CLOSE WINDOW

GT1508: 'phags pa rdo rje rnam par 'joms pa zhes bya ba'i gzungs kyi rgya cher 'grel pa rim po che gsal ba zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཱུརྱ་བཛྲ་བི་དཱ་རཱ་ཎ་ནཱ་མ་དྷཱ་ར་ཎཱི་ནཱི་ཀཱ་རཏྣ་སཱུ་རཱ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བ། རྡོ་རྗེ ་རྣམ་པར་འཇོམས་པ་ལ་ཕྱག་འཚ་ལོ།། དོན་དམ་གཉིས་མེད་མཆོག་ཏུ་གསང་བའོ་བདག། སངས་རྒྱས་བྱང་ཆུབ་སེམས་སོགས་བསྐྱེད་མཛད་རྡོ་རྗེའི་སྐུ།། སྣ་ཚོགས་རྣལ་འབྱོར་སྐུ་གསུམ་ཡེ་ཤེས་དག་གྱུར་པའི།། ་འཇམ་དཔལ་གསུང་གི་དབང་ཕྱུག་ལ་ནི་སྤྱི་བོས་མདུད།། རྡོ་རྗེ་ཐམས་ཅད་འཇོམས་མཛད་ཅིང་།། ཁྱད་པར་གདུག་པ་ཀུན་འདུལ་ཕྱིར།། རྡོ་རྗེའི་སྐུར་གནས་རྣམ་འཇོམས་དང་།། བླ་མ་གཞོན་ནུའི་སྡེ་ལ་བསྟོད།། སངས ་རྒྱས་ཀུན་གྱི་གསུངས་པ་ཡི།། དོན་གྲུབ་རྡོ་རྗེ་རྣམ་འཇོམས་ནི།། བླ་མ་ལྷས་ནི་བྱིན་བརླབས་ནས།། འཇམ་དཔལ་གོ་ཆས་གསོལ་བཏབ་བཤད།། སངས་རྒྱས་མཆོག་གི་ཆོ་གསུངས་པ།། མདོ་སྡེ་མངོན་པ་འདུལ་བ ་དྲང་།། རིག་པ་འཛིན་པའི་སྡེ་བཞིར་གནས།། དེ་ཡང་བཞི་སྟེ་བྱ་བའི་རྒྱུད།། སྤྱི་དང་བྱེ་བྲག་དེ་ལ་གཉིས།། རྟོག་པ་བདག་ནི་ལཱ་སུ་བཤད།། རིགས་གསུམ་ཕྱེ་ལས་རྡོ་རྗེ་སྟེ།། མི་བསྐྱོད་ཕྱག་རྡོར་བདུད་རྩི་དང་། མཱ་མ ་ཀཱི་དང་ལུ་གུ་རྒྱུད།། དེ་དག་དོན་སྟོན་རྡོ་རྗེ་ནི། རྣམ་པར་འཛིན་གཟུངས་གསུངས་པ་ནི།། ལོག་པའི་སྙིང་པོ་གདུལ་ཕྱིར་དང་། མ་འོངས་པ་ལ་ཕྱིར་གསུངས་པ།། བོད་ནི་རྩ་བོའི་རྒྱུ་ཆེན་ཏེ།། རྡོ་རྗེ་ལྷུན་པོའི་རི་རབ ་ཟོམ། རྒྱུད་དོ་ཅོག་ནི་བརྒྱ་རྩ་བརྒྱད།། དེའི་དང་པོར་འདི་གསུངས་པས།། རྩ་བ་བཤུད་པར་རབ་ཏུ་གྲགས།། རྒྱུད་ཚུན་དེའི་དོན་རྣམས་ཀུན།། མདོར་བསྡུས་ཟབ་མོར་སྟོན་པ་ན།། མདོ་སྡེར་བདེ་བར་གཤེགས་པས ་གསུངས།། དེ་ཡི་དོན་རྣམས་མདོར་བསྡུ་ན།། སྔོན་བྱུང་སངས་རྒྱས་འཕྲུལ་པ་དང་། རྗེས་འཇུག་མངོན་རྟོགས་མན་ངག་གོ།། དང་པོ་ལ་ནི་རྣམ་བཞི་སྟེ།། རྒྱུ་དང་རྐྱེན་དང་འབྲས་བུ་དང་།། དེའི་མཇུག་ནི་བསྡུ་བར་འདོད།། དང་པོ་ལྔ་ཡིན་གཉིས ་པ་ལ།། གཉིས་ཏེ་དེ་དག་གཉིས་གཉིས་གསུངས།། གསུམ་པ་གསུམ་དེ་དང་པོ་ལ།། གཉིས་གཉིས་དག་ཏུ་ཤེས་པར་བྱ།། བཞི་པ་གཉིསུ་དང་པོ་གཉིས།། གཉིས་པ་བཞི་རུ་ཤེས་པར་བྱ།། དང་པི་གཉིས་པ་མན་ངག་བཞིན་དབང་པོ ་རབ་འབྲིང་ཐ་མ་ལྷ།། བཤད་པ་རྣམ་པ་གསུམ་བྱའོ།། དགོས་པ་རྣམ་པ་གཉིསུ་བསྡུམ།། ཚིག་དོན་བརྒལ་ལན་མཚམས་སྦྱར་ལ།། རྣམ་པ་ལྔརུ་ནི་འདིར་ཤེས་བྱ།། དེ་ལ་ལྷ་དང་སྔགས་དབྱེར་མེད་པས་རིག་པ་འཛིན་པའི་སྡེ་སྣོད་དེ།། ་དེ་ཡང་རིག་པ་འཛིན་པའི་སྡེ་སྣོད་གསལ་བའོ།། ཞེས་གསུངས་པ་དང་། སྔགས་ཉིད་ལྷ་སྟ་དེ་ཉིད་སྔགས་ཞེས་གསུངསོ།། དེ་ལྟ་བུ་དེ་ལ་མེདོ་སྡེར་ཡང་གྲགས་ཏེ།། དོན་གཉིས་མདོར་སྟོན་མདོ་སྡེ་ཞེས། གསང་སྔགས་མེདོ ་སྡེའི་ཚུལ་དུ་ངས་བཤད་ཉིན་ཞེས་གསུངསོ།། དེ་བཤད་པར་བྱ་བ་ནི་ལྔ་སྟེ། བརྗོད་པ་བྱ་བ་ནི་སྟོང་པ་ཉིད་ཀྱིས་དོན་རྣམ་པར་འཇོམས་པའི་ཐེབས་དང་བཅས་པའོ།། བརྗོད་པར་བྱེད་པ་ནི་གཞུང་གི་ཆོ་ག་སོ།། དེའི་དགོས་པ་ནི ་རྒྱལ་པོ་ལོག་པའི་སྙིང་པོ་དང་། གདོན་མ་རུངས་པ་འདུལ་བ་དང་། མ་འོངས་པའི་སྐྱེ་བོ་བྱང་ཆུབ་ལ་གནས་པར་བྱའོ།། དགོས་པའི་ཡང་དགོས་པ་ནི་དེ་དག་ཀྱང་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པའོ།། འབྲེལ་པ་ནི་བརྗོད་བྱ་རྫོབ་བྱེད་དག་པ ་དང་ཐབས་ལྔས་བྱུང་བ་སྟེ། ཐབས་དང་ཐབས་བྱུང་ཇི་ལྟ་བུ་ཞེས་གསུང་སོ།། ད་ནི་རྒྱུད་ཀྱི་དོན་ཉིད་བཤང་པར་བྱ་སྟེ། ཤེས་རབ་དང་ལྡན་པ་ལ་མཚན་བསྟན་པས་ཀོ་ལ། དེ་ཡང་ཕན་པའི་མཇུག་ནས་དྲང་བར་བྱ་སྟེ། རྡོ་རྗེ་རྣམ་པར་འཇོམས ་པ་ཞེས་བྱ་བའི་གཟུངས་ཞེས་སྨོས་ཏེ། དེ་ལ་རྡོ་རྗེ་ནི་མི་ཕྱེད་ཅིང་མི་ཤིག་པའི་ཕྱིར་ནི་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེསོ།། དེ་ཉིད་ལྷ་དུང་གཟུངས་ལ་གདགས་པར་བྱ་སྟེ། དེ་ཡང་རྡོ་རྗེ་ཞེས་བརྗོད་པས།། རྣམ་པ་ཀུན་མཚིག་ལྡན་པ་ཡི།། སྟོང་པ་ཉིད་ལ ་རྡོརྗེ་བཛྲོ་ཞེས་པ་དང་། ལྷ་དང་སྡིགས་ནི་རྡོ་རྗེརེ་འདུས་ཞོས་གསུང་སོ།། དེས་ནི་བདག་གི་དོན་འགྲུབ་པར་བྱེད་པ་སྟེ། འོག་ནས་སྟོན་ཏོ།། རྣམ་པ་ནི་དངོས་པོ་མ་ལུས་པ་སྟེ། དེ་ཡང་འབྱུང་བ་ལ་སོགས་པ་དང་། རྣམ་པར་རྟོག་པའོ།། དེ་དག་སྔགས ་དང་རྡོ་རྗེའི་ཚིག་བླ་དགས་ཀྱི་གཉིསུ་མེད་པའི་ཡེ་ཤེས་ཀྱིས་འཇོམས་པ་ནི་མེད་ཅིང་བརླག་པར་མཛད་པའོ།། དེ་ཡང་འཇོམས་ཕྱིར་རྡོ་རྗེར་བརྗོད་པ་ཡིན་ཞེསོ།། དེས་ནི་གཞན་དོན་འགྲུབ་པར་བྱེད་པ་སྟེ། དེ་ཡང་འཆད་པར་འགྱུར་རོ།། ཡང་རྡོ ་རྗེ་རྣམ་པར་འཛིན་པ་ཞེས་པ་སྟེ། དོན་དང་རྣམ་པའི་སྒོ་ནས་བརྗོད་དོ།། གཉིས་ཀའི་དོན་སྒྲུབ་པ་ནི་གཟུངས་ཏེ་དེ་ཡང་ཉམས་པ་ལས་འཛིན་ཅིང་མི་རྗེད་ལ་དོན་ཐམས་ཅད་འགྲུབ་པས་ནའོ།། དེ་ཡང་གཉིས་ཏེ། དོན་བརྗོད་པར་བྱ་བས ་འབྱུང་པོ་དང་འཁོར་བ་ལས་སྐྱོབ་ལ། ཚིག་གིས་ཀྱང་དེ་དག་འབྱུང་བའོ།། དེ་ཡང་ཉམས་པ་ལས་ནི་སྐྱོབ་པའི་གཟུངས།། དེ་ཡང་དོན་དང་ཚིག་ཏུ་འདུས་ཞེས་གསུང་སོ།། ཞེས་བྱ་བ་ནི་མིང་སྟེ་ཞེས་བྱའོ།། འདི ་ངག་གིས་ནི་གཞུང་གི་དོན་མ་ལུས་པ་སྟོན་པར་བྱེད་པས། གསུངས་པ་དང་མི་འགལ་བ་ཡིནོ།། མ་འོངས་པ་དག་གིས་ནི་རྡོ་རྗེ་རྣམ་པར་འཇོམས་པ་ནན་ཏན་དུ་བྱས་པས་བདག་དང་གཞན་གྱི་དོན་རྫོགས་པར་བྱེད་དོ་ཞེས ་ཤེས་པར་བྱའོ།། དེ་ལྟར་མཚན་བརྗོད་ནས། ད་ནི་རྡོ་རྗེའི་མདོའི་དོན་བསྟན་པར་བྱ་བ་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྔོན་གྱི་དབྱུང་དུ་བྱས་ནས་རྡོ་རྗེའི་མདོ་འབྱུང་བའི་རྒྱུ་ཡིན་ལ། མ་འོངས་པ་ལ་ནི་འབྲས ་བུར་ཡང་འགྱུརརོ།། དེ་ཡང་མཚན་མ་མེད་པའི་ཕུན་སུམ་ཚོགས་པ་ལྔར་འགྱུར་ཏེ། དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་སྡུད་པ་པོ་བསྟེན་ཏེ། སྔོན་མཐོང་ཞིང་རྗེསུ་གནང་བའི་བཀའ་བཞི་པས་འགལ་བ་མེད་དོ།། དེ་ལ་ཇི་ལྟར ་ཐོས་ཤེ་ན། དེ་ལ་འདི་སྐད་ཐོས་ཞེས་པ་ནི་གཞུང་འདིའི་དོན་དང་ཚིག་མི་ལུས་པ་ལ་འཇུག་པར་བྱེད་དེ་ཉེ་བར་མངོན་སུམ་དང་མ་བཅོས་པ་སྟེ། སྒྲོ་སྐུར་དང་བྲལ་བའོ།། སུས་ཐོས་ཞེས་པ་ནི་བདག་གིས་ཐོས་པ་ནི་སྡུད་པ་པོ་ཡང་ཕྱག་ནི་རྡོ། ་རྗེ་ཉིད་ཀྱི་མཛད་པ་སྟེ། བདག་གསང་བ་ཐམས་ཅད་འཛིན་པའི་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་རྣ་བས་མངོན་སུམ་དུ་སྒྲ་དོན་གྱི་རྣམ་པར་ཐོས་ཏེ། བརྒྱུད་པ་མ་ཡིན་པའོ།། ང་ནི་དུས་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་ཡང་དུས་རྫི ་ཙམ་ན་ཐོས་ཤེ་ན། དུས་གཅིག་ན་ཐོས་ཏེ་མི་འདའ་བས་དུས་དེ་ཀུན་ཚོགས་པའོ།། དེས་ནི་དཀོན་པར་བསྟན་པའོ།། ཡང་ན་དུས་ནི་སྐད་ཅིག་མ་སྟེ། ཤེས་རབ་ཆེ་བར་སྟོན་ཏོ།། གང་ལ་ཐོས་ཤེ་ན། བཅོམ་ལྡན་འདས་ལ་ཐོས་ཏེ་ཞེས ་གསུངས་ཏེ། དེས་ནི་སྟོན་པ་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདུད་བཞི་བཅོམ་ཞིང་། ཡོན་ཏན་དྲུག་དང་ལྡན་པའི་སྟོན་པ་མཆོག་ཏུ ་གྱུར་པར་ལས་ཐོས་པར་སྟོན་ཏོ།། ཛྙཱ་ན་འདི་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ་རྡོ་རྗེ་རྣམ་པར་འཇོམ་བྷ་སྨྲས་པ་ན་བཅོམ་ལྡན་འདས་ལ་ཐོས་པ་ཞེས་པས་ཇི་ལྟར་རུང་ཞེ་ན། འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན ་ཏེ། ཁྲོ་བོ་གཉིས་པོ་ཉིད་དེ་ཉིད་ཀྱི་ངོ་བོ་ཡིན་པ་དང་། དེ་དག་ལ་དེའི་ནུས་པ་ཞུགས་པ་ཡིན་པས་འགལ་བ་མེདདོ།། མདོ་གཞན་བཞི་ནོ།། གང་དུ་ཐོས་ཤེ་ན། གནས་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་ལ་བཞུགས་པ་ལས་ཐོབ་པ་སྟེ། དེ་ཡང་དོན ་གཉིས་མེད་པའི་ཡེ་ཤེས་ཡིན་ལ། རྣམ་པ་ནི་རྡོ་རྗེ་རིན་པོ་ཆེའི་གནས་རི་རབ་ཀྱི་ཤྭར་ལྷོ་ནས་རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་ཞེས་བྱ་བས་ཕྱོགས་ལ་སོགས་པ་རྡོ་རྗེརོ་གཏམ་པར་ཐོས་པའོ།། རྡོ་རྗེ་གདན་ནི་མ་ཡིན་ཏེ། རྡོ་རྗེ་བདན་དུ ་སྔགས་གསུངས་པ་ནི་མེད་དེ། དེ་ཡང་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དང་པོ་རྡོ་རྗེ་གོ་ན་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཡང་དེར་ཆོས་གསུངས་པར་ནི་མི་འགྱུར ་དེ་ཅིའི་ཕྱིར་ཞེ་ན། དེར་ནི་བདུད་འདུལ་བ་ལས་སེམས་ཅན་གཞན་འདུལ་བ་མ་ཡིན་ཏེ། རྡོ་རྗེ་སྙིང་པོ་དེ་ད་ལྷའི་སེམས་ཅན་གྱིས་མི་རྟོགས་པའི་ཕྱི་རོ།། ཞེས་གསུངས་པའི་ལུང་དང་འགལ་བའི་ཕྱིརརོ།། དེར་བཞུགས་པ་ནི་གནས ་ཤིང་བརྟན་པར་སྟོན་ཏེ་མཛོད་པ་རྣམ་པ་གསུམ་གྱིས་རྡོ་རྗེའི་སྐྱིལ་ཀྲུང་དུ་རྡོ་རྗེ་དང་སེང་གེའི་གནས་ལ་བཞུག་སོ།། དེ་ནི་བཞི་པའི་དོན་ལས་གསུམ་པ་སྟེ་ཆོས་སྟོན་པའི་དོན་དུའོ།། འཁོར་གང་དང་ལྷན་ཅིག་ཏུ་ཐོས་ཤེ་མ་ཕྱག་ན་རྡོ་རྗེ་ཞེས ་པ་ཐོག་མར་དྲངས་ནས་བསྟན་ཏོ།། དེ་ཡང་མ་སྨོས་ཀྱང་རྒྱལ་པོ་ལྟ་བུ་སྟེ་དེའི་དུས་ན་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་མིང་ཅན་དུ་གྲགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་དཔག ་ཏུ་མེད་པ་དང་། འོད་སྲུངས་ལ་སོགས་པའི་དགྲ་བཅོམ་པ་དང་གཞན་ཡང་ལྷ་ལ་སོགས་པ་གྲངས་མེད་པ་དང་། ལྷན་ཅིག་ཏུ་ཐོས་པར་སྟོན་ཏེ། རྡོ་རྗེ་ལྷུན་པོའི་རི་རབ་ཀྱི་ཟློམ་མདོ་བཞི་ནོ།། དེ་དག་གིས་ནི་རྡོ་རྗེའི་མདོ་འདིའི་རྒྱུད་དང་མདོ ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ།། འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། མ་འོངས་པའི་གང་ཟག་དག་རིག་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པར་འདོད་པ་དབང་དང་དམ་ཚི་བ་ཐོབ་ཅིང་ཡོན་ཏན་དང་ལྡན་པས ་འཁོར་བཟང་པོ་དང་ལྷན་ཅིག་ཏུ་གནས་ལེགས་པར་དུས་བཟང་པོ་ལ་གནས་ཏེ། ཡོ་བྱད་དང་ལྡན་པས་མཎྜལ་བྱས་ལ་འོག་ནས་འཐུང་བའི་བུམ་པ་བཅས་པ་སྟེ་བསྒྲུབ་པར་བྱའོ་ཞེས་པའོ།། དེ་ཡང་སྔགས་པས་གནས ་བཟང་གནས་ཏེ་དུས་དང་ལྡན་འཁོར་དང་འབྱོར་པ་རྟེན་དང་ལྡན་པས་བསྒྲུབ་ཞེས་གསུང་སོ།། དེ་ལྟར་རྡོ་རྗེའི་ལས་འབྱུང་བའི་རྒྱུ་བཤད་ནས། ད་ནི་དེའི་རྐྱེན་གླེང་བསླང་བ་བསྟན་པ་ནི་སངསུ་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས ་པཱ་གསུངས་ཏེ། དེས་ནི་འཁོར་གྱི་གུཙྪ་བཽ་ཏི་དེ་འཛིན་ལ་གནས་པའི་གླེང་བསླང་གི་རྒྱུར་འགྱུར་བའོ།། དེ་ཡང་དུས་དེས་བཅོམ་ལྡན་འདས་ཀྱི་འཁོར་རྣམས་ལ་ཆོས་གསུངས་པ་ནི་ཐོག་མར་དགེ་པཱ་ལ་སོགས་པ་སྟེ། འཛམྦུ ་གླིང་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ་ཞེས་ཀྱང་གྲགས།། ལོག་པའི་སྙིང་པོ་སྐྱེས་ཙམ་ན་རྐང་པ་ལ་ལྕགས་ཀྱི་གཟུགས་ཅན་དེས་ཁ་ནས་མཱ་ར་ཡ་འདོན་ཅིང་མ་དང་ཕ་བསད་དེ་འཁོར་མི་དགེ་བ་པུན་ལ་བཙུད ་པས་མི་མ་ཡིན་པ་ཐམས་ཅད་འཁྲུགས་པས་ནད་ལ་སོགས་པ་སྣ་ཚོགས་བྱུང་ངོ་།། དེས་སེམས་ཅན་ཐམས་ཅད་སྡུག་བསྔལ་ནས་སྐྱོ་བ་སོ་སོ་ལས་འདོང་ཞིང་སྨྲའོ།། དེ་རྒྱལ་པོ་བཞིས་གཟིགས་ནས་བཅོམ་ལྡན་འདས ་ལ་དབང་བསྐུར་བས་བཅང་མི་གཟུང་བར་ཕྱུག་ན་རྡོ་རྗེ་ལ་བསྐུལ་ཏེ། རྡོ་རྗེ་གསོར་ཞིང་ཁས་བླངས་ཏེ་རྡོ་རྗེ་རྣམ་པར་འཇོམས་པ་བསྟན་ཏེ། དེས་སྔགས་གསུངས་པས་འབྱུང་པོ་དང་ལྡོག་པ་བཏུ་ལྱཱ་ཏེ། འདི་ལ་ཞུགས་པས ་བྱང་ཆུབ་ཐོབ་པར་བཤད་དོ།། དེ་ཡང་བྲམ་ཟེ་ནི་མ་ཡིནོ།། དེ་ལ་སངས་རྒྱས་ནི་ཉོན་མོངས་པའི་གཉིད་ལས་སད་ཅིང་།། ཡེ་ཤེས་པདྨ་ལྟར་གྱུར་པ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ།། དེ་ནི་སངས་རྒྱས་ཤཱཀྱ ་ཐུབ་པར་བསྟན་ཏེ། དེས་བསྐུལ་བའོ།། དེའི་མཐུ་ནི་ནུས་པ་སྟེ་དེའི་སྟོབས་ཀྱི་ནུས་པ་དང་ལྡན་པའོ།། གང་ཞེ་ན། ལག་ན་རྡོ་རྗེ་ཞུག་སོ་ཞེས་བྱ་བར་འབྲེལ་པའོ།། དོན་གཉི་སུ་མེད་པའི་ཡེ་ཤེས་འཆང་བ་ཡིན་ལ། རྣམ་པཱ་ནི ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། གསུང་བ་གསུམ་སྟོན་པ་དྲག་པོའི་ཐུགས་པ་སྟི་འཁོར་གྱི་གཙོ་བོ་གནོད་སྦྱིན་ཁྲོ་བོ་འཇིགས་པ་མཐུ་སྟོབས་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པར ་བླུགས་པ་འདིའོ།། གང་ལྟཪྵ་ཞི་ནཱ་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་པའོ།། དེ་ཡང་ལུས་ནི་སྤྱི་བོ་ལ་སྩོགས་པའོ།། ཐམས་ཅད་ཅེས་པ་དག་དང་ཡིད་ཀྱང་ངོ་།། རྡོ་རྗེ་ནི་དེ་དག་དང་སྟོང་པ་ཉིད་དང་། ཐོག་པ་མེད ་ཅིང་ནུས་པ་དང་ལྡན་པཨཱརྱ་བྱིན་གྱིས་བརླབས་པ་ནི་བསྒྱུར་པོ་སྟེ་ནུས་པ་ཅན་དུའོ།། དེས་ནི་ཁྲོ་བོར་འགྱུར་བར་བསྟན་ཏོ།། དེས་ནི་མ་འོངས་པའི་རྣལ་འབྱོར་པའི་འཁོར་ལོ་བྱའོ།། ཞེས་པའི་ཐ་ཚིགོ། གླང་ལ་ཞེ་ན། རྡོ་རྗེའི་ཏིང་འཛིན ་ལ་སྟྭཾ་གཉིསུ་མེད་པའི་ཡེ་ཤེས་དང་ཐོགས་པ་མེད་པཱ་ལ་རྩེ་གཙུག་པར་སྙོམས་པར་ཞུགས་པ་ནི་མཉམ་པར་གཞག་པའོ།། མདོར་ན་སྟོང་པ་ཉིད་ལུས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས་པ་གདོན་བྱེ་ཐུབས ་བཅིག་པར་དགོངས་པ་སྟེ། ཁྱད་པར་དུ་བསྟན་པའི་ཕྱིར་རོ།། ཐུགས་ཀྱི་སྤྲུལ་པ་དངོས་བསྟན་པའི་ཕྱིར་ང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨྲསོ་ཞེས་བྱ་བར་འབྲེལ་ཏོ།། དེ་ལ་དེ་ནས་ནི་འདས་མ་ཐག་པའོ།། ལག་ན ་རྡོ་རྗེ་ནི་བཤའོ།། སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཐམས་ཅད་ཀྱི་མཐུ་ནི་ནུས་པའོ།། བྱིན་གྱིས་བརླབས་པ་ནི་རང་བཞིན་གྱིས་ཤུགས་ཀྱིསོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སྟེ་དེ་ཡང་དོན་དམ་པའི་འབྲས་བུ ་གཉིསུ་མེད་པ་ལ་སྨོན་པ་དང་འཇུག་པས་གནས་པའོ།། དེ་ཡང་། བྱང་ཆུབ་ན་མཁའི་མཚན་ཉིད་དེ།། ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས།། དེ་ལ་སེམས་དཔའ་གང་ཡིན་པ།། བྱང་ཆུབ་སེམས་དཔའ་ཞེས་བཤད་དོ་ཞེས་བྱ་བ ་དང་། བྱང་ཆུབ་ནི་དོན་དྲིམ་པའོ།། སེམས་དཔའ་ནི་ཀུན་རྫོབ་ཅེས་གསུང་སོ།། དེ་ཡང་སེམས་དཔའ་ཆེན་པོ་ཞེས་སྦྱ་རོ།། ཐམས་ཅད་ནི་མ་ལུས་པ་སྟེ་རྡོ་རྗེ་སྤྱན་རས་གཟིགས་ལ་སོགས་པའོ།། དེ་དག་གིས་ཀྱང་བྱིན་གྱིས་བརླབས ་པ་སྟེ། དེས་ནརྀ་ཏི་འཛིན་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་ཏོ།། ལག་ན་རྡོ་རྗེའི་ཐུགས་གཉིསུ་མེད་པའི་ཁྲོ་བོ་བདུག་པ་ཚུལ་དགུ་དང་ལྡན་པར་འབྱུང་པོ་ནི་རྡོ་རྗེ་ཁྲོ་བོའོ།། ལས་བྱུང་བ་ནི་དེས་སྤྲུལ་པ་སྟེ་བཞི་པོའོ།། གང་བྱུང་ཞེ་ན ་རྡོ་རྗེ་སྙིང་པོ་སྟེ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲོ་བོ་རྡོ་རྗེ་བསྣམས་པ་ནཱཾ་ལྷ་དང་སྔགས་ཐམས་ཅད་ཀྱི་འབྱུང་གན་སུ་གྱུར་པའོ།། དེསྟེ་རབ་ཏུ་སྨྲས་པ་ནི་མྱུར་བཱར་རབ་ཏུ་སྔགས་གསུངས་པ་སྟེ་གསུམ་པའོ།། འོ་ན་འདི་ནི་ཕྱག་ན ་རྡོ་རྗེ་དང་རྡོ་རྗེ་རྣམ་པར་འཇོམས་པས་སྨྲས་པས་བཅོམ་ལྡན་འདས་ཀྱི་བཀའ་མེ་ཡིན་ཞེ་ན། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་དང་། ཐ་མི་དད་པའི་ཕྱིར་ཏེ། དཔེར ་ན་མདྨོ་གཞན་བཞིན་ནོ།། དེ་དག་ནི་རྡོ་རྗེ་སཱ་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་བཅས་འོག་ནས་སྤྲུལ་ཏེ་མདུན་ན་གནས་པ་ལ་བཀའ་སྒོ་ནས། དེས་རྡོ་རྗེ་རྣམ་འཇོམས་སྔགས་ཀྱི་འབྱུང་པོ་འདུལ་བར་བྱེད་པ་གསུངས་པའོ།། ་ཕྱག་ན་རྡོ་རྗེས་སྨྲས་པ་ནི་མ་ཡིན་ཏེ། རྒྱུད་དང་འགལ་བའི་ཕྱིརརོ།། འདིས་ནི་འདི་སྐད་སྟེན་ཏོ།། རྣལ་འབྱོར་པས་ཁྲུས་བྱས་ཏེ། ཁྲོ་བོ་མི་འཆི་བ་དང་གནོད་པ་མེད་པར་བྱས་ཏེ། སྟན་ལ་གནས་ནས་སྤྲུལ་པ་བྱས་ལ་ཚོགས་བསགས་ཏེ། རྡོ་རྗེ ་གོདན་ལ་གནས་པས་བྱིན་གྱིས་བརླབ་པར་གསོལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞུགས་པ་སྟོང་པ་ཉིད་ལ་སོགས་པའི་བྱང་ཆུབ་པའི་ལྷ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བ་དང་། མདུན་དུ་བུམ་པ་ལྷ་དྲུག་འཁོར་དང ་བཅས་པ་བསམ་པ་དང་། སྤྱན་དྲང་བ་དང་། མཆོད་པ་ལ་སོགས་པ་རྒྱུད་ལ་བརྟེན་པ་སྒྲུབ་ཐབས་བཞིན་དུ་བྱའོ་ཞེས་པའི་དོན་ཏོ།། དེ་ཡང་རྒྱུད་ལས། དང་པོ་ཁྲུས་བྱས་རྣལ་འབྱོར་པས་རྡོ་རྗེ་གདན་ལ་གནས་ནས་ན། མཆོད་དང ་གསོལ་བས་ལྷ་དྲུག་བསྒོམ།། སྟོང་པ་ཡི་གེ་སྒྲ་གཟུགས་དང་།། ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ།། བུམ་པོར་བསྐྱེད་སོགས་རྫོགས་བྱས་ལ།། ནོར་བུ་སྤྱོད་ལམ་སྔགས་བཟླས་ཏེ།། ཤྱ་ལ་སོགས་པ་བདུན་སྤྱང་ངོ་།། ཞེས ་གསུངསོ།། དེ་ལྟར་གླིང་བསླང་བའི་རྩ་བསྟན་ནས། ད་ནི་གླེང་བསླངས་པ་དངོས་བསྟན་པོའི་ཕྱིར། མི་ཆོད་པ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ཡང་འོདི་རྣམས་ནི་རྡོ་རྗེ་རྣམ་པར་འཇོམས་པས་སྔགས་ཀྱི་ཡོན་ཏན་འདི་ལྟ་བུ ་ཞེས་ཚིག་ཏུ་གསུངས་པ་དངོས་ཏེ། དེ་ལ་ཡང་གཉིས་ལས་བདག་གི་དོན་ཕུན་སུམ་ཚོགས་པ་ནི་རྡོ་རྗེའི་ཚིག་བདུན་གྱི་བསྟོན་ཏོ།། དེ་ལ་སྟོང་པ་ཉིད་དང་སྔགས་དང་ཏིང་འཛིན་ནི་རྡོ་རྗེ་སྟེ་ཕྱི་རོལ་རྡོ་རྗེ་རིན་པོ་ཆེ་ལ་ཆོས་བདུན ་ཡོད་པ་དང་འདྲ་བར་འདི་ལ་འབྱུང་བ་སཱས་མི་ཆོད་ཅིང་སྙིང་པོ་ཡོད་པའོ།། དེ་ལ་ཆུས་ཕྱེ་མར་མི་ཤིག་ཤིང་མི་ཕྱེད་པའོ།། བདེན་པ་ནི་གནས་པ་སྟེ་མེས་ཐལ་བར་མི་འགྱུར་བའོ།། སྲ་བ་ནི་གཞིག་པར་དཀའ་བ་སྟེ་རླུང་གི་གཏོར་དུ ་མེད་པའོ།། ཚིག་དེ་དག་གིས་རྡོ་རྗེ་ཡེ་ཤེས་དེ་ལ་སྐྱེ་བ་ལ་སོགས་པ་བཞི་དང་། མཐོའ་བཞི་དང་འབྲལ་བར་ཤེས་པར་བྱའོ།། དེས་ན་མཚན་མའི་དངོས་པོ་དང་།། གདོན་ཐམས་ཅད་ལ་ཐོགས་པ་མེད་པ་སྟེ་གཅོད་ཅིང་འཇོམས་ལ ་བེམས་པོ་མ་ཡིན་པའོ།། དེའི་ཕྱིར་མི་འགྱུར་བར་གནས་པས་བསྟན་པ་ཞེས་སྦྱོར་རོ།། ཚུར་ལུ་ཚུགས་སྙམ་ཞེ་ན། ཐམས་ཅད་དུ་མ་ཕམ་བཱ་སྟེ་རུང་ལ་ཉམས་པ་མེད་ཅིང་མ་བཅོམ་ལ་རྒྱལ་བྱས་སོ།། དེ་ཡང་སྲ་བརྟན་སྙིང ་ལྡན་ཁོང་སྟོང་མང་།། མི་ཕྱེད་མཽ་ཤིག་མི་ཚིག་པས།། རྡོ་རྗེ་ཞེས་ནི་བརྗོད་པའོ་ཞེས་གསུང་སོ།། དེ་དག་གིས་ནི་སྔོན་བྱུང་རྒྱལ་པོ་ལོག་པའི་སྙིང་པོ་ལ་སོགས་པ་ཉམ་སུ་བླངས་ནས་བདག་གི་དོན་ཆོས་སྐུ་རྡོ་རྗེ་ལྟེ་བུའི་ཏིང་ངེ ་འཛིན་དང་། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་ལྟ་བུའི་གྲུབ་པའོ།། དེ་ཡང་བདེ་གཤེགས་ལས་ནི་སྣ་ཚོགས་པ་མ་འོངས་པས་ན་སྔོན་དུ་སྙན་པ་རྫོགས་པས་བདག་དོན་འགྲུབ་པར་ཤེས་པར་བྱའོ།། ཞེས་བསྟན་ཏོ།། བདག ་གི་དོར་གྲུབ་ནས་ཀྱི་དོན་མེད་དམ་ཞེ་ན། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སྩོགས་པ་བཅོ་ལྔས་སྤྲུལ་པའི་སྐུ་རྡོ་རྗེ་ལྟ་བུས་གཞན་གྱི་དོན་འགྲུབ་པར་སྟོན་ཏོ།། དེ་ཡང་བསྠཱ་ན་ལྔས་བཞིའོ།། ་དེ་ཡང་ལས་ནི་སྣ་ཚོགས་པ།། མངོན་སྤྱོད་བརྒྱད་དུ་རྣམ་པར་གྲགས།། ཚྭར་གཅས་དང་ནི་རྗེས་བཟུང་ངོ་།། ཞེས་གསུང་སོ།། དེ་ལ་སེམས་ཅན་ནི་ཀུན་གཞི་སྲོག་དང་བཅས་ཤྲིང་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་སྟེ་སྐྱེས་གནས ་བཞིས་བསྡུས་བཻ་རིས་དྲུག་པོ་ཐམས་ཅད་ངོ་།། དེ་དག་སྐྲག་པར་བྱེད་པ་ནི་ལུས་སེམས་འཇིག་ཅིང་སྔངས་པར་བྱེད་པ་སྟེ་དྲག་པོ་ཚར་བཅོད་པར་བྱེད་པའི་རིག་སྔགས་འདི་སྨྲ་སོ།། ཞེས་བྱ་བར་སྦྱོར་རོ།། འཇིལ་བ་ནི་ལུས་སེམས་སུ ་བཀྲོང་ནས་འགུལ་མི་ནུས་བྱའོ།། དེ་ཡང་སྔགས་དང་ལྷ་འདི་སོ་བྱེད་པའོ།། དེ་ཡང་དྲག་པོའོ།། རིག་པ་ནི་ལྷ་སྟེ་དྲིའི་སྔགས་ནི་ནུས་པ་ཅན་དེ་ཤོས་ནས་སྐྱོབ་པའོ།། དེ་ཡང་གཞན་ཐམས་ཅད་ཀྱིས་སྦྱར་བ་སྟེ་དེ་དག་གཅོད་པ་ནི་ནུས ་པའི་རྒྱུད་མེད་པར་བྱེད་པའོ།། དེ་ཡང་དྲག་པོའོ།། གནོད་པར་བྱེད་པ་ནི་ནུས་པ་མེད་ཅིང་ཟིལ་གྱིས་མནན་ནས་མི་གཡོ་དུ་སྟེ། སྒྱུ་མཁན་བཟང་པོའི་སྒྱུ་མ་བཞི་ནོ།། དེ་ནི་དབྱུང་ངོ་།། ཞི་བའི་ལས་ནི་ཐམས་ཅད་འཇོམས་པར་བྱེད་པ་སྟེ། ་ཕ་རོལ་གྱི་སྦྱོར་བ་ངན་པ་བྱང་སྟེམས་ལ་སོགས་པ་དང་། གོས་པས་ན་ལས་ཏེ་སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད།། དེ་དག་པར་བྱེད་ཅིང་བཟློག་པའོ།། གཞན་ནི་ཕ་རོལ་ཏེ་འབྱུང་པོ་སེམས་ཅནོ།། དེ་དག་གི་ལས་ནི་ནོང་ལ ་སོགས་པ་དང་སྒྲིབ་པ་སྟེ་འཇིགས་པ་ནི་བརླག་པར་མཛད་པའོ།། གདོན་ནི་འདོན་པར་བྱེད་པ་སྟེ་ལྷ་ལ་སོགས་པ་ཐམས་ཅད་དོ།། དེ་དག་བརླག་པ་ནི་ཐལ་བར་བྱེད་པ་སྟེ་དྲག་པོའོ།། ཐར་པ་ནི་སྔར་བཟུང་བ་ལས་གྲོལ་བའོ།། དེ་ནི ་ཞི་བའོ།། དབང་ནི་འབྱུང་པོ་ནི་སེམས་ཅན་ཐམས་ཅད་དེ་ཁམས་གསུམ་དུ་འབྱུང་བས་སོ།། དེ་དག་འགུགས་པ་ནི་འདྲེན་པ་སྟེ་དབང་དུ་བྱས་ནས་ནས་བསྟན་པོ་ལ་གནས་པར་བྱེད་པའོ།། རིག་སྔགས་ནི་འཇིག་རྟེན་པ་དང་འདས ་པའོ།། ལས་ནི་ནུས་པ་སྟེ་ཞི་བ་ལ་སོགས་པ་ཐམས་ཅད་འདིས་མྱུར་དུ་བྱེད་དུ་འཇུག་པ་སྟེ་ལས་ལ་འཛུད་པའོ།། དེ་ཡང་དབང་པོ།། སྔར་མ་གྲུབ་པ་ནི་མངོན་དུ་མ་གྱུར་པ་སྟེ་ལྷ་རྣམ་པ་གཉིས་ཀྱི་དངོས་གྲུབ་བོ།། དེ་དག ་འདིས་གྲུབ་པར་བྱེད་པ་ནི་མངོན་སུམ་དུ་གྱུར་པའོ།། སྔར་གྲུབ་ཐོན་པ་ནི་འབྲས་བུ་དེ་ཡང་བར་ཆད་ཀྱིས་མི་ཁྱེར་བར་བྱེད་ཅིང་དོན་ཡོད་པ་རུང་མི་ཟ་བའོ།། འདོད་པ་ནི་ཡིད་ཀྱི་མངོན་པར་འདོད་ཅིང་དོན་དུ་གཉར་བ་སྟེ་ནོར་ལ ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་དོ།། དེ་དགེ་འདས་སྦྱིན་པ་ནི་འདི་ལས་བྱུང་ཞིང་སྟེར་བའོ།། དེ་དག་ནི་རྒྱས་པའོ།། སྲུང་བ་ནི་ནང་དང་གདོན་ལ་སོགས་པ་སྔར་མ་འོངས་པ་དག་ཕྱིས་མི་འོང་བར་བྱེད་ཅིང་སྡོམ་པའོ།། ། ་དེ་ཡང་ཞི་བའོ།། མཇུག་བསྡུ་བ་ནི་ཞི་བ་སྟེ་ནད་ལ་སོགས་པ་ཐམས་ཅད་མེད་པར་བྱེང་བའོ།། རྒྱས་པ་ནི་ཚེ་ལ་སོགས་པ་མ་ལུས་པ་ཐམས་ཅད་འཕེལ་བར་བྱེད་པ་སྟེ། དེ་གཉིས་དབང་ནི་རྗེསུ་བཟུང་བའོ།། གཞན་ཐམས་ཅད ་ནི་ཚར་གཅོད་པའོ།། དྲག་པོའི་ལས་འབྱུང་པོ་དང་སེམས་ཅན་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་དེ་དག་རེངས་པར་བྱེད་པ་ནི་མི་གཡོ་བ་སྟེ་ངག་དང་ལུསསོ།། རྨུགས་པ་ནི་སེམས་རྨོངས་པ་སྟེ་ཅི་ཡང ་མི་ཤེས་པར་བྱེད་པའོ།། གསུམ་པའི་སྒྲ་དང་འོག་གི་ཚིག་ནི་རེ་རེ་ལ་སྦྱར་རོ།། ཡང་ནི་ཚིག་དེ་རྣམས་ནི་མན་ངག་གི་འོག་གི་སྔགས་རེ་རེ་ལ་སྦྱོར་བར་བྱའོ།། ཞེས་བསྟན་པའོ།། དེ་ལྟ་བུ་འདི་རྡོ་རྗེ་རྣམ་པར་འཇོམས་པས་གསུང ་དྲུ་ཁྲོ་བོའི་ཚི་ག་དུ་སྨྲསོ།། ཞེས་སྦྱར་ཏེ་བརྗོད་པའོ།། གང་གིས་བརྗོད་ཅེ་ནཱ་ལགྣི་ན་རྡོ་ནྡེ་ཏེ་འདིར་རྡོ་རྗེ་རྣམ་པར་འཇོམ་པ་ལུ་བྷའི།། ཕྱག་ན་རྡོ་རྗེ་དངོས་མ་ཡི་ནོ།། གང་གི་བརླབས་མ་ཤཱཀྱ་ཐུབ་པ་ལ་སོགས་པའི་ནུས་པས་བརླབས ་ནི་སངས་རྒྱས་ཀྱི་མཐུ་སྟེ། དེ་ཡང་རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་ཞེས་པ་ལ་སོགས་པ་དང་། ཡང་སྟོན་ཅིང་འཆད་པ་རྣམས་ནི་སངས་རྒྱས་ཀྱི་མཐུའོ།། ཞེས་བསྟན་པའི་ཕྱིརོ།། གང་ལྟ་བྱ་ཊྭཱ~ཾ་ན། གསུང་སྔགས ་ཏེསྐུ་ཞིང་དམན་པ་ལུ་མི་བསྟན་པས་ནུས་པ་ཁྱད་པར་དུ་འཕབས་པའོ།། ཞེས་བྱ་བའི་ཐ་ཆེའོ།། ནུས་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཕུལ་དུ་ཐུང་བའི་འོག་གི་རྡོ་རྗེའི་སྔགས་ནི་མཐུ་ཆེན་པོ་འོད་ཞེས་པ་སྟེ་དེ་དག ་སྨྲས་པའོ།། དེ་ངས་ཀྲྀ་ནརྀ་སྔས་ཀྱི་འཇརོ་ལ་ཡོན་ཏན་མི་གཞན་དོན་ཐམས་ཅད་འགྲུབ་པར་བསྟན་ས་མ་གངས་པ་ལ་ནི་སྔོན་དུ་བསྦྱིན་པ་རྫོགས་པས་སྒྲུབ་ཐབས་པའིན་བྱས་པས་དེ་དག་འགྲེང་བར་འབྲུམ་ཞེས་པའོའ ་སྐད་སྟོན་ཏེ་དེ་ལྟར་མཆོད་པ་ལ་སོགས་པ་རྫོགས་ནས་སྔགས་ཀྱི་ནོར་བུ་བཟུང་སྟེ། སྔགས་ཀྱི་གནས་དང་ལྡན་པས་རྡོ་རྗེའི་ཚིག་དང་ཁྲོ་བོའི་ངག་དུ་བཟླས་པས་བདག་དང་བཞན་གྱི་དོན་སྒྲུབ་པའི་ཕྲོ་བསྡུ་བྱ་སྟེ། དེ་ཡང་བསྙེན་པ་དང ་ལས་སྦྱོར་གྱིས་དུསུ་སྒྲིབ་པ་ལ་སོགས་པ་མེད་པའི་སྦྱོར་བས་སྤྱོད་ལམ་བྱའོ།། ཞེས་པའི་དོན་ཏོ།། དེ་ལྟར་རྒྱུ་དང་རྐྱེན་རྣམ་པ་གཉིས་བསྟན་ནས་ད་ནི་དེའི་འབྲས་བུ་གང་བསྟན་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པ་རྡོ་རྗེ་རྒྱུད་རྡོ ་རྗེའི་སྔགས་ཟབ་མོ་སྔར་གྱི་ཡོན་ཏན་ཅན་དེ་བསྟན་པའི་ཕྱིར་ན་མོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ལ་དེ་དག་གི་ངག་དོན་རྟོགས་སླ་བའི་ཕྱིར་བརྗོད་པར་བྱ་སྟེ། སྔོན་བྱུང་བ་ལ་ནི་རྡོ་རྗེའི་སྔགས་འདི་དག་བཀྲིས་པ་བདག་པོ ་ལ་མཆོད་པ་བརྗོད་པ་ནས་རྣམ་པར་འཇོམས་པའི་རྡོ་རྗེ་གསུངས་པས་འབྱུང་པོ་ཐམས་ཅད་པ་རྣམ་པ་བཞིས་ཚར་བཅད་པ་དང་། རྗེསུ་གཟུང་བས་སངས་རྒྱས་ལ་སྐྱབསུ་འདོང་བ་ལ་སོགས་པའི་ཚུལ་གྱི་དཀྱིལ་འཁོར་དུ ་བཙུད་དེ་ནས་ལ་སོགས་པ་ཞི་བས་མི་དག་སངས་རྒྱས་ལ་སོགས་པ་ལ་དད་དེ། རྒྱལ་པོ་ལོག་པའི་སྙིང་པོ་ཡང་གནས་དེར་འོད་ཟེར་ལ་ཞོན་ཏེ་འོངས་ནས། དེ་བཞིན་དུ་བྱས་པས་བཀྲིས་ལས་ཐར་པ་ལ་གནས།། དེ་ཡང ་བོག་ནས་རྒྱལ་པོ་ཞེས་པའོ།། བསྐྲད་པ་དང་། ལས་བཞི་དང་ཁྲོ་བོ་བཞི་དང་བཅུ་བསྐུལ་བ་དང་། གཙོ་བོ་ལ་སོགས་པ་དྲུག་པོ་བསྐུལ་བའི་ཚུལ་གྱིསོ།། མ་འོངས་པའི་སྒྲུབ་པ་པོས་ནི་སྔོན་དུ་བསྙེན་པ་ལ་སོགས་པ་ལ་བསྲུང ་བ་དང་བསྙེན་པ་ལ་སྔགས་མཚན་གསུམ་གང་ཡང་རུང་བ་བཟླས་པ་དང་། ལས་སྦྱར་ལ་གཉིས་བྱ་བ་དང་། ལས་སྒྲུབ་ན་གཙོ་བོ་དང་འབྲེལ་པ་དང་འཁོར་དང་གཉི་ག་དང་འབྲེལ་པ་གསུམ་གྱི་ཞི་བའི་ལ་སོགས ་པའི་ལས་ལྷ་དང་རྫས་དང་བསམ་པ་དང་། ཕྱོགས་དང་དུས་དང་སྔཔ་སྣ་དང་འཁོར་ལོ་དང་ཏིང་འཛིན་དང་བྱ་བ་སྒྲུབ་པ་ནི་སྒྲུབ་པའི་ཐབས་བཞིན་དུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ།། དེ་ཡང་རྣལ་འབྱོར་བསྙེན་པ་གསུམ་དུ་བྱས།། ལས་ལ ་གཉིས་ཏེ་ལས་ལ་གསུམ།། གཙོ་དང་འཁོར་དང་འདུལ་བ་ནི།། ལས་བཞི་སྔགས་སོགས་བྱེ་བར་བྱ་ཞེས་འདིའི་བཤད་པའི་རྒྱུད་ལས་གསུང་སོ།། ད་ནི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྀ་དང་པོ་བཀྲིས་པའི་དོན་རྣམ་པ་གཉིས ་ཀྱི་ཕྱག་བྱ་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ལ་སོགས་པས་གཙོ་བོ་གསུམ་ལ་འདུད་པའོ།། དེ་དོག་ནི་སྔོགས་ཀུན་ལ་ཤེས་པར་བྱའོ།། འབྲུ་ནི་དོན་ཉམས་པའི་ཕྱིར་བཤད་པར་མི་བྱ་སྟེ། རང་ཉིད་ཀྱི་སྒྲས་ཤེས་པར་བྱས་ལ་དོན་ཡིད་ལ ་དྲན་པར་བྱའོ།། དེ་ནས་ཚ་གཅོད་ཅིང་བསྲུང་བའི་སྔགས་ནི་ཏདྱ་ཐཱ་ཨོཾ་ལ་སོགས་པ་སྟེ་ཉེ་བར་སྦྱར་བའོ།། དེ་ཡང་དང་པོ་ཐ་མར་ཡེ་ཤེས་དང་དྲག་པོ་དང་ཤིས་པའི་གཞི་འཇུག་པ་ཅན་དེ་བཞིན་དུ་ཤེས་པར་བྱའོ།། ད་ནི་གཟུངས ་ལ་གསུམ་ལས་དང་པོ་རྒྱས་པ་སྟེ་དེ་ཡང་གཙོ་བོའི་སྔགས་ནི་སརྦ་བིདྱཱ་བཛྲ་བཛྲེ་ཞེས་པ་ལ་སོགས་པ་སྟེ་བསྟོད་ཅིང་བོད་པའོ།། མ་འོངས་པས་ནི་འདི་ལ་སྔགས་གདགས་པར་ཤེས་པར་བྱའོ།། ལས་དང་འབྲེལ་པ་ནི་མན ་ངག་བཞིན་དུ་བཞི་པའི་སྔགས་ནི་ཧེ་ཕུ་ལུ་སྐྱེས་པ་ལ་སོགས་པ་སྐྱེ་སྒྱུ་མ་བཞི་ནོ།། ཙ་ར་ནི་ཙ་ར་ལ་སོགས་པ་ནི་རྒྱས་པའིའོ།། ཀི་ལི་ཀི་ལ་ཡ་ལ་སོགས་པ་ནི་དབང་གིའོ།། མཱ་ར་ཡ་ལ་སོགས་པ་ནི་གསང་པའོ།། ཚིནྣ་ལ་སོགས་པ་ནི་རོག ་སྔགས་བཅད་པའོ།། བྷནྡྷ་ལ་སོགས་པ་ནི་རིག་སྔགས་མནནྡ་པཐཱཾ།། བཞིན་སྒྲུབ་པར་བྱེད་པ་ལ་སོགས་པ་ལ་ཡང་མན་ངག་བཞིན་དུ་སྦྱར་རོ།། ད་ནི་འཁོར་གྱིས་སྔགས་བསྟན་པ་ནི། ཙུ་རུ་ཞེས་པ་ལ་སོགས་པཾ་སྟེ། སྔ་མ་བཞིན་དུ ་བྱས་པ་ནི་རྡོ་རྗེ་ཕུར་བའི་སྔག་སོ།། ཏྲཱ་ས་ཡ་ལ་སོགས་པ་ནི་རྡོ་རྗེ་བེ་ཅོན་གྱིའོ། ཧ་ར་ལོ་སོགས་པ་ནི་རྡོ་རྗེ་ཐོ་བའིའོ།། པྲ་ཧ་ར་ལ་སོགས་པ་ནི་རྡོ་རྗེ་གཏུམ་པོ་ཡིའོ།། དེ་དག་སྟོང་ཅིང་བསྐུལ་བར་བྱེད་པ་ནི་ཨེ་ཧྱེ་ལ་སོགས་པའི་སྔགས ་བརྟག་སྟེ་བཟླས་པར་བྱའོ།། དེ་དག་དང་འབྲེལ་པའི་ལས་སྔགས་ལ་ཞི་བའི་སྔགས་ལ་མ་ཏིསྠིར་བཛྲ་ཞེས་བྱ་བ་ལ་སོགས་པའོ།། རྒྱས་པའི་སྔགས་ནི་དྷ་ར་དྷཱ་ར་ཞེས་བྱ་བ་ལ་སོགས་པའོ།། དབང་གི་སྔགས་ནི་ནམ་ས་མཱན་ཏ ་ཞེས་པ་ལ་སོགས་པའོ།། གསད་པའི་སྔགས་ནི་ཨ་མུ་ཀི་མཱ་ར་ཡ་ཕཊ་ཅེས་པའོ།། རིག་སྔགས་བཅང་བའི་སྔགས་ནི་མ་ཧཱ་པ་ལ་ཞེས་པཱ་ལ་སོགས་པའོ།། རིག་སྔགས་མནན་པ་ནི་ད་ཧ་ཞེས་པ་ལ་སྩོགས་པ་སྟེ། འདིར་ཡང ་ཐམས་ཅད་སྔ་མ་བཞིན་དུ་བྱས་པས་ལེས་ཀུན་འགྲུབ་པར་འགྱུར་ཏེ་སྦྱར་བ་གསུམ་ཤེས་པར་བྱའོ།། དེ་ཡང་རྡོ་རྗེའི་གསང་སྔགས་འདི་ཡིན་ཏེ། ལས་ཀུན་ཐོགས་པ་མེད་པར་འགྲུབ་ཅེས་གསུང་སོ།། འདིར་མན་ངག་གི་བཙོ་བོ ་ཡབ་ཡུམ་གྱི་སྔགས་ནི་དང་པོ་ཨོཾ་དང་ཐ་མའི་ཡན་ལག་བོར་ལ་ཛ་ལ་ལ་སོགས་པའི་ནཱ་བྱིན་ཏེ་ཡ་ཧཱུཾ་ཕཊ་སྭཱ་ཧཱ་གཉིས་ཤེས་པར་བྱའོ།། སྟེང་དང་འོག་དེ་བཞིན་དུ་བྱས་ལ་འཁོར་གྱི་ཞི་བའི་ཀུ་ལ་འམ་ལ་མཱ་བོར ་ཏེ་ཕྱག་འཚལ་བཱ་ནི་བྱིན་ད་རྒྱས་པའི་དྷ་རའི་རཱ་ལ་ཨི་བྱིན་ལ་གཙོ་བོ་ཡཾ་བཅིང་བཱ་གཉིས་དབྲོག་གོ།། ཡང་ན་འདི་ལྟར་ཡང་ཡིན་ཏེ། ཐམས་ཅད་སྔ་མ་བཞིན་ལ་སྐུད་པའི་ཤ་ལ་སཾ་གྱིས་སྟོང་ཕྲོགས་ཏེ་བྱིན་ལ་གཙོ་བོའི་ཞི་བའི་ཀུ་ཊུ ་གཉིས་ཀྱི་ཨུ་ཕྱི་ལཱ་ཀ་ལ་ཨོཾ་བྱིན་ཏེ་འཁོར་གྱི་ལྷའི་མ་ཧཱ་དང་དབང་གི་ས་མན་གྱི་ན་གསད་པའི་ཡ་གསོད་ལ་ཨ་བྱིན་པ་ནི་གཅིག་སྟེ། དེ་གཉིས་གང་ཡང་རུང་བ་དམ་ཚིག་བསྟན་ཅིང་བརྟན་པར་བྱ་བ་ཡི་ནོ།། ཞེས་བླ་མས་བསྟན་ཏེ། ་ཡང་ན་དེ་རྣམས་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་པ་ལ་སོགས་པ་དང་རིམས་པ་བཞིན་སྦྱར་བར་བྱའོ།། ཞེས་དགོངསོ།། ད་ནི་སྙིང་པོ་བསྡུ་བ་བསྟན་པའི་ཕྱིར། ན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔ་མ་བཞིན ་དུ་ཤེས་པར་བྱའོ།། དེ་ལྟར་ལྷ་ལྔ་པོའི་འཁོར་ན་གནས་པའི་ཐུགས་ཀྱི་ཁྲོ་བོ་བཅུ་སྔོན་ནི་བསྐུལ་ལ། མ་འོངས་པ་ལས་བཞིན་འགྲུབ་པ་ཡིན་པས་དེ་བཤད་པ་ནི། ཧ་རཱ་ནརྀ་ཧཱུ~ཾ་མཛད་བསྐུལ་བ་སྟེ་དྲག་པོའོ།། དྷུ་ན་ནི་དེ་བྷུགྣ་སྔོན་ཅན ་དེ་དབང་ངོ་།། དཽ་ཧ་ནི་གཤིན་རྗེ་མཐར་བྱེད་དེ་དེ་ཡང་དབང་ངོ་།། པ་ཙ་ནི་མི་གཡོ་བི་སྟེ་དྲག་པོའོ།། དྷ་ར་ནི་རྟ་མཆོག་སྟེ་ཞི་བའོ།། དཱ་ར་ཡ་ནི་བཞན་གྱིས་མི་ཐུབ་པ་སྟེ་རྒྱས་པའིའོ།། དཱ་རུ་ཎ་ན་བདུད་རྩི་འཁྱིལ་པ་སྟེ་ཞི་བའོ།། ཙྪིནྣ་ནི་ཁམས ་གསུམ་ལྔས་རྒྱལ་བ་སྟེ་རིག་སྔགས་བཅད་པའོ།། བྷིནྡ་ནི་སྟོབས་པོ་ཆེའི་སྔགས་ཏེ་དེས་རིག་སྔགས་མནན་པ་འགྲུབ་པའོ།། དེ་དག་གིས་ནི་བྱ་བ་ཀུན་སྔ་མ་བཞིན་དུ་སྦྱར་བས་ལས་ཐམས་ཅད་འགྲུབ་པར་འགྱུ་རོ།། ད་ནཾ་ལྷ་རྣམས ་ཀྱི་ཡང་སྙིང་ཤིན་ཏུ་ཡང་བསྡུས་པ་གསུངས་པ་ན་ནཱི་ཞེས་པ་ལ་སོགས་པ་སྟེ་དེ་ཡང་གཙོ་བོ་རྣམས་གཉིས་ལ་མཆོད་ཅིང་དེའི་སྙིང་པོའོ།། ཧུ་ལུ་ནི་རྡོ་རྗེ་ཀཱི་ལ་ཡིའི་སྟེ་རྒྱས་པའོ།། ཏིཥྛ་རྡོ་རྗེ་བེ་ཅོན་གྱི་ཞི་བའིའོ།། བནྡ་ནཾ་རྡོ་རྗེ་ཐོ་བ ་ཡི་སྟེ་དབང་གིའོ།། ཧ་ན་ནི་རྡོ་རྗེ་གཏུམ་པོ་ཡཾ་སྟེ་དྲག་པོ་ཡིའོ།། ཨ་མྲྀ་ཏེ་ནི་ཕོ་ཉ་དང་མངས་པ་ཡབ་ཡུམ་ཁྲོ་བོ་མི་འཆི་བ་དང་། ལུ་གུ་རྒྱུད་མའི་སྔགས་ཏེ་ཁྲུས་དང་བསྐྲད་པ་ལ་ཤེས་པར་བྱ་སྟེ་དེ་དག་གིས་ཀྱང་དེ་བཞིན་དུ་འགྱུ་རོ།། ་འདི་སྐད་སྟེ་སྔོན་དུ་བསྙེན་པ་ལ་ནི་གསུམ་པོ་གང་ཡང་རུང་བཟླས་ལ་སྒྲུབ་པ་ལུས་ལ་སྦྱར་བ་ནི་གཉིསུ་ཤེས་པར་བྱ་སྟེ་ལས་བསྒྲུབ་པ་ལ་ནི་མན་ངག་བཞིན་དུ་སྦྱར་རོ།། དེ་ཡང་བསྙེན་པ་གསུམ་སྟེ་སྒྲུབ་པ་གཉིས་ལས་སྒྲུབ ་སོ་སོར་ཤེས་པར་བྱ་ཞེས་གསུང་སོ།། དེ་ནི་དེ་དག་གི་མཇུག་བསྡུ་བ་ཆོ་གྲི་ཕན་ཡོན་དང་བཅས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དྲི་ཡང་སྡུག་བསྔལ་ཐམས་ཅ་སྤེལ་བའི་ཕན་ཡོན་ནི། སྡིག་པ་ཐམས་ཅད་བྱུང་བྱས་ནས ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དག་གི་སྔོན་བྱུང་དུ་རྒྱལ་པོ་ལོག་པའི་སྟོབས་ལ་སོགས་པའི་འཁོར་རྣམས་ཐེ་ཚོམ་སྐྱེས་པ་ལ་དེ་དག་བྲོད་པ་སྐྱེད་པའི་ཕྱིར་གསུངས་ལ། མ་འོངས་པ་ལ་ནི་སྒྲུབ་པའི་ཕན་ཡོན ་དུ་སྦྱར་རོ།། དེ་ལ་སྡིག་ནི་སྒྲིབ་པས་ན་སྡིག་པ་སྟེ་སྲོག་གཅོད་པ་ལ་སོགས་པའི་ལས་སོ།། ཐམས་ཅད་ནི་དེ་དག་དང་ཉེ་བ་མ་ལུས་པའོ།། འདིས་དེ་དག་བྱང་བར་བྱས་པ་ནི་དག་པར་བྱེད་པའོ།། གཞན་ཡང་དེར་མ་ཟད་དེ་ལུས་ངག ་ཡིད་གསུམ་ཟུག་རྔུ་གཟིར་བས་ན་སྡུག་བསྔལ་ཏེ་འགྱུར་བ་ལ་སོགས་པ་གསུམ་མམ་བརྒྱད་དོ།། མེད་པར་བྱེད་པ་ནི་སེལ་བར་བྱེད་པའོ།། དེ་ནས་སེམས་ཅན་ཞེས་བྱ་བ་ལ་སོགས་པར་འབྲལ་ཏེ། སེམས་ཅན་གང་དག་སྔོན་གྱི་ལས ་དང་རྐྱེན་དང་འབྱུང་པོས་མིག་ལ་སོགས་པའི་དབང་བློ་དྲུག་ཉམས་པ་ནི་ལོང་བ་ལ་སོགས་པ་སྟེ། དེ་ལ་སྔོགས་འདིས་དཀྲུས་ནས་ཉམས་པ་ལས་སོས་ཏེ་ཐར་ཞེས་པར་འབྲེལ་ཏོ།། དེ་བཞིན་དུ་ཚེ་ནི་འཚོ་བ་སྟེ་དེ་ཟད་པ་ནི་དུས ་ལ་བདྨ་སྟེ་དེ་ཡང་རིང་བར་འགྱུརརོ།། ཚེ་ཉམས་པ་ནི་རྐྱེན་གྱི་ཚེ་ཚད་ལས་ཐུང་བར་གྱུར་བྱ་སྟེ་དེ་ཡང་ཚད་དུ་འཚོའོ།། ཕུན་སུམ་ཚོགས་པ་ནི་མ་ཚང་བ་མེད་པ་སྟེ་ནོར་ལ་སོགས་པ་ཡིན་ལ།། དེ་དག་མ་ཚོགས་པའི་བྷུར་ནི་མིན་པ་སྟེ། ་དེས་སེམས་ཅན་གང་ལ་ཆགས་པ་ནི་གང་ལ་བྱུང་ཞིང་གནས་པ་ཡང་ཕུན་སུམ་ཚེགས་པར་འགྱུར་རོ།། ལྷ་རྣམས་ནི་མཐུ་དང་རྫུ་འཕྲུལ་དང་ལྡན་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་སྟེ། དེ་དག་བསྒྲུབས་ཀྱང ་འཕངས་ནས་གྲུབ་པ་མི་སྟེར་བ་ནི་རྒྱབ་ཀྱི་ཕྱོགས་པ་ནི་རིང་བའོ།། དེ་ཡང་ཉེས་པར་བྱེད་དོ།། བདག་དང་ཡིད་བཙུགས་ཤིང་ཡིད་དུ་འོང་བ་ནི་མཛེའ་སྡུབ་སོ་སོར་གནས་པས་སྐྱེ་བོ་སྟེ་བདེན་པ་མ་མཐོང་བའོ།། དེ་སྡང་བ་ནི ་བྱམས་པ་དང་བྲལ་བ་སྟེ་དེ་ཡང་བྱམས་པའོ།། བྲན་ནི་འཁོར་བཟང་པོའོ།། བཟའ་མི་ནི་ཆུད་མ་ལ་སོགས་པའོ།། སོགས་པ་ནི་མཱ་ལུས་པའི་ཉེ་བའོ།། དེ་དག་འབྱུང་པོས་གཙེས་པ་ནི་བསྒྲག་ཅིང་བཅོམ་པ་སྟེ་དེ་ཡང་མི་འཚེ།། ཡང་བྲམ་ཟེ ་ལྔ་སོགས་གཅིས་པ་དང་ཞེས་གླེགས་བམ་ལ་ལ་ན་གནས་ཏེ། འཇིག་རྟེན་ནུ་བྲམ་ཟེ་དང་རྒྱལ་པོ་དང་རྗེའུ་དང་དམངས་ཀྱིས་བདག་ཅེས་པ་ལས་ཐར་པའོ།། ཡང་ན་བདག་གི་བྲམ་ཟེ་དང་དགེ་སློང་ལ་སོགས་པ་ནུས་པ་ཅན་དྲང ་ཞིང་དག་པས་གཙེས་པ་ཡང་ནུས་པ་ཟློག་ལ་ཞིང་དག་པར་འགྱུ་རོ།། ཡང་ན་བྲམ་ཟེས་ཁྱེར་བ་ཞེས་པ་སྟེ་བཟའ་སྐར་ངན་པ་ལ་ཤི་བ་ཡང་ཚོ་གས་ཕན་ནོ།། བདག་དང་གཞན་གཉིས་ནི་ཕན་ཚུན་ཏེ་དེ་དག་མི་མཐུན་པ་ནི་སེམས་མི་བཙུགས་ཤིང ་ངག་དང་ལུས་འཐབ་པ་སྟེ་མཐུན་པར་འགྱུ་རོ།། སྔར་ལོངས་སྤྱོད་ཆེ་བ་ལ་དབྱིག་ཡོན་པས་ནོར་ཏེ་གསེར་ལ་སོགས་པའོ།། འགྲིབ་པ་ནི་བྲི་བའོ།། དེས་རྒྱུད་ལ་སྡུག་བསྔལ་བསྐྱེད་པས་གནོད་པའོ།། མྱ་ངན་མངལ་དང་གནོད་པ་ནི་གདུངས ་པས་དུབ་པ་སྟེ། དེ་ལ་གདོན་གྱིས་ཚུགས་པར་སླའོ།། ཡང་ན་དོང་ཞེས་སྦྱར་ཏོ། དུབ་པས་གནོད་པ་དང་། ཕལ་པར་གནོད་པ་ཐམས་ཅད་དོ།། གཞན་ཡང་སྐྲག་ཅིང་བག་ཚེ་བ་ནི་འཇིག་པ་སྟེ་རྒྱལ་པོའི་ཆུད་པ་ལ་སོགས་པ་བརྒྱད་དོ།། ་ཕོངས་པ་ནི་སྔ་ནས་དབུལ་བའོ།། གཞན་ཡང་གདུག་པ་བཟའ་སྟེ་པ་པོ་སངས་ལ་སོགས་པ་གནོད་ཅིང་དེ་དག་ངན་པ་ལ་ལ་བབ་པའོ།། རྒྱུ་སྐར་ནི་ན་མཁའི་ལ་སོ་སོར་འཐོར་ནས་རྒྱུ་བ་སྟེ་སྨོན་དྲུག་ལ་སོགས་པའོ།། དེ་དག་ནི་ཁྲུས་བྱས ་ཏེ་བཟློག་པས་ཞི་བར་འགྱུརརོ།། བྱང་སྙོམས་ཅེས་པ་ནི་རིག་སྔགས་ངན་པའི་འཁྲུལ་འཁོར་གྱི་གཅུགས་ཏེ་གསད་པར་འདོད་པའོ།། མི་བཟད་པའི་གདོན་ནི་ནད་ལ་སོགས་པ་ཚབས་ཆེར་འདེབས་པ་སྟེ་རྫུ་འཕྲུལ་ཆེ ་བའི་ལྷ་ལ་སོགས་པའོ།། དེ་དག་གིས་ཉེན་པས་ནི་བཏབ་པའོ།། མྱ་ངན་ནི་ལུས་དག་ཡིད་གསུམ་གདུངས་པའི་ཁྱད་པར་ཏེ་དེ་དེས་ཕུང་པོ་ངལ་ཏེ་གཉིད་ལོག་པ་འམ། དངོསུ་འབྱུང་བའོ།། དེའི་སྟོབས་ཀྱིས་གཉིད་ལྡོག་བྱས་སེམས ་རྨོངས་ཏེ་ཡིད་ཀྱི་རྣམ་ཤེས་རྒྱུ་བས་རྨི་ལམ་སྟེ། དེར་སྡིག་པ་མཐོང་བས་ནི་ངན་པ་སྟེ་བཙོན་རཾ་ལ་སོགས་པའོ།། ཡང་ཞེས་པ་བཟླས་པ་སྟེ་ཀུན་ལ་སྦྱརོ།། ཡང་ན་དང་ཞེས་པ་སོར་སྦྱརོ།། དེ་དག་ཐམས་ཅད་ཀྱང་འདིའི་སྒོ་ནས་སེལ་ཅིང་དེ ་དག་ལས་ཐལ་བར་འགྱུར་རོ་ཞེས་སྦྱར་རོ།། དེ་དག་གི་རྒྱུད་ལས་འབྱུང་བ་ཐམས་ཅད་སེལ་བའོ།། ད་ནི་རྒྱུད་ལ་བདེ་བ་ཐམས་ཅད་ལྡན་པར་བྱེད་པ་གསུངས་པོ་ནི་རྒྱུད་ངོ་ཅོག་གི་རྩ་བ་སྟེ་ཞེས་པ་བླུང་ངོ་།། དེ་ཡང་སྔོན་དུ་ནི་འབྲེལ་ཅིང་རྒྱུན་ཆགས ་པས་བརྒྱུད་དེ་རྒྱུ་དོ།། ཅོག་ནི་མ་ལུས་པའོ།། རྩ་བ་ནི་གཞན་ལ་མ་ལྟོས་ཤིང་གཞན་བསྐྱེད་པར་བྱེད་པ་སྟེ། དེ་ནི་རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ཅེས་བྱ་བ་ལེའུ་བརྒྱ་དང་བརྒྱད་པའི་ལེའུ་ཡི་དང་པོར་འདི་གསུངས་ལ། ངས་འདི་བཤད་པའོ།། ་རྒྱུད་བདག་གི་མཐོང་ངོ་།། མ་འོངས་པ་ལ་ནི་ཡོན་ཏན་མ་ལུས་པ་ནི་རྒྱུད་ངོ་།། ཅོག་ཡོན་ལ་དེ་ལས་འཐུང་བས་རྩ་བའོ།། ཡང་ན་ཆོས་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡིན་པསོ།། ལྀ་ལ་ངག་རྒྱུད་ཐམས་ཅད་ཀྱི་རྩ་བ ་དབང་བསྐུར་བ་སྟེ། དེ་ཡང་ཆུ་ལ་རག་ལས་པས་ཞེས་འཆད་དེ་མ་ཡིནོ།། གཞན་ཡང་དཔལ་ཀུན་ཏེ་བསྟེན་པར་འོས་ཤིང་ཡོན་ཏན་ཆེ་བ་སྟེ། འབྱོར་པ་དང་བུ་ལ་སོགས་པ་འམ་ཚོགས་གཉིས།། དེས་ལེགས་པར་བརྒྱན་པ་ནི་དེ་དག་ཡོངསུ་རྫོགས ་ཤིང་ཚང་པ་འདིའི་སྒོ་ནས་བྱེད་པ་ཡིན་ནོ།། དེ་ནས་ཚེ་དང་བསོད་ནམས་འཕེལ་བར་འགྱུར་ཞེས་པའི་སྦྱར་ཏེ་བསོད་ནམས་ནི་གྲགས་པ་དང་ལོངས་སྤྱོད་དེ་ཡིད་བདེ་ཞིང་ལུས་ངག་རྒྱས་པར་བྱེད་པའོ།། སྡིག་པ་ཀུན་ནི་གོད་དུ་བསྟན ་པའོ།། དེ་ལ་ཐར་པ་ནི་གྲོལ་བ་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་ཐོབ་པར་འགྱུར་བའོ།། ཞེས་དགོངསོ།། དེ་དག་ནི་སྤྱིའི་བྱ་བའི་ཆོ་གའི་ཕན་ཡོན་ནོ།། ཡང་ན་ལས་དེ་དག་ལ་བྱ་བ་སོ་སོར་སྦྱར་བར་ཤེས་པར ་བྱའོ།། དེ་ལྟར་ཕན་ཡོན་འབྱུང་བ་བཤད་ནས། ད་ནི་ཆོ་ག་བཤུད་པར་བྱ་བའི་ཕྱིར། དེས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྒྲུབ་པ་པོ་དང་བསྒྲུབ་བྱ་སྟ་གོན་ལ་གནས་པའོ།། འདི་དག་ནི་འོངས་པ་ལ་འདི་ལྟར་གྱིས་ཅིག ་ཅེས་གདམས་པ་ལ་མ་འོངས་པ་ལ་ནི་ཆོ་ག་བྱ་བ་དངོས་ཡིནོ།། དེ་ལྕེ་སྒྲུབ་པོ་པོ་དང་བསྒྲུབ་བྱ་ངས་ནི་རབ་བཀྲུས་གཙང་མ་ཡིན་ཞེས་གསུངས་ཏེ། ཕྱིའི་ཁྲུ་ས་ནཱི་ཆུ་དང་སས་ལེགས་པར་བཀྲུས་པས་དྲི་མ་དག་པར་བྱ་བ་སྟེ་ལན ་གསུམ་དུའོ།། གཙང་མའི་གོས་ནི་གཞན་དུ་ལིངས་མ་སྤྱད་པའི་གོས་སེར་པ་ལན་གསུམོ་དུ་བརྗེའོ།། དེ་བཞིན་དུ་ཟས་དཀར་གསུམ་བཟའ་བ་དང་། ཞག་གཅིག་སྦྱང་བར་གནས་པར་བྱས་ལ། ནང་གིས་ཁྲུས་ནི་གོང་དག་ཡིད ་དགེ་སེམས་དང་ཞིང་ཞེས་པ་སྟེ་ལུས་དང་ངག་དང་ཡིད་གསུམ་གྱིས་མི་དགེ་བ་བཅུ་མི་བྱེད་པར་སྡོམ་ལ། སེམས་དང་བ་ནི་དད་པའོ།། དེ་དག་གིས་ནི་རྟེན་གྱི་གང་ཟག་དང་སྟ་གོན་ལ་གནས་པ་བསྟན་ཏོ།། དེ་ནས ་ང་བ་ལ་སོགས་པ་ཆོ་ག་དང་སྒྲུབ་ཐབས་ལས་བྱུང་བ་བཞིན་དུ་དཀྱིལ་འཁོར་འབྱོར་བའི་བྱེ་བྲག་གིས་བྲིས་ལ་རྫས་བཀོད་དེ་བསྒྲུབ་པར་བྱའོ།། ཞེས་བྱ་བའི་བར་དུའོ།། དེ་ཡང་དང་པོ་སྟ་གོན་གནས་པ་ཡིས།། སའི་ཆོ་ག་རྫོགས་བྱས ་ཏི། འབྱོར་པ་དཀྱིལ་འཁོར་བྲིས་བྱས་ལ།། རྟེན་ལ་བརྟེན་དེ་བསྒྲུབ་པར་བྱ་ཞེས་གསུངསོ།། དེའི་འོག་ཏུ་ཁྲུས་ལ་སོགས་པ་སྔོན་དུ་སོང་བས་ལྷ་བསྐྱོད་པ་ནི་མདོ་སྡེ་ཞེས་བྱ་བ་ལ་སོགས་པའོ།། དེ་ཡང་སྔོན་བྱུང་ལ་ནི་མདོ་སྡེ་ཟབ་མོ་སངས ་རྒྱས་ཀྱི་གསུངས་པ་འདི་མཉན་པར་བྱ་བ་དང་། དེའི་ཕན་ཡོན་བསྟན་ལ་རྗེ་སུ་འཇུག་པ་ནི་ལྷ་བསྐྱེད་པ་དང་སྔགས་བཟླས་པའི་ཐབསུ་འགྱུརརོ་ཞེས་དགོངས་པའོ།། དེ་ལ་མདོ་སྡེ་ནི་རྒྱུ་དང་གཅིག་པ་སྟེ་དོར་ཟབ་མོ་སྟོན་ལ་ཚིག་མདོ་ཙམ་དུ་གསུངས ་པས་སོ།། ཡང་ན་གནས་དང་སྟོན་པ་ལ་སོགས་པ་གསུངས་པའོ།། དེ་ཡང་གནས་རྣམས་དང་མཚན་ཉིད་དང་། ཆོས་ད་སྨོས་ཕྱིར་མདོ་སྡེའོ་ཞེས་པ་དང་། ཚིག་ཉུང་བ་ལ་དེ་ནི་རྒྱུས་པའོ།། མདོ་སྡེ་དམ་པ་བལྟ་བར་བྱ་ཞེས་གསུང་སོ།། དོན་དུ ་བྱ་ན་གཟུངས་སྔགས་ཐམས་ཅད་དང་བཅས་པ་སྟེ་དེ་དམ་པ་ནི་མཆོགོ།། མཉན་པར་བྱ་བ་ནི་གདམས་པ་སྟེ་སངས་རྒྱས་དང་བླ་མ་ལ་རྣ་བས་ཐོས་ཤིང་ཤེས་པར་བྱ་བའོ།། དེ་ཉིད་གཞན་གྱི་དཀའ་བས་ཟབ་མོ་སངས་རྒྱས་སྤྱོད ་ཡུལ་ཏེ་སངས་རྒྱས་ཀྱིས་གསུངས་པའོ།། ཡང་ན་ཆོས་ཉིད་སྟོང་པའི་ལྷ་ལ་སོགས་པ་དྲུག་པོ་ཟབ་ཅིང་དེ་སངས་རྒྱས་ཀྱི་སྐུ་སྟེ་སྤྱོད་ཡུལ་དུ་བསྐྱེད་པའོ།། དེས་ནི་བསྙེན་པ་སྒྲ་ལ་གནས་པའི་བསམ་གཏན་གྱི་སྔགས་བཟླས་པ་ཡང ་ཤེས་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཉན་བྱེད་ན་ནི་ཐོས་ནའོ།། གཟི་བརྗིད་ནི་འོད་ཟེར་ཏེ་དཔལ་གང་ཡིན་པའོ།། ཡང་ན་ལྷ་དྲུག་པོའི་དོན་ནི་མདོ་སྡེ་ཡིན་ལ་དེ་ཉན་པ་ནི་སྒོམ་པའོ།། ད་ནི་བཟླས་པའི་བསམ་གཏན་ནི་ནོར་བུའི་ཕྲེང་བ་དང ་ལྡན་པས་མདོ་སྡེ་ལྷ་རྣམས་ཀྱི་ཐུགས་ཀ་ནས་གནས་པའི་ཟླ་བ་དང་། རྡོ་རྗེ་དང་སྔག་སོ།། དེའི་འོད་ཟེར་གྱི་སྤྲོ་བསྡུ་ནི་གཟི་བརྗིད་དོ།། དེས་ཇི་ལྟར་བསམས་ན་སྲོག་ཆབས་ཏེ་རླུང་ནང་ན་གནས་པ་འཚོ་བའོ།། མི་བཟད་པའི ་ནད་ནི་འཚེ་བ་དཀའ་བའི་མཛྙེ་སྟེ་འབྱུང་བ་ལས་གྱུར་པ་དང་། ཀླུའི་གདོན་ནོ།། ཀྱང་ཞེས་པ་ནི་མི་མཐུན་པའི་རྒྱུན་ཏེ་དེ་ཡང་ཞི་ན་ནང་གཞན་སྨོས་ཅི་དགོས་ཞེས་པའི་དོན་ཏོ།། ཞི་བར་བལྟ་ནི་ཞི་བར་འགྱུར་བའོ།། ཡང་ན་ཞི་བར་བལྟ་ནི ་སྔགས་བཟླསོ།། དེ་ནི་ཁྲོ་བོའི་ངག་དུ་ལས་སྦྱོར་གྱི་སྔགས་བཟླས་པར་བསྟན་ཏོ།། ད་ནི་རྟེན་གང་ལ་བརྟེན་དེ་སྒྲུབ་པ་ནི་གསེར་རམ་ཡང་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་ལ་བུམ་པ་གཅིག་ལས་ལ་ལྔའོ།། ་འི་རྒྱུ་ནི་རིན་པོ་ཆེ་གསེར་ནི་རབ་བོ།། ཡང་ན་ནོ་ཞེས་ཕྱོགས་གཞན་སྟོན་པ་དེ་དངུལ་ནི་འབྲིང་ངོ་།། ཀྱང་རུང་ཞེས་པོ་ནི་བསྡུ་བ་སྟེ་ཟངས་ནི་ཐ་མའོ།། དེ་ལྟར་མ་འབྱོར་ན་ས་ལས་བུམ་པ་དམར་པོ་ནག་པོ་ར་རི་མེད་པར་བྱའོ།། དེ་ཡང ་བུམ་པ་པདྨ་དམར་པོའི་མདོག་འདྲ་ཞིང་ཞེས་པ་ལ་སོགས་པ་གསུང་སོ།། དེས་ནི་བུམ་པའི་རྒྱུ་བསྟན་ཏོ།། འདི་དག་ནི་སྔོན་གྱི་དུས་དང་རྗེས་ཀྱི་དུས་འདྲ་བའོ།། ད་ནི་སྙིང་པོ་དང་རྒྱན་ནི་ཆུ་ཡིས་དགང་ཞེས་པ་ལ་སོགས ་པས་སྟོན་ཏེ། དེ་ཡང་འདིར་ཆུ་བོ་ཆེན་པོའི་ཆུ་དང་འོ་མས་ནང་དགང་བ་སྟེ་བཀྲུ་བ་དང་བསང་བས་བྱའོ།། འདིར་ཆུ་ཡི་གེ་སེར་ཞེས་བྱ་བར་འདོད་དེ་འདི་ནི་རྨོངས་པས་མི་ཤེས་པར་བལྟའོ་དེ་ནས་གཞན་དུ་ལོངས་མ་སྤྱད་པའི་རས་ཀྱི་གོས་གཙང ་མས་ཐོར་ཅོག་གསུམ་གྱི་ཚུལ་དུ་དཀྲིའོ།། དྲིར་སྙིང་པོ་ནི་ནོར་བུ་སྟེ་ཡིད་དུ་འོང་བའི་མུ་ཏིག་མཽག་མེད་པ་དང་། ཡུངས་ཀར་ཏཽ་སྒྲུབ་པའི་རྫས་བགེགས་སྐྲོད་པ་སྣོད་དམ་པར་བླུགས་ཏེ་སྟེང་དུ་གཞག་གོ།། དཱུ་ར་བ་ནི་རམ་པ་སྟེ། བཀྲིས་པས ་ལོ་མ་དང་བཅས་པ་དང་། ཀུ་ཤྭ་དང་རྨ་བྱའི་སྒྲོ་བདུན་བདུན་ཁར་གཟུག་སོ།། དཀོན་པོས་ན་རིན་ཆེན་དེ་དེ་དག་རྨ་མེད་པ་ནི་མ་སྤྱད་ཅིང་མ་བརྙིངས་པའི་སར་པའོ།། ཡང་ན་མིག་མེད་པ་སྟེ་གསེར་ལ་སོགས་པ་ལྔ་དང་། ཙན་དན་ནི་དྲྀ་དང་ལྡན་པ ་དཀར་པོ་སྟེ། དེ་ལ་སོགས་པ་དྲི་ལྔ་དང་བཅས་པ་ནི་ལྷན་ཅིག་དོན་ཏེ་ཏིལ་ལ་སོགས་པ་འབྲུ་ལྔ་དང་། ཧ་ས་དེ་བ་ལྔ་སོགས་པ་སྨན་ལྔ་དང་། བུ་རམ་ལ་སོགས་པ་སྙིང་པོ་ལྔ་བསད་པ་སྤྱི་རྒྱུད་བཞིན་དུ་བླུགས་པར་བྱའོ།། དེར་ཡང ་ཤེལ་དང་། རྡོ་རྗེ་ཕ་ལམ་དང་མེ་ཏོག་སྔོན་པོ་བཅུག་ལ་དེའི་ཕྲེང་བས་ཁ་ལ་བརྒྱན་ནོ།། དེའི་ཁར་ནི་བཀྲིས་པའི་ཤིང་མྱ་ངན་མེད་པ་ལ་སོགས་པ་འབྲས་བུ་ཅན་གྱི་བརྒྱན་ལ། རྡོ་རྗེ་བཞི་པ་སྟེ་བཀྲིས་པའི་ཐག་པས་བཏགས་ཏེ་ལས ་ལ་སྔར་གཞུག་གོ།། དེ་དག་ནི་བསྙེན་པ་ལ་ཤེས་པར་བྱའོ།། དེ་ཡང་རིན་པོ་ཆེ་ལ་སོགས་པའི་ཡོན་ཏན་ཤེས་པར་བྱ་སྟེ། ལྷའི་མཚན་མ་ནི་དགོད་པ་མ་ཡིན་པར་ཤེས་པར་བྱའོ།། དེ་ནས་བཟླས་པའི་དྲང་བསྟན་པའི་ཕྱིར་ལན་གྲངས་ཞེས ་པ་ལ་སོགས་པ་གསུངས་ཏེ། ཡང་ནས་ཡང་དུ་བསྐུར་བས་ལན་གྲངས་ཏེ་གཟུང་རིངས་ནི་ཉི་ཤུ་རྩ་གཅིག་ཡོན་ལ་གཉིས་པ་དང་ཡང་སྙིང་ནི་བརྒྱ་རྩ་བརྒྱད་དུ་བཟླསོ།། སུ་ནི་བྱེད་པ་གསུམ་པའི་གསུམ་པ་སྟེ་དེ་ནས་ཁྲུས་བྱ་ཞེས་པའོ།། ་འདི་སྐད་སྟོན་ཏེ། བཟླས་པ་ལ་ནི་གྲངས་དེས་ཆོག་པ་ཡིན་ལ། མ་འོངས་པ་ལ་ནི་སྔོན་དུ་བསྙེན་པ་འབུམ་རྫོགས་ནས་ལས་ལ་བསམ་གཏན་དང་ལྡན་པས་ཤེས་པར་བྱའོ།། ཞེས་པའི་ཐ་ཚིག་གོ།། ལས་ལ་སྦྱར་བ་དངོས་བསྟན་པའི་ཕྱིར། ་རྒྱལ་པོ་ཞེས་གསུངས་ཏེ། སྔོན་བྱུང་ལ་ནི་ལྷ་འམ་མི་ཆེ་བས་རྒྱལ་པོ་སྟེ་ལོག་པའི་སྙིང་པོའོ།། དོ་ན་འཁོར་ཉེ་བའི་གདུལ་བྱ་ལ་དགོངས་པ་སྟེ་འཁོར་གཞན་ཡང་བཀག་པ་ནི་མ་ཡིནོ།། རྗེས་འཇུག་ལ་ནི་རྒྱལ་པོ་བསོད་ནམས ་སྨོས་ཏེ། རྒྱལ་པོ་ལ་སོགས་པ་ཐམས་ཅད་ཅེས་སྦྱ་རོ།། རྟག་ཏུ་ནི་དུས་གསུམ་དུའོ།། བུམ་པའི་ཆུ་དེས་ཁྲུས་གྱིས་ཤིག་དང་ཞེས་གདམས་པའོ།། དེ་ལྟར་བྱས་ན་གོང་གི་ཕན་ཡོན་ཐོབ་པར་འགྱུར་ཞེས་སྦྱར་རོ།། དེས་ན་རྣལ་འབྱོར ་བ་དུས་གསུམ་དུ་བཀྲུ་ལ། བསྒྲུབ་བྱ་ལ་ནི་མ་ཞི་བར་དུ་ཁྲུས་བྱ་བ་དང་། བྱ་བའི་རྒྱུད་ཡིན་པར་བསྟན་ཏོ།། དེ་ཡང་རྟོན་མཆོག་དག་དང་ལྡན་བྱས་ནས།། མཁས་པ་གང་ལ་བཀྲུ་བྱས་ན།། མངོན་མཐོ་ངས་ལེགས་འབྱུང་བར་འགྱུར ་ཞེས་གསུང་སོ།། དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། སྔོན་དུ་བསྙེན་པ་རྫོགས་ནས་སྟ་གོན་ལ་གནས་པསཱི་ཆོ་གས་དཀྱིལ་འཁོར་འབྱོར་པའི་བྱེ་བྲག་གིས་བྲིས་ཏེ་བུམ་པ་དགོད་ཅིང་ལྟར་བསྐྱེད་ལ་སྔགས་དང ་ཏི་འཛིན་དང་ལྡན་པས་བཟླས་ཏེ་ཁྲུས་ཀྱི་མན་ངག་བཞིན་བྱ་བ་དང་། བསྲུང་བ་དང་བཀྲུ་བ་ལ་སོགས་པ་བྱས་ཏེ་འབྱོར་པ་ཆུང་བས་དཔའི་པོ་གཅིག་པ་བརྟགས་པར་བྱའོ།། ཞེས་དགོངསོ།། རྟོགས་པ་ནི་ཐོབ་པ་སྟེ་རྒྱུད་ཆེན་པོ་ནས་ཕྱུང ་ཞེས་པའོ།། འདི་ལྟར་རྡོ་རྗེའི་གདམས་ངག་འདི།། ང་ཡིས་སྔོན་དུ་དོན་མཐོང་གིས།། ཐེ་ཚོམ་མེད་པར་སྒྲུབས་ཤིག་དང་།། དཔག་མེད་བསམ་པ་རྫོགས་པར་བྱེད།། ལྷ་དང་བླ་མས་བསྐུལ་བའི་ཕྱིར།། འགྲེལ་པ་དྲི་མ་མེད་པ་འདི།། སངས་རྒྱས ་སྦས་པས་བྱས་པ་སྟེ།། འདི་ཡིས་ཀུན་ཀྱང་དེ་གྲོལ་ཤོག། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བ། བྱ་བའི་རྒྱུད་ཀྱི་གྲུབ་པ་སངས་རྒྱས་གསང་བས་མཛད་པ་རྫོག་སོ།། ་མཁན་པོ་དེ་ཉིད་དང་། ལོ་ཙ་བ་དཔའ་མནྟ་ཤྲི་ཝརྨྨས་བསྒྱུར་བའོ།། ཕྱིས་པཎྜི་ཏ་ཛེན་ཏ་དུ་ལ་དང་། ལོ་ཙ་བ་འོག་བསོད་ནས་མོས་པ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་