CLOSE WINDOW

GT1511: rdo rje rnam par 'joms pa zhes bya ba'i gzungs rnam par bshad pa
Wyliee-texts produced with BDRC’s OCR application

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་བཤད་པ་བཞུནས། ་#རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎཱ་ནཱ་མཱ་དྷཱ་ར་ཎི་བྱཱ་ཀ་ཁྱཱ་ན། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྣམ་པར་བཤད་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚ་ལོ།། རྒྱལ་བ ་ཀུན་གྱིས་གསང་བའི་མཛོད་འཛིན་པ།། རྒྱུད་ཀྱི་དོན་འབྱུང་སྟོན་པ་ངོ་བོ་ལ།། སྒོ་གསུམ་དང་བས་བཏུད་དེ་ཕྱག་འཚལ་ནས།། མདོའི་རྣམ་བཤད་བདག་གིས་བྱ་བར་འདོད།། དེ་ལོ་དང་པོར་རྒྱུད་ཀྱི་དོན་ལཱ་མོས་པ་དང་དང ་པ་རྣམས་ལ།། མདོའི་དོན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ་རབ་ཏུ་མཁས་པར་བྱ་སྟེ། དེའི་འོག་ཏུ་ཇི་ལྟར་ཡོང་སུ་ཤེས་པར་བྱ་བའི་གོ་རིམས་ལ་འཇུག་པར་བྱ་བའི་ཕྱིར་རོ།། དེ་ལ་དང་པོར་མདོའི་མཚན་གྱི་དོན ་ཕུན་སུམ་ཚོགས་པ་ལ་མཁས་པར་བྱ་སྟེ། དེ་ལ་རྡོ་རྗེ་ནི་ཡུང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ། ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལྟར་འདུས་མ་བྱས་པའི་ཕྱིར་དངོས་པོ་ལ་ཞོན་པ་རྣམས་དང་ལྟ་བ་ལོག་པའི་ཕྱོགས ་ཐམས་ཅད་ཀྱིས་མི་བསྐྱོད་ཅིང་། དངོས་པོ་དང་བྲལ་བའི་དོན་ཏོ།། རྣམ་པར་ནི་རྒྱུ་མེད་པ་དང་། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དང་། རྟག་པ་དང་མོ་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་ཏེ་མཚན་མིའོ་ཆོས ་ཐམས་ཅད་སྨོས་པའི་ཕྱིར་རོ།། འཇོམས་པ་ནི་དེ་རྣམས་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཇོམས་པ་དང་། ཐུགས་རྗེས་ཐབས་ཀྱི་བྱེ་བྲག་གི་འཇོམས་པབདེན་ཏོ།། གཟུངས་ནི་མའི་བ་ཧཱུ~ཾ་ཕྱིར་དང་གཉིས་མེད ་པའི་དོན་ཏོ།། དེ་ལྟར་མདོའི་དགོས་ཆེད་བསྟན་ནས། དེའི་འོག་ཏུ་དགོས་པ་དང་འབྲེལ་པའི་དོན་བསྟན་ཏོ།། ཅིའི་ཕྱིར་ཞེ་ན། དགོས་འབྲེལ་གྱི་སྒོ་ནས་འཇུག་པའི་ཕྱིརོ།། མ་ནོར་བར་སྟོན་པའི་སྟོན་པ ་ཕུན་སུམ་ཚོགས་པ་དང་། ཡོངསུ་དག་པའི་འཁོར་ཕུན་སུམ་ཚེགས་པ་དང་། གུང་དུ་བྱཱ་ཤུད་པའི་གནས་དང་མ་ནོར་བར་སྡུང་པའི་སྤྱོད་པ་པོ་དང་གང་བཤད་པའི་མདོའི་དགོས་པ་རྣམས་ཤེསྟྲ་པརརྱ་བྱེད་བཱིའི་བྷཱུ་ཆེ་གཽ། དེ་ལ ་དྲིལ་པ་ནི་ཕུན་སུམ་ཚོགས་ནས་དགོས་པ་གྲུབ་ཅིང་དོན་གཏན་ལྔ་འབེབས་པའི་ཕྱི་རོ།། དེའི་འོག་ཏུ་ཇི་ལྟར་ཡོངསུ་ཤེས་པར་བྱ་བའི་དོན་སྟོན་ཏེ། མདོའི་དོན་འབྱུང་བའི་གཏན་ཚིགས་དང་། དཀྱིལ་འཁོར་གྱི་དོན་འབྱུང་བའི ་ཐབས་དང་། དགོས་ཆེད་ཕུན་སུམ་ཚོགས་པའི་དོན་རྣམསུ་ཤེས་པར་བྱ་བའི་ཕྱིར་རོ།། དེ་ལྟར་དགོས་ཆེད་ཀྱི་དོན་བསྟན་ནས། དེའི་འོག་ཏུ་བསྡུ་བའི་དོན་དང་། གོ་རིམས་ལ་འཇུག་པའི་ཐཱབས་སྨོས་པའི་ཕྱིརརོ།། སྟོན་པ ་སངས་རྒྱས་བཅོམ་ལྡན་འདས་མཐའ་གཉིས་ཀྱི་སྐྱོན་སྤངས་ཏེ། ཐུགྲོས་མཉམ་པ་ཉིད་ཀྱི་ཏིང་འཛིན་རྡོ་རྗེ་ལྟ་བུ་ལས་མ་གཡོས་ཀྱང་། ཉིད་ཀྱི་ཆེ་བའི་དོན་ཆེད་དུ་ཐུགས་ཡང་དག་པའི་སྲས་གྱིསང་བའི་བདག་པོ་བྱིན ་གྱིས་བརླབས་ནས། རྒྱུད་ཀྱི་དོན་འདི་གསུངས་པའི་ཚེ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ན་འདུས་པའི་འཁོར་རྣམས་ཀྱི་ནང་དུ་འཕགས་པ་འཇམ་དཔལ་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པརར་རྫས ་བྱའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་པས་འཕགས་པ་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་དོན་འདི་རྣ་བའི་དབང་པོ་ཡོངསུ་དག་བསྡུ་དཔལ་ཕྱུག་ན་རྡོ་རྗེ་ལ་རབ་ཏུ་ཐོས་པའི་ཕྱིར་འདི་སྐད་བདག་གིས ་ཐོས་པའི་དུས་གཅིག་ན་ཞེས་གསུངས་པ་སྟེ། འདི་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་དོན་འདྲི་སཱརུ་བཤད་དེ། ཏིང་འཛིན་ཡེ་ཤེས་ཀྱི་ངོ་བོ་ལས་ཕྱག་ན་རྡོ་རྗེ་རེ་སྤྲུལ་ཏེ། ཡེ་ཤེས་ཀྱི་ངོ་བོ་སྔགས་ཀྱི་ཚིག་ཏུ ་སྨྲས་ཏེ། འཁོར་རྣམས་དགའ་མགུ་བསྐྱེད་ནས་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ལྡོག་པ་རྣམ་པར་སྦྱང་བ་དང་། བླ་ན་མེད་པའི་བྱང་ཆུབ་ལ་དགོས་པའི་ཕྱིར་འདི་སྐད་ཅེས་བྱའོ།། བློ་རྣོ་ཞིང ་ཤེས་རབ་མཆོག་ཏུ་གྱུར་པ་རྣམས་ཀྱི་དོན་གྱི་རྒྱལ་པོ་འོད་ཐོས་པས་བདག་གིས་ཐོས་པས་ཞེས་བྱའོ།། སྟོན་པ་དང་འཁོར་དང་སྡུད་པར་ལྡན་པ་ལ་དུས་ཞེས་བྱའོ།། ལན་གྲངས་མང་དུ་གསུང་བར་ལན་ཅིག་བརྒྱ་ལམ ་དུ་གསུངས་པས་ནི། གཅིག་ནི་ཞེས་བྱ་བའོ།། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ་ནི་རང་བཞིན་གྱི་སྟོན་པའི་དོན་ཏེ། ཉོན་མོངས་པའི་བདུད་སྡེ་འཅོམ་སྟེ། ཐུགས་ཏི་འཛིན་གྱིས་མཁྱེན་པའི་ཡོན་ཏན་སྣ་ཚོགས ་ཀྱི་ལེགས་པ་དང་ལྡན་པ། སངས་རྒྱས་བཅོམ་ལྡན་འདས་མཐའ་གཉིས་ཀྱི་སྐྱོན་སྤངས་པའོ།། རྡོ་རྗེ་ནི་གནས་ཕུན་སུམ་ཚོགས་པ་སྟེ། རྡོ་རྗེ་གདེན་བྱང་ཆུབ་ཀྱི་ཤིང་དྲུང་ངོ་།། རྣམ་པ་གཅིག་ཏུ་བཅོམ་ལྡན་འདས་རྡོ་རྗེ ་ལྟ་བུའི་ཏིང་འཛིན་ལ་ཐུགས་མཉམ་པར་གཞག་པ་ལ་བྱའོ།། བཞུགས་ཐབསུ་གསུམ་ལས་ནི་མཉམ་པའི་སྐྱིལ་མོ་ཀྲུང་ལས་ཆོས་སྟོན་པའི་ཚུལ་དུ་བཞུགས་པའོ།། ད་ནི་བྱིན་གྱིས་བརླབས ་ཀྱི་སྟོན་པའི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བའི་མཛོད་འཛིན་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེའི་རྟགས་རྡོ་རྗེ་འཛིན་པའོ།། སངས་རྒྱས་ཀྱི་མཐུས་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ ་དང་གསུང་དང་ཐུགས་དང་ཡོན་ཏན་དང་། ཕྲིན་ལས་ཀྱི་བྱིན་གྱིས་བརླབས་ཏེ། ཏིང་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར་རོ།། ལུས་ཐམས་ཅད་རྡོ་རྗེའི་བྱིན་གྱི་བརླབས་ནས་ནི། ཡང་དག་པའི་ཡེ་ཤེས་དེ་ནི་ཆོས་ཐམས ་ཅད་ཀྱི་རླུང་བཞིན་འདུས་མ་བྱས་པའི་དོན་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་ལྷུར་བྱིན་གྱིས་བརླབས་པའི་ཕྱིར།། རྡོ་རྗེའི་ཏིང་འཛིནྡ་ལོ་སྙོམས་པར་བཞུགས་པ་ནི་ཡང་དགྲ་པྲའི་ཡེ་ཤེས་རྡོ་རྗེའི ་ཏིང་འཛིན་ལ་སྙོམས་པར་ཞུགས་བྱས་དོན་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤི་ས~ཾ་ཀྱི་ངོ་བོ་བདག་གནས་པའི་ཕྱིར་རོ།། དེ་ནིས་ལམ་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུས་དང་རེ་སྐབས་ཀྱི་དེ་མ་ཐགྲ་བཱ་སྟེ། སྙོམས ་པར་ཞུགས་པའི་རྟིང་ཐག་སུཾ་ཕྲོགས་བཅུའི་སངས་རྒྱས་ཐམས་ཅདཀྱི་མཐུས་ཡོ་ཤེས་ཀྱི་རིང་ཟེར་སྐུ་དང་གསུང་དང་ཐུགས་ལས་འཐོན་ཏེ་ལག་ནི་རྡོ་རྗེས་ཕོག་པས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དོན་སུ ་བའི་དབང་བསྒྱུར་ནས་ཐོགས་པ་མེང་པའི་ཡེ་ཤེས་ཀྱི་དོན་སྨྲ་བའི་དབ་བསྐུར་ནས་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ཚིག་སྨྲ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྔོན་གྱི་སྐལ་པ ་མཐའ་ཡས་པ་ནཱས། བྱང་ཆུབ་ཀྱི་སྤྱོད་པ་དཀའ་བ་ཉམསུ་བླངས་པའི་བྱིན་གྱི་བརླབས་དྲུང་། སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་དགེ་བའི་རྩ་བའི་ཚོགསུ ་འཐུན་པས་བྱིན་གྱིས་བརླབས་པ་ལ་མཐུ་སྟོང་པའི་ཕྱི་རོ།། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱི་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་བརླབས་ནི་མ་དྲོས་ལྟར་མཐུ་སྟོབས་མཐའ་ཡས་པའི་ཚིག་སྨྲ ་པའི་སྤོབས་པ་བསྐྱེད་པའི་ཕྱིར་རོ།། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ནི་དེ་ལྟར་ལག་ནི་རྡོ་རྗེ་བྱིན་གྱིས་བརླབས་པིའི་མཐུས་རྡོ་རྗེ་ལྟ་བུའི་ཡང་དག་པའི་ཡེ་ཤེས་ཀྱི་ཁམས་གསུམ་གྱི་གྲགས་པ་ཅན་ལ་ཁྲོ་བོའི་ཐབས་ཀྱི་སྤྲུལ་པས ་བདུད་རྣམས་འདུལ་བའི་ཕྱིར།། འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་སྐུ་གསུང་ཐུགས་ལུས་འབྱུང་བའི་ཕྱིར་རོ།། རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ། ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྟར་འདུས་མ་བྱཾས ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འོག་ནས་འབྱུང་བའི་དོན་སྨྲ་བའི་དཀྱིལ་འཁོར་དང་། སྙིང་པོ་སྐྱོན་དང་བྲལ་བ་སྟོན་པས་གསུངས་པའི་ཕྱིར་རོ།། ད་ནི་ཁྲོ་བོ་རྣམས་ཀྱི་རང་བཞིན་གྱི་དོན་ཐུགས་ཀ་ནས་སྟོན་པའི ་དོན་སྟོན་ཏེ། མི་ཆོད་པ་མི་ཤིགས་པ། བདེན་པ་སྲ་བ་ཞེས་བྱ་བ་ནི་བཟུང་བའི་ཡུལ་དུ་མ་གྲུབ་པས། མཚན་མ་འཇོམས་པས་གཤིན་རྗེ་གཤེད་དུ་བསྟན། ཉོན་མོངས་པའི་སྐྱོན་འཇོམས་པའི་ཐོ་བ་རྣམས། བྱང ་ཆུང་སེམས་སྐྱོན་མེད་པས་སྐུ་མདོག་དཀར་རྩ་བའི་ཡིག་འབྲུ་མ་ལས་བསྐྱེད་པསོ། མ་ཐ་བཛྲ་ཞེས་བྱ་བ་དག་གི་ལས་དང་ཆོ་ག་ཚང་བར་བྱས་ནས་སྒོམས་ན་དངོས་གྲུབ་ལ་མཚན་ཅན་ཐོབ་པོ། དངོས་གྲུབ་དེ་དང་བདུད་ཀྱི་བར་ཆུད་དུ ་མི་ཆོད་པ། སྐུ་གསུང་ཐུགས་མཚན་མས་མི་ཤིགས་པས་མི་ཤིག་པ་ཞེས་གསུངས། གསུང་གི་ངོ་བོ་བདེན་པ་དང་ལྡན་པས་ཚིག་གིས་དངོས་གྲུབ་སྟེ། དེ་ལྟ་བུ་ནི་ཧཱུ~ཾ་ཀ་ར་ཉིད་ཀྱི་རང་བཞིན་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཅིག ་གི་ངོ་བོར་ཀུན་གྱུར་ཅིང་དབྱེར་མེད་པའི་ཕྱིར་རོ།། ཐུགས་བྱང་ཆུབ་རྣམ་པར་དག་པས་མཚན་མའི་སྐྱོན་གྱི་རབ་ཏུ་མི་ཆོད་པའི་རྟག་ས་བསྟན་ཏཾ། དེ་ནི་ཏིང་འཛིན་འབུམ་ཕྲག་གི་སྒོ་བའི་དོན་མཛད་པ་ལ་བཱཪྵ་མི་ཆོད་པའི་ཕྱིར་སྨོསོ།། ་སྐུ་གསུང་ཐུགས་རྡོ་རྗེ་ལྟོ་བུའི་མི་འགྱུར་བའི་བྱང་ཆུབ་ཀྱི་ཆི་བ་མངའ་བ་བས་མི་ཤེགས་པ། བདེན་པའི་ཚིག་མི་འགྱུར་བས་ཆོས་སྟོན་པར་བདེན་པ། དེ་ལྟ་བུའོ་ཁྲོ་བོའི་རྒྱལ་པོ་དེ་བསྒོམས་པའི་ཕྱིར་ཕྲིན་ལས་རྣམ ་བཞིའི་ལས་བྱས་ན་འགྲུབ་པོ།། ཧཱུཾ་ཀ་རའི་དོན་བཤད་ཟིན་ཏོ།། སྲ་བ་བརྡན་པ། ཐམས་ཅད་དུ་ཐོག་པ་མེད་པ་ཞེས་བྱ་བ་ཉོན་མོངས་པའི་འཁོར་བ་ལས་རྒྱལ་བའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་རྣམས་སྐུ་གསུང་ཐུགས་རྡོ་རྗེ་ལྟར ་སྲ་བས་སྲ། བྱང་ཆུབ་ཀྱི་སེམས་མི་འགྱུར་བས་བརྟན་པ། ཐུགས་རྡོ་རྗེ་བརྩོན་འགྲུས་ཅི་ལ་ཡང་ཐོགས་པ་མེད་པ། རྩ་བའི་སྙིང་པོ་ཡིག་འབྲུ་དུ་ལས་བསྐྱེད་པས། དུ་ན་བཛྲ་ཞེས་གསུངས་ཏེ། རྫས་དང་ཆོ་ག་ཚང་བར་བྱས་ན་དངོས ་བྲུ་བ་ཡ་མཚན་ཅན་ཐོབ་བོ།། དེ་ནས་བདུད་དང་བགེགས་བྱེད་ཀྱིས་གླགས་མི་རྙེད་པས་སྲ་བའི་དངོས་གྲུབ་ཅི་བྱ་བ་འགྲུབ་ཐམས་ཅད་དབང་དུ་སྡུད་པའི་ཕྱིར་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་བོ།། ཁམས་གསུམ་རྣམ་པར་རྒྱལ ་བའི་དོན་བཤད་ཟིན་ཏོ།། །། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ནི་ཁམས་གསུམ་ཐམས་ཅད་དུ་བྱང་ཆུབ་སེམས་ཐུགས་རྗེའི་རང་བཞིན་དུ་གནས་པས་མུ་ཕམ་པཱ། བདུད་གྲགས་བྱེད ་ཐམས་ཅད་ལས་རྒྱལ་བར་བྱེད་པས་ན་སྐྲག་པར་བསྟན། འདོད་ཆགས་ལ་སོགས་པའི་ཉེན་མོངས་པ་འཇིལ་བར་བསྟན། དེའི་རྟགས་ཐུགས་རྗེ་ཆེན་པོའི་པདྨ་བསྣམས་པ། དེ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་ཧ་ཡ་གྲི་བ་སྐུ་མདོག་བླ་མཽར ་བོཿཉོན་མོངས་པོའི་སྐྱོན་གྱི་མེ་གོས་པའི་ཕྱིར་ཡང་དག་པའི་ཡོན་ཏན་དང་ལྡན་པའི་རྩ་བའི་སྙིང་པོ་སྟེ། བྱང་ཆུབ་སེམས་ཀྱི་ཡི་གུ་འབྲུ་དྷཱ་ལས་བསྐྱེད་པསི་དྷཱ་རཱྀ་བཛྲ་ཞེས་བརྗོད་དོ།། འོག་ནས་འབྱུང་བ་ལྟར་བསྒོམ་ནཱ་བཀྲིས ་བར་འགྱུ་རོ། ཧ་ཡ་གྲི་བོའི་དོན་བཤད་ཟིན་ཏོ།། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེང་པོ་ལས་ཐམས་ཅད་འཇོམས་པར་བྱེད་པ་ནི། ཕས་ཀྱི་རྒོལ་བའི་གནོནད་པ་བྱེད་པ་ཐམས ་ཅད་དང་། དྲང་སྲོང་གི་གནོད་པ་རྣམས་དང་། ཕྱིར་ལོག་གི་བྱེ་བྲག་རྣམས་དང་། སྡུག་བསྔལ་གྱི་གནོད་པ་རྣམས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ཐམས་ཅད་གཅོད་པར་བྱེད་པ། ཐམས་ཅད་ནོན་འི་ཚུལ་དུ་གནས ་པས་ཡོན་ཏན་ཐམས་ཅད་མ་ལུས་པར་རྫོགས་པར་བྱེད་པ། ཡེ་ཤེས་ཀྱི་ངོ་བོ་ལས་མ་ཡིན་པ་ཐམས་ཅད་འཇོམས་པའི་རྟག་སུ་ཁྲོ་བོ་བདུད་རྩི་འཁྱིལ་པས་མཁྱེན་པའི་ཡོན་ཏན་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ནས་རྣམ་པར ་དག་པའི་ཕྲིན་ལས་སྣ་ཚོགས་པ་རྣམསོ།། རྩ་བའི་ཡིག་འབྲུ་ལས་བསྐྱེད་པས་དྷ་ར་ཡ་བཛྲ་ཞེས་གསུང་སོ།། དེ་བསྒྲུབ་པའི་ཕྱིར་རྫས་དང་ཆོ་ག་དང་། ཡཽ་བྱད་ལུ་སོགས་པ་ཚང་བར་བྱ་སྟེ། ལས་བྱས་ན་དམོད་པའི་བྱེ་བྲག་ཐམས་ཅད ་ལྔས་ཐར་བར་འགྱུར་རོ།། བདུད་རྩི་འཁྱིལ་པའི་དོན་བཤད་ཟིན་ཏེ་ནཱི་ཡ་མཱནྟ་ཀའི་དོན་བཤད་དེ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པོ་གདོན་ཐམས་ཅད་རླགས་པར་བྱེད་པ་དང་། གདོན་ཐམས་ཅད་ལས་ཐར་བྱར ་བྱེད་པ་ནི་ཕྱིར་རྒོལ་བ་རྣམས་མ་ལུས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་ཐམས་ཅད་འཇིག་པར་བྱེད་ཅིང་། བྱང་ཆུབ་སེམས་ཀྱི་རང་བཞིན་དུ་འགྱུར་བས་གཞན་གྱི་ལས་ཐམས་ཅད་འཇིག་པར་གསུངས། གདོན ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་ཞབས་ཀྱི་གནོན་ཅིང་གྲོལ་བར་བྱེད་པས་ན་གདོན་ཐམས་ཅད་རླག་པར་གསུངས། གནོད་པའི་བྱེ་བྲག་བྱེད་པའི་ཉམས་ལེན་ལ་སྣ་ཚོགས་དགེ་བའི་བར་དུ་བཅོད ་པ་རྣམས་འདུལ་བར་མཛད་པ་དང་། གཞན་སེམས་ཅན་གང་ཞིག་ཉམ་ཐག་པ་སྣ་ཚོགས་ཚེ་དང་མདངས་འཕྲོགས་པ་ལས་ཐར་བར་མཛད་པས་ན་དེའི་ཕྱིར་གདོན་ཐམས་ཅད་ཐར་པར་བྱེད་པར་གསུངསོ།། དེའི་རྟགས་ཀྱི་མ ་འཛིན་པ་ནི་ཁྲོ་བོབཱི་རྒྱལ་པོ་ཡ་མཱནྟ་ཀཱ་སྟྭཾ། ད་བསྒྲུབ་པར་བྱ་བའི་ཕྱིར་ཏིང་འཛིན་གྱི་བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསྒོམ། རྩ་བའི་ཡིག་འབྲུ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བསམ་སྟེ། དེ་འོད་དུ་ཞུ་བཱ་ལས་བྱང་ཆུབ ་སེམས་ཀྱི་རང་བཞིན་དུ་གྱུར་ཏོ།། སྙིང་པོ་དང་རྒྱན་ཆས་རྣམས་ལ་ཡེ་ཤེས་ཀྱི་ལྷ་འབར་བར་བསམ་ཏེ་འོད་དུ་ཞུ་བས་རྒྱན་དང་སྙིང་པོ་ལ་ཐིམ་པས་གཉིསུ་མེད་པར་གྱུར་ཏོ།། ཡེ་ཤེས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང ་ནས་དངོས་གྲུབ་སྣ་ཚོགས་པ་སྦྱིན་པར་བསམ། བདག་ཡ་མཱནྟ་ཀའི་ཏི་འཛིན་དུ་ཞུགསཱ་ལ་ཕྲིན་ལས་རྣམ་བཞི་གང་བྱེད་པ་སོ་སོའི་ཁ་དོག་ཏུ་བསྒྱུར་ཏེ་བུམྦྷ་པས་དབང་བསྐུར་ན་ཐམས་ཅད་འགྲུབ་པར་གསུངས། ་རྩ་བའི་ཡིག་འབྲུ་ལས་བསྐྱེད་པོས་ད་ཧ་བཛྲ་སྟེ། བསྙེན་པ་གྲངས་མང་པོར་བརྗོད་ན་བཀྲ་ཤིས་པར་འགྱུརརོ།། ཡ་མཱནྟ་ཀའི་དོན་བཤད་ཟིན་ཏོ།། ། ད་ནི་ཊིཀྐི་ར་ཛའི་དོན་བཤད་དེ། འབྱུང་པོ་ཐུམས་ཅད་འགུགས ་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ནི་སེམས་ཅན་གྱི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གི་རྟོག་པ་ལས་བྱུང་བས་ན། འབྱུང་པོ། བལ་སྡེ་དྲུག་མགུལ་ལ་སོགས་པ་རྫས་ཀྱི་བྱེ་བྲག་ལས་བྱུང ་བས་ན་འབྱུང་ངོ་།། དེ་འགུགས་པར་བྱེད་པས་ནི་ཊཀྐ་ར་ཛཱའི་རང་བཞིན་དུ་བསྟན་ཏེ། ཐབས་མཁས་པའི་ཐུགས་རྗེས་ཁམས་གསུམ་གྱི་འབྱུང་པོའི་རིགས་ཐམས་ཅད་དབང་དུ་བསྡུས་ནས་འཁོལ་བས། ་དེའི་ཕྱིར་འབྱུང་པོ་ཐམས་ཅད་འགུགས་པར་བྱེང་གསུངས། གཞན་ཡང་དེ་བཞིན་གཤེགས་པའི་འཕྲིན་ལས་ལ་མངའ་བརྙེས་པས། ལེགས་པར་ཐམས་ཅད་ཀྱང་བྱེད་དུ་འཇུག་ཅིང་གཞན་ལ་སྟོན་པ་དང་ཉམ་སུ་ལེན་པའི་ནུས་པ ་དང་ལྗོན་པས་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པར་གསུངས། བསྒྲུབ་པར་བྱ་བའི་ཕྱིར་བུམ་པ་ལ་ང་བསམས་ཏེ་འོད་དུ་ཞུ་བས་ཊ་ཀྐི་རཱ་ཛཱའི་རང་བཞིན་དུ་བསམ་ནང་གི་ཆུ་ལ་ར་བསམས་ཏེ་འོད་དུ་ཞུ་བ་ལས་བྱང ་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་བསམ། བུམ་པའི་རྒྱུན་ཆུས་ལྔ་ཡ་བསམས་ཏེ། འོད་དུ་ཞུ་བས་ཏིང་འཛིན་གྱི་ཆོ་འཕྲུལ་འབྱུང་བར་བས་མོ།། དེ་ལྟར་བྱིན་གྱིས་བརླབས་པའི་བུམ་པས་ཕྲིན་ལས་སོ་སོའི་ལས་བྱས་ན་འགྲུབ ་པར་གསུངས། ཊཀྐི་རཱ་ཛྙཱའི་དོན་བཤད་ཟིན་ཏོ།། ད་ནི་སྟོབས་པོ་ཆེའི་དོན་བཤད་དེ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟད་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ནི། གང་ཞིག་གིས་བསྒྲུབ་པར་བྱུང་ན ་དངོས་གྲུབ་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་དང་། ལས་གྲུབ་པ་རྣམས་ཆུད་ཀྱི་དབང་དུ་མི་གཏོང་བ་དང་། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པའོ།། ཏིང་འཛིན་གྱི་སྟོབས་དང་ལྡན་པ། གཞན་གྱི་ཕུན་སུམ་ཚོགས་པ། སྒྲུབ་པ་ཁྲོ་བོའི ་རྒྱལ་པོ་སྟོབས་པོ་ཆེར་བསྟན། དེ་བསྒྲུབ་པར་བྱ་བའི་ཕྱིར་བུམ་པ་ལ་དུ་བསམས་ཏེ། འོད་དུ་ཞུ་བ་ལས་བྱང་ཆུབ་སེམས་སྟོབས་པོ་ཆེའི་རང་བཞིན་དུ་བསམ་བུམ་པའི་ཆུ་ལ་སུ་བསྡམས་ཏེ། འོད་དུ་ཞུ་བ་ལས་བྱང་ཆུབ ་སེམས་ཟླ་བའི་དཀྱིལ་འཁོར་བསམ། བུམ་པའི་རྒྱན་ཆས་ལན་བསམས་ཏེ་འོད་དུ་ཞུ་བས་ཏིང་འཛིན་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་འབྱུང་བར་བསམ། དེ་ལྟར་བྱིན་གྱི་བརླབས་པའི་བུམ་པ་དེ་ཕྲིན་ལས་རྣམ ་བཞི་གླང་བྱེད་པ་སོ་སོའི་ཁ་དོག་ཏུ་བྱིན་གྱི་བརླབས་པའི་བུམ་པས་དབང་བསྐུར་ན་ཐམས་ཅད་འགྲུབ་པར་གསུངས། དེའི་ཕྱིར་དཱ་རུ་ཎ་བཛྲ་ཞེས་པ་རྩ་བའི་བསྙེན་པ་གྲངས་མང་དུ་བརྗོད་ན་ལས་ཐམས་ཅད་གྲུབ་པས ་ཆུད་མི་ཟོ་པར་གསུངསོ།། སྟོབས་པོ་ཆེའི་དོན་བཤད་ཟིན་ཏོ།། ། ད་ནི་ཨ་མོ་གྷ་པཱ་ཤའི་དོན་བཤད། སམས་ནྡན་ཐམས་ཅད་བསྲུང་བ་ནི་ཨ་མོ་གྷ་པཱ་ཤའི་དོན་ཏོ།། ཐུགས་རྡོ་རྗེ་ཆེན་པོ་བྱང་ཆུབ ་སེམས་ཀྱི་རང་བཞིན་ལས་ཐབས་མཁས་པའི་སྤྲུལ་པ་བྱུང་ནས་ཁམས་གསུམ་གྱི་སེམས་ཅན་ལ་ཐབས་མཁས་པའི་ཐུགས་རྗེའི་བྱེ་བྲག་སྣ་ཚོགས་བསྟན་ནས་ཉོན་མོངས་པའི་སྡུག་བསྔལ་ལས་ཕན ་བཏགས་ནས་སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར།། དེའི་རང་བཞིན་ཨ་མཻ་གྷ་པཱ་ཤ་སྟ། ད་ནི་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་ཐིབས་མཁས་པས་བསྲུང་བར་བྱེད་དོ།། དེ་བསྒྲུབ་པར་བྱ་བའི་ཕྱིར ་བུམ་པུ་ལ་ད་བཱསམས་ཏེ་འོད་དུ་ཞུ་བས། ཨ་མོ་གྷཱ་པཱ་ཤུའི་རང་བཞིན་དུ་བསུམ་མོ།། བུམ་པའི་ཆུ་ལ་རུ་བསམས་ཏེ་འོད་དུ་ཞུ་བས་ཡིས་ཀྱི་སྤྲུལ་པ་སྣ་ཚོགས་པའི་ཡོནྡྲ་དང་ལྡན་པར་བས་མོ།། དེ་ནས་ཨཱ ་མོ་གྷ་པཱ་ཤ་བསྒྲུབ་པར་བྱ་བའི་ཕྱིར། ཕྲིན་ལས་རྣམ་གི་ཞི་གང་བྱེད་པའི་ཁ་དོག་སོ་སོའི་བྱེ་བྲག་ཏུ་བསྒོམས་ནས་དབང་བསྐུར་ཞིང་ལས་བྱས་ན་ཐམས་ཅད་འགྲུབ་པར་གསུངསོ།། ཨ་མོ་གྷ་པཱ་ཤའི་དོན་བཤད་ཟིན་ཏོ།། །། ད་ནི ་དབུས་ཀྱི་གཙོ་བོའི་དོན་བཤད། ཞི་བ་རྒྱས་པ་སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་པ་ནི་ཕྱིན་ཅི་ལོག་གི་ཉོན་མོངས་པ་ཐམས་ཅད་ལ་སྔོན་གྱི་བསོད་ནམས་ཀྱི་ཆོ་ཊ་དང་། ཕྲིན་ལས་ཀྱི་ཐུཊ་ཎྱེ་ཐབས་མཁས་པའི་བྱེ་བྲག་སྣ་ཚོ ་པ་གཞན་ལ་བསྟན་ནས་ཕྱིན་ཅི་ལོག་ཉོན་མོངས་པ་ཐད་མེད་པར་མཛད་ཅིང་ཡོན་གྱི་ཚོགས་བསམ་གྱིས་མི་ཁྱབ་པར་མཛད་པ་དང་། བདུད་དང་། བགེ་གས་བྱེད་ཅན་རྣམས་སྐྲག་ཅིང་རླངས་པར་བྱེད་པའི་ཕྱིརརོ།། གཞན་ཡང་བྱང་ཆུབ་ཀྱི་སེམས ་མཆོག་ཆོས་ཉིད་ཞི་བའི་དོན་ལས་མ་གཡོས་ཀྱང་། སྔོན་གྱི་བསོད་ནམས་ཀྱི་ཁམས་གསུམ་གྱི་སེཾན་ཐམས་ཅད་ལ་ཐབས་མཁས་པའི་ཕྲིན་ལས་སྣ་ཚོགས་འབྱུང་བའི་ཕྱིར་ཆེ་བའི་ཡོནྡ་སྣ་ཚོགས་པ་བྱུང་ནས། སེ་ནཾ་རྣམས་ཀྱི་ཕོངས་པ ་རྣམས་ཚིམ་ཞིང་བདེ་བར་མཛད་པ་དང་། འཇིག་རྟེན་གྱི་གྲགས་བྱེད་ཐམས་ཅད་ལ་ཏིང་འཛིན་གྱི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་བདེ་བ་ལ་བཀོད་པའི་ཕྱིར་རངས་ཤིང་འདར་བར་མཛད་དེ་དབང་དུ་བསྡུས་ནས་ཕན་འདོགས་པའི་ཕྱིར། ་དེ་ལྟར་ཡོན་དང་ལྡན་པའི་ཕྱག་ན་རྡོ་རྗེ་བསྒོམས་པའི་ཕྱིརརོ།། བུམ་པ་ལ་ཨོཾ་བསྒོམས་པས་འོད་དུ་ཞུ་བས་ཕྱག་ན་རྡོ་རྗེའི་སྐུར་བསྒོམ། བུམ་པའི་ཆུ་ལས་ཧ་བསམས་ཏེ་ཆོ་ག་རྣམ་གསུམ་གྱི་ཚུལ་སྤྲོ་སྡུ་བྱས་པས་བྱང་ཆུབ་སེམས་ཟླ་བའི ་དཀྱིལ་འཁོར་བུའོས་སོ།། བུམ་པའི་རྒྱུན་ཆས་ལ་ད་བསམས་ཏེ། འོད་དུ་ཞུ་བས་སོནྡ་དཔག་ཏུ་མེད་པའི་རྒྱུན་ཆས་དང་ལྡན་པར་བས་མོ།། ཐུགས་ཀྱི་རང་བཞིན་དཔལ་ཕྱག་ན་རྡོ་རྗེའི་སྐུར་བསྒྲིམ་པོའི་ཕྱིར་ཕྲིན་ལས་རྣམ་བཞིའི་ལས ་ཀྱི་བྱེ་བྲག་ཚང་བར་བྱ། བསྙེན་པ་སྟོང་དང་འབུམ་ལ་སོགས་པ་ཕུལ་ན་དངོས་གྲུབ་ཡ་མཚན་ཅན་ཐོབ་པོ།། ལས་ཀྱི་ལྷག་ཆད་ཁ་སྐང་པའི་ཕྱིར་ཁྲོ་བོའི་རྟིང་ལི་གསུངས། དཀྱིལ་འཁོར་གྱི་བདག་པོ་ཡིན་པའི་ཕྱིར་ཚོགས་ཀྱི ་མཇུག་སྡུད་པའོ།། དབུས་ཀྱི་གཙོ་བོའི་དོན་བཤད་ཟིན་ཏོ།། ། ད་ནི་སྒོ་བའི་དོན་བཤད་དེ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོས་ཁམས་གསུམ་གྱི་སན་ཛཏཱཾ་ལ་ཐུགས་རྗེ་ཐབས ་མཁས་པའི་བྱེ་བྲག་སྣ་ཚོགས་པ་བསྟན་ནས་ཡིས་བཞིའི་ངོ་བོས་ཕན་གདགས་པའི་ཕྱིར་སྒོ་བ་བཞིར་སྐུ་སྤྲུལ་ཏེ། བདུད་དང་བགྲགས་བྱེད་གླགས་དང་སྐབས་ཆེ་ལྭ་པ་རྣམས་ལ་རྨུགས་པར་བྱེད་པའི་ཐབས་ཀྱི་འདུག་ཏུ་མི་སྟེར ་ནས་གསང་སྔགས་ཀྱི་མཐུ་ཆེན་པོ་བསྟན་ནས་མི་གནས་པར་བྱེད་པའི་དོན་ཏོ།། དེའི་རྟགས་ཀྱི་ཆ་འཛིན་པོ་ནི་སྒོ་བ་ཆེན་པོ་བཞི་ཡིན་ཏེ། དེ་བསྒྲུབ་པར་བྱ་བའི་ཕྱིར་བདག་གི་རུལ་པ་ལ་ཧཱུཾ་བསམས་ཏེ། འོད་དུ་ཞུ་བས་སྤྲོ་བ་ཝཱ་ཌ ་ཀླུའི་རང་བཞིན་དུ་བས་མོ།། བུམ་པའི་ཆུ་ལས་ལུ་བསམ་ཏེ་འོང་དུ་ཞུ་བས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ། བུམ་པའི་རྒྱན་ཆས་ལ་ཛ་བསམས་ཏེ། ཡིས་ཀྱི་ཆོ་ག་རྣམ་པ་གསུམ་གྱི ་སྤྲོ་སྤུ་བྱ། ཡེ་ཤེས་ཀྱི་ལྕགས་ཀྱུས་ཕྱི་ནང་གི་བྱེ་བྲག་རྣམས་བསྡུས་ནས་བུམ་པ་མཛེས་པར་བས་མོ།། དེ་ནས་ལྷོ་ཕྱོགས་ཀྱི་བུམ་པ་ལ་ཏི་བསམ་ཏེ་འོད་དུ་ཞུ་བས་ཞགས་པའི་རང་བཞིན་དུ་བསམ། བུམ་པའི་ཆུ་ལ་ཤྩ་བསམ་ཏེ ་འོད་དུ་ཞུ་བས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་བས་མོ།། བུམ་པའི་རྒྱན་ཆས་ལ་ཧཱུཾ་བསམས་ཏེ་ཆོ་ག་རྣམ་སུམ་གྱི་སྤྲོ་བསྡུ་བྱས་པས་ཏིངེ་འཛིན་གྱི་རྒྱན་ཆས་བསམ་གྱིས་མི་ཁྱབ་པར་བས་མོ།། དེ་ནས་ནུབ་ཕྱོགས་ཀྱི ་དུམ་པཾ་ལཾ་ལྷ་བསམས་ཏེ་འདུ་ཞུ་བས་ལྕགས་སྒྲོག་གི་རང་བཞིན་དུ་བས་མོ།། བུམ་པའི་ཆུ་ལོང་བསམས་ཏེ། འོད་དུ་ཞུ་བས་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་བས་མོ།། བུམ་པའི་ཆུ་ལ་བཾ་བསམ་ཏཱཾ་ཆོ་ག་རྣམ་པ་གསུམ ་གྱིས་སྤྲོ་བསྟི་བྱས་པས་མཆོད་པོའི་རྒྱན་ཆེས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བས་མོ།། དེ་ནས་བྱང་ཕྱོགས་ཀྱི་བུམ་པོ་ལ་ཧཾ་བསམས་ཏེ་འོད་དུ་ཞུ་བས་སྒོ་བ་དྲིལ་བུའི་རང་བཞིན་དུ་བྱས་མོ།། བུམ་པའི་ཆུ་ལ་ཎཱ་བསམས་ཏེ ་འོད་དུ་ཞུ་བས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་བས་མོ།། བུམ་པའི་རྒྱན་ཆས་ལ་ཧོ་བསམས་ཏེ་ཚི་ག་གསུམ་གྱི་སྤྲོ་བསྡུ་བྱས་པ་ཏིང་འཛིན་གྱི་ཆོ་འཕྲུལ་འབྱུང་བར་བས་མོ།། དེ་ལྟར་བསྒོམས་པའི་བུམ་པ་དེ་ལཾ་རང་བཞིན ་གྱི་དཀྱིལ་འཁོར་ནས་འཕགས་པ་སྤྱན་དྲངས་ནས་མདུན་གྱི་ན་མཁའ་ལ་དམིག་སོ།། བསྙེན་པ་དང་མཆོད་པ་ཕུལ་བས་རབ་ཏུ་མཉེས་ཏེ་འོད་དུ་ཞུ་བས་བདག་གིས་བསྒོམ་པའི་བུམ་པ་ལ་ཐིམ་ནས་གཉིསུ་མེད་པར་བས་མོ།། དེ་ལྟར་ཐིམ ་པས་བྱང་ཆུབ་སེམས་ཆོས་ཉིད་ཀྱི་ཡོན་འབྱུང་བར་བསམས་ཏེ། བྱིན་གྱིས་བརླབས་པའི་བུམ་པ་དེས། གང་ཞིག་བ་ཀ་མེ་ཤྲཱི་བ་ལ་ཡིས་ཀྱི་འོདདི་ཟེར་ཁ་དོག་དཀར་པོ་སྙིམས་ནས་ཁྲུས་བྱས་ཏེ་ཞི་བའི་ལས་བྱས་ན་ཐམས་ཅད་ཞི་བར་འགྱུརརོ།། ་གང་ཞིག་བདོག་པ་ཉམས་པ་ལ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སེར་པོ་སྙིམ་ནས་ཁྲུས་བྱས་ཏེ་རྒྱས་པའི་ལས་བྱས་ན་ཐམས་ཅད་རྒྱས་པར་འགྱུར་རོ།། གང་ཞིག་ཆེ་ཉམས་པ་ལ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་དམར་པོ་བསྟིམས་ནས་ཁྲུས ་བྱས་ཏེ། དབང་གི་ལས་བྱས་ན་ཐམས་ཅད་དབང་དུ་འགྱུརོ།། གང་ཞིག་ཡུལ་དང་མཁོར་ཤར་བ་དང་། བགེགས་ཀྱི་ཆོ་འཕྲུལ་དང་ལྷ་འདྲེའི་ཆོ་འཕྲུལ་གནོད་པ་རྣམས་ལ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ནག་པོ་བསྟིམས་ནས་ཁྲུས་བྱས ་ཏེ། དྲག་པོའི་ལས་བྱས་ན་ཐམས་ཅད་ཕུང་ནས་འཇིག་པར་འགྱུརརོ།། སྒོ་བའི་དོན་བཤད་ཟིན་ཏོ།། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེ་ཞེས་བྱ་བ་ནི་གོང་དུ་ཁྲོ་བོའི་རང་བཞིན་བསྟན་པ་ལས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་དུས ་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡིས་རྡོ་རྗེ་ལྟ་བུས་བྱིན་གྱིས་བརླབས་ནས། ལག་ཏུ་ཡེ་ཤེས་ཀྱི་རྟགས་རྡོ་རྗེ་བྱིན་ནས་མིང་གི་དབང་བསྒྱུར་ཏེ། སྲིད་པ་གསུམ་གྱི་མཐུ་ཅན་ཞབས་འོག་ཏུ་བསྡུས་ནས། དམྱལ ་ཡས་པའི་ཕྱིར་དང་འོག་གི་ཁྲོ་བོའི་སྔགས་དང་ཕན་ཡོན་སྨྲ་བ་ལ་གཞུག་པའི་ཕྱིར་དང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ནས་ཆེ་བའི་ཡོན་དང་ལྡན་པའི་ལག་པ་ན་དེ་བཞིན་གཤེགས་པའི་ཡས ་ཀྱི་ཚིག་གི་ཁམས་གསུམ་གྱི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེ་ལས་མཚོན་པའི་རྟགས་ཐུགས་རྡོ་རྗེའི་དཀྱིལ་འཁོར་གྱི་སྔགས་འདི་འབྱུང་བའི་དོན་ཏོ།། སྔགས་ཀྱི་དོན་འབྱུང་བའི་ཐབས་བཤད་ཟིན ་ད་ནི་ཕྱག་ན་རྡོ་རྗེའི་ཕྲིན་ལས་ཀྱི་དོན་བཤད་དེ། ན་མོ་རཏྣ་ཏྭཱ་ཡཱུ་ཡཾ་ཞེས་པོ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་དོན་ཏོ།། ཕྱག་ན་རྡོ་རྗེ་ནི་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གྱུར་པཱ་ན་ཡེ་ཤེས་ལས་བྱུང་བ ་ཕྱིར།། ན་མ་ཤྩརྞྞ་བཛྲ་པྲཱ་ནཱ་ཡི་ཞེས་པ་ནི་རྡོ་རྗེ་གཏུམ་པོ་རིན་པོ་ཆེའི་ངོ་བོ་ཕྱག་ན་རྡོ་རྗེའི་ཡང་དག་པའི་ཡེ་ཤེས་ཀྱི་སྙིང་པོའོ།། མ་ཧཱ་ཡཀྵ་སཽ་ནཱུ་པྟཱ་ཡཻ་ཞེས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་ག~ཾ་ནི་རྡོ་རྗེ་དྲག་པོ་ལཱ་ཕྱག་འཚལ་བའི ་དོན་ཏེ། གནོད་སྦྱིནྟི་རྣམས་ཐུག་སུ་རྡོ་རྗེས་བརྟུལ་བས་དེ་སྐད་ཅེས་བཛྲོད་དྷོ།། ཏུདྷྱ་ཐཱ་ཞེས་པ་ནི་ད་ལྟ་སྟེ། གང་སྥཱ་ཞེ་ནཱི། འོག་ནས་འབྱུང་བའི་སྟེགས་ཀྱི་ཚིག་སྨྲས། ཨོཾ་ཏྲཱུ~ཾ་ཊུ་ཏཱ་ཊྚེ་ཞེས་པ་ནི་ཡེ་ཤེས་ལྔ་པོས་བདག་གིས་ཉོན་མོངས་པ ་ཐམས་ཅད་སོད་ཅིག་པའི་དོན། ཏྲོ་ཊ་ཡེ་ཏྲོ་ཊ་ཡ་ཞེས་པ་ནི་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་རིབ་ཏུ་སྤྱོད་ཅིག་ལགས་པར་སྤྱོད་ཅིག་པོའི་དོན་སྤུ་ཊ་སྥུ་ཊི་ཞེས་པ་མཉོན་མོངས་པའི་ལས་རྣམས་ཡེ་ཤེས་ཀྱི་མེ་འབར་བས་སྲེག ་བར་གྱིས་ཤིག་པའི་དོན། སྥོ་ཊ་ཡ་སྥོ་ཊ་ཡ་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ལེགས་པར་འབྲར་བར་གྱིས་ཤིག་པའི་དོནྡ། གྷུརྞ་གྷུརྞྞ་ཞེས་པ་ནི་བདག་གི་བགེགས་རྣམས་ཟུང་ལ་སྲེགས་ཤིག། ཡིས་མེས་མཚན་མ ་བསྲེག་པའི་དོན། གྷུརྞྞ་པ་ཡ་བྷཱུརྞྞ་པ་ཡ་ཞེས་པ་ནི་ཐུགས་རྗེ་ལྕགས་ཀྱུས་ཟུངས་ལ་ལེགས་པར་སྐྲོད་ཅིག་པའི་དོན། སརྦ་སཏྭ་ནི་ཞེས་པ་ནི་སེཾན་ཐམས་ཅད་ལ་ཐུགས་རྗེའི་ཐུགས་ཀྱི་གཟིགས་ཤིག་པའི་དོན། བོ་དྷ་བེ་དྷ་ཞེས ་པ་ནི་ཁམས་གསུམ་གྱི་སནཱཾ་ལི་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་ཅིག་པའི་དོན། སཾ་བོ་དྷ་ཡ་སཾ་བྷོ་དྷ་ཡཱ་ཞེས་པ་ནི་འགྲོ་བ་རྣམས་ལེགས་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག་པའི་དོན། བྷྲ་མ་བྷཱུ་མཱ་ཞེས་བྱ་བ་ནི་བྱང་ཆུབ་སེམ ་དང་མི་མཐུན་པོའི་བགེགས་རྣམས་བསྐོད་ཅིག་པའི་དཾན། སཾ་བྷ་མ་ཡ་སཾ་བྷཱུ་མ་ཡ་ཞེས་པ་ནི་ཕྱིན་ཅི་ལོག་གི་ཉོན་མོངས་པ་རྣམས་ཐུགས་རྗེས་ལེགས་པར་བསྟོད་ཅིག་པའི་དྲོན། སརྦ་བུདྡྷ་ན་ཞེས་པཱ་ནཱི་སངས་རྒྱས་ཐ~ཾད་ཀྱི་ཐུག ་རྗེ་ཆེན་པོས་བདག་གྲི་སྡང་བ་ཐམས་ཅད་ཆོམ་ཤིག་པའི་དོན། ཀུ་ཊཱ་ཀུ་ཊ་ཞེས་པ་ནི་གདོན་འབྱུང་པོ་རྣམས་བཱ་ཏུ་བྱས་ཤིག་གཏུབས་ཤིག་པ་འམ་ཐུགས་རྗེས་ཡེ་ཤེས་ཀྱི་སྤྱན་གྱི་གཟིགས་ཤིག་པའི་དོན། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡཱཾ། ་ཤེས་པ་ནི་འཇིག་རྟེན་ན་གདོན་པར་ཆད་བྱེད་པ་རྣམས་བྱམ་པའི་ཐུགས་ཀྱི་ལེགས་པར་གཏུབས་ཤིག་པའི་དོན། སརྦ་ཤ་ཏྲུ་ནོ་ཞེས་པ་ནི་བདག་ལ་གནོད་པ་བྱེད་པའི་བགེགས་རྣམས་ཡང་དག་པའི་ཡེ་ཤེས་ཀྱི་མཚན་མ་མེད་པའི། ་དོན་ཡང་བསྟན། གྷ་ཊ་གྷ་ཊ་ཞེས་པ་ནི་བགེགས་དང་འབྱུང་པོ་རྣམས་ཐུགས་རྗེས་སྐོད་ཅིག་པའི་དོན། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ཞེས་པ་ནི་ལེགས་པའི་ཡོན་ཐ~ཾད་འབྱུང་བར་བྱེད་པས་མ་ཐུགས་རྗེས་ཉོན་མོངས་པ་ཐམས་ཅད་ལས ་ཐར་གྱིས་ཤིག་པའི་དོན། སརྦ་བིདྱཱ་ཞེས་པ་ནི་རིག་སྐྱུགས་ཀྱི་མཐུས་གང་ལ་བྱ་བའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་དོན། བཛྲ་བཛྲ་སྥོ་ཊ་ཡ་ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བའི་མེ་ཆེན་པོས་བགེགས་རྣམས་རོལ་ཅིག་པའི་དོན།། ་བཛྲ་བཛྲ་ཀཱ་ཊ་ཞེས་པ་ནཱི་ཡེ་ཤེས་ལས་གྲུབ་པའི་རྡོ་རྗེ་འབར་བས་ཉོན་མོངས་པ་ཐམས་ཅད་ཆེད་ཅིག་པའི་དོན། བཛྲ་བཛྲ་མ་ཊ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེས་བདག་ལ་གདུག་པ་རྣམས་གཏུབས་ཤིག་པའི་དོན། བཛྲ་བཛྲ་མཱ ་ཐ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་རྡོ་རྗེས་བགེགས་རྣམས་ཐུལ་ཅིག་པའི་དོན། བཛྲ་བཛྲ་ཨ་ཊ་ཊ་ཞེས་པ་ནི་ཡེ་ཤེས་ལས་གྲུབ་པའི་ཡང་དག་པའི་ཡིས་རྡོ་རྗེས་བདུད་རྣམས་གནས་དེར་མི་གནས་པར་བྷྲཱུཾ་ལ་སྐྲོད་ཅིག་པའི་དོམ་ཧཱ་ས་ནཱི་བཛྲ ་ས་པ་ནི་རྡོ་རྗེ་རྣོན་པོ་མ་དང་འདྲ་བས་བག་ཆགས་རྣམས་ཆོད་ཅིག་དྲོལ་ཅིག་པའི་དོན། སུ་བཛྲ་བཛྲ་ཡ་སྭཱ་ཧཱ་ཞེས་པ་ནི་ཐུགས་མཁྱེན་པའི་རྡོ་རྗེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ལེགས་པར་སྦྱོར་ཅིག་པའི་དོན་ཏོ།། ཕྱག་ན་རྡོ་རྗེའི་ཕྲིན་ལས ་ཀྱི་དོན་བཤད་ཟིན་ཏོ།། ད་ནི་ཁྲོ་བོ་རྣམས་ཀྱི་འཕྲིན་ལས་ཀྱི་དོན་བཤད་དེ། ཧེ་ཕུ་ལུ་ནི་རུ་ཕུ་ལུ་ཞེས་པ་ནི་དེ་ལྟར་ཕྱག་ན་རྡོ་རྗེ་ཐུགས་ཀྱི་ངོ་བོ་གསུངས་ནས། རྡོ་རྗེ་ཁྲོ་བོ་ལ་སྦྱོར་བའི་ཕྱིར་རྡོ་རྗེ་ཁྲོ་བོ་འབར་བས་ཉོན་མོངས་པའི་གཤིན་རྗེ ་ཁམས་གསུམ་པ་ཐུགས་རྗེ་འབར་བར་བྱེད་པའི་དོན། གྲྀཧྞ་ཀུ་ལླུ་ཞེས་པ་ནི་ཁམས་གསུམ་གྱི་གཤིན་རྗེ་གཤེད་ཀྱི་སྡུག་བསྔལ་རྣམས་འཇོམས་པའི་དོན་མི་ལི་ཙུ་ལཱུ་ཀུ་རུ་ཀུ་ལླུ་ཞེས་པ་ནི་འཕགས་པ་རྟ་མགྲིན་སྔོན་པོ་འབར་བས ་སྡུག་བསྔལ་སྦྱོངས་ཤིག་པའི་དོན། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། བཛྲི་བྲི་ཛྙཱ་ཡཱ་ཡ་སྭཱ་ཧཱ་ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པར་འབར་བས་ཉོན་མོངས་པ་ཐང་བདུད་རྩིར་བྱོན་གྱིས་རློབས་ཤིག་པའི་དོན། ཀཱི་ལི་ཀཱི་ལཱ་ཡེ་སྭཱཧཱ་ཞེས་པ་ནཱི ་ཨཱིརྱ་ཨ་ཙ་ལོས་ཐུགས་ཀྱི་ཕྲིན་ལས་མཛད་པ་དང་། སྟོབས་པོ་ཆེས་དྲག་ཤུལ་གྱི་ཕྲིན་ལས་མཛད་པའི་དོན། ཀ་ཊ་ཀ་ཊ་ཞེས་པ་ནི་ཡ་མཱནྟ་ཀ་ཁྲོ་བོའི་རྒྱལ་པོས་བདུད་རྣམས་སྤ་བཀོངས་ཤིག་པའི་དོནྡ། མ་ཏྲ་མ་ཏཱ་ཞེས་པ་ན ་ཁྲོ་བོ་ཧཱུ~ཾ་ཀ་རཱས་ཉོན་མོངས་པ་རྣམས་ལས་ཐུཌ་ཎྜེ་སྐྱོབས་ཤིག་པའི་དོན་ར་ཊ་ར་ཊུ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་པདྨ་འཁྱིལ་པས་ཉོན་མོངས་པ་རྣམས་ཞི་བར་མཛོད་ཅིག་པའི་དོན་མཻ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཞེས་པ་ནི་ཡེ་ཤེས་ཀྱི་གནོད་སྦྱིན ་འབྲར་བ་གཤིན་རྗེ་གཤེད་ཀྱིས་སྐྱོབས་ཤིག་པའི་དོན་ཙ་ར་ནི་ཙ་ར་ཞེས་པ་ནི་ཁྲོའི་རྒྱལ་པོ་ནཱི་ལ་དཎྜས་སྭ་ནི་ཐང་ལ་ཚེ་དང་དབང་ཐང་སྩོལ་ཅིག་པའི་དོན། ཧ་ར་ཧ་ར་ཞེས་པ་ནི་ཡས་ཀྱི་གཤོ་ཌ་པས་འཁོར་བའི་སྡུག་བསྔལ་སྐྱོབས་ཤིག ་པའི་དོམ། ས་ར་ས་ར་ཞེས་པ་ནི་ཏིང་འཛིན་གྱི་དྲག་ཤུལ་གྱི་སེམས་ཉམས་པ་རྣམས་དྲན་པར་གྱིས་ཤིག་པའི་དོན། མཱ་རཱ་ཡ་མཱ་རཱ་ཡ་ཞེས་པ་ནི་ཉོན་མོངས་པ་འཇོམས་པའི་བགེ་ཌ་རྣམས་སོད་ཅིག་པའི་དང་ལས་དྲག་པོས་རྡུལ་དུ་མཐོང ་ཤིག་པའི་དོན། བཛྲ་བི་དྷཱ་ར་ནཱ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྣམ་པར་འཇོམས་པས་སེན་གྱི་ལས་རྣམས་མཛོད་ཅིག་པའི་དོན། ཙྪནྡ་ཙྪིནྡ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་ཧ་ཡ་གླི་བུས་ཉོན་མོངས་པ་རྣམས་སྲོད་ཅིག་པའི་དོན། བྷིནྡ ་བྷིནྡ་ཞེས་པ་ནི་བདག་དང་སེན་རྣམས་ཀྱི་སྡུག་བསྔལ་ཤིག་ཅེས་པའི་དོན། མཱ་ཧཱ་ཀི་ལཱི་ཀི་ལཱ་ཡ་སྭཱཧཱ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེས་ལྀས་དང་ཉོན་མོངས་པ་ཐུགས་ཞི་བའི་སྒོ་ནས་ཞི་བར་མཛོད་ཅིག་པའི་དོན། བྷནྡྷ་བྷནྡྷ་ཞེས་པ་ནི ་ཊེ་རཱི་ཛ་སྟེ་ཁྲོ་བོའི་རྒྱལ་པོས་གདུག་པའི་བདུད་རྣམས་མགོ་ནས་ཚངས་ཤིག་པའི་དོན། ཀྲོ་དྷ་ཀྲོ་དྷ་ཞེས་པ་ནཱི་ཁྲོ་བོས་ཉན་མོངས་པ་རྣམས་ལ་རོལ་ཅིག་པའི་དོན། ཀཱི་ལི་ཀཱི་ལཱ་ཡུ་སྭ་ཧཱ་ཞེས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩི ་འཁྱིལ་པས་ཐུ་ཞི་བར་མཛོད་ཅིག་པའི་དོན། ཙུ་རུ་ཙུ་རུ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་ཨ་མེ་གྷ་པཱ་ཤས་དམ་ཚིག་བཞིན་དུ་ཕྲིན་ལས་མཛོད་ཅིག་པའི་དོན། ཙནྡ་ལི་ཞིས་པ་ནི་ཁྲོ་བོའི་རྒྱལ་པོ་ཚུ་རོ་སྤྲོན་ཚུར་སྐྱོན་དམ་ཚིག་ལ་དགོངས་པའི ་དོནྡོ་བཛྲ་ཀཱི་ལཱི་ཀྵི་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་བདུད་རྩི་ཥྚི་ཁྱཱལྤཱ་པཱཾ་སྭ་བྷཱུཊྚ་ཚད་མེད་པའི་གསུང་སྒྱུས་ཐང་བྱང་ཆུབ་སེམས་ཞི་བར་མཛོད་ཙོག་པའི་དོན། ཏྲཱ་སྱཱ་ཡཱ་ཏྲཱ་ས་ཡ་ཞེས་བུ་ནཱི་ཁྲིའི་རྒྱལ་པོ་མཧཱ་བ་ལས་བདུད་དང་། བཀྐོ་ཌི་བྱིད་རྣམ་སྐྲག་པར་གྱིས་ཤིག ་པའི་དོན། བིཛྲ་ཀཱི་ལི་ཀཱི་ལཱ་ཡཻ་སྭཱ་ཧཱ་ཞེས་པོ་ནི་ཡོས་ཀྱི་རྡོ་རྗེ་འབར་བས་ཐཾད་ཞི་བར་མཛོད་ཅིག་པའི་ངན། ཧ་ར་ཧ་ར་བཛྲ་དྷཱ་ར་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་ཡིས་འབར་བའི་སྒོ་བ་བཞིས་བགེ་ཌ་རྣམས་སྒྲོགས་ཤིག་པའི་དོན། པྲ་ཧ་ར་པྲ་ཧ་ར་ཞེས་པ་ནི ་ཁྲོ་བོའི་རྒྱལ་པོ་ཨ་མྲི་ཏ་ཀུནྟ་ལིས་མཚན་མའི་དངོས་པོ་ཐད་ཞི་བར་མཛད་ནས་བྱིན་གྱིས་རློབས་ཤིག་པའི་དོན། བཛྲ་པྲ་བྷཉྫ་ནྱཱ་ཡ་སྭཱ་ཧཱ། ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་འབར་བས་ལས་དང་ཉོན་མོངས་པའི་བག་ཆགས ་ཐད་ཞི་བར་མཛོད་ཅིག་པའི་དོན། ཁྲོ་བོ་རྣམས་ཀྱི་ཕྲིན་ལས་ཀྱི་དོན་བཤང་ཟིན་ཏོ།། །། ད་ནི་ཁྲོ་བོ་རྣམས་ཀྱི་བསྲུང་བའི་དོན་ཏེ། མེ་ཐི་ར་བཛྲ་ཞུས་པ་ནི་བློ་བརྟག་པའི་རྡོ་རྗེས་བྱང་ཆུབ་སེམས་ཀྱི་རང་བཞིན་དང་ལྡན་པར་གྱིས་ཤིག། ་པའི་དོན་དང་། སུ་ཏིསྠི་ར་བཛྲ་ཞེས་པ་ནི་ཤིན་ཏུ་བརྟེན་པའི་རྡོ་རྗེས་ལེཊ་པའི་ཡོནྟ་ཐང་རྡོ་རྗེ་ལྟ་བུ་ཞི་བ་དང་ལྡན་པར་གྱིས་ཤིག་པའི་དོན། པྲ་ཏཱིསྠི་ར་བཛྲ་ཞེས་པ་ནཱི་སོ་སོར་བརྟེན་པའི་རྡོ་རྗེས་བདག་གི་ལུས་རྡོ་རྗེ་ལྟ་བུར་ཞི་བར ་མཛོད་ཅིག་པའི་དོན། མ་ཧཱ་བཛྲ་ཞེས་པ་ནི་རྡོ་རྗེ་ཆེན་པོ་ཞི་བའི་ཚུལ་དུ་བདུད་ལས་རྒྱལ་བར་མཛོད་ཅིག་པོའི་དོན། པྲ་ཏི་སྠི་ར་བཛྲ་ཞེས་པ་ནི་རབ་ཏུ་བསྟན་པའི་རྡོ་རྗེས་བདག་ལ་ཡ་ཤེས་ཀྱི་མཚོན་ཚྭ་སྩོལ་ཅིག་པཱ ་གཞན་གྱི་མུ་ཏིག་གཞོལ་བའི་ཕྱིར་རོ།། ཨ་མོ་གྷ་བཛྲེ་ཞེས་པ་ནི་དོན་ཡོད་པའི་རྡོ་རྗེའི་ཞགས་པས་མ་གཏང་བའི་དོན།། ཨོཾ་ཧ~ཾ་བཛྲ་ཞེས་པ་ནི་བདེན་པའི་བཛྲོད་བདག་འཁོར་བ་ལས་དྲོངས་ཤིག་ཚུར་གཤྲེཊ་ཚུར་གཤེཊ་པའི་དོན། ཤཱ ་བྷྲཱུཾ་བཛྲ་ཡ་དྷ་ར་ཡ་སྭཱ་ཧཱ་ཞེས་པ་ནི་དཔའ་བར་གྲོལ་བས་རྡོ་རྗེ་ལ་གོར་རྒྱུག་པའི་ཕྱིར་བདག་གི་ལས་གྲུབ་པར་མ་ཛོད་ཙག་པའི་དོན། དྷ་ར་དྷ་ར་ཞེས་པ་ནི་སྒོ་བཞི་སྲུང་བ་བཤད། བྱང་ཆུབ་ཀྱི་རང་བཞིན་ཞི་བ་ཐམས་ཅད་ཁྱེར ་ལ་གཟུངས་སུ་གྱིས་ཤིག་པའི་དོན་དྷི་རི་དྷི་རི་ཞེས་པ་ནི་དབྱིངས་ཀྱི་རང་བཞིན་ཆོས་ཉིད་ཀྱིས་ལེགས་པར་ཐོགས་ཤིག་པའི་དོན། དྷུ་རུ་དྷུ་རུ་ཞེས་པ་ནི་ལུས་ཐམས་ཅད་ཐུགས་རྗེས་རབ་ཏུ་གཟུང་ལ་ཐོགས་ཤིག་པའི་དོན། སརྦ་བཛྲ་ཀུ་ལ་ཨཱ ་བརྟ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་དང་བཅས་པས་བདག་ལ་བྱིན་གྱིས་རློབས་ཤིག། གནོད་པ་བྱེད་པའི་བྱེ་བྲག་ཐམས་ཅད་རབ་ཏུ་ཞི་བར་མཛོད་ཅིག་པའི་དོན། ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་པ་ནི་བདག་དུས་མ་ཡིན་པའི་ཇིགས་པ་ལས་བཟློག་ཤིག། བདུད་རྣམས་ཀྱི་འཇིག་པ ་ལས་ཆོམས་ཤིག་པའི་དོན་ཁྲོ་བོ་དང་སྒོ་སྲུང་བ་བཤད་ཟིན་ཏོ།། །། ད་ནི་ཁྲོ་བོའི་ངོ་བོ་ཉིད་བསྟན་ཏེ། ན་མ་ས་མནྟ་བཛྲ་ཎཱཾ་ཞེས་པ་ནི་ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་རྡོ་རྗེ་རང་བཞིན་གྱི་དབང་བའི་དོན་ཏོ།། སརྦ་བ་ལཾ་ཞེས་པ་ནི་ཐམས་ཅད་ཀུན་གྱི་རང་བཞིན་སྟོང ་པོ་ཆེས་དབང་བསྐུར་ཅིག་པའི་དོན། ཨ་བ་ར་ཏཱ་ཡ་མ་ཧཱ་བ་ལེ་ཞེས་པ་ནི་མཉེས་པར་བྱེད་པའི་སྟོབས་པོ་ཆེ་མགྱོག་པ་རླུང་དང་འདྲ་བས་དབང་བསྐུར་བའི་དོན། ཀ་ཏྲ་བེ་ཏ་ལ་ཞེས་པ་ནི་ཡེ་ཤེས་ཀྱི་མཆེ་བས་ཉོན་མོངས་པའི་བདུད་ཐུལ་ཅིག་པའི་དོན། ཨ་རྒྷ་ལ་ཞེས་པ ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་མངའ་བདག་གི་སྤྲུལ་པས་བདག་ལ་དབང་བསྐུར་ལ་སྐྱོབས་ཤིག་པའི་དོན། མནྟལ་མཱ་ཡེ་ཞེས་པ་ནི་དཀྱིལ་འཁོར་གྱི་བསྲུངས་མ་རྣམས་ཀྱི་སྤྲུལ་པའི་ངོ་བོ་ཉིད་ཀྱི་ཆེ་བ་སྣ་ཚོགསུ་སྣང་བའི་དོན།། ཨ་ཏི ་བཛྲ་ཞེས་པ་ནི་རྡོ་རྗེ་བཟང་པོས་གདོན་ཐམས་ཅད་ལས་བདག་ལ་སྐྱོབས་ཤིག་པའི་དོན། མ་ཧཱ་བ་ལེ་བི་ག་ར་ཎི་ཞེས་པ་ནི་སྟོབས་པོ་ཆེ་རླུང་དང་འདྲ་བ་མགྱོགས་པས་བདག་ལ་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན། ཨ་ཛི་ཏེ་ཛྭ་ལ་ཛྭ་ལ་ཞེས ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་བདུད་ཀྱི་གྲགས་པ་རྣམས་སྲེགས་ཤིག་པའི་དོན། འབར་བ་འབར་བས་ཉོན་མོངས་པ་སྲེགས་ཤིག་པའི་དོན། ཏི་ཊཱི་ཏི་ཊི་བི་ག་ལེ་ཞེས་པ་ནི་འབར་བྱས་ཟླུམ་པོ་སོ་སོར་འབར་བས་སྡུག་བསྔལ་ལས་སྐྱོབ་ན། ་ཤིག་པའི་དོན། ད་ཧ་ད་ཧཱ་ཞེས་པ་ནི་བདག་གི་ཉོན་མོངས་པ་རྣམས་སྲེགས་ཤིག། ཡང་དག་པའི་ཡེ་ཤེས་འབར་བར་གྱིས་ཤིག་པའི་དོན། ཏེ་ཛོ་བ་ཏི་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་གཏི་མུ་གི་མུན་པ་ལས་འབར་བར་གྱིས་ཤིག་པའི་དོན། ཏི་ལི ་ཏི་ལི་ཞེས་པ་ནི་བདག་གི་སྡུག་བསྔལ་ཐམས་ཅད་ཆོད་ཅིག་པའི་དོན། བནྡ་བནྡ་ཞེས་པ་ནི་བགེགས་འབྱུང་པོ་རྣམས་ཆིངས་ཤིག་པའི་དོན། མ་ཧཱ་བ་ལ་ཞེས་པ་ནི་སྟོབས་པོ་ཆེ་ལས་མཛོད་ཅིག་པའི་དོན། བཛྲ་ཀུ་ཤྭ་ཛྭ་ལ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་མེ ་དང་འདྲ་བས་མཚན་མ་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན། ཁྲོ་བོའི་ངོ་བོ་དབང་གི་དོན་བཤད་ཟིན་ཏོ།། ད་ནི་ཡེ་ཤེས་ཀྱི་ཁྲོ་བོ་ལག་ན་རྡོ་རྗེས་མཚན་མཱ་འཇོམས་པ་དང་ཐུགས་ཁྲོ་བོའི་ཡེ་ཤེས་ཀྱི་སྙིང་པོ་ལས་རྣམ་བཞིའི་རང་བཞིན་དེ་དཀོན་མཆོག་གསུམ ་ལ་ཕྱག་འཚལ་བའི་དོན་པས་ཕྱག་ན་རྡོ་རྗེའི་བདུད་རྩིའི་ངོ་བོའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡ་ཞེས་པ་ནི་ཁམས་གསུམ་གྱི་གནོད་སྦྱིན་རྣམས་འདུལ་བའི་ཕྱིར་ན་ཕྲིན་ལས་ཁྲོ་བོའི་ཚུལ་དུ་ཞུགས་པས་རྡོ་རྗེ་ཁྲོ་བོར་བསྟམ་མ་ཧཱ་ཡཀྵ་སེ་ནཱ ་པ་ཏ་ཡེ་ཞེས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེས་ཡེ་ཤེས་ཀྱི་ངོ་བོ་ཞེས་གསུངས་པའི་ཕྱིར་རོ།། ཨོཾ་ཧ་ར་ཧ་ར་བཛྲ་ཞེས་གསུངས་པ་ནི་ཡེ་ཤེས་ལྔའི་ངོ་བོ་ཕྱག་ན་རྡོ་རྗེ་དབུས་ན་བཞུགས་ཏེ། ལུས་ནི་གནོད་སྦྱིན་དུ་བསྟན་པའི་དོན། མ་ཐ་མ་ཐ་བཛྲ ་ཞེས་པ་ནེ་ཧཱུཾ་ཀཱ་ར་གཤིན་རྗེ་ག་ཤད་ཀྱི་དོན་རྒྱས་པར་བསྟན་པས་སྙིང་པོའི་རང་བཞིན་ནོ།། དྷུན་དྷཱན་བཛྲཱ་ཞེས་པ་ནི་དངོས་པ་ཐམས་ཅད་འཇོམས་པས་ཁམས་གསུམ་རྣམ་པར་རྒྱལ་བའི་སྣང་བའོ།། ད་ཧ་ཧཱ་བཛྲ་ཞེས་པ་ན་ཡ་མན་ཀ ་ཁྲོ་བོའི་རྒྱལ་པོའི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ།། པ་ཙ་པ་ཙ་བཛྲ་ཞེས་པ་ནི་ནི་ལ་དཎྜའི་རང་བཞིན་རྟ་མགྲིན་སྔོན་པོའི་རང་བཞིན་དུ་བསྟན། དྷ་ར་དྷ་ར་བཛྲ་ཞེས་པ་ནི་ཧ་ཡ་གྲི་བའི་རང་སྔགས་ཀྱི་ས་བོན་བྱང་ཆུབ་སེམས་ཀྱི་ངོ་བོའི་སྙིང་པོའོ།། ་དཱ་ར་ཡ་དྷཱ་ར་ཡ་བཛྲ་ཞེས་པ་ནི་བདུད་རྩི་འཁྱིལ་པའི་སྙིང་པོའི་རང་བཞིན་བྱང་ཆུབ་སེམས་ཀྱིས་མཚོན་པའི་རང་བཞི་མ་ཐཱཿཏཱརཱ་ཎཱ་བཛྲ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས། ཨ་མོ་གྷ་པཱ་ཤཱི་རང་བཞིན་བྱང་ཆུབ་སེམས་ཀྱི་སྙིང་པོར ་པོ་སྤྱོད་། ཀྴ་ཀྐུ་མཱ~ཾ་བ་སའང་བྱ། བ ་ད་ནི་ཕྱག་བཙལ་བའི་དོན་ཏེ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཞེས་པ་ནི་ཕྱག་བཙལ་བའི་དོན་ཏེ་ཨ་མྲྀ་ཏ་ཀུནྡ་ལཱིའི་སྙིང་པོ། ཕྱག་ན་རྡོ་རྗེ་གཏུམ་པོ་བསྒྲུབ་པའི་དོན་པས་རྡོ་རྗེ་ཁྲོ་བོ་ཞེས་པའི་དོནོ།། ད་ནི་སྒོ་བའི་དོན་ཏེ། ཧུ་ལུ་ཧུ་ལུ ་ཞེས་པ་ནི་བགེགས་དང་འབྱུང་པོ་རྣམས་ཚུལ་བཞིན་དུ་དྲོངས་ཤིག་པའི་དོན། ཤར་ཕྱོགས་ཀྱི་ཁྲོ་བོ་ཨཾ་ཀུ་ཤའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། ཏི་ཤྭ་ཏིཥྛ་ཞེས་པ་ནི་ཆིངས་ཤིག་ཆིངས་ཤིག་པའི་ལྷོ་ཕྱོགས་ཀྱི་སྒོ་བཞགས་པ་སྟེ། མཉམ ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་ཉོན་མོངས་པ་རྣམས་དབང་དུ་བསྡུས་ཤིག་པའི་དོན་ཏོ།། བནྡྷ་དུནྟུ་ཞེས་པ་ནུབ་ཕྱོགས་ཀྱི་སྒོ་བ་ལྕགས་སྐྱུག་སྟེ། ས་སོར་ཀུན་ཏུ་རྟོག་པར་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་ལྕགས་སྒྲོག་གིས་བགེགས་དང་འབྱུང་པོ་རྣམས ་སྡོམས་ཤིག་པའི་དོན། ཧ་ན་ཧ་ནཱ་ཞེས་པ་ནི་བྱང་ཕྱོགས་ཀྱི་སྒོ་བ་དྲིལ་བུ་སྟེ། བྱ་བ་ནནྡན་གྱི་ཡེ་ཤེས་ཀྱི་ངོ་བས་བགེགས་དང་འབྱུང་པོ་ལོག་ལྷ་རྣམས་རྡུལ་དུ་རློག་ཤིག་པའི་དོན། ཨ་མྲི་ཏེ་ཧཱུ~ཾ་ཕ་ཅེས་པ་ནི། དཀྱིལ་འཁོར་གྱི་སྔགས་གྲོང་དུ་གསུང ་པ་དང་སྔགས་འབྱུང་བ་རྣམས་ཡེ་ཤེས་ཀྱི་ངོ་བོ་བས་ལས་ཀྱི་ཁ་སྐང་བའི་ཕྱིར་བདུད་རྩིའི་ངོ་བོར་བྱིན་གྱི་བརླབས་པའི་ཐབ་སུ་ཤེས་པར་བྱའོ།། །། ད་ལྟར་ཁྲོ་བོ་རྣམས་ཀྱི་དོན་བཤད་ནས་དེའི་འོག་ཏུ་ཡོན་ཏན་གྱི་རྣམ་གྲངས་ཆོ་གའི་ཐབས་ཀྱི། ་བྱེ་བྲག་བསྟན་ཏེ། སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའོ།། སྡིག་པ་ཐམས་ཅད་བྱུང་བྱས་ནས་ཞེས་པ་ནི་དོན་རྣམ་པ་གཉིསུ་ཤེས་པར་བྱ་སྟེ། རྒྱུད་ཀྱི་དོན་ལ་འཇུག་པར་བྱ་བའི་ཕྱིར་སྡིག་པས་བྱ་མ་རྒྱ་བ་ད་རྒྱུད་བྱེ་སྟོ། ལ་སྡིག་པ་མེད་བྱང་བ་དང་དེ་ལྟ་དོན ་ཤེས་པར་བྱའོ།། རྒྱུད་ཀྱི་ལ་འཇུག་པར་བྱ་བའི་ཕྱིར་སྡིག་པ་ཐམས་ཅད་སྦྱོང་བར་བྱེད་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་བསྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལྟ་བ་ལོག་པ་ལ་སོ་ལ་ན་པ་རྣམས་དཀྱིལ། ་འཁོར་གྱི་ལྷོ་རྣམས་སྤྱན་དྲངས་ནས་མདུན་གྱི་བར་སྣང་ལ་གསལ་བར་བྱས་ཏེ་མཆོད་པ་འཕུལ་ལ་འགྱོད་པས་སྐྱེད་དུ་གཞུགོ། ཡན་ལག་ལྔས་ལ་གཏུགས་ལ། སེམས་རྩེ་གཅིག་ཏུ་གུས་པ་དང་ལྡན་པར་བྱས་ཏེ། བྱང་ཆུབ་མཆོག་ཏུ་སེམས ་བསྐྱེད་དེ། སྟ་གོན་ལ་གནས་པའི་ཆོ་ག་བྱ།། དེ་ནས་འཕགས་པ་རྣམ་ལ་མཁྱེན་པ་གསོལ་ཞིང་སྡིག་པ་རྣམས་ལ་འགྱོད་པ་བསྐྱེད་པའི་དོན་རྒྱུད་ཀྱི་དོན་ཏོགས་ནས་སྡིག་པ་སྦྱང་བ་ནི་དཀྱིལ ་འཁོར་དུ་བཅུག་ནས་ལྷའི་གྲལ་རིམ་དང་། ཞུགས་ཐབས་དང་། སྐུ་མདོག་དྲང་རྒྱན་ཆས་དང་བསྟོད་པ་དང་། མཆོད་པའི་བྱེ་བྲག་དང་། རྒྱུད་ཀྱི་དོན་བསྟན་ཏེ་སེམས་གྲོལ་ནས་སྡིག་པབྱང་བར་གསུངས། དེ་ལྟར་སྡིག ་པ་སྤངས་པ་བྱས་ཏེ། དེའི་འོག་ཏུ་འབྲས་བུ་ཡོན་ཏན་ཐ་དད་ལྡན་པཱ་དོན་ཏེ། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་ཐ~ཾད་སྡེ་པ་བྱེད་ནས་གསུང་ཏེ། དེ་ལྟར་རྒྱུ་དོན་ཉཾ་སུཾ་བླ་སྟེ། བསྒྲུབས་པས་ཉོན་མོངས་པའི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྡུག ་བསྔལ་གྱི་བྱེ་བྲག་ཐམས་ཅད་མེད་པར་མཛད་བྲེས་དེ་སྐར་གསུངས། དེའི་འོག་ཏུ་རྒྱུད་ཐམས་ཅད་ཀྱི་རྩ་བའི་དོན་ཡོནུ་པོ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུད་དོ་ཅོག་གི་རྩ་བ་སྟེ། ཞེས་གསུངས་ཏེ། སྟོན་པའི་ཞལ་ནས་གསུངས ་པིའི་རྒྱུ་དེ་ཐམས་ཅད་ཀྱི་རྩ་བ། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡིན་པས་དོན་གྱི་རྩ་བ་ཡིན་པར་གསུངས། དེའི་འོག་ཏུ་རྒྱུད་ཀྱི་དོན་གྱི་དཔལ་གྱི་གཞིར་འགྱུར་བའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། ་ཅེས་གསུངས་ཏེ། དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་པའི་ཡོན་ཏན་ཐམས་ཅད་ལ་བྱ། ཀུན་ནི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་འོདིའི་དོན་རྟོགས་པ་ལས ་བྱུང་བའི་ཐ་ཚིག་གོ། དེ་ལྟ་བུའི་དོན་དེ་ནི་ཉིད་པ་ཐམས་ཅད་སྤངས་ཤིང་། ཡོན་ཏན་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པའི་རྒྱུ་ཡིན་པས་ལེགས་པར་བརྒྱན་ཅེས་པའི་དོན་ཏོ།། དེའི་འོག་ཏུ་སེམས་ཅན་དབང་པོ་ཉམས་པ་ལ ་ཕྱིན་པའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། སེམས་ཅན་དབང་པོ་ཉམས་པ་དང་ཞེས་གསུངས་ཏེ། སེམས་ཅན་གྱི་རྒྱལ་པོ་སྟོབས་ལྡན་སྙིང་པོ་ལ་སྔོགས་ཏེ། ཁམས་གསུམ་གྱི་སེམས་ཅན་ཀུན་ལ་བྱ་བའི་ཐ ་ཚིག་གོ།། དེ་རྣམས་ལ་དབང་པོ་ཉམས་པའི་སྐྱོན་བཅོ་བརྒྱད་ཡོད་དེ།། དེ་བཟློག་པའི་ཐབས་ནི་རྒྱུད་ནི་རྒྱུད་ནས་འབྱུང་བའི་ཕྲིན་ལས་རྣམས་བཞི་ཆང་བར་བྱས་ནས་སྦྱང་བའི་ཕྱིར་རོ།། དེའི་འོག་ཏུ་ཚོ་ཉམས ་པ་གསོ་བའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཚེ་ཟད་པ་དང་ཚེ་ཉམས་དང་། ཞེས་གསུངས་ཏེ། ད་ནི་སྲོག་གོ། ཟད་པ་ནི་མེད་པ་སྟེ། ཚེ་ཟད་པའི་སྔོ་ལྷས་ལཱྀ་ཡོད་པ་ལྀ།། དེ་གསོ་བའི་ཐུབས་ནི་དཀྱིལ ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས་སོས་པར་གསུངས། དེའི་འོག་ཏུ་བདོག་པ་ཉམས་པ་སྤེལ་བའི་ཐབས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕུན་སུམ་ཚོགས་མེད ་གང་ཆགས་དང་། ཞེས་གསུངས་ཏེ། ཁ་མོས་གསུམ་ཀྱི་སེམས་ཅན་རྣམས་བདེ་བ་དང་བྲལ་ཏེ། ཉོན་མོངས་པའི་སྡུག་བསྔལ་བཀྲེས་གྲང་ལ་སོགས་པ་གནོད་པའི་བྱེ་བྲག་རྣམས་ཀྱི་བདེ་བ་མི་ཆགས ་ཏེ། སྡུག་བསྔལ་ཆགསྡུ་པ་དེ་སྦྱང་བའི་ཐབས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཏེ་རྒྱས་པའི་ལས་བྱས་ན། བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཐ་ཚིག་གོ།། དེའི་འོག་ཏུ ་ཉོན་མོངས་པའི་ཕྱོགས་ཀྱིས་འཇིག་རྟེན་པའི་ལྷ་མི་དགའ་བོ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དང་། ཞེས་གསུངས་ཏེ། རྒྱལ་བའི་སྤྱན་སྔར་དམ་ཚིགས་མནོས་པ་ལུས། གཞུང་དང་མ ་མཐུན་པས་མྱ་ངནྡ་ལས་འདས་པའི་ལྷ་འཕགས་པ་རྣམས་མ་མཉེས་པ་དང་། ཀུན་རྫོབ་ཀྱི་མི་མཐུན་པའི་ཕྱོགས་པས་ལྷ་རྣམས་འཕངས་པ་དང་། དེ་ལོ་སོགས་ཏེ་ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དེ་རྣམས་ཞི་བར ་བྱ་བའོ་ཐ་ཚིགས་ནི། བདག་ཉིད་ལས་ཀྱི་ལྷའི་ཏིངངེ་འཛིན་དུ་ཞུགས་ཏེ། ལས་བྱ་བའི་ལྷ་དང་མཆོད་རྗེས་ལ་སོགས་པ་འོད་དང་ཁ་དོག་དམར་པོར་བསྒྱུར་ཏེ། ཆགས་པའི་ཚུལ་གྱིས་དབང་གི་ལས་བྱས་ན་འགྲུབ ་པོར་གསུངས། དེའི་འོག་ཏུ་ལྷ་མི་དགུའ་བའི་སྡེ་ལྟས་སྦྱིན་ཏེ། ཅིའི་ཕྱིར་ཞེ་ན། མཛའ་སྡུག་སྐྱེ་བོ་སྡང་བ་དང་། ཞེས་གསུངས་ཏེ། ལྷ་འཕང་ས་པའི་སྔ་ལྟས་བདག་ལ་མཛུ་ཁོ་དང་། འཁོརོ་ལ་སོགས ་པ་རྣམས་བསམ་པ་དང་མི་མཐུན་པའི་ཕྱོགས་ཞེ་སྡང་དང་ངན་སེམས་ལོ་སོགས་པའི་བྱད་སྟེ་མོས་རྣམས་དྲང། པོའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་འཁོར་ལ་གནོད་པ་སྟེ། ཅིའི་ཕྱིར ་ཞེ་ན། བྲམ་ཟེ་ལྔ་སོགས་གཙེསྣ་པ་དང་། ཞེས་གཟུངས་ཏེ། རྒྱལ་པོ་སྟོབས་ལྡན་སྙིང་པོ་དང་། ཁམས་གསུམ་གྱི་སེམས་ཅན་གཡོག་བྲན་དང་། བཟའ་མི་ལ་སོགས་པ་ལ་གནོད་སྦྱིན་དང་བདུད་ལ་སོགས ་པས་གཙེས་པའི་རྒྱུས་རང་རེའི་མི་མཐུན་པ་ལ་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་མི་མཐུན་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཕན་ཚུན་མཐུན་པ་མ་ཡིན་པ་དང་ཞེས་གསུངས་ཏེ། གདྲོན་འབྱུང ་བློས་བྱིན་གྱིས་བརླབས་པའི་མཐུས། སེམས་ཅན་རྣམ་ལ་ཕན་ཚུན་མི་མཐུན་ཏེ། དགྲ་བོ་ལྟ་བུར་སེམས་པ་ལ་ཞི་བའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་མདོགས་པ་ཉམས་པ་སྟོན་ཏེ་ཅིའོ། ་ཕྱིར་ཞེ་ན། ནོར་འགྲིབ་པས་ནི་གནོད་པ་དང་ཞེས་གསུངས་ཏེ། བདག་གི་བདག་པ་ཕུན་སུམ་ཚོགས་པ་ཉམས་ནས་འཕོངས་པཱ་སྟེ། གཞན་ལ་རག་ལུས་ནུས་འཕོངས་པ་སྟེ་གཞན་ལ་རགས་ལུས་ནས ་བདག་ཉོན་མོངས་པ་ལྔ་རྒྱས་པའི་ལས་བྱས་ན་བདོག་པ་ཡོད་པར་གསུང་། དེའོ་འོག་ཏུ་མྱ་ངན་གྱི་གནོད་པ་སྟོན་ཏེ་ཅིའི་ཕྱིར་ཞེ་ན། མྱ་ངན་ངལ་ལུས་གནོད་པ་དང་ཞེས་གསུངས་ཏེ། ཁམས་གསུམ ་གྱི་སེམས་ཅན་རྣམས་སེམས་ཀྱི་མྱ་ངན་སྣ་ཚོགས་དང་ལྡན་པས་ལུས་རབ་ཏུ་ངལ་ཏེ། སྡུག་བསྔལ་རྣམས་ཀྱི་རབ་ཏུ་གཟིར་བ་ལོ་མྱ་ངན་གྱི་ཆོ་འཕྲུལ་ལ་སོགས་པ་ཞི་བའི་ལས་བྱས་ན་འགྲུབ་པར་གསུང ་དེའི་ཐོག་ཏུ་འཇིག་ཤིང་ཕོངས་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། འཇིགས་དང་ནི་ཕོངས་པ་དྲང་ཞེས་གསུངས་ཏེ། སེམས་ཅན་རྣམས་རྒྱལ་པོའི་ཆད་པའི་དང་གནམ ་ལྕགས་ཀྱི་འཇིགས་པ་དང་། རྐུན་པོས་འཇིག་པ་དང་མེ་དང་ཆུས་འཇིག་པ་དང་། མཚན་ཆས་འཇིག་པུ་དང་། དུག་གི་འཇིག་པ་དང་། སྐར་མདའ་ལྟུང་བས་འཇིག་པ་དང་བརྒྱུད་དེ།། གཞན་ཡང ་མགོན་སྐྱབས་མེད་ཅིང་ཕོངས་པའི་བྱེ་བྲག་རྣམས་ཕྲིན་ལས་རྣམ་བཞིའི་ལས་བྱས་ན་འགྲུབ་པར་གསུངས་དེའི་འོག་ཏུ་བྱུང་སྙེམས་བཤད་དེ་ཅིའི་ཕྱིར་ཞེ་ན། གཟའ་དང་རྒྱུ་སྐར་བྱེད་སྙོམས་དང་ཞེས་གསུངས ་ཏེ། འཇིག་རྟེན་གྱི་ཁམསུ་མཟའ་ཆེན་པོ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་སོ་སོའི་བྱང་སྟེམས་ཀྱི་ཛིམྦུའི་གླིང་གི་སེམས་ཅན་རྣམས་ལ་མི་ནཱད་དང་ཕྱུག་ནད་དང་། ཆོམ་རྐུན་དང་མཱདང ་འཕྲོག་པ་ལ་སོགས་པ་གནོད་པའི་བྱེ་བྲག་རྣམས་ལ། ཕྲིན་ལས་རྣམ་བཞིའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་གདོན་གྱིས་ཉེན་པ་སྟེ་ནྱ་ཏེ། ཅིའི་ཕྱིར་ཞེ་ན། མཱི་བཟང་གདོན་གྱིས་ཟིན ་པ་དང་ཞེས་གསུངས་ཏེ། འཇིག་རྟེན་གྱི་སེམས་ཅན་རྣམས་ལ་ཕུང་པོ་དང་ཁམས་མོ་སྙོམས་པ་དང་། སེམས་ཀྱི་རྣམ་པར་རྟོག་པ་ཉོན་མོངས་པའི་གདོན་དང་། གཞན་ཡང་བི་ནཱ་ཡ་ཀ་ལ་ལ་སོགས ་པའི་གླདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཉེན་པ་ལ། ཕྲིན་ལས་རྣམ་བཞིའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་མྱ་ངན་ལས་བྱུང་བའི་རྨི་ལམ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། མྱ་དྲན་ངལ་ལས་བྱུང ་བྱའི་རྨི་ལ་མི་སྡིག་པ་མཐོང་ན་ཡང་ཞེས་གསུངས་ཏེ། ཉོན་མོངས་པའི་སེམསཽ་ནྡན་ཕྱིནི་ཅི་ལོག་ལྟེ་བའི་བག་ཆགས་མྱི་དྲན་གྱི་གདུངས་པ་ལངས་པའི་རྒྱུད་ལུས་དང་སེམས་ངལྔ་ཤིང་ཐང་ཆད་པས ་བློ་གཏིབསྭ་པྲས། གཉིས་ལོག་པའི་རྨི་ལེམ་ན་ལྟས་དུན་གྱི་རྨི་ལམྦ་སྡིག་པའི་བོག་ཆགས་ལས་བྱུང་བ་དམྱལ་པོའི་སྲེག་པ་ལ་སོགས་པའི་རྨི་ལ་མ་སུམ་ཅུ་རྩ་གཉིས་རྨིས་པ་རྣམས་ཕྲིན་ལུས ་རྣམས་བཞིའི་ལས་བྱས་ན་འགྲུབ་པར་གསུངས་དེའི་འོག་ཏུ་ཆུ་གའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེས་ནི་རབ་བཀྲུས་གཙང་མུ་ཡིན།། མདྨོ་སྡེ་དམཱ་པ་མཉན་པར་བྱ་ཞེས་གསུངས་ཏེ།། སྐྱོབ ་དཔོན་སློབ་མ་སྟ་གོན་ལ་གནས་པར་བྱ་བ་དང་།། ལྷ་དང་མི་སྟེ་གོན་ལ་གནས་པར་བྱ་བྱཱ་དང་། རྫས་དང་ཡོ་བྱད་ལ་སོགས་པཱ་སྟ་གོན་ལ་གནས་པའི་ཆོ་གའོ།། དེའི་འོག་ཏུ་སློབ་དཔོན་གྱིས་དཀྱིལ ་འཁོར་གྱི་ཆོ་ག་རྫོགས་པར་བྱས་ལ། བདུད་རྩིའི་བུམ་པས་སློབ་མ་ལ་སོགས་པོའི་སྤྱི་བོ་ནས་དབང་བསྐུར་ཞིང་ཁྲུས་བྱ་བ་ནི་ཕྱི་ནང་གི་དྲི་མ་བཀྲུ་བའོ།། དེ་ལྟར་བདུད་རྩིའི་དྲིམ་པས་ཉོན་མོངས ་པ་རྣམས་གཙང་བར་བྱིན་གྱིས་བརླབས་ནས། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། མདོ་སྡེའི་དོན་བཤད་ཅིང་ཉན་དུ་བཅུག་ལ། བསྒོམ་པའི་ལུང་དབོག་ཅིང་ལྷའི་ངོ་བོ་བསྟན ་པའི་ཐ་ཚིག་གོ།། དེའི་འོག་ཏུ་ཕྱི་ནང་གི་ཆོས་བསྟན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། གང་དོག་ཡང་དགེ་སེམས་དོང་ཤིང་།། གཙང་མའི་གོས་ཀྱིས་རབ་བརྒྱནྡ་ཏེ་ཞེས་གསུངས་ཏེ། སློབ་མ་གཞི་དད་པ་དང་ལྡན ་ཞིང་། ཡིད་དྲག་པ་ལ་སེམས་དང་ཞིང་སྤྱོད་པ་ཆེང་བཱ་དྲང་། བཀའ་བློ་བོད་པ་ལ་ངོ་རྟག་པ་དེ་ལྟ་བུ་དེ་སེམས་ཀྱི་དྲི་མ་དང་བྲལ་བར་བྱས་ཏེ། དེ་ནས་སློབ་དཔོན་གྱིས་སློབ་མ་དེ་ལྟ་བུ་ལ་ནི་རས་སམ་ངར་དཀར་པོ ་ལ་སྩོགས་པའི་གྲོས་གཙང་མ་བསྐོན་ལ་དྲི་ཞིམ་པའི་མེ་ཏོག་གི་ཙེ་དྲ་པན་ལ་སོགས་པའི་རྒྱན་མང་པོས་བརྒྱན་ལ། ཕྱི་ནུང་གི་བུ་རྒྱན་གྱིས་ལུས་སེམས་མཛེས་པར་བརྒྱན་ལ་དེའི་འོག་ཏུ་ཐེག་པ་ཆེན ་བློའི་ཆོས་ཉན་པའི་ཡོནྡ་ཏན་བསྟན་ཅིང་བསྐུལ་བ་གདབ་སྟེ། ཅིའི་ཕྱིར་ཞེ་ན། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བྱ། མདོ་སྡེ་འདི་ནི་ཉིན་བྱེད་ན་ཞེས་གསུངསོ།། དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད ་ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་རྣམ་པར་འཇོམས་པའི་མདོའི་དོན་ཟབ་པ་རྒྱ་ཆེ་བ་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ། མདོ་སྡེ་ཐམས་ཅད་སྙིང་པོ་འདི་ཐག་པ་ཆེན་པོའི་རིགས་ཅན། སློབ་པའི ་རྒྱུན་ལ་ཞུགས་པ་གང་གཱི་མཉན་པར་བྱེད་པ་དང་ཀློག་ཅིང་འཛིན་པ་དང་། གཞན་ལ་དོན་ཉམསུ་ལེན་པའི་ཡོན་ཏན་སློབ་དཔོན་གྱིས་སློབ་མ་ལ་བསྟན་པ་ཏེ། དེ་ལྟར་བསྟན་ནས་དེའི་འོག་ཏུ་ཉན་པའི ་བཱིསོད་ནམས་ཀྱི་ཕན་ཡོན་སྟོན་ཏེ། ཙིའི་ཕྱིར་ཞེ་ན། མདོ་སྡེ་འདི་ཡ་གཟི་བརྗིད་ཀྱིས།། སྲོག་ཆགས་དག་ནི་ཐམས་ཅད་ཀྱི་ཞེས་གསུངས། མདོ་སྡེ་འདི་མཉན་ཅིང་ཉམ་སུ་བླངས་པིའི་ཡོནྡ་ཏན ་གྱི་གཟི་བརྗིད་ཀྱིས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྣམ་པར་རྟོག་པ་དང་སྡུག་བསྔལ་གྱི་བྱེ་བྲག་རྣམས་ལ་ཕན་པའི་ཐ་ཚིག་གོ། ཅིའི་ཕྱིར་ཞེ་ན། མི་ཟད་པ་ཡི་ནད ་རྣམས་ཀྱང་། དེ་དག་ཐམས་ཅད་ཞི་བརྱ་ལྔ་ཞེས་གསུངས་ཏེ། ཁཱམ་སྭཱ་གསུམ་གྱི་སེམས་ཅན་རྣམས་ལ་ལུས་དང་ཉོན་མོངས་པའི་བག་ཆག་རྒྱུ་དང་འབྲས་བུའི་ཚུལ་ཤིན་ཏུ་མི་བཟད་པའི ་ནད་ཀྱི་རང་བཞིན་པས། དེ་ཞི་བར་བྱ་བ་གོང་དུ་གསུངས་པ་ལྟར་བྱ་བའི་ཐ་ཚིག་གོ། དེ་ལྟར་གནོད་པ་ཞི་ནས་དེའི་འོག་ཏུ་བདེ་བ་ཐོབ་པའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཆུ་དང་བསོད་ནམསུ ་འཕེལ་བར་འགྱུར།། སྡིག་པོ་ཀུན་ལས་རྣམ་པར་ཐར་ཞེས་གསུངས་ཏེ། སེམས་ཅན་གྱི་ལས་ཀྱི་བག་ཆགས་ཀྱི་མཐུས་ཚེ་ཟད་ཅིང་འཚོ་བ་ལ་སོགས་པ་ལ་མདོའི་དོན་མཉན་པས་བསྒོམ ་བྱཱའི་ཚུལ་མ་ནོར་བར་བྱས་ན་ཚེ་དང་བསོད་ནམས་ཚད་མེད་པ་འཕེལ་བར་འགྱུར་ཞིང་། ཉོན་མོངས་པའི་སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་བའི་ཐ་ཚིག་གོ།། ཆོ་གའི ་xxx ་བུཾ་བའི་ཆོ་གའི་རྐྱེན་བསྟན་ཏེ། ཅིའི་ཕྱིར་ཞེ་ནཱ། ནོར་བུ་ཡུངས་ཀར་དྷཱུ་བ་དང་། ཞེས་གསུངས་ཏེ། ནོར་བུ་ནི་མུ་ཏིག་དང་། བྷུ་རུ་དང་། གཎྜཱི་དང་། མཆོད་དང་། རིན་པོ་ཆེ་དང་། ཞེས་བྱ་བའི་ཐ་ཚིག་གོ། ་ཡུངསྱ་ཀར་ནཱི་འབྲུཾ་སྨཻ་ལྔའི་གཙོ་བ་སྟོ། དེར་ཁོངསུ་བསྡུ་བ་ནཱི། ནསཾ་གྲོ་ཏིལ་འབྲས་མེན་སྲན་ལ་སོགས་པའོ།། དྷུ་བྲྀ་ན~ཾ་ཁ་རྒྱུན་གྱི་དོན་ཏེ། དེའི་ཁོངསུ་བསྟྲ་བྱཱ་ནི་བྱཱ་གྷི་སྙིང་གྲི་ཙན་དྲན་ལ་སོགས་པ ་པ་དྲི་ཞིམ་པོའི་ཤིང་ཙྪིན་ངན་ལ་སོགས་པ་ཡལྤཱ་གྷ་དྭེངྒ་བཅིས་ཞེས་པཱ་ནཱི། ད་ནི་རིན་པོ་ཆེ་ལྷ་དྲུང་སྙིང་པོ་སྟོན་ཏེ། རིན་ཆེན་རྨ་མིང་ཅན་དན་བཅས། ཞེས་པ་ནི་རིན་པོ་ཆེ་ནི་རྣམ་པ་ལྟ་སྟེ། བཻ་ཌཱུརྱ་དང་། གཤེ། ་དང་། ཤལ་དང་། ཨིནྡྲ་ནཱི་ལ་དང་། བྱུ་རུ་ཞེས་པའི་དོན་ནོ།། རྨ་མེད་པ་ནི་དེ་རྣམས་ལ་སྐྱོན་ལ་སོགས་པ་མེད་པའོ།། ཙན་དན་ནི་གླ་རྩ་དང་གུར་གུམ་དང་། སྤོས་དང་། ཙན་དོན་དང་། ཨ་ཀ་རུ་ལྀ་སོགས ་པའི་བྱེ་བྲག་སྨྲོས་པའི་དོན་ཏོ།། ཤེལ་དང་རྡོ་རྗེ་མྱེ་ཏེག་དྲུང་ཞེས་པ་ནི་ཤེལ་དང་རྡོ་རྗེ་གཉིས་ནཱི་སྙིང་པོར་ཤེས་པའི་དོན་ནོ།། ཤྭེ་ལཱ་ནཱི་མེ་ཤེལ་དང་ཆུ་ཤེལྱ་གཉིས་ཀྱི་དོན་ནོ།། ད་ནི་སྙིང་པོ་ཕྱི་མ་གསུམ་གྱི་དོན ་སྟོན་ཏོ།། འོ་མའི་སྙིང་པོ་མར་དང་། ཤིང་གཱི་སྙིང་པོ་བུ་རྣམ་དང་། མེ་ཏཾ་གུ་ནི་བུམ་པའི་གདན་གྱི་ཐ་ཚིག་གོ། དབྱར་ནི་མེ་ཏོག་གི་དཀྱིལ་འཁོར་བྱ། དགུན་ནི་ཚོནྡ་སྣ་ལྔའི་དཀྱིལ་འཁོར་པདྨ་ལ ་སྲོགས་པ་ལ་བྱ་བའི་དོན་ནོ།། གཞན་དུ་བུམ་པའི་ཁ་རྒྱན་ཏེ། མེ་ཏོག་ལ་སོགས་པ་དག་གི་ཁྭ་རྒྱན་བྱ་བའི་ཕྱིར་སྨོས་སོ།། ཆུའི་གསེར་ར་མ་ཡང་ན་ནི། དངུལ་གྱི་བུམ་དག་ཀྱང་རུང་། གཙོང་མའི ་གོས་ཀྱི་དཀྲིསྲྀ་ཤིང་དགང་ཞེས?་པ་ནི་བུམ་པའི་རྒྱུ་སྟེ། རྒྱལ་པོས་ནི་གུ་སྨེར་གྱི་བུམ་པུ་བྱ། བློན་པོ་ནཽ་དངུལ་གྱི་བུམ་པཱ། ཀྱང་ནི་ཚིག་གི་ལྷག་མ་ཙནྡ་ཏེ། དམྱངསྭ་ཕལཱ་པ་ནི་ཟངས་དང་ལྕགས ་ལཱ་སོགས་པའི་བུམ་པ་བྱ་བའི་དྲོན་ཏོ།། གཞོན་དུ་ན་ཕྲིན་ལས་སོ་སོའི་བྱེ་བྲག་ཏུ་ཤེས་པར་བྱའོ།། གཙང་མའི་གོས་ནི་རས་ཁ་ཆེ་རུ་མ་ཉམས་པ་ཏིང་དེ་འཛིན་བྱིན་གྱིས་བརླབ་པའི་ཐ་ཚིག་གྷོ། ་དེའི་འོག་ཏུ་གྲངས་སྟོན་ཏོ།། ཅིའི་ཕྱིར་ཞེ་ན། ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལོན་གྲངས་བརྒྱ་རྩ་བརྒྱད།། རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། ཞེས་གསུངས་ཏེ། གྲངས་ཀྱི་དོན ་ཏེ། དམངས་ཀྱི་ནི་ཉི་ཤུ་རྩ་གཅིག་ལ་སོགས་ཏེ། ཇི་ཙམ་འབྱོར་པའོ།། བློན་པོ་ནི་བརྒྱ་རྩ་བརྒྱད་ལ་སོགས་པ་སྟེ། འགྲུབ་ཚད་དོ།། རྒྱལ་པོ་ནི་བསོད་ནམས་ཆེས་པས་ཐ་མ་བཱརྒྱུ་རྩ ་བརྒྱད་དོ།། བློན་པོ་ཐ་མ་ཉི་ཤུ་རྩ་གཅིག་གམ། དམངས་ཀྱི་ཐ་མ་བདུན་ནོ།། དེ་ནི་གྲངས་ཀྱི་བསྙེན་པའོ།། མཚན་མའི་བསྙེན་པ་དང་། ཚིགྲ་དང་དོན་བཟློག་པ་ནི་རང་བཞིན་གྱིས་ཤེས་པར་བྱ་བའི་ཐ་ཚིག ་གོ། དེའི་འོག་ཏུ་ཁྲུས་བྱ་བའི་དམིགས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིགླ་ཅེས་གསུངས་ཏེ། རྒྱལ་པོ་སྟོབས་ལྷུན་སྙིང་པོ་ལ་སོགས་པ་རྒྱ་ལྔ་པོའི་རིགས་སུ་གཏོག་སྱ་པཱ་རྣམསོ།། ་རྒྱལ་པོ་སྣ་ལ་སྨོས་པ་ཅིའི་ཕྱིར་ཞེ་ན། བསོད་ནམོས་ཆེ་བ་ཡིས་བྱས་ན་སྣ་ཚོགས་ལ་སྨོས་པའི་ཕྱིར་རོ།། དེ་ས་ཐམས་ཅད་བདེ་བའི་ཕྱིར་རོ།། དམངས་ནི་རྒྱལ་པོའི་འཁོར་བས་དོན་གྱིས་ཤེས ་པོར་བྱ་བའི་ཐ་ཚིག་གོ།། མདོ་ཡི་དོན་གྱི་དགོངས་པ་ལ། རིགས་པའི་ཚུལ་གྱིས་འདི་གཞུང་འཆད།། འཕགས་པ་རྣམས་ལ་བཟོད་པར་གསོལ།། འདིའི་གྲུབ་བརྩམས་པས་འདི་གྲུབ་ཤོག། ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པ། སློབ་དཔོན་བདེ་བའི་མྱུ་གུས་མཛད་པ་རྫོགསོ།། ་