CLOSE WINDOW

GT151: dpal 'khor lo sdom pa'i sgrub pa'i thabs
Wyliee-texts produced with BDRC’s OCR application

དྷྱ་ཀགར་སྐད་དུ། ཤྲཱི་ཙཀྲ་ས~ཾ་བཱ་ར་སཱ་དྷཱ་ན། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལོ།། འགྲོ་ཀུན་དོན་ལ་རབ་གཞལ་བའི། ་རང་རྒྱུད་སྔགས་དང་རྣལ་འབྱོར་ཤེས།། ཕྱི་རོལ་རྣམ་དག་སྤངས་ནས་ནི།། དམ་ཚིག་མཉམ་ཉིད་རྣལ་འབྱོར་ཆེ།། ནང་པར་སང་བ་དང་མལ་ནས་ལངས་ཏེ། རྣལ་འབྱོར་རྗེས་སུ་མཐུན་པའི་གནས་སུ། སྟེན་བདེ་བ་ལ་འདུག་ནས།། བདུན ་རྩིའི་རོལ་བུ་ཁར་བཅུག་ལ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་དོན་དྲན་པར་བྱས་ཏེ། སྙིང་ཀར་ཟླ་བ་ལ་དཔལ་མཆོག་དང་པོའི་ཡི་གེ་ཡེ་ཤེས་ལྔའི་རང་བཞིན་ཅན་འོད་ཟེར་དང་བཅས་པའོ།། དེས་སྒོ་གསུམ་གྱི་དྲི་མའང་སྦྱང་ངོ་།། འོད་ཟེར་འཕྲོ་བས ་དངོས་གྲུབ་པ།། བསྐུལ་ནས་ཕྱག་བཙལ་རང་ལུས་གཞུག། རྐང་པ་གསུམ་མདོ་ལྟེ་སྙིང་ག། རླུང་དང་མེ་ཆུ་ས་ཡིན་ནོ།། སྐལ་ཚིགས་རི་རྒྱལ་དེ་བཞིན་ཏེ།། ལུས་ནི་མཉམ་པ་སྒོ་བཞི་རླུང་།། རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི།། ལུས་ནི ་དཀྱིལ་འཁོར་དུ་འདོད་དེ།། ཨོཾནྡྲ་ནཱི་ལ་མཚུངས་པའི་མདོག། ཞལ་བཞི་ར་རེ་སྤྱན་གསུམ་པ།། རྩ་བའི་ལུས་མདོག་ལྗང་དང་དམར།། གསེར་གྱི་འོད་ལྟར་གཙིགས་པ་པོ།། རལ་པའི་ཐོར་ཚུགས་ཟླ་བས་བརྒྱན།། ཐོད་ཕྲེང་སྣ་ཚོགས་རྡོ་རྗེ ་བཅས།། རྡོ་རྗེ་དྲིལ་བུས་ཡང་དག་འཁྱུད།། གཉིས་ཀྱིས་གླང་པོའི་པགས་པ་བསྣམས།། གཡས་ཀྱི་ལག་ན་ཌ་མ་རུ།། དགྲ་སྟ་གྲི་གུག་རྩེ་གསུམ་པ།། གཡོན་ན་ཁ་ཊྭཱཾ་ག་ཐོད་པ།། ཞགས་པ་ཚངས་པའི་མགོ་བོ་བསྣམས།། གཡས ་བརྐྱང་བ་ཡི་གར་གྱིས་ནི།། འཇིགས་བྱེད་དུས་མཚན་མཉམ་པར་མནན།། སྔགས་ལྗགས་བསྣམས་དཀྲིས་མགོ་ཕྱེང་ཅན།། ཉམས་དགུ་རྒྱན་དྲུག་གིས་བཏང་བའོ།། པ~ཾ་ལས་འཁྱུད་པའི ་བཅོམ་ལྡན་ཡུམ།། ཞལ་ཅིག་སྤྱན་གསུམ་དམར་འབར་བ།། སྐྲ་གྲོལ་དུམ་བུའི་རྒྱུན་གྱིས་བརྒྱན།། བྱིན་པ་གཉིས་ཀྱིས་ལེགས་པར་འཁྱུད་།། གཡོན་པས་འཁྱུད་ཅིང་ཐཾད་པ་དག། གདུག་པ་བདུད་ཀྱི་ཁྲག་གིས་གང་།། གཡས ་བ་རྟག་ཏུ་སྡིགས་མཛུབ་དང་།། མོ་རུངས་པ་ཡི་གྲི་གུག་བསྣམས།། བདེ་ཆེན་ཐུགས་རྗེའི་རང་བཞིན་ཅན།། ཁ་སྦྱོར་ཕྱེ་ཉིད་ལེགས་ཤེས་པས།། ཐུགས་སུ་ཨ་བི་དྷཱ་ཏཱི་ཧཱུཾ། མ་བཅོས་ནང་གི་བདག་ཉིད་དེ།། མཁའ་འགྲོ་ལཱ་མ ་དུམ་སྐྱེས་མེ།། གཟུགས་ཅན་མ་སྟེ་བཞི་རྣམས་ཀྱང་།། ཞལ་མདོག་དང་མཚུངས་ཁ་ཊྭཱཾ་སྣོད།། གྲི་དང་ཕྱག་རྒྱ་ལྔ་ཡི་སོ་བརྒྱན།། མཆོད་པ་བཞི་ཡི་རང་བཞིན་རྩ།། ཕྱོགས་བྲལ་བདེ་ཆེན་འཁོར་ལོ་སྟེ།། མཾ་ལཾ་པཾ་ཏཾ་ཧཱུཾ་བརྒྱད་ཀྱང ་དམ་ཚིག་ཅིག་ཅར་བཤད་པ་ཡིན།། པུ་ཛྙཱ་ཨོ་ཨཿགཽ་རཱ་དྭེ་མཱ་ཀཱ། ཨོ་ཏྲིདྱ་ཀོཿཀ་ལ་ཀཱ་ཧིཿཔྲེ་གྲྀཿསཽ། སུཿནནྟསི་མ་ཀུ། འདི་དག་གནས་སུ་རྣལ་འབྱོར་མ།། རྩ་ཡིན་དཔའ་བོ་ཉི་ཤུ་བཞི།། ལུས་ཀྱི་ཁམ་སུ་བརྟག ་པར་བྱད། དེ་དག་ཀྱང་གང་ཞེ་ན། གོ་རིམ་ཇི་ལྟ་བར།། སྤྱི་བོར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ།། སྤྱི་གཙུག་ཏུ་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མའོ།། རྣོ་བ་གཡས་པར་ཀངྐ་ལ་དང་།། འོད་ལྡན་མའོ།། ལྟག་པར་མཆེ་བ ་རྣམ་པར་གཙིགས་པ་དང་།། སྣ་ཆེན་མ་སྟེ་གནས་སོ།། རྣ་བ་གཡོན་པར་སུ་ར་བཻ་རི་དང་།། བརྟན་པའི་བློ་ཅན་མའོ།། སྨིན་མའི་མཚམས་སུ་ཨ་མི་ཏཱ་བྷ་དང་མི་ཐུང་མའོ།། མིག་ཏུ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མའོ།། ཕྲག་པར་རྡོ་རྗེའི་སྐུ ་དང་། ཤིང་གྲིབ་ནི་ཉེ་བའི་གནས་ཏེ། ཐུགས་ཀྱི་འཁོར་ལོ་ན་མཁའ་ལ་སྤྱོད་པ་མདོག་སྔོན་པོའོ།། མཆན་ཁུང་དུ་མྱུ་གུ་ཅན་དང་ས་སྲུངས་མའོ།། ནུ་མར་རྡོ་རྗེ་རལ་པ་ཅན་དང་།། འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་།། ལྟེ་བར་དཔའ་བོ ་ཆེན་པོ་དང་རླུང་གིས་ཤུགས་ཅན་མའོ།། སྣ་རྩེ་ར་བཛྲ་ཧཱུཾ་ཀ་ར་དང་།། ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་།། ཁར་རབ་ཏུ་བཟང་པོ་དང་ཤྱཱ་མེ་དོ་བིའོ།། མགྲིན་པར་རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མཽ་སྟེ་ཚནྡོ་ཧའོ།། སྙིང་གར་འཇིགས་བྱེད ་ཆེན་པོ་དང་རྟ་རྣ་མའོ།། འདོམ་པར་མིག་མི་བཟང་དང་། བྱ་གདོང་མ་སྟེ་ཉེ་བའི་མཚན་དོ་ཧ་སྟེ་གསུང་གི་འཁོར་ལོས་ལ་སྤྱོད་པ་མདོག་དམར་པོའོ།། མཚན་མ་ལ་སྟོབས་པོ་ཆེ་དང་། ཙཀྲ་བེ་གེའོ།། བཤང་ལམ་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ ་ཧ་སྟེ་འདུས་པ་ཅན་ནོ།། བརླར་རྟ་མགྲིན་དང་། ཤཽཎྜི་ནིའོ།། བྱིན་པར་ནམ་མཁའི་སྙིང་པོ་དང་། ཙཀྲ་ཝརྨི་ཎཱི་སྟེ་ཉེ་བའི་འདུས་པ་ཅན་ནོ།། སོར་མོ་རྣམས་ལ་ཤྲཱི་ཧེ་རུ་ཀཾ་དང་ཤིན་ཏུ་དཔལ་མོའོ།། བོལ་གོང་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས ་ཆེན་མ་སྟེ། དུར་ཁྲོད་དོ།། མཐེ་བོང་ལ་རྣམ་པར་སྣང་བྱེད་དང་ཙཀྲ་ཝརྟི་ནིའོ།། པུས་མོ་གཉིས་ལ་རྡོ་རྗེ་སེམས་དཔའ་དང་།། བརྩོན་འགྲུས་ཆེན་མོ་ནི་ཉེ་བའི་དུར་ཁྲོད་དོ།། སྐུ་ཡ་འཁོར་ལོས་འོག་ན་སྤྱོད་པ་སྟེ།། མདོག་དཀར་པོའོ།། ཁཎྜ ་ཀླུ་བ་ལ་ལ་སགས་པའི་དས་བ་རྣམས་བམ་ལྡན་འདས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་ཏེ། འན་ཐང་ག་རྒྱགསས་ཕྱུག་གཉིས་པའོ།། རྡོ་རྗེ་རྣལ་འབྱོར་མ་རྣམས་ནིརྡོ་རྗེ་པག་མའི་རྣམ་པ་ལྷྭ་བནན་དྷ། ་དཱནྟུ་ཡོངས་སུ་དག་པ་རྣམ་སོ།། ཁཱ་ད་དང་འུག་པ་དང་། ཁྱི་དང་ཕག་གི་གདོང་བ་ཅན་རྣམས་དང་། གཤིན་རྗེ་བརྟན་མ་དང་། ཕོ་ཉ་མོ་དང་།། མཆེ་བ་ཅན་དང་འཇོམས་མ་སྟེ། འདི་དག་ཀྱང་ཕྱོགས་དང་མཆིམས་སུ་མཁའ་འགྲོ་མ་ལ ་སོགས་པ་ཇི་ལྟ་བ་བཞིན་ཏེ། མཚམས་ཀྱི་ལྷ་མོ་རྣམས་ནི་འོན་ཀྱང་གཟུགས་གཉིས་མའོ།། བྱང་ཆུབ་ཕྱོགས་ཀྱི་རང་བཞིན་ཅན།། མེ་ལོང་གཟུགས་བརྙན་བཞིན་གསལ་བལྟ།། དེ་ནས་གོ་ཆེ་གཉིས་ཤེས་ནས།། ཡེ་ཤེས ་འཁོར་ལོ་རྣམ་པར་བསྒོམ།། སྙིང་ག་མགོ་བོ་སྤྱི་གཙུག་དང་།། ཕྲག་པ་མིག་དང་ཡན་ལག་ལ།། རྡོར་སེམས་སྣང་མཛད་གར་དབང་ཕྱུག། ཁྲག་འཐུང་ཉི་མ་རྟ་མཆོག་བསམ།། ལྟེ་བ་སྙིང་ག་ཁ་སྤྱི་བོ།། སྤྱི་གཙུག་ཡན ་ལག་ཐམས་ཅད་ལ།། ཕག་མོ་གཤིན་རྗེ་རྨོངས་བྱེད་མ།། སྦྱིན་བྱེད་སྐྲག་བྱེད་གཏུམ་མའོ།། ཨཾ་ཧེ་ནཱ་མ་ཧིཿསྭཱཧྨ་ཧུ་གཻ་ཥ་ཊ་ཧཱུཾ་ཧཱུཾ་ཧྲཱི་ཧཾ་ཕཊ་ཧཾ། ཨཾ་བཽ་ཧཾ་ཡཻ་ཧྲི་མཾ་ཧྲེཾ། ཏྲྀ། ཧཱུཾ་ཧཱུཾ་ཕཊ་ཕཊ། སྔགས་དང་ཕྱག་རྒྱ་སྦྱོར ་བ་ཡིས། སྤྱན་དྲངས་མཆོད་ནས་རང་ལུས་གཞུག། དེ་བཞིན་རྒྱུན་ནི་དབང་བསྐུར་ནས།། ཅོད་པན་དང་ནི་ལྷག་པའི་ལྷ།། ཛཿཧཱུཾ་བ~ཾ་ཧོཿོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཕཊ་ཌཱ་ཀི་ནི་ཛྙཱ ་ལ་སཱི་དྷ་ར་སྭཱཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ།། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱ་ཡེ་ཧུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་མའི་སྙིང་པོ་དང་། ཉེ་བའི་སྙིང་པོའོ།། རབ་ཏུ་འབད་ནས་མཆོད ་ནས་ནི།། དུང་ཆེན་ཕྲེང་བ་བླང་བྱ་སྟེ།། ཇི་སྲིད་སྐྱོ་བར་མ་གྱུར་པ།། དེ་སྲིད་དུ་ནི་རབ་ཏུ་བཟླས།། བསམ་གཏན་མི་ནུས་རྣལ་འབྱོར་པས།། གོ་ཆེ་ཆེ་ལ་སོགས་བསྲུངས་ཏེ།། རང་གི་ལྷག་པའི་ལྷ་སྦྱོར་བས།། སེམས་ཅན་ཀུན་ལས་རབ་བརྟག་བྱ ་རྐང་པ་བརྒྱད་པའི་སྔགས་བཟླས་ཤིང་། ཚངས་པར་སྤྱོད་པ་རྟག་ཏུ་བསམ།། ཟས་ཀྱི་རྡོ་རྗེ་སེམས་སོགས་དང་།། སྙིང་གའི་དཀྱིལ་འཁོར་སྦྱིན་སྲེག་བྱ།། ཞི་བའི་བཏུ་བ་བཞི་མྱངས་པས།། རྟོག་པའི་དངོས་གྲུབ་ཐོབ་པར་འགྱུར།། དམ ་ཚིག་ལེགས་སོ་ལེགས་གནས་པས།། མཚན་ཕྱེད་གྱུར་ནས་གཏོར་མ་སྦྱིན།། ཨོཾ་ཨ་རལླི་ཧོཿཛཾཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀཾ་ནི་ས་མ་ཡོ་སྟྭཾ་དྲྀ་ཤྱ་ཧེཿོཾ་ཨཱཿཧཱུཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་བི་ཤཱ ་ཙེནྨ་ད་ཨ་བ་སྥཱ་ར། བཛྲ་ཌཱ་ཀ་ཌཱ་ཀིནྣ་དཱ་ཡ། ཨོཾ་མི་གཻ་ལིང་གྲྀཧྞ་ཏུ་ས་མ་ཡཾ་རཀྵ་ནུ་མ་མ་སརྦྦ་སིདྡྷིམྨེ་པཱ་ཡཙྪིན་ཏུ། ཡ་ཐཻ་བཾ་ཡ་ཐེཥྚོ་བྷུཉྫ་ཐ། ཛི་གྲ་ཐ་པི་བ་ཐ་མཱ་ཏི་ཀྲྀ་མ་ཐ་མ་མ་སརྦ་ཀརྟ་ཡ་སརྦྦ་ཁཾ་བི་ཤུདྡྷ་ཡཻ་སཾ་ཧ་ཡཾ་ཀ་བྷ་བནྡྷ ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྟག་ཏུ་སྙིང་ལ་གནས་པ་ཡི།། ཐིག་ལེ་གཅིག་ལ་འགྱུར་མེད་དེ། དེ་སྒོམ་བྱེད་པའི་སྐྱེ་བོ་ལ།། ངེས་པར་ཡེ་ཤེས་སྐྱེ་བར་འགྱུར།། ཁ་ཊྭཱ~ཾ་ག་ནི་ལྷ་ཡི་སྐུ། ཤེས་རབ་ཌ་མ་རུ་ཡི་སྠི།། ཉིན་མོ་བཅོམ་ལྡན ་རྡོ་རྗེ་ཅན།། རྣལ་འབྱོར་མ་ནི་མཚན་མོ་བཤད།། གཉིས་མེད་ཡེ་ཤེས་སེམས་ལྡན་ལ།། མི་བྱ་བ་ནི་ཅི་ཡང་མེད།། འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ།། དཔའ་བོ་སེང་གེ་བཞིན་དུ་སྤྱོད།། ་མྱ་ངན་འདས་བྱུང་དཔའ་བོ་རྣམས།། སྡུག་པ་ཡིད་ཀྱི་སྤྲུལ་པ་སྟེ།། དག་པ་ཆོས་ཀྱི་སྤྲུལ་པ་ནི།། ཕག་མེའི་གཟུགས་སུ་བསྟན་པ་ཡོན།། སེམས་ལ་རྣམ་གནས་རྣལ་འབྱོར་པ།། མྱ་ངན་འདས་པ་མི་སྟོན་ཏོ།། གལ་ཏེ་འཕོ་འགྱུར ་རྣལ་འབྱོར་པ།། མཁས་སྤྱོད་པ་ཡི་གནས་སུ་ཁྲིད།། དེ་ལྟའི་དཔའ་བོ་ཆེན་པོ་དང་།། རྣལ་འབྱོར་མ་ནི་ས་སྟེང་དཀོན།། ཆོ་ག་སྣ་ཚོགས་ཉམས་དགའ་བ།། བསམ་པ་སྣ་ཚོགས་གཟུང་བའི་ཕྱིར།། རྡོ་རྗེ་འཆང་གིས་གསུངས་པའི ་ཕྱིར། ཨོཾདེ་ཉིད་མེད་ན་འཆིང་འགྱུར་ལ།། གང་ཞིག་དེ་ཉིད་ཡོད་གྱུར་ན།། དེ་དག་ཐམས་ཅད་དགྲོལ་བའི་རྒྱུ།། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་ཀྱི་མན་ངག། ཕྱག་རྒྱ་ཆེན་པོ་གྲུབ་པ།། དཔལ་དྲིལ་བུ་ཞབས་ཀྱིས་མཛད ་པ་རྫོགས་སོ།། ། པཎྜི་ཏ་པྲཛྙཱ་བྷ་དྲ་དང་། ལོ་ཙ་བ་མལ་གྱོ་བློ་གྲོས་གྲགས་ཀྱི་བསྒྱུར་བའོ།། @། རྒྱ་གར་སྐད་དུ། ཤཱཾ་ཙཀྲ་ས~ཾ་བར་པཉྩ་ཀྵ་མ། བོད་སྐད་དུ ་