ་པོ་ཆེན་པོ་བཞིའི་མཆོད ་པར་བྱའོ།། མིང་ནས་ཀྱང་འདོན་པར་བགྱིད་དོ་ཞེས་བྱ་བ་ནི་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། སྤྱན་མི་བཟང་དང་། རྣམ་ཐོས་སྲས་དང་། མཆོད་པ་ཡང་དག་པར་བྱའོ།། ཚེས་བཅུ་བཞིའི ་ཚེ་ན་རྒྱལ་པོ་ཆེན་པོ་བཞི་དག་ཉིད་མདུན་ན་སེམས་པར་བགྱིད་དོ་ཞེས་བྱ་བ་ནི། ཡང་ནས་ཡང་དུ་མཆོད་པ་ལ་སོགས་པ་བགྱིད་དེ།། ནད་པ་ལ་སོགས་པ་འཚེ་བ་ཐམས་ཅད་ཀྱིས་མི་ཚུགས་པའོ།། མིང་ནས་ཀྱང་འདོན་པར་བགྱི་།། ་ཚེཆོས་བཅོ་ལྔའི་ཚེ་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད། སེམས་པར་བགྱིད་ཅིང་མིང་ནས་ཀྱང་འདོན་པར་བགྱིད་དོ་ཞེས་བྱ་བ་ནི། གང་ཟག་གང་གིས་དེ་བཞིན་དུ་བྱས་པར་འགྱུར་ན། ནད་དང་སྡུག་བསྔལ་གྱིས་མི་ཚུགས་ཤིང ་དུས་དུས་སུ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཀྱང་འཁོར་བར་འགྱུར་བའོ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་གང་ཞེས་བྱ་བ་ནི། སེམས་མ་དད་པ་གང་གིས་ཀྱང་། འདི་ལ་གུས་པར་བྱས་ན་ཚུགས་པར་ཡང་མི་འགྱུར་རོ།། ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་འདི་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཀྱི་བརྒྱད་པ་རྒྱུན་མི་ཆད་པ། ཕྱག་རྒྱ་བཞིའི་རྒྱུས་གདབ་པའོ།། ལེན་པ་དང་། འཆང་བ་དང་། སྟོན་པ་དང་། ཀློག་པ ་དང་། ཀུན་ཆུབ་པར་བགྱིད་པ་དེ་ནི།། སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་ཞིང་། ཕན་པར་བགྱིད་པ་ལགས་སོ་ཞེས་བྱ་བ་ནི།། འགྲོ་བ་དྲུག་གི་སེམས་ཅན་རྣམས་ཚད་མེད་པ་བཞིའི་སྒོ་ནས་ལྟ་བ། གཞན ་ཡང་འདིའི་བསླབ་པས།། བྱམས་པ་སྙིང་རྗེར་ལྡན་པས་སོ།། བཙུན་པ་བཅོམ་ལྡན་འདས། བདག་ཅག་རྒྱལ་པོ་ཆེན་པོ་བཞིའི་ཀྱང་དེ་ལ་ཞེས་བྱ་བ་ནི།། བསླབ་པའི་བཞི་བཟུང་ཞིང་། སེམས་ཅན་རྣམས་ཀྱི་དོན ་བྱེད་པ་རྒྱལ་པོ་ཆེན་པོ་དག་ལ་ཡང་གུས་པར་བྱས་ནས། དོན་འགྲུབ་པར་འགྱུར་རོ།། གོས་དང་ཟས་དང་། མལ་ཆ་དང་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས།། མིང ་འབྲེལ་བར་བགྱིའོ་ཞེས་བྱ་བ་ནི། དེ་བཞིན་དུ་བྱས་པར་འགྱུར་ན།། སེམས་ཅན་རྣམས་ཀྱང་བདེ་བར་འགྱུར་ཞིང་། ནང་རྣམས་དང་འབྲལ་བར་འགྱུར་བའོ།། སེམས་ཅན་ཐམས་ཅད་ཀྱིས་ཀྱང་། སྟི་སྟང ་བགྱིད་པར་འགྱུར་ཞེས་བྱ་བ་ནི། འགྲོ་བ་རིག་དྲུག་གི་སེམས་ཅན་རྣམས་ཀྱང་གུས་པར་བྱས་པའོ།། རྒྱལ་བ་དང་བློན་པོ་རྣམས་ཀྱིས་ཀྱང་། བླ་མར་བགྱི་བ་དང་། རིམ་གྲོ་བགྱི་བ་དང་མཆོད་པར་བགྱིད་པར་འགྱུར་ལགས ་སོ་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་དུ་དེ་དག་གིས་ཀྱང་ལུས་ངག་ཡིད་ཀྱིས་གུས་པར་བྱས་པའོ།། གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་དང་། འཛའ ་བ་དང་། མི་མཛའ་བ་དག་གི་ནང་དུ་མཆིས་ཀྱང་མཆོད་པར་འགྱུར་ལགས་སོ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་རིགས་ལྟ་བ་མི་ཅིག་པ་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་དྲུག་ཅུ་བསྡུས་ཏེ། དྲུག་པོ་གཉིས་སུ་བསྡུད་པའི་ལྟ་བ ་རྣམས་ཀྱིས་ཀྱང་འདིར་གོང་དུ་བཤད་པ་བཞིན་ཏུ་གུས་པར་བྱས་པའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དེས་གཙང་མར་བགྱིས་ཏེ་ཞེས་བྱ་བ་ནི། ཡུལ་འཛམ་བུའི་གླིང་གི་དབུས་སུ་མིའི་ལུས་སུ་སྐྱེ་སྟེ ་རིགས་ལས་འཕགས་པ་རྒྱལ་པོ་དང་བྲམ་ཟེ་དང་རྗེའུའི་རིགསུ་སྐྱེའོ།། ལུས་གཙང་བ་དང་། གོས་དང་རྒྱུན་དང་མལ་ཆ་དང་། སྟན་དང་ཡོ་བྱད་ཁྱད་པར་ཅན་དང་གཙང་མར་བགྱིའོ་ཞེས་བྱ་བ་ནི། མི་དགེ་བ་བཅུ ་སྤངས་ཤིང་ཕུན་སུམ་ཚོགས་པ། དཀོན་མཆོག་གསུམ་རྗེས་སུ་དྲན་པའོ།། ཡུལ་ངན་པ་རྙེད་པར་མི་དགྲང་ཡུལ་ངན་པའི་མཛའ་བོ་དང་། རྟེན་པར་མི་བགྱིད། ཡུལ་ངན་པ་ན་གནོས་པ་ལ་སྔགས་པར་མི་བགྱིའོ།། ་ཞེས་བྱ་བ་ནི། མཐའ་ཁོབ་ཏུ་ནི་མི་སྐྱེ་ཞིང་། དེ་དག་གིས་མི་རྣམས་དང་། གནས་པ་དང་ཕྲད་པར་འགྱུར་བའོ།། གང་འབྱུང་པོའི་གདོན་གྱིས་ཟིན་པའི་མདུན་དུ་སྟོང་ཆེན་མོ་རབ་ཏུ་འཇོམས་མོའི་མདོ་སྡེ་འདི་དྲན ་པར་འགྱུར་ན་ཞེས་བྱ་བ་ནི། རིམས་ནད་དང་། ཡམས་ནད་དང་དེ་ལ་སོགས་པ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། སྐྱོ་འབོག་ལ་སོགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ།། དེ་ལ་རྒྱལ་པོ ་ཆེན་པོ་བདག་ཉིད། བསྲུང་བ་དང་ཞེས་བྱ་བ་ནི། བཞི་པོ་དེ་དག་ཀྱང་སྟོང་ཆེན་མོ་ལ་གུས་པར་བྱེད་པ་ནི་མ་ནུས་སོ།། འཁོར་དེ་དག་གིས་ཀྱ་དོ་བྱེད་མི་ནུས་སོ།། སྐྱོབ་པ་དང་སྦེད་པར་འགྱུར་ལགས་སོ་ཞེས་བྱ་བ་ནི། ་གང་གིས་གནོད་པར་བྱེད་པར་འགྱུར་ན།། མཐོང་བར་མི་ནུས་སོ།། བཙུན་པ་བཅོམ་ལྡན་འདས་དེ་ལྟར་ན་སྟེང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་འདི་མཐུ་ཆེ་བ་ཞེས་བྱ་བ་ནི། དངོས་པོ་མེད་པ་དངོས་པོ་དང་བྲལ་བ ་རང་བཞིན་དུ་དག་པ། ན་མཁའི་རྔ་བ་བཞིན་དུ་ཡིན་ཏེ། བརྗོད་པ་ཡང་མེད་བརྗོད་དུ་ཡང་མེད་དེ།། གང་གིས་རང་གི་ཁྱིམ་དུ་མཚན་གཅིག་གམ། ཉིན་གཅིག་ཀྱང་རུང་ཡང་དག་པར་བས ་ན་ཞེས་བྱ་བ་ནི། འདི་ཡི་གཞུང་བཞིན་དུ་བསྒོམ་པ་དང་། ཏིང་ངེ་འཛིན་འཆང་བ་དང་རྒྱ་ཆེར་འཕེལ་བའོ།། དེ་ལ་ལོ་གཅིག་བར་དུ་མི་མ་ལགས་པས་གླགས་རྙེད་པར་མི་འགྱུར་ལགས་སོ་ཞེས་བྱ་བ་ནི། ཡུད་ཙམ ་དུདུ་གུས་པར་བྱས་ནས་ཡང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སོ།། འཇིག་རྟེན་སྐྱོང་དང་ཞེས་བྱ་བ་ནི། མེ་ལྷ་དང་སྲིན་པོ་དང་རླུང་ལྷ་དང་། དབང་ལྡན་དང་གཤིན་རྗེ་དང་། གནོད་སྦྱིན་དང་། ས་བདག་རྣམསོ།། ་དབང་ཕྱུག་ཚོན་པོ་ཞེས་བྱ་བ་ནི། ཨུ་མ་དེ་བ་ལྷ་ཡིན་ཏེ། ཡབ་ཡུམ་གཉིས་དང་ངོ་།། གནོད་སྦྱིན་དེད་དཔོན་ཐམས་ཅད་དང་ཞེས་བྱ་བ་ནི།། དེད་དཔོན་ཉི་ཤུ་རྩ་གཉིས་དང་མཐུ་བོ་ཆེ་ཉི་ཤུ་རྩ་བརྒྱད་དོ།། དེ་རྣམས ་ཀྱི་དེད་དཔོན་དུ་གྱུར་བ་ནི་གསུམ་ཡིན་ཏེ། ན་མཁའ་ལ་རྒྱུ་བ་དང་། ས་ལ་རྒྱུ་བ་དང་། ས་འོག་ལ་རྒྱུ་བ་དང་གསུམ་མོ།། ན་མཁའ་ལ་རྒྱུ་བ་ནི་ཚངས་པའོ།། ས་ལ་རྒྱུ་བ་ནི་ཁྱབ་འཇུག་ཆེན་པོའོ།། འཕྲོག་མའི་བུ་དང་། ་བཅས་པ་ཡང་ཞེས་བྱ་བ་ནི།། འཕྲོག་མའི་བུ་ནི་ལྔ་བརྒྱ་སྷོ། ཡབ་ནི་གནོད་སྦྱིན་པཉྩི་ཀའོ།། འཕྲོག་མའི་བུ་དང་བཅས་པ་ལ་གནོད་པ་གང་ཞེ་ན། འདི་ལྟ་བུ་ཡིན་ཏེ། ཉལ་ནས་རྡུལ་ཞིང་སྐྲག་པར་བགྱིད།། རྣམ ་པ་སྣ་ཚོགས་སྒྲ་ཡང་འབྱིན།། ཚིག་པ་ཟ་ཞིང་རྡུལ་བར་བྱེད།། རྣམ་པ་སྣ་ཚོགས་གཟུགས་བསྟན་པ།། འཁྲུ་བར་བྱེད་ཅིང་སྐྱུག་པར་བྱེད་པ། དེ་དག་འཕྲོག་མའི་བུའི་མཚན་ཉིད་དོ།། དེ་དག་གི་ཆོ་ག་ནི་བཤད་པར་བྱའོ།། སྔོན་དུ ་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བྱས་ནས། རིག་སྡིགས་ནི་བཀླག་པར་བྱའོ།། ཡས་རྟགས་ནི་ཤ་ལ་ཉེ་ཤ་བསྐལ་ནས། ཆན་དང་ཆང་དང་ཁུར་བ་ལ་སོགས་པ་གཏོར་མ་ལ་བཞག་ནས། ཆང་བུ་གསུ ་ཡང་མར་གྱིས་བྱུགས་ལ་ཧ་རི་ཏེ་ཞེས་བྱ་བའི་མིང་བཏོན་ལ་གཏང་ངོ་།། དེ་ནས་བྱིས་པ་ཁྱེའུ་མང་པོ་བོས་ལ། འབྲུ་ཆེན་ནམ་སྲན་མའི་ཆན་བཅོས་ལ། བྱིས་པ་སྟོན་མོ་བྱའོ།། དེ་ལྟར་བྱས་ན་ཐེ་ཚོམ་མེད་དོ།། ཐལ་མོ ་དག་ནི་རབ་སྦྱར་ནས་ཞེས་བྱ་བ་ནི། དེ་དག་རྣམས་ཀྱིས་ཐལ་མོ་སྦྱར་ནས། སངས་རྒྱས་ཀྱི་མདུན་དུའོ།། སྒྲ་སྐད་གཅིག་ཏུ་འདི་སྐད་གསོལ་ཞེས་བྱ་བ་ནི་དེ་དག་རྣམས་ཀྱིས་སྐད་ཅིག་ཏུ་བྱས་ནས། བཅོམ་ལྡན་འདས་ལ ་ཞུ་བ་ཕུལ་བའོ།། ཉི་མ་སྟོང་ལྟར་གསལ་བའོ་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་གཟི་བརྗིད་དང་། མཐུ་དང་སྟོབས་དེ་བཞིན་དུ་ཡིན་ནོ།། ཟླ་བ་ལྟར་འོད་གསལ་བ་ཞེས་བྱ་བ་ནི།། ཟླ་བ་ཉ་བ་བཞིན་དུ་འོད ་གསལ་བ་དེ་བཞིན་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་མས་ཀྱང་། སེམས་ཅན་ཐམས་ཅད་ལ་འོད་གསལ་བའོ།། ལྷ་མའི་བཅས་པའི་འཇིག་རྟེན་ན་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་གྱི་འཇིག་རྟེན་གྱི་ཁམས་ཀྱི ་བགེགས་རྣམས་རྗེསུ་གཅོད་པ་ལ་དྲག་པོ་སྟེ། ཡང་ན་སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་སྐྱོབ་པ་ལ་དྲག་པའོ།། ཁྱོད་དང་འདྲ་བ་ཡོངས་མ་མཆིས་ཞེས ་བྱ་བ་ནི། སྔོན་དུ་ཡང་མ་བྱུང་སྟེ། ཕྱི་ནས་ཀྱང་འོང་བ་མ་ཡིན་ནོ།། ལེགས་སམ་ལེགས་པར་སྦྱར་ན་ནི་ཞེས་བྱ་བ་ནི། འདི་ལ་དད་པས་འཛིན་པ་རྣམས་ལ་བཀྲ་ཤིས་པའི་རྒྱུ་ཡིན་ནོ།། གནོད་སྦྱིན་སྲིན་པོ ་རྣམས་འཇོམས་པ་ཞེས་བྱ་བ་ནི།། སེམས་ཅན་ལ་གནོད་པ་ཐམས་ཅད་འཇོམས་པའོ།། རྒྱལ་སྲིད་ཐོར་གྱིད་ཅེས་བགྱི་བ་ཞེས་བྱ་བ་ནི། དེ་ལ་གུས་པར་བྱེད་པ་ཐམས་ཅད་ལ་ཁོའི་རྒྱལ་སྲིད་ལས་ཐར་པའོ།། རིག ་སྔགས་རྒྱལ་སྲིད་རབ་སྦྱོར་བ་ཞེས་བྱ་བ་ནི།། དེ་དག་རྩེ་མོ་སྟེ། བསྲུང་བ་གང་གིས་ཁྱད་པར་འཕགས་པའོ།། དེ་གང་ཞེ་ན། འཁོར་བར་གནས་མེད་མྱ་ངན་འདས་མེད་དོ།། གཉིས་ཀ་མེད་ཅིང་སྡུག་བསྔལ་འཇོམས་བྱེད ་པ། རིག་སྔགས་རྒྱལ་མོ་དྲགས་མ་ཡིན།། སྟོང་ཆེན་གྱི་ནི་འཇིག་རྟེན་ན། སྲུང་བའི་མདོ་སྡེ་དམ་པ་ལགས་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཀྱིས་ཡང་དག་པར་གསུངས་པ། ཕྱོགས་བཅུའི་འཇིག་རྟེན་ཁམས ་ཁྱབ་པ། འདིས་སྲུང་བ་དང་སྐྱོབས་པ་དང་སྐྱོབས་པ་བྱེད་པ་ལའོ།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། ཞེས་བྱ་བ་ནི་སྐྱེས་བུ་མཆོག་ཁྱོད་ལ་ཞེས་བྱ་བ་ནི། སྐྱེས་བུ ་རྣམས་ཀྱི་དམ་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས། ཆོས་སྤྱོད་པ་ལ་འདུད་པའི་ཐལ་མོ་སྦྱར་ནས་ཕྱག་འཚལ་ནས་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་བའོ།། དེ་ཉིད་དུ་ནི་མི་སྣང་འགྱུར ་ཞེས་བྱ་བ་ནི།། དེ་ཉིད་ནི་ཁོ་ན་ཉིད་དོ།། མྱོང་འགྱུར་སྣང་ན་ནི་མིང་གི་གཙོ་བོ་སྟེ། དེ་དག་ཀྱང་མིའི་ནད་ནས་བྱུང་བའོ།། ཡོན་ཏན་གྱི་གནས་སྐབས་སྟེ། བཅོ་ལྔ་པའོ།། །། དེ་ནས་ཞེས་བྱ་བ་ནི། ཕན་ཡོན ་བཤད་པའི་དེ་ནས་སྷོ།། བཅོམ་ལྡན་འདས་ནུབ་ཀའི་དུས་ཀྱི་ཚེ་ཞེས་བྱ་བ་ནི། རང་གི་འཁོར་དགེ་སློང་ལ་སོགས་པ་ལ་བཀའ་སྩལ་བའོ།། ནང་དུ་ཡང་དག་འཇོགས་ལས་བཞེངས་ནས་ཞེས་བྱ་བ་ནི། འདུལ་བ་ལ ་སོགས་པ་བཀའ་ཡིན་ཏེ། གསང་བ་ལ་གནས་བཀའ་སྩལྔ་བའོ།། དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བ་ནི།། དགེ་སློང་ལྔ་བཅུ་ལ་སོགས་པའོ།། དགེ་སློང་དག་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ ་ལ་ལོང་ཞིག་ཅེས་བྱ་བ་ནི། དད་པ་སྐྱེད་ལ་གུས་པར་གྱིས་ཤིག་ཅེས་བྱ་བའོ།། ཆོངས་ཤིག། ལྷོགས་ཤིག། སྟོན་ཅིག། ཀུན་ཆུབ་པར་གྱིས་ཤིག་ཅེས་བྱ་བ་ནི།། གུས་པར་གཞན་རྣམས་ཀྱིས་ཀྱང་རྒྱ་ཆེར་འཕེལ ་བའོ།། དེ་ལྷ་དང་བཅས་པའི་འཇིག་རྟེན་ལ། ཡུན་རིང་པོའི་དོན་ལ་ཕན་པོ་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་བའོ་ཞེས་བྱ་བ་ནི། འདི་ལ་དེ་བཞིན་དུ་བྱས་པར་གྱུར་ན། འཇིག་རྟེན་འདི་དང་ཕྱི་མ་ལ་ཡང་བདེ་བར ་གནས་པའོ།། དགེ་སློང་དག་ངའི་དགེ་སློང་གང་ལ་ལ་ཞིག་གིས་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་ནི། འདི་དང་གཞན་ཡང་མཚུངས་པ་མེད་དེ། འདི་ལ་གང་གིས ་ཀྱང་གུས་པར་འཛིན་པའོ།། མདོ་སྡེ་འདིས་ཤིང་སྐམ་པོ་ལ་སྐུད་པས་བཅིངས་ནས་ཞེས་བྱ་བ་ནི། འདི་འཆང་བ་དང་། ཀློག་པ་དང་། རྗེ་སུ་ཡི་རིང་བ་ལ་སོགས་པས་དད་པ་སྐྱེས་ནས་དེ་བཞིན་དུ་ཚེ་ཐུང་བ་རྣམས་ལ་ཚེ ་རིང་བར་འགྱུར་རོ།། བཀྲ་མི་ཤིས་པ་ནི་ཤིས་པར་འགྱུར་རོ།། རྒྱལ་བ་མི་ཐོབ་པ་རྣམས་རྒྱལ་བར་འགྱུར་བ་དང་། བུ་མེད་པ་བུ་རྙེད་པར་འགྱུར་བ་དང་། གང་གི་སྒོ་ནས་ཀྱང་འབྲས་བུ་ཐོབ་པར་འགྱུར་རོ།། དེ་ལས ་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་སྐྱེ་བར་འགྱུར་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས་ཏེ་ཞེས་བྱ་བ་ནི། གཞི་བེམས་པོ་ཡང་དེ་བཞིན་དུ་སྣང་སྟེ།། བྱང་ཆུབ་སེམས་དང་ལྡན་པ་མེ་ལ་སོགས ་པའི་སེམས་ཅན་ཡང་། ཚེ་ཐུང་བ་རྣམས་ཚེ་རིང་བར་བྱེད་པ། ལོངས་སྤྱོད་མེད་པ་རྣམས་ལོངས་སྤྱོད་དང་ལྡན་པ་འགྲོ་བ་རིས་དྲུག་གི་སྡུག་བསྔལ་ཡང་འཇོམས་པར་བྱེད་པའོ།། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ ་གཏོགས་སོ་ཞེས་བྱ་བ་ནི། ད་ལྟར་བྱས་པ་ད་ལྟར་འབྱུང་བའོ།། དགེ་དང་མི་དགེ་བ་དེ་བཞིན་དེ་ཡིན་ཏོ།། དཔེར་ན་ཞག་ཏུ་ལོན་པའི་འོ་མ་བསྐོལ་ཏུ་མི་བཏུབ་པ་བཞིན་དུ། དགེ་བ་དང་མི་དགེ་བ་ཡང་དེ་བཞིན་ནོ།། དེས ་སྔོན་གྱི་ལས་མ་གཏོགས་པ་ཞེས་བྱ་བ། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ།། བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ ་ནི། དགེ་སློང་རྣམས་ཀྱིས་ཞུ་བ་ཕུལ་ལོ།། བཙུན་པ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཆེན་པོ་ལྔ་གསུངས་པ་ནི། འདི་ལྟ་སྟེ་ཞེས་བྱ་བ་ནི།། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ ་རྣམས་ཏེ། དེ་བཞིན་དུ་ཡེ་ཤེས་རྣམ་པ་ལྷའི་སྒོ་ནས་ཀྱང་ཡོད་དེ། སྐྱེ་མཆེད་དྲུག་དང་ཁམས་ལྔའི་སྒོ་ནས་ཡང་ཡིན་ནོ།། སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང་། རྨ་བྱ་ཆེན་མོ་དང་སོ་སོར་འབྲང་མ་དང་། བསིལ ་བའི་འཚལ་དང་། གསང་སྔགས་རྗེསུ་འཛིན་མའོ།། ཞེས་བྱ་བ་ནི། རྡོ་རྗེ་དང་། དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་སོ།། ཡང་ན་འདུལ་བའི་དབང་དུ་བྱས ་ན་ཕལ་ཆེན་པ་དང་། ཐམས་ཅད་སྨྲ་བ་དང་། གནས་བརྟན་པ་དང་། མང་པོས་བཀུར་བ་དང་། གཅིག་ནི་རིགས་ལ་མི་གཏོགས་ཏེ། ཡང་ན་རིགས་ཐམས་ཅད་ངོ་བོ་ཉིད་ཡིན་ནོ།། ཡང་བསྟན་པའོ།། བྲམ་ཟེ་དང ་རྒྱལ་རིགས་དང་། རྗེ་རིགས་དང་། དམང་རིགས་དང་གདོལ་པའི་རིགས་སོ།། དེ་དག་ཀྱང་ཀྲི་ཡིའི་དབང་དུ་འགྱུར་ན། བྲམ་ཟེའི་རིགས་ཞེས་བྱའོ།། དེ་དག་ནི་སེམས་ཅན་གྱི་དོན་ལ་བྱས་ཏེ། གྲོང་ཁྱེར་ཡངས་པ ་ཅན་དུ་གསུངས་པ་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནས་གསུངས་པ་དང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་གསུངས་པ་དང་། ་སུམ་ཅུ་རྩ་གསུམ་པའི་ཡུལ་དུ་གསུངས་པ་དང་། བྱ་རྒོད་ཕུང་པོའི་རི་ལོ་གསུངས་པ་དང་།། དེ་དག་ནི་མདོ་སྡེ་ཆེན་པོ་ལྔ་ཡིན་ནོ།། ཟས་སྣ་ལྔ་ནི་ཞེས་བྱ་བ་ནི། ཤ་དང་འདྲེས་པའི་ཟས་ཡིན་ཏེ། དེ་ཡང ་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ།། བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་དག་ཟས་རྣམ་པ་ལྔས་ཡོངས་སུ་སྤོངས་ལ་ཆོངས་ཤིག་ཅེས་ཀྱང་བཀའ་སྩལ་བ་ཞེས་བྱ་བ་ནི། ཟས་རྣམ་པ་ལྔ་ནི་དྲུག་དང ་འདྲེས་པའི་ཟས་ཡིན་ཏེ། དེ་ཡང་འདོད་པའི་ཡོན་ཏན་ལྔ་ལས་བྱུང་། དེ་དང་མི་ལྡན་པ་ནི་ཟས་མྱང་བའོ།། ཟས་བསོད་སྙོམས་ལ་བརྟེན་ཏེ། རབ་ཏུ་བྱུང་ཞིག་ཅེས་གསུངས་ན་ཞེས་བྱ་བ་ནི། རེ་རེ་མི་འགྲོ ་ཞིང་རབ་ཏུ་བྱུང་བ། ཟླ་དང་འགྲོགས་ཤིང་གནས་པ་བསོད་སྙོམས་ཀྱི་ཟས་ཀྱང་ཆགས་པ་མེད་པར་གསུམ་དུ་མགོ་སྟེ། རང་ཟ་བ་དང་ཡི་དགས་དང་གཞན་ལ་དངུལ་བའོ།། བཅོམ་ལྡན་འདས་ཟས་རྣམ་ལྔ་དང་མ་འདྲེས ་པའི་བསོད་སྙོམས་ནི་ཉུང་། འདི་ལྟར་ཟས་རྣམ་ལྔ་དང་འདྲེས་པ་དེ་ནི་མང་ལགས་ན་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ཟས་ཀྱི་དོན་དུ་ཞུས་པའོ།། བཙུན་པ་བཅོམ་ལྡན་འདས་དེ་ལ་བདག ་ཅག་གིས་ཇི་ལྟར་ནན་ཏན་བགྱི་ཞེས་བྱ་བ་ནི། གལ་ཏེ་ཟས་རྣམ་པ་ལྔ་ལྷུང་བཟེད་དུ་ལྷུང་བར་འགྱུར་ན། ཐབས་ཅི་བདོག་ཅེས་པའོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ག་ལ་བཀའ་སྩལ་བ ་ཞེས་བྱ་བ་ནི།། ཟས་རྣམ་པ་ལྔའི་དོན་ལ་དགེ་སློང་རྣམས་ལ་ཕན་པའི་ཕྱིར་གསུངས་པའོ།། འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི།། དགེ་སློང་གིས་བཅོམ་ལྡན་འདས་ལ་ཞུ་བ་ཕུལ་བའོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་བའོ།། དགེ་སློང་དག་དེ་ཉིད་ཀྱི་ཕྱིར། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་འཆང་བ་དེས་ཞེས་བྱ་བ་ནི། སྡིག་པ་དག་ཀྱང་མི་ཚུགས་ཏེ། ཟས་སྣ་ལྔ་དག་ཀྱང་མེད་དོ།། རྨ་མེད་པའི་ནོར་བུ་ཞེས་བྱ་བ་ནི། ཡང ་དག་པའི་དོན་ཡིན་ཏེ། ཡང་དག་པའི་དོནི་གང་ཞེ་ན། གཉིས་སུ་ཡང་མེད་གཉིསུ་བརྟགས་པ་ཡང་མེད་དོ།། སོ་སོར་བརྟགས་པ་ཡང་མེད་དོ།། གཟུངས་ཞེས་བྱ་བ་བདག་ཉིད་སྲུང་བའི་ཕྱིར་ཞེས་བྱ་བ་ནི།། སྟོང་ཆེན ་མོ་རབ་ཏུ་འཇོམས་མུ་འདི་ཡང་། དགེ་སློང་རྣམས་ལ་ཡང་དག་པར་གསུངས་ཏེ། དེ་ཡང་ཟས་རྣམ་ལྔ་སྲུང་བར་བྱེད་པའོ།། ཆོངས་ཤིག་དེས་བསོད་སྙོམས་ལེན་པའི་ཚེ། ཟས་ལ་མི་མཐུན་པའི་འདུ་ཤེས་བསྐྱེད་པར ་བྱའོ།། ཞེས་བྱ་བ་ནི། འདི་ལ་རྣམ་པར་རྟོགས་པ་མེད་པར། རིག་སྔགས་འདིས་སེལ་བའོ།། ཟས་རྣམ་ལྔ་དང་འདྲེས་པའི་བསོད་སྙོམས་ལ་ཡང་ཟས་རྣམ་ལྔ་མ་འདྲེས་སོ་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས ་བྷཱ་ཊ་ནི། གལ་དྷཱ་རྨྨས་མེང་དུའི་ས་ས་ཅན་རྣམས་ཀྱིས་དད་པས་བསད་སྙོམས་ལ་བྱོན་པར་གྱུར་ན། དེར་དོན་ལ་མ་དམིགས་པར་བསམ་པར།། འདུས་བྱས་ཐམས་ཅད ་ནི་རྟག་པའི་རང་བཞིན་དང་ཞེས་བྱ་བ་ནི། འདུས་བྱས་ནི་བྱས་པའི་ཆོས་ཡིན་ཏེ།། དེ་ཡང་རྨི་ལམ་ལྕུ་བུ་རྒྱུ་མ་ལྟ་བུར་སྣང་བའོ།། མི་རྟགས་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་ཞེས་བྱ་བ་ནི།། རྨི་ལམ ་བུརྒྱུ་མ་ལྟ་བུ་དེ་ཡང་། ལུས་ཀྱི་སྡུག་བསྔལ་དུ་ཤེས་པར་བྱའོ།། སྡུག་བསྔལ་བ་ལ་པ་དག་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ།། ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཀྱི་སྣང་བ་འདི་རྒྱུ་མ་ལྟ་བུ་ཡང་དམིགས ་བསྟོང་པ་ཉིད་དུ་སྣང་བའོ།། ཟས་རྣམ་པ་ལྔ་པོ་ག་ལ་ཡོད།། ཟས་རྣམ་ལྔ་པོ་སུ་ཡི་ཡིན་ཞེས་བྱ་བ་ནི། ཟས་ཀྱི་གནས་ཀྱང་མེད་ཅིང་བདག་འཛིན་པ་ཡང་མེད་པའོ།། སུ་ཞིག་ཟས་རྣམ་ལྔ་པོ་ཟ་ཞེས་ཞེས་བྱ ་པབ་ནི། འཛིན་མཁྱེན་མེད་ཅིང་གཟུང་བྱ་ཡང་མ་གྲུབ་པའོ།། དེ་བས་ན་ཟས་ཀྱི་མང་ཡང་མེད།། བརྗོད་དུ་མེད་དོ།། སེམས་ཅན་ག་ལ་ཡོད། སེམས་ཅན་དམིགས་སུ་མེད་དོ་ཞེས་བྱ་བ་ནི།། དགེ་བ་ཡང ་མ་གྲུབ་ཅིང་། མི་དགེ་བ་གྲུབ་པ་ཡང་མེད་དོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཡེ་ཤེས་སུ་སྣང་བའོ།། དེ་ཟས་རྣམ་ལྔ་དང་འདྲེས་ན།། ཚེས་བརྒྱད་དང་། བཅུ་བཞི་དང་། ་བཅོ་ལྔ་བདག་ལ་སྲུང་བ་བྱ་སྟེ།། ཞེས་བྱ་བ་ནི། གལ་ཏེ་རྣམ་པར་རྟོག་པ་སྐྱེ་བར་འགྱུར་ན།། རིག་སྔགས་འདིའི་ཐབས་ཀྱི་སྲུང་བར་བྱེད་པའོ།། རྒྱལ་རིགས་ཀྱི་བུ་མོ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་མཚན ་ཉིད་དང་ལྡན་པ། གཙང་སྒྲ་ལ་བརྟེན་ལྔ་ཁ་ཤར་ཕྱོགས་སུ་ལྟས་ལ་མཁལ་དུ་གཞུག་པའོ།། ལེགས་པར་སྲུང་བ་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི། ལོ་བརྒྱད་ལོན་པ། གཞན་རྣམས་དང་མ་འགྲོགས ་པ་ཤིན་ཏུ་གཙང་སྦྲ་ལ་བརྟེན་པའོ།། ཉིན་ཞག་གཅིག་ཟས་གཅད་པ། བསླབ་པའི་གཞི་གཟུང་བ་ཞེས་བྱ་བ་ནི། བསྙུང་བར་བྱས་ཤིང་ཟ་མ་སྲུང་བའོ།། སྐུད་པ་དམར་པོ་བཞི་བསྒྲིལ་དུ་མཁལ ་དུ་བཅུག་ལ་ཞེས་བྱ་བ་ནི། རས་དང་ཤིང་བལ་གྱི་སྐུད་པ་ཁ་དོག་བསྒྱུར་བ་ལ་བུ་མོ་དེས་འཁལ་བའོ།། གསང་སྔགས་འཛིན་པ་རིག་སྔགས་དྲན་པར་བྱ་སྟེ། སྐུད་པ་དེ་ལ་འདུད་ལ་ཞེས་བྱ་བ་ནི། ་གང་ཟག་གིས་གཞུང་བཞིན་དུ་མཆོད་པ་ལ་སོགས་པ་བྱ་སྟེ། རྫོགས་པའི་རིམ་པ་དང་། བསྐྱེད་པའི་རིམ་པ་བསྒོམ་པར་བྱའོ།། སྐུད་པ་དེ་མཚོན་སར་པས་བཅད་དེ་ཞེས་བྱ་བ་ནི། མཚོན་གཞན ་མ་བཅད་པའི་མཚོན་གྱིས་དུམ་བུ་བདུན་དུ་བྱེད་པའོ།། རིན་པོ་ཆེའི་སྣོད་དམ་ལྕགས་ཀྱི་སྣོད་ཀྱང་རུང་བ་ཆུས་བཀང་སྟེ་ཞེས་བྱ་བ་ནི། གསེར་རམ་དངུལ་ལ་སོགས་པ་གང་ཡང་རུང་བའི་སྣོད་དུ་ཙན་དན་ལ ་སོགས་པའི་དྲི་ཞིམ་པོའི་ཆུས་བཀང་བའོ།། མེ་ཏོག་ངག་གིས་ཁྱད་པར་ཁྲོམ་ལ་ཞེས་བྱ་བ་ནི་སྣོད་ཀྱི་ནང་དུ་མེ་ཏོག་སྣ་ཚོགས་ཀྱིས་མཆོད་པར་བྱའོ།། བདུག་པ་སྣ ་ཚོགས་ཀྱིས་གདུགས་ཏེ་ཞེས་བྱ་བ་ནི། ཨ་ཀ་རུ་ལ་སོགས་པས་བདུག་པར་བྱའོ།། ཡང་ན་སྔོན་དུ་བཤད་པའི་ཆོ་ག་བཞིན་དུ་རིག་སྔགས་ཡང་དག་པར་མཆོད་ལ། ཆོ་ག་བཞིན་དུ་ཀླག་པར ་བགྱིའོ།། སྣོད་ཀྱི་ནང་ནས་སྐུད་པ་དེ་སླར་འབྱོར་ཏེ་མ་བྱུང་གི་བར་དུ་རིག་སྔགས་འདི་བརྗོད་པར་བགྱིའོ།། ཞེས་བྱ་བ་ནི། གཞན་དང་ངག་མ་འདྲེས་པར་གསང་སྔགས་འདོན་པར་བྱའོ།། དེ་ཡང ་ལྡག་པ་ལ་བཅིངས་ལ་ཞེས་བྱ་བ་ནི། སྐུད་པ་ནམ་འབྱུངར་བ་དང་།། བསོད་སྙོམས་པའི་དགེ་སློང་རྣམས་སྲུང་བའོ།། ཚིག་འདི་སྐད་དུ་བརྗོད་དོ་ཞེས་བྱ་བ་ནི། བདེན་པ་བདར་བའོ།། བྲོམ་ཟེ་རྣམས ་ཀྱིས་བསྡུས་ནས་སུ། ཤཱཀྱ་སེང་གེས་སྐྱོབ་པ་ལ་ཞེས་བྱ་བ་ནི།། མ་རུངས་པ་ཕྲག་དོག་གི་དུག་ཅན། མུ་སྟེགས་ཀྱི་རིགས་ཅན་གྱིས་བསླུས་པའོ།། བདྲ་བར་གཤེགས་པ་ཤཱཀྱ་སེང་གིས་ཡང ་ཐམས་ཅད་སྐྱོབ་པའོ།། དཔལ་སྦས་ཀྱིས་ནི་དུག་ཅན་གྱི།། བསོད་སྙོམས་དག་ནི་ཕུལ་བ་དང་ཞེས་བྱ་བ་ནི། སྔོན་གྱི་དུས་སུ་མ་གཏིའི་བདག་པོ་དཔལ་སྦས་ཀྱིས་ཕུལ་བའོ།། དེ་ལས་ནི་དེ་ནི་བླངས་ནས ་སུ། སྟོན་པའི་དུག་ནི་གསལ་ནས་གསོལ་ཞེས་བྱ་བ་ནི། སྔོན་གྱི་དུས་སུ་ཡང་དུག་དང་འདྲེས་པའི་ཟས་དེ་ཡང་།། རྣམ་པར་རྟོག་པ་མེད་པར་རིག་སྔགས་ཀྱི་ཡོན་ཏན་གྱིས་སེལ་བའོ།། བདེན་པའི་ཚིག་ནི ་འདི་ཡིས་སུ། ཟས་ནི་བདུད་རྩིར་གྱུར་པར་ཤོག། ཅེས་བྱ་བ་ནི། བདེ་བར་གཤེགས་པ་རྣམས་ཀྱི་བཀའ་བདེན་པ་དང་། རིག་སྔགས་ཀྱི་ནུས་མཐུས། ཟས་ལ་དུག་མེད་པར་སྣང་བའོ།། རྣམ་པར་གཟིགས ་ལྔ་ལྷ་གང་དང་། གཙུག་ཏོར་ཅན་ཀུན་སྐྱོབ་པ་དང་ཞེས་བྱ་བ་ནི། སེམས་ཅན་ལ་བྱམས་པ་དང་སྙིང་རྗེས་ལྟ་ཞིང་། སངས་རྒྱས་གཙུག་ཏོར་ཅན་གྱིས་ཀྱང་འགྲོ་བ་རིག་དྲུག་ལ་སྐྱོབ་པའོ།། ལོག་པར་དང ་སེལ་བ་དང་། སྟོབས་ཆེན་ལྷ་གང་དད་པ་དང་། ཞེས་བྱ་བ་ནི། སངས་རྒྱས་ལོག་དང་སེལ་གྱིས་ཀྱང་སྟོབས་དང་ལྡན་ཞིང་བདུད་རྣམས་བཏུལ་བའོ།། གསེར་དང་དཔལ་ལྡན་འོད་སྲུང་དང་། ཤཱཀྱ་ཡི་ནཱི་སེང་གེ ་ལ་ཞེས་བྱ་བ་ནི། སངས་རྒྱས་དེ་རྣམས་ཀྱང་དཔལྷོ་དང་ལྡན་ཏཱཾ། དམིགས་པ་མེད་པའི་ཡེ་ཤེས་སྣང་བའོ།། རབ་དང་ལྷ་ཡི་དབང་པོ་དང་། ཚངས་དབང་སུམ་ཅུའི་དབང་ཕྱུག་དང་། ཞེས་བྱ་བ་ནི། གཟུན ་ཁམས་དང་འདོད་ཁམས་ལ་དབང་བྱེད་པ། གཟི་བརྗིད་དང་སྟོབས་ཀྱིས་སོ།། འཇིག་རྟེན་སྐྱོང་བ་བཞི་དག་དང་། ནོར་བུ་བཟང་དང་དབང་ཕྱུག་ཆེ་ཞེས་བྱ་བ་ནི། ཕྱོགས་བཞི་སྐྱོང་ཞིང་ཕྱོགས་ལ་དབང ་བྱེད་པ་དང་། གནོད་སྦྱིན་གྱི་དེད་དཔོན་ཐམས་ཅད་ལ་དབང་བྱེད་པའོ།། སྲིན་མོ་ནག་མོ་ཆེན་པོ་དང་དེ་གདོལ་བ་གཏུམ་མོ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་བཟང ་ལྔ་དགའ་བ་རྣམས་སོ།། མེ་ཏོག་དང་ནི་གདུག་པ་དང་།། བདག་གི་སྦྱིན་སྲེག་འདི་བཞེས་ཤིག་ཅེས་བྱ་བ་འདིར་ཡང་གང་གི་སྦྱིན་པའི་མཆོད་པ་དེ་རྣམས་བཞེས་པར་ཞུའོ།། དེ་དག་ཚིམ་ཞིང་མཆོད་གྱུར་ནས། བདག ་གིས་ཟ་ཟས་བྱང་བར་མཛོད།། ཅེས་བྱ་བ་ནི། དེ་རྣམས་ཀྱི་ཞལ་དུ་གསོལ་ཏེ། བདག་གི་བསོད་སྙོམས་ཡང་ཟས་ལྔ་དང་མ་འདྲེས་པའོ།། ཁ་ཟས་ལྔ་དང་འདྲེས་པར་ཡང་།། བདག་ལ་མ་འདྲེས་མཛད་དུ ་གསོལ་ཞེས་བྱ་བ་ནི། དེ་དག་གི་ནུས་པས་ཟས་ལྔ་དང་མ་འདྲེས་པའོ།། ཁ་ཟས་ལྔ་དང་འདྲེས་པ་ཡང་། ཟས་དེ་ཀུན་གྱི་བཟའ་བར་བགྱི་ཞེས་བྱ་བ་ནི།། བདུད་རྩི་ལྔའི་རང་བཞིན་ཟས་དཀར་པོ་ལ་བརྟེན་པའོ།། ་ས་བོན་དག་ནི་མཆོག་ཀུན་ལ། ས་ཡཾ་བཅུད་ནི་ཞུགས་པ་ཡི།། ཞེས་བྱ་བ་ནི། ས་ནས་སྐྱེས་པའི་སྡིག་པའི་ཟས་སུ་མ་གྱུར་པའོ།། ཁ་ཟས་འདྲེས་པ་ཐམས་ཅད་ཀྱང་། བདག་ལ་མ་འདྲེས་མཛད་དུ་གསོལ་ཞེས་བྱ ་བ་ནི། དུག་དང་ཟས་རྣམ་ལྔ་དང་འདྲེས་པར་གྱུར་ཀྱང་། རིག་སྔགས་ཀྱི་ནུས་མཐུས་འདྲེས་པ་མེད་པའོ།། ཇི་ལྟར་སྐུད་པ་བཅད་སྲེགས་པ།། དེ་ལྟ་བུ་ཡང་སླར་འབྱོར་པ་ཞེས་བྱ་བ་ནི། རིག་སྔགས་ཀྱི་བདེན་པ་དེས་ཀྱང་།། ་ཟས་རྣམ་ལྔ་དང་འདུས་པར་མི་འགྱུར་བའོ།། དེ་ལྟར་ཟས་རྣམས་འདྲེས་པ་ཡང་ཞེས་བྱ་བ་ན།། བདེ་གཤེགས་ཀྱི་བཀའ་དང་།། རིག་སྔགས་ཀྱི་བདེན་པས།། ཟས་འདྲེས་པའི་འཇིགས་པ་མི་འབྱུང་བའོ།། མ་འདྲེས ་པར་ནི་བདག་ལ་མཛོད་ཅེས་བྱ་བ་དང་། རིག་སྔགས་ཀྱི་བདེན་པ་ཡིན་ཏེ། རིག་སྔགས་ནི་སྐུ་གཟུགས་ནི་གང་ཞེ་ན། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་མོ། སྤྱན་གསུམ་པ་དབུ་ལ་རིག་ལྔའི་སངས་རྒྱས་ཅན།། གཡས ་ན་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡོན་ན་རྡོ་རྗེ་དང་ཞགས་པའོ།། ཞབས་ཕྱེད་སྐྱིལ་དུ་བཞུགས་པ། རྒྱན་ཐམས་ཅད་ཀྱི་བརྒྱན་པ། པདྨའི་སྟེང་དུ་ཟླ་བའི་གདན་ཉི་མའི་འོད་དང་བཅས་པ། རྡོ་རྗེའི་རིགས་མ་སྟོང་ཆེན་མོ ་རབ་ཏུ་འཇོམས་མའོ།། གསང་སྔགས་ནི་གང་ཞེ་ན། སྱཱ་ཏཱཾ་དཾ་འདི་ལྷ་སྟེ། གསང་སྔགས་ནི་ཁ་ཁ་མེ། ཞེས་བྱ་བ་ལ་སོགས་པའོ།། ཁ་ཟས་ལྔ་དང་འདྲེས་པ་ཡང་། ཇི་ལྟར་མ་འདྲེས་ཟས་བཞིན་དུ། གང ་གིས་ཇི་ལྟར་སྐུད་བསྲེག་པ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་དང་རིག་སྔགས་ཀྱི་ནུས་མཐུས་སྐུད་པ་དེ་ཡང་འབྱོར་པ། ཟས་རྣམ་པ་ལྔ་ཡང་རྣམ་པར་རྟོག་པ་མེད་པའོ།། དེ་འདྲ་བ་ཡི་བདེན་པ་མཛད་དུ་གསོལ་ཞེས་བྱ ་བ་ནི། གསང་བའི་སྙིང་པོ་སྟེ།། ཡང་རིག་སྔགས་གདོན་པར་བྱའོ།། སྱེ་ཏཱཾ་དཾ་འདི་ལྟ་སྟེ།། གསང་སྔགས་ནི་ཀ་ལ་ལེ་ལ་སོགས་པའོ།། སངས་རྒྱས་རྣམ་པར་གཟིགས་དང་གཙུག་ཏོར་ཅན།། དེ་བཞིན་ཀུན ་སྐྱོབ་སངས་རྒྱས་ལོག་པར་དང་སེལ་དང་ཞེས་བྱ་བ་ནི། སངས་རྒྱས་བཞི་པོ་དེ་དག་ཀྱང་། སེམས་ཅན་གྱི་དོན་བྱས་ནས་ཐུགས་རྗེའི་སྤྱན་གྱི་གཟིགས་པའོ།། གསེར་ཐུབ་འོད་བསྲུང་ཤཱཀྱ་ཐུབ་བགཽ་ཏ ་མ།། བསྙེམས་པ་མི་མངའ་བ་ལ་སྐྱབསུ་ཉེ་བར་མཆི་བར་བགྱིའོ་ཞེས་བྱ་བ་ནི། སངས་རྒྱས་གསུམ་པོ་དེ་དག་གིས་ཀྱང་། སེམས་ཅན་རྣམས་ཀྱི་དོན་བྱས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས་པའོ།། ཡོན་ཏན་དང་ལྡན་པའི་སང ་རྒྱས་གང་ཟག་གི་སྐྱབས་སུ་འགྲོ་བའོ།། མི་མཆོག་བདུན་པོ་དེ་རྣམས་ཀྱི་ནི་སྐུ་རྣམས་ལ།། མེ་ཏོག་སྤྲོས་རྣམས་ཀྱིས་ནི་མཆོད་པར་བགྱི་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་རང་བཞིན་མིའི་ཚོགས་གསོག་པའོ།། དམ་པ་དེ་རྣམས་ཡང ་མིའི་ཚོགས་རྫོགས་པས་སངས་རྒྱས་པ། དེའི་ཡོན་ཏན་དང་ལྡན་པའི་མའི་མཆོག་བདུན་པོ་དེ་འདུད་པའོ།། ལུས་དང་ཡིད་དང་རབ་ཏུ་དང་བའི་སེམས་ཀྱིས་ནི། དེ་དག་རྣམས་ཀྱིས་སྐྱབསུ་ཉེ་བར་མཆི་བར་བགྱི་ཞེས་བྱ་བ་ནི། གང ་ཟག་རབ་ཏུ་གུས་པར་བྱེད་པའི་སེམས་ཀྱིས། སངས་རྒྱས་དེ་རྣམས་ལ་སྒྲུབསུ་སོང་ཞིང་གུས་པར་བྱེད་པར་བྱེད་པའོ།། སངས་རྒྱས་རྫུ་འཕྲུལ་ཚེ་དང་ལྡན་པ་དེ་དག་ལ། ལྷ་གང་མངོན་པར་དད་པ་རབ་ཏུ་ཡོད་པ་ཡིན་ཞེས་བྱ་བ་ནི།། ་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཞིང་། ཐམས་ཅད་མཁྱེན་པ་གཞན་གྱིས་མི་ཐོབ་པའོ།། ལྷ་དེ་མགུ་ཞིང་ཡིད་ནི་རབ་ཏུ་དགའ་འགྱུར་ནས། ཞེས་བྱ་བ་ནི། དགའ་དེ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ཐམས་ཅད་དགའ་ཞིང་བདེ་བར ་གྱུར་པའོ།། རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་བསྲུང་དུ་གསོལ་ཞེས་བྱ་བའི། ལུས་དང་ངག་དང་སེམས་ཀྱིས་ཀྱང་། སེམས་ཅན་ཐམས་ཅད་སྲུང་བ་སྟེ། དམ་པའི་ཆོས་འདི་གུས་པར་བྱས་ན་ནི། རྒྱུན་དུ་ཞུགས་པ་དང་། བྱར ་པའི་འབྲས་བུ་དང་། ལན་ཅིག་ཕྱིར་མི་ལྡོག་པ་དང་། འཇིག་རྟེན་ན་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དང་། འཇིག་རྟེན་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཁ ་དང་། ས་བཅུའི་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐོབ་པ་སྟེ། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས~ཾ་ཀྱི་འབྲས་བུ་ཡང་ཡིན་ནོ།། ལྷ་ཚེ་རིང་པོའི་ཡུལ་དུ་མི་སྐྱེ་བ་དང་། མཐའ་ཁོབས་དང་རིགས་དྲན་གྱི་ཡུལ་དུ་མི་སྐྱེ ་དང་། ཆོམ་རྐུན་དང་རྐུན་མ་དང་། ངན་སོང་གསུམ་ནས་ཐར་པ་དང་། དེ་དག་ཀྱང་རིག་སྔགས་ལ་དང་བ་སྐྱེས་པ་ཡིན་ནོ།། དེའི་ཚེ་ན་ལྷ་དང་མིའི་ཡུལ་དང་། འཛམ་བུའི་གླིང་གི་དབུས་སུ་བྲམ་ཟེ་འམ་རྒྱལ་རིགས་སམ། གང་གི ་རིགས་བཟང་བ་ལ་སྐྱེ་བར་འགྱུར་རོ།། ནམ་སྐྱེས་པའི་དུས་སུ་ཡང་ཆོས་འདི་དང་འགྲོགས་པར་འགྱུར་རོ།། ད་ལྟའི་ཚེ་ན་ཡང་འཇིགས་པ་ལས་སྐྱོབ་པ་དང་། སྦ་བ་དང་སྲུང་བ་དང་། མཚམས་གཅོད་པ་ལ་སོགས་པར་ཡང ་འགྱུར་རོ།། གཟའ་དང་རྒྱུད་སྐར་དང་། རྨི་ལམ་ངན་པ་དང་ལྷས་ངན་པ་དང་། བྱང་དང་རོ་ལངས་དང་དུག་དང་དུག་སྦྱོར་བ་དང་། སྤོང་གཏོང་དང་སྔགས་དང་། འབྱུང་པོ་རྣམས་ཀྱང་འཚེ་བར་མི་འགྱུརརོ།། བསོད་སྙོམས་ཀྱི་ཆོ་གའི་གནས་སྐབས ་ཏ་བཅུ་དྲུག་པར།། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ན། རིག་སྔགས་ཀྱི་རྒྱལ་མ་སྟང་ཆན་མ་སྣང་ཆེན་མ་རབ་ཏུ་འཇམས་མ་འདི། འཕགས་པ་ཀུན་དགའ་བོ་ལ་གཏང ་པའོ།། དགེ་སློང་དེ་དག་ཡི་རང་སྟེ་ཞེས་བྱ་བ་ནི། དགྲ་བཅོམ་པའི་ཉན་ཐོས་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། མི ་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་ཆེན་གྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་དང་། དགའ་ལྡན་གྱི་ལྷ་རྣམས་དང་། རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་།། འཇིག་རྟེན་སྐྱོང་བ ་རྣམས་དང་། གནོད་སྦྱིན་དེད་དཔོན་ཉི་ཤུ་རྩ་གཉིས་དང་།། གནོད་སྦྱིན་མཐུ་བོ་ཆེ་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་དང་བཙས་པ་ལྔ་བརྒྱ་དང་། མིའི་རྒྱལ་པོ་མ་སྐྱེས་དགྲ་དང་མི་རྣམས་ལ་སོགས་པའོ།། ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི། མདུན་དུ་གསུངས་སོ།། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་འབུམ་འགྲེལ་དག་པ་ལྔ་པ། ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་འགྲེལ་པ། ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། ་